སྨྱུག་རྒོད་གངས་བུ་དཔལ།
——————–
འདི་ ལོར་ སྐུ་ ཞབས་ རོ་ ནལཌ། ཨེམ་ མེ་ རི་ ཆིས་ Roland Emmerich བཟོས་ པའི་ གློག་ བརྙན༢༠༡༢ཞེས་ པ་ འཛམ་ གླིང་ འཇིག་ ཚུལ་ གྱི་ སྐོར་ ཞིག་ བཏོན་ ཡོད་ པ་ བལྟས་ པའི་ རྗེས། རྒྱ་ ཕྲུག་ དང་ བོད་ ཕྲུག་ མང་ པོ་ ཞིག་ གིས་ མཐའ་ མ་ འཛམ་ གླིང་ སྐྱོབ་ མཁན་ དེ་ རྒྱ་ ནག་ རེད་ ཟེར་ བ་ དང་ རྒྱ་ ནག་ མ་ རེད་ བོད་ རེད་ ཟེར་ བའི་ གླེང་ སློང་ བྱེད་ ཀྱི་ ཡོད།
དེའི་ དོན་ རྐྱེན་ ནི་ གློག་ བརྙན་ དེའི་ ནང་ འཛམ་ གླིང་ གི་ ཚ་ དྲོད་ འཕེལ་ བས་ དང་ ཐོག་ ས་ འགུལ་ གྱི་ འཇིག་ པ་ དང་ ། དེ་ ནས་ མཐའི་ རྒྱ་ མཚོ་ ཆེན་ པོ་ འཕེལ་ ཏེ་ འཛམ་ གླིང་ ཡོངས་ རྫོགས་ ཆུས་ ནུབ་ ལ་ ཉེ་ བ་ ན་ གནས་ ལུགས་ ཤེས་ པའི་ མི་ ཚོས་ བོད་ ཀྱི་ ཇོ་ མོ་ གླང་ མ་ ཉེ་ འཁྲིས་ སུ་ བྲོས་ ཕྱིན་ པ་ དང་ ། དེར་ ཆེད་ ལས་ ཀྱིས་ བཟོས་ པའི་ གྲུ་ བོ་ ཆེར་ བསྡད་ དེ་ མི་ མང་ ཁྲི་ ཚོ་ མང་ པོའི་ སྲོག་ སྐྱོབ་ པ་ འཁྲབ་ ཡོད་ པ་ དེ་ རེད།
འོན་ ཀྱང་ ངས་ ངོས་ ནས་ བྱས་ ན། འཛམ་ གླིང་ སྐྱོབ་ མཁན་ བོད་ དང་ རྒྱ་ ནག་ སུ་ ཡིན་ རྩོད་ གླེང་ བྱ་ རྒྱུ་ མ་ ཡིན་ པར། ཆེས་ བཀོད་ ལེགས་ མཛད་ པའི་ ༢༠༡༢་ ཞེས་ པའི་ གློག་ བརྙན་ དེ་ རྫོགས་ ལ་ ཉེ་ བའི་ སྐབས་ སུ་ བོད་ པའི་ གྲྭ་ པ་ རེ་ གཉིས་ དང་ བོད་ མི་ རེ་ གཉིས་ སྟོན་ གྱི་ འདུག་ པ་ དེའི་ ཀུན་ སྤྱོད་ ཡིན། གློག་ བརྙན་ དེ་ ཡག་ པོ་ དེ་ འདྲ་ ཞིག་ བཟོས་ ཡོད་ ནའང་ ། དེའི་ ནང་ གི་ བོད་ མི་ འཁྲབ་ མཁན་ དེ་ ཚོས་ བོད་ སྐད་ རྩ་ བ་ ནས་ ཡག་ པོ་ རྒྱག་ ཤེས་ ཀྱི་ མེད་ པ་ དང་ ། ལྷག་ པར་ དུ་ བོད་ པའི་ གྲྭ་ པ་ བགྲེས་ སོང་ ཞིག་ གི་ རྒྱ་ བཟོའི་ དྲིལ་ པོ་ ཆེན་ པོ་ ཞིག་ བརྡུངས་ པ་ དང་ ། ཆེས་ མི་ མཛེས་ པ་ ཞིག་ ལ་ བོད་ ཆས་ ལེགས་ པར་ གོན་ པའི་ བོད་ པའི་ རྨོ་ ལགས་ ཤིག་ གིས་ གྲྭ་ པ་ ཞིག་ གི་ མདུན་ སར་ སྟ་ རེ་ འཆར་ ནས་ བྱ་ དེའི་ སྐེ་ གཅོད་ པ་ དེ་ འདྲ་ འཁྲབ་ འདུག
གནས་ དོན་ དེའི་ འཐད་ ཕྱོགས་ གཉིས་ ནས་ ཁོ་ བོས་ བཤད་ ན།
༡ གློག་ བརྙན་ དེའི་ ནང་ བོད་ ཀྱི་ སྐད་ ཡིག་ ལ་ མཐོང་ ཆུང་ བྱས་ པ་ དང་ ། བོད་ ཀྱི་ རིགས་ གཞུང་ ལ་ མཐོང་ ཆུང་ བྱས་ པ་ དང་ ། བོད་ ཀྱི་ ཆོས་ དད་ ལ་ དམའ་ འབེབས་ བྱེད་ པ་ ཞིག་ མཐོང་ གི་ འདུག
༢ ཡང་ ཕྱོགས་ གཞན་ ནས་ བཤད་ ན། དངོས་ གནས་ བོད་ ལ་ རང་ དབང་ ངམ་ རང་ སྲིད་ རང་ སྐྱོང་ ཚད་ ལྡན་ ཞིག་ མ་ རག་ ན་ རིང་ མིན་ ༢༠༡༢ལོར་ བོད་ དེའང་ གློག་ བརྙན་ ནང་ བསྟན་ པ་ ནང་ བཞིན་ ཆག་ རྒྱུའི་ ཉན་ ཁ་ ཡོད་ པ་ སྟོན་ གྱི་ ཡོད་ པ་ འདྲ་ པོ་ མིན་ ནམ་ སྙམ།
༼དིང་ སང་ ཁ་ ཤས་ ཀྱིས་ ལྟད་ མོ་ དེའི་ མིང་ ལ་ 2012 end of tibet བོད་ ཀྱི་ འཇིག་ བསྐལ་ ༢༠༡༢་ ལབ་ ཀྱི་ ཡོད།༽
གློག་བརྙན་དེ་ཞེད་སྣང་ཚ་བ་ལ་དཔེ་རེད། རང་ཤི་རྒྱག་ན་འདོད་ཀི
གློག་བརྙན་འདིར་བལྟ་དགོས་བསམ་བསྡད་ཡོད། གལ་སྲིད་ ༢༠༡༢ ལོར་འཛམ་གླིང་ལ་ཆག་འཇིག་བྱུང་ན བོད་ཀྱིས་འཛམ་གླིང་སྐྱོབ་ཐུབ་གི་མ་རེད། རྒྱ་ནག་གིས་འཛམ་གླིང་སྐྱོབ་གི་མ་རེད། རྒྱ་མི་ཚང་མ་བོད་ལ་ཡོང་གི་རེད། ཕྱི་མི་གཅིག་ཀྱང་ཡོང་བཅུག་གི་མ་རེད། དེ་ནས་རྒྱ་མཚོའི་འཇིགས་སུ་རུང་བའི་མཆེ་བར་ལ་དྲངས་ནས་མི་ཕལ་ཆེ་བ་ཤི་འགྲོ་གི་རེད།
ངས་གློག་བརྙན་འདི་ལ་ཟླ་བ་བཞིའི་རིང་བསྒུགས་པའི་མཐའ་མར་བལྟས་པ་ཡིན། སྤྱིར་ན་ཡག་པོ་འདུག་ཀྱང་། རྒྱ་མི་འགས་བོད་སྐད་ཐེབས་ཆག་ཅིག་བརྒྱབ་པ་དེར་སྙིང་ལངས་སོང་། ཕྱི་ནང་གཉིས་ནས་བོད་པ་གླ་ཆོག་གི་རེད་དེ། ག་རེ་བྱས་ནས་རྒྱ་མི་གླས་ནས་བོད་སྐད་ད་མ་དིག་དེ་རྒྱག་དགོས་བྱུང་བ་རེད། ངས་དེ་ཡང་སྲིད་དོན་ཞིག་རེད་བསམས་སོང་། གློག་བརྙན་དེ་རྒྱ་ནག་ཏུ་སྟོན་རྒྱུའི་ཆེད་དུ་སྲིད་དོན་དེ་འཁྲབས་པ་རེད་བསམས་སོང་། གཞན་དག་འཇིགས་པོ་འདུག མི་སྙིང་མེད་ཚོའི་གཅིན་སྐྱག་མི་འཆོར་གི་ན་ཁྱོའི་སྐེ་གཏུབ་ནོ།།
འཛམ་གླིང་ཆགས་འཇིག་གི་ལྟད་མོ་དེ་དཔེ་ཡག་པོ་བྱུང་བཞག སྐུ་ཞབས་རོ་ཎ་ལ་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་ཞུ་འདོད་པའི་དྲི་བ་གཉིས་ཡོད།
གཅིག སྐུ་ཞབས་ཁོང་ལ་རྣམ་དཔྱོད་དེ་ཙམ་ཡོད་བཞིན་དུ། དེའི་ནང་གི་བོད་པའི་མི་སྣ་དེ་དག་བོད་སྲོལ་གཙང་མ་དང་བོད་ཀྱི་སྐད་ཡིག་གི་ཆུ་ཚད་གཙང་མ་མེད་པའི་རྒྱ་སྲོལ་ཅན་དང་གུས་ལུགས་མེད་པའི་རྣམ་པ་ཅན་ཞིག་འཁྲབ་པ་དེ། ཡང་སྙིང་དམིགས་ཡུལ་ཅི་ཞིག་བཅངས་ནས་བཟོས་པ་ཡིན?དེ་ལ་ལན་གྱི་གསལ་བཤད་ངེས་པར་དུ་དགོས་ཀྱི་ཡོད་པས། དྲ་བདག་མཆོག་གིས་དེའི་ཐད་དགོངས་བཞེས་གནང་དགོས་ངེས་རེད།
གཉིས་པ། ཡང་སྙིང་སྐུ་ཞབས་རོ་ན་ཌི་མཆོག་བོད་ཀྱི་གནས་སྟངས་དང་བོད་མིའི་སེམས་ཁམས་ལ་རྩི་བཀུར་མེད་པར་རྒྱ་མིར་ངོ་དགའ་བྱེད་མཁན་ཞིག་རེད་དམ།
གློག་བརྙན་དེ་དི་མོ་འཇིགས་སུ་རུང་ཞིག་ཡིན་ན་ངེས་པར་དུ་ཅིག་བལྟ་དགོས་རྒྱུ་རེད། དེར་བལྟ་བར་ཡིན་གཅིག་གློག་བརྙན་ཁང་དུ་འགྲོ་དགོས་སམ། ཡང་ན་དྲ་རྒྱ་སོགས་ནས་ལྟ་ཐུབ་བམ། ལྷན་རྒྱས་ཚོས་གང་ནས་བལྟས་པ་ཡིན།
ལྟད་མོ་དེའི་ནང་ང་ཚོ་དགའ་འོས་གཅིག་བསྟན་ཡོད་པ་ནི། བོད་པ་ཚོས་ཕྱི་རྒྱལ་བ་ཁག་གཅིག་ལ་རོགས་པ་བྱས་ནས་གྲུ་བོ་ཆེ་ནང་ཁྲིད་པ་དེ་རེད། དེས་ནི་བོད་པ་དང་བོད་པའི་གྲྭ་པ་སེམས་པ་བཟང་པོ་ཡོད་པ་མཚོན་འདུག
དོ་དགུང་གློག་བརྙན་འདིར་བལྟ་རྒྱུའི་ཚབ་ལ་སྐྱེས་དམན་གྱིས་ཨ་ལེ་ཡི་གེ་སེར་རྒྱལ་བོ་ཞེས་པའི་སྒྲུང་དེབ་གསར་པ་དེ་ཉོས་ནས་ཡོང་བ་ཀློག་རྒྱུར་བདམས་མོད། ད་ཉོབ་སོང་། ཆོ་མི་འདུག
ཡ་དོ་དགོང་གློག་བརྙན་དེར་ལྟ་གིན་ཡིན་ད།
གློག་བརྙན་འདིའི་སྐོར་སྔ་ས་ནས་འོད་དཀར་དྲ་ཚིགས་ཐོག་རྩོམ་ཡིག་ཅིག་འདུག
གློག་བརྙན་2012ལས་འཕྲོས་པའི་གཏམ།
ནགས་ཤོད་རིག་རལ།
ཉེ་ཆར་རྒྱལ་ཁབ་གང་སར་༢༠༡༢ལོར་ས་གཞི་གོ་ལ་འདི་ཉིད་ས་ཡོམ་ཆེན་པོའི་འོག་ཏུ་ས་རྡིབ་རི་ཉིལ་བ་མ་ཟད། རྒྱ་མཚོ་ལུད་ནས་མིའི་རིགས་ཕལ་ཆེ་བ་སྟོང་འགྲོ་བའི་སྐོར་གྱི་གློག་བརྙན་ཞིག་སྟོན་བཞིན་འདུག གློག་བརྙན་འདིའི་ནང་དུ་བོད་པའི་ཆོས་དང་རིག་གནས་ཀྱི་གཟུགས་བརྙན་མང་པོ་ཞིག་མཐོང་རྒྱུ་ཡོད་པར་བརྟེན་བོད་པ་ལ་སེམས་དཀར་བ་དང་མི་དཀར་བ་རྣམས་ཀྱིས་བསམ་ཚུལ་འདྲ་མིན་འགོད་བཞིན་འདུག་པས་ཁོ་བོས་ཀྱང་རང་ཉིད་ཀྱི་ལྟ་ཚུལ་འགའ་ཞིག་བརྗོད་འདོད་པ་ཡིན།
གློག་བརྙན་འདིའི་སྤྱི་ཁོག་རོབ་ཙམ་ཞུས་ན། ༢༠༠༩ ལོར་རྒྱ་གར་གྱི་ཚན་རིག་པ་ཞིག་གིས་སའི་གོ་ལའི་དྲོད་ཚད་ཉིན་བཞིན་འཕེལ་བཞིན་པ་དེས་མི་རིང་བར་གོ་ལ་འདི་ཉིད་ས་ཡོམ་ཆེན་པོ་ཞིག་ཡོང་བ་མ་ཚད་སྐམ་ས་ཡོད་ཚད་རྒྱ་མཚོའི་འོག་ཏུ་འགྱུར་བའི་ལྟ་བ་བཏོན། འཛམ་གླིང་རྒྱལ་ཁབ་ཁག་གི་དཔོན་རིགས་དང་ཕྱུག་པོ་རྣམས་ཀྱིས་མ་རྩ་བསྡུས་པ་དང་གསང་བའི་སྒོ་ནས་རྒྱ་ནག་གཞུང་ལ་ཉེན་ཁའི་གནས་ལས་གཡོལ་ཐུབ་པའི་གྲུ་ཆེན་འགའ་བཟོ་རུ་བཅུག་ལ། གྲུ་ཆེན་དེ་བཟོ་བར་མ་རྩ་འཇོག་མཁན་རྣམས་གོ་ལ་རྒྱ་མཚོས་བསྣུབས་པའི་སྐབས་སུ་གྲུ་དེ་ལ་འཛེགས་ཆོག་པའི་གསང་བའི་སྤ་སེ་སྤྲད་ཡོད་པ་རེད། རྒྱ་གཞུང་ནས་གྲུ་ཆེན་དེ་དག་བཟོ་བའི་ཆེད་དུ། ཧི་མ་ལ་ཡའི་རི་རྩེ་རུ་འབར་རྫས་མང་པོ་གས་སུ་བཅུག་རྗེས་བོད་པ་རྣམས་ལ་མགོ་སྐོར་གྱི་རྣམ་པའི་ཐོག་ནས་ཏང་དང་མི་དམངས་ཀྱིས་ཁྱེད་ཚོ་སྐྱོབ་པར་ཡོང་ཡོད་བཤད་དེ་བོད་པ་རྒྱ་ཡིག་འབྲི་ཀློག་ཐུབ་མཁན་དར་མ་དེ་ཚོ་ལས་མིར་ཉར་བ་དང་གཞན་ཚོ་རི་འདབས་སུ་བཙན་གྱིས་སྤོ་རུ་བཅུག ༢༠༡༢ལོར་ཨ་རིའི་ཞི་བདེ་རྒྱ་མཚོའི་འགྲམ་རྒྱུད་ནས་འགོ་བཙུགས་ཏེ་ས་ཡོམ་དང་རྒྱ་མཚོ་ལུད་འགོ་ཚུགས་པས་གློག་བརྙན་ནང་གི་མི་སྣ་གཙོ་བོས་རང་གི་ཕྲུ་གུ་གཉིས་དང་ཕྲུ་གུའི་མ་སོགས་དང་མཉམ་དུ་གནམ་གྲུ་བསྡད་ནས་ཧི་མ་ལ་ཡར་འབྱོར། སྐབས་དེ་དུས་འཛམ་བུ་གླིང་གི་དབང་དང་འབྱོར་པ་འཛོམས་པའི་མི་དྲག་དག་གྲུ་ཆེན་ནང་དུ་འཛེགས་བཞིན་ཡོད་པ་དང་གོ་ལ་ཕལ་ཆེ་བ་རྒྱ་མཚོའི་འོག་ཏུ་ནུབ་ཚར་བ་མ་ཚད། ཧི་མ་ལ་ཡ་ཡང་རྒྱ་མཚོའི་འོག་ཏུ་འགྱུར་བར་ཆུ་ཚོད་འགའ་ཤས་ལས་ལྷག་མེད།
ཛ་དྲག་ཆེ་བའི་གནས་ཚུལ་དེ་ལྟའི་ཁྲོད་གློག་བརྙན་ནང་གི་མི་སྣ་གཙོ་བོ་གཙོས་པའི་མི་དེ་དག་གངས་ཀྱི་ཁྲོད་དུ་ལམ་མི་རྙེད་པར་ལུས་ནས་བསྡད་སྐབས་རྒྱ་ནག་གི་དམག་མི་སླེབས་པ་དང་། དམག་མི་དེ་དག་གིས་མདུན་ཕྱོགས་སུ་ཡོད་པའི་གཞོན་དར་བྱིས་གསུམ་ལ་མེ་མདའི་རྩེ་མོ་བཏད་པ་མ་ཚད། ཨུ་རུ་སུའི་ཕྱུག་རྒན་གྲུ་ཆེན་ལ་སྡོད་ཆོག་པའི་སྤ་སེ་ཡོད་མཁན་དེ་ཚང་གཅིག་པུ་འཁྲིད་ནས་ཕྱིན་པ་རེད། དེ་ལྟར་ཁོང་ཚོ་ཐབས་ཟད་འུ་ཐུག་ཏུ་གྱུར་པའི་སྐབས་དེར་དགེ་སློང་བསྟན་འཛིན་རང་གི་ཕ་མ་གཉིས་མོ་ཊའི་ནང་དུ་བླུགས་པ་དང་། གཅེན་པོ་དང་བླ་མའི་བཀའ་མངག་ལྟར་གྲུ་ཆེན་གྱི་ཕྱོགས་སུ་བསྐྱོད་བཞིན་པས་ཉེན་ཁའི་གནས་སུ་ལྷུང་བའི་མི་དེ་དག་ལ་སྙིང་རྗེ་དགོངས་ནས་མཉམ་དུ་མོ་ཊའི་ནང་དུ་བླུགས་ཏེ་སྲོག་བསྐྱབས་པ་རེད། ཕྱིས་སུ་ཧི་མ་ལ་ཡའི་རྩེ་རུ་རྒྱ་མཚོ་འཕྱུར་ཡོང་ཚེ། བོད་ཀྱི་བླ་མ་དེས་མི་རྣམས་ལ་ཉེན་བརྡའི་ཚུལ་དུ་ཅོང་ཆེན་དེ་བརྡུང་བ་ནི་ཤིན་ཏུ་ནས་ཉམས་དོད་ལ། རང་ལས་གཞན་གཅེས་ཀྱི་སྙིང་སྟོབས་མཚོན།
དེ་ལྟ་བུའི་གོ་ལའི་སྟེང་གི་འཇིག་རྟེན་ཆགས་འཇིག་གི་གནས་ཚུལ་བཀོད་པའི་གློག་བརྙན་སྐར་ཆ་རེར་ཡང་གསེར་སྲང་སྟོང་ཕྲག་རེ་བའི་དུས་ཚོད་ནང་དུ་སྟོན་པའི་སྐུ་དང་། སྒྲོལ་མའི་ཐང་ག། བོད་ཀྱི་རླུང་རྟ། བོད་སྐད་ཀྱི་ཐོག་ནས་བོད་མི་ཕན་ཚུན་ཁ་བརྡ། བོད་པ་ལ་ཡོད་པའི་ཡ་རབས་གཤིས་བཟང་སྙིང་རྗེའི་ཁྱད་ཆོས་མངོན་ཐུབ་པ་བྱས་འདུག
གློག་བརྙན་དེ་ཕྱོགས་གཅིག་ནས་བཤད་ན་རང་གཅེས་དང་གཞན་གཅེས་གཉིས་བར་གྱི་འཐབ་རྩོད་རྣོ་ངར་ཅན་ཞིག་ཡིན་པ་དང་། ཕྱུག་པོ་དང་ཆབ་སྲིད་པ་གཙོས་པའི་རང་གཅེས་འཛིན་གྱི་ཚོགས་པ་ཞིག་དང་། ཨ་རིའི་སྲིད་འཛིན་དང་བོད་ཀྱི་བླ་ཆེན། ཡེ་ཤུའི་མཆོད་དཔོན་སོགས་པའི་གཞན་གཅེས་འཛིན་གྱི་ཕྱོགས་ཤིག་ཀྱང་ཡོད་པ་རེད། དེ་ལྟ་བུའི་མིའི་རིགས་རྩ་སྟོང་འགྲོ་ལ་ཉེ་བའི་སྐབས་ཀྱི་གནས་ཚུལ་ཛ་དྲག་པོ་དེར། གཞན་གཅེས་འཛིན་གྱི་ཚོགས་པ་ལ་ཆེས་མཐའ་མའི་རྒྱལ་ཁ་ཆུང་ངུ་ཞིག་ཐོབ་པ་དེ་ནི་གློག་བརྙན་མཁན་པོའི་ནང་སེམས་ཀྱི་རིན་ཐང་ལྟ་བ་ཞིག་ཡིན་ངེས་ལ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་འདི་ཉིད་དམིགས་སུ་བཀར་ནས་གློག་བརྙན་གྱི་ནང་དུ་སྟོན་དོན་ཡང་། བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་འདི་ནི་གཞན་གཅེས་འཛིན་གྱི་འཐབ་རྩོད་ཅིག་ཡིན་པ་དང་། གཞན་གཅེས་འཛིན་གྱི་འཐབ་རྩོད་འདི་ལ་འཛམ་གླིང་ཡོངས་ནས་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱུང་ན་བསམ་པའི་ཕུགས་རེ་ཞིག་ཀྱང་ཡོད་ངེས་པ་རེད།
ཁ་ཅིག་གིས་རྒྱ་མིས་བོད་མི་འཁྲབ་པ་མ་ལེགས་ཚུལ་དང་ཆོས་ལུགས་གཞན་གྱིས་བོད་ཀྱི་ནང་ཆོས་ལ་མིག་སེར་བྱེད་ཟེར་བ་སོགས་ནི་རྩ་བ་བཞག་ནས་ཡལ་ག་ཙམ་འཇུ་བའམ་ཕན་གནོད་ཆེ་ཆུང་ཧ་མ་གོ་བའི་རྐྱེན་གྱིས་ལན་པར་བསམས།
བོད་རིགས་ཀྱི་ངོས་ནས་བཤད་ན་འཛམ་གླིང་འདི་རུ་དྲིལ་བསྒྲགས་བྱེད་དགོས་པ་ཡིན་ལ། ཇི་ཙམ་གྱིས་བོད་རིགས་ཞེས་པའི་མི་རིགས་ཤིག་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ཞེས་པའི་ཆོས་ལུགས་ཤིག་ཡོད་པ་ཤེས་མཁན་མང་བ་དེ་ཙམ་གྱིས་བོད་དོན་ལ་ཕན་ཐོགས་ཆེ་ངེས་ཡིན། གློག་བརྙན་མཁན་པོས་རྒྱ་ནག་ཏུ་གློག་བརྙན་འདི་སྟོན་ཐུབ་ཆེད། བོད་ཀྱང་ཀྲུང་གོའི་ས་ཆ་ཞིག་ཏུ་ཡོད་པ་ལྟར་ཁས་བླངས་པ་དེ་ནི་གློག་བརྙན་འདིའི་སྐྱོན་ཆ་ཞིག་ཏུ་མཐོང་མོད། ལེགས་པར་བསམས་ན། གློག་བརྙན་འདིའི་ཡོན་ཏན་ནི་སྐྱོན་ཆ་ལས་ཞེ་དྲག་མང་བར་འདུག གང་ལགས་ཟེར་ན། འཛམ་བུ་གླིང་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གི་ངོས་ནས་བཤད་ན། ཨོ་བྷ་མ་ནང་བཞིན་ཁ་ནས་བོད་འདི་ཀྲུང་གོའི་མངའ་ཁོངས་རེད་བརྗོད་ཀྱང་དོན་དུ་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ལྟར། རྒྱ་ནག་གིས་བོད་ཇི་ལྟར་བཟུང་བའི་སྐོར་གྱི་ལོ་རྒྱུས་ལ་ཤེས་རྟོགས་ཅུང་ཟད་ཡོད་སྲིད་པས་གློག་བརྙན་འདི་བལྟས་པ་བརྒྱུད་ཁོང་ཚོའི་སེམས་སུ་བོད་ལ་རྒྱབ་སྐྱོར་བྱེད་པའི་འདུན་པ་སྔར་བས་ལྷག་པ་འཕྱུར་ངེས་རེད། དེ་བཞིན་བོད་དོན་རྒྱུས་མེད་པ་ཞིག་གི་ངོས་ནས་བཤད་ན་གློག་བརྙན་འདི་བལྟས་པ་བརྒྱུད། བོད་མི་རིགས་དང་། བོད་སྐད། བོད་བརྒྱུད་ནང་བསྟན། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་པ། བོད་ཀྱི་བླ་མ་སོགས་ལ་བག་ཆགས་ངེས་ཅན་ཞིག་ཡོང་སྲིད་པ་མ་ཚད། སྐྱེ་བོ་མང་པོ་ཞིག་ཀྱང་བོད་མི་རིགས་དང་བོད་བརྒྱུད་ནང་བསྟན་འཚོལ་སྙེག་གི་ལམ་དུ་འཇུག་ངེས་ཡིན་པས་རིམ་པས་བོད་དོན་ལ་ཕན་ངེས་རེད།
གློག་བརྙན་འདི་ནས་རང་གཅེས་འཛིན་ལ་དགའ་བའི་མི་སྒེར་དང་ཚོགས་པ། རིག་གནས་བཅས་ལ་ཟུར་ཟ་བྱས་པ་དེ་དག་ཡང་ཤིན་ཏུ་ནས་དགོད་བྲོ་བར་མཐོང་སྟེ། དཔེར་ན་མི་ལས་ཀྱང་ཁྱི་ལ་བརྩི་མཐོང་ཆེ་བའི་ཨུ་རུ་སུའི་ཕྱུག་རྒན་དེ་ཉིད་མཐའ་མར་རང་སྲོག་ཤོར་བ། ཀྲུང་གོའི་སྲིད་གཞུང་གིས་སྲོག་སྐྱོབ་མཁན་གྱི་གདོང་འབག་གྱོན་ནས་བོད་རིགས་མང་ཚོགས་རྣམས་ལ་མགོ་སྐོར་གཏོང་བ། ཀྲུང་གོ་ནི་འཛམ་བུ་གླིང་འདིར་མི་མང་ཤོས་དང་ངལ་རྩོལ་རིན་ཐང་ཆུང་ཤོས་ཡིན་པའི་རྐྱེན་གྱིས་གྲུ་ཆེན་དེ་དག་ཡང་ཀྲུང་གོར་བཟོ་བ། ཨ་རི་གཙོས་པའི་རྒྱལ་ཁབ་མང་པོ་ཞིག་གི་ཆབ་སྲིད་པའི་ཁྲོད་དུ་ཡང་རང་བདེ་ཁོ་ནར་བརྩོན་མཁན་ཡོད་པ་བཅས་བསྟན་འདུག
གློག་བརྙན་འདི་དང་འབྲེལ་བའི་དོན་འགའ་ལས། ཁོ་བོར་བློ་སྐྱེད་ཆུང་ངུ་ཞིག་བྱུང་བ་ནི་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་དུ་བོད་ལ་མི་དགའ་མཁན་མང་པོ་ཞིག་ནི་མདུན་དུ་ལངས་ནས་སྐད་ཆ་ཤོད་མཁན་ཡིན་པས་དེ་དག་ལ་འཇིགས་དགོས་དོན་མེད་མོད། ཤིན་ཏུ་ནས་གཟབ་གཟབ་བྱེད་དགོས་པ་ཞིག་ནི་བོད་པ་ལ་དགའ་པོ་ཡོད་པའི་རྣམ་འགྱུར་ཞིག་གི་ཐོག་ནས་བོད་པའི་སྤྱི་ཚོགས་ནང་དུ་ཆུ་ལ་ཉ་འདྲིས་པ་ལྟར་གྱུར་བ་མ་ཚད། ཕྱི་ནས་བལྟས་ན་བོད་པ་ལ་ཕན་ཁུལ་གྱི་སྐད་ཆ་ཞིག་ལབ་པའི་ཚུལ་གྱིས་དོན་དུ་བོད་པ་ལ་གནོད་གང་ཐུབ་བྱེད་མཁན་འདི་དག་རེད་འདུག གློག་བརྙན་2012ལ་ཡོན་རིན་原人ཞེས་པ་ཞིག་གིས་དཔྱད་གཏམ་རིང་པོ་ཞིག་སྤེལ་འདུག ཁོང་གི་དཔྱད་གཏམ་དེ་ཕྱི་སྐོགས་ཙམ་ནས་བལྟས་ན། ཁོ་པ་ཡང་བོད་ཀྱི་ཆོས་དང་རིག་གནས་ལ་རྒྱུས་མངའ་ཆེན་པོ་ཡོད་རབས་དང་བོད་པ་ལ་དགའ་པོ་ཡོད་མདོག་གི་འབག་དེ་གྱོན་རྗེས། བོད་དང་བོད་རྒྱུད་ནང་བསྟན་ལ་ཤ་ཞེན་ཆེ་མདོག་གིས་གློག་བརྙན་ནང་གི་བོད་པ་འཁྲབ་མཁན་རྒྱ་མི་ཡིན་རབས་དང་། གློག་བརྙན་ནང་གི་བོད་མིའི་བྱ་སྤྱོད་ཁ་ཤས་རྒྱ་མིའི་མ་རབས་སྤྱོད་ཚུལ་ཡིན་པས་བོད་པར་བརྙས་ཡོད་རབས། ཐ་ན་བོད་ཀྱི་བླ་ཆེན་དེས་རྒྱ་མིའི་ཅོང་ཆེན་བརྡུང་པ་དེ་ཡང་ལན་པོ་མེད་རབས་སོགས་ཆུང་ས་ནས་འཇུས་ཏེ་ཆེ་ས་ལ་རྒོལ་ཚུལ་དེ་ནས་རྟོགས་ཐུབ་པ་ནི། གལ་ཏེ་གློག་བརྙན་དེའི་ནང་གི་གཞན་སྲོག་སྐྱོབ་མཁན་བོད་མི་མ་ཡིན་པར་རྒྱ་མི་ཡིན་པ་དང་། དགེ་སློང་དེ་ཡང་རྒྱ་ནག་གི་ཧ་ཤང་ཡིན་པ། ནང་དོན་ཟབ་པའི་སྐད་ཆ་དེ་ཧ་ཤང་གི་སློབ་དཔོན་ངག་ནས་ཐོན་པ། མཐའ་མ་རྒྱ་ལུགས་ཅོང་ཆེན་བརྡུང་མཁན་དེ་ཡང་ཧ་ཤང་མཁན་པོ་ཞིག་ཡིན་ན། ཡོན་རེན་གྱི་བློ་ལ་བབས་པ་ཡིན་ལ། གློག་བརྙན་དེའི་ནང་དུ་ཧི་མ་ལ་ཡ་ཙམ་ལས་བོད་དང་འབྲེལ་བའི་གནས་ཚུལ་ཅི་ཡང་བཀོད་མེད་ན། ཁོང་གི་འདོད་ཐོག་ཏུ་རྟ་རྒྱུགས་ཡོད་པ་འདྲ།
དེ་ལྟར་ཡོན་རེན་ཟེར་བ་དེས་བོད་ལ་དགའ་ཁུལ་གྱིས་དཀྲོག་གཏམ་དེ་འདྲ་ཞིག་བླངས་ནས་སྐད་ཆའི་གླེང་ཕྱོགས་ཀྱི་ཁ་ལོ་སྒྱུར་ཨེ་ཐུབ་བལྟས་པར་བརྟེན། ད་ལྟ་high peaks pure earthསོགས་པའི་གླེང་སྟེགས་ཐོག་ཏུ་བོད་པ་ཁ་ཅིག་གིས་གློག་བརྙན་འདིས་བོད་མི་འཁྲབ་མཁན་མི་སྤྱོད་པ་དང་བོད་སྐད་མི་དག་པ་སོགས་པའི་རྒོལ་གཏམ་བཏང་ནས་གློག་བརྙན་མཁན་པོར་གཡོ་ཇུས་ངན་པ་ཡོད་ཚུལ་གླེང་བཞིན་འདུག་པས། བོད་ལ་མི་དགའ་མཁན་དང་གློག་བརྙན་འདི་ལ་མི་འདོད་མཁན་དག་གི་བློ་ལ་བབས་པ་ལོས་ཡིན།
དེར་བརྟེན་སྨན་ཞིག་བཟས་ཀྱང་ཕན་གནོད་གཉིས་ཀ་ཡོད་སྲིད་པས་ཕན་ཆེ་ཆུང་དང་གནོད་ཆེ་ཆུང་ལ་གང་ཟག་རང་ཉིད་ཀྱིས་བསམ་བློ་ཞིབ་ཅིང་ཕྲ་བ་བཏང་ནས་དཔོག་རྒྱག་དགོས་པ་ལས། གཞན་གྱི་ཅི་ཟེར་གྱི་རྗེས་སུ་བློ་སྣ་ཤོར་ཕྱིན་པ་ཡིན་ན། བོད་པ་རྣམས་བློ་རྒྱ་ཆུང་བར་མངོན་པར་འགྱུར་རོ།
ལུང་བསྟན།
འཇིག་རྟེན་འདི་ཐ་མ་ཆུས་འཇིག་གི་མ་རེད། ཆུ་ཚང་མ་ཐག་ནས་སྐྱེ་དངོས་དང་སེམས་ཅན་ཡོངས་སུ་རྗོགས་པ་རྩ་སྟོང་ལ་འགྲོ་གི་རེད། མི་མེད་སྟོང་བ་ཡིན་པའི་གོ་ལ་གཞན་པ་ཚོ་ནང་བཞིན་ཆགས་འགྲོ་གི་རེད། བོད་དེ་དང་པོ་བྱས་ནས་འཇིག་འགྲོ་གི་རེད། དེའི་རྟགས་མཚན་ནི་ད་ལྟ་ནས་ས་མཐོ་སའི་ཆུ་རྣམས་ཐག་སྟེ་ཡུལ་ལུང་སྐམ་བཤེར་ཅན་དང་བྱེ་ཐང་ཅན་དུ་འགྱུར་བཞིན་པ་འདི་རེད།
ལྷོ་བྱང་གཉིས་ཀྱི་འཁྱག་རོམ་དང་སྲིད་པའི་གངས་རྒན་དག་བཞུ་མ་ཚར་བར་དུ་རྒྱ་མཚོ་ཡར་གང་འཚམས་ཤིག་འཕེལ་གི་རེད། སའི་གོ་ལ་ཧྲིལ་བོ་བསྣུབས་འགྲོ་བའི་ཆུ་ཞིག་གི་ཡོང་ཁུངས་འཛམ་གླིང་ན་ཡོད་པ་མ་རེད། ཡིད་མི་ཆེས་ན་སའི་གོ་ལའི་སྟེང་གི་འཁྱག་རོམ་དང་གངས་ཀྱི་དཔངས་ཚད་ལ་རྩིས་ཤིག་རྒྱོབས་ལ་དེ་ཆུ་རུ་ཆགས་ནས་རྒྱ་མཚོར་ཞུགས་པ་ཡིན་ན་སའི་གོ་ལའི་ག་ཚོད་ཅིག་བར་དུ་འཕེལ་གི་རེད། འཁྱག་རོམ་དང་གངས་མ་གཏོགས་པའི་ཆུའི་ཡོང་ཁུངས་གཞན་པ་ཉུང་དུ་འགྲོ་གི་ཡོད་པ་འདི་ལའང་རྩིས་ཤིག་རྒྱོབས། ས་མཐོའི་ཆུ་ཕྲན་དང་མཚོ་ཆུང་ག་ཚོད་མང་པོ་ཞིག་ཐག་འགྲོ་གི་མི་འདུག་གམ།
དེ་ནས་མར་ངོས་ཟླ་བ་བཞིན་དུ་འགྲོ་གི་རེད། དེ་ལྟར་ཡོང་རྒྱུ་ཡིན་པ་ནི་ད་ལྟ་ནས་ང་ཚོར་གོ་བརྡ་གསལ་བོར་སྤྲོད་གི་འདུག
མགོན་པོས་འཛམ་གླིང་འཇིགས་པའི་ཐོག་མར་བོད་འཇིགས་ཟེར་དེ་བདེན་པ་འདྲ། ཕྱི་སོག་ནི་དེང་སྐབས་རྩྭ་ཐང་བྱེ་ཐང་འགྱུར་བཞིན་པའི་དཀའ་ངལ་ལ་གདོང་ཕྱོགས་པའི་ཡུལ་གྲུ་ཞིག་ཡིན་ཚུལ་ཤོད་ཀྱིན་འདུག
སའི་གོ་ལའི་སྟེང་གི་སེམས་ཅན་རྣམས་ཆུའི་འཇིགས་པས་རྩ་སྟོང་དུ་འགྲོ་བ་མ་གཏོགས་སའི་གོ་ལ་ཆུས་འཇིག་གི་རེད་ཟེར་བ་མ་རེད། གློག་བརྙན་དེའི་ནང་གི་བསྟན་དོན་བཞིན་བྱས་ན་ས་འོག་གི་མེ་རི་འཕྱུར་ནས་ས་ཆེན་པོ་འདི་ཡོམ་ཡོམ་གཡོས་པས་སའི་སྟེང་གི་རྒྱ་མཚོ་འཁྱོམས་ནས་གྲོང་དང་གྲོང་ཁྱེར་བསྣུབས་པ་ཞིག་རེད། དཔེར་ན་ཚུ་ན་མེ་འབྱུང་གནོད་བཞིན་རེད། ད་ལྟའི་བསྐལ་པ་འདི་ནི་མེ་ཡིས་འཇིག་དགོས་པ་ཞིག་ཡིན་པ་ནི་སྒྲོལ་བསྟོད་ལས། ཕྱག་འཚལ་བསྐལ་པའི་མཐའ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །ཞེས་པས་ཀྱང་ཤེས་ནུས།
ང་ཚོ་ཡ་ཐོག་རིང་མོའི་མཇུག་ཏུ་ཡོད་པ་མ་ཡིན་ནམ། ད་དུང་བར་གྱི་ཁུགས་པ་བཅོ་བརྒྱད། མ་ཐོག་རིང་མོ་སོགས་བརྒྱུད་དགོས་པ་རེད། སའི་གོ་ལ་འདི་དུས་ཚོད་ཐུང་ཐུང་ནང་འཇིག་གི་མ་རེད་ཟེར།
ཡིན་ན་ཡང་གོང་གི་སྒྲོལ་བསྟོད་ཀྱི་ལུང་འདི་ནི་དཔེ་འཇོག་ཅིག་དང་ལུང་བསྟན་ཞིག་ཡིན་པའི་འགྲེལ་བཤད་རྒྱག་མཁན་རིགས་གཉིས་འདུག
སའི་གོ་ལ་འཇིག་པ་དང་སའི་གོ་ལའི་སྟེང་གི་སེམས་ཅན་དང་རྩི་ཤིང་འཇིག་པ་གཉིས་མཉམ་དུ་སྦྱར་ན་མི་འགྲིག དཔེར་ན་ཕོར་བ་དང་དེའི་ནང་གི་ཇ་གཉིས་བཞིན་ནོ།།
གློག་བརྙན་འདིའི་ཐད་ང་རང་སྒེར་ལ་ལྟ་ཚུལ་འདི་འདྲ་ཞིག་ཡོད།
༡། གོ་ལའི་ཚ་དྲོད་དང་རང་བྱུང་གནོད་འཚེའི་སྐོར་ལ་དམིགས་ཏེ་བཟོས་པ།
༢། འཇིག་རྟེན་འདི་མཐའ་མ་ཆུ་ཡི་འཇིགས་པས་རྩ་སྟོངས་འགྲོ་བ།
༣།
སྲིད་པ་རྒན་པོ་འཇིག་ཉེའི་སྐབས་སྤྱིར་བཏང་མི་ཕར་ཞོག་ནམ་ཀུན་དགེ་ལས་ལ་འབད་པའི་བོད་མི་སྐྱ་སེར་ཚང་མ་ཤི་གསོན་གྱི་འགག་རྩར་གཞན་སྲོག་གཅོད་པར་ཐེ་ཚོམ་མེད་པ་མཚོན་པ།
༤། གློག་བརྙན་འཁྲབ་ཁྲིད་པ་དང་བཟོ་སྐྲུན་པར་འཁྲབ་སྟོན་པ་འདེམས་སྒྲུག་བྱེད་དབང་ཡོད།
ཡིན་ནའང་གློག་བརྙན་འདིའི་ནང་གི་བོད་མིའི་ཚབ་མཚོན་འཁྲབ་སྟོན་བྱེད་མཁན་བོད་སྐད་རྣལ་མ་མི་བཤད་མཁན་ཚོའི་སྐོར་ལ་ཡི་མི་རངས་པའི་བསམ་འཆར་ཡི་གེ་བསྐུར་ཆོག་པ་རེད།
༥།
སྲིད་པའི་རྩེ་མོ་བོད་འདི་སྲིད་པ་འཇིག་པའི་སྐབས་སྐྱབས་བཅོལ་དུ་འགྲོ་ཡུལ་ཡིན་པ་བསྟན་ཡོད།
ྐླུ་སྨྱོན་ལགས།
བོད་ཀྱི་བརྩམས་སྒྲུང་འབྲི་མཁན་ཐོག་མ་དེ་སུ་རེད། ཁ་ཤས་ཀྱིས་བོད་ཀྱི་བརྩམས་སྒྲུང་ཐོག་མ་ནི་མེ་ཏོག་ལྡུམ་རྭའི་ནང་གི་ྐླན་ཀ་ཞེས་པ་རེད་ཟེར། དོན་གྲུབ་རྒྱལ་གྱི་བསྟོད་པ་བྐླགས་པའི་འཆར་སྣང་གི་ནང་དུ་གཞན་པ་ཞིག་གསུངས་འདུག དོ་སྣང་འདྲ་བྱུང་ངམ།
ཐོག་མ་དེར་འཇམ་དཔལ་རྒྱ་མཚོ་དང་ཁོའི་སྐལ་བཟང་མེ་ཏོག་བཞག་ན་འགྲིག་བསམས། གལ་སྲིད་དེ་མི་འགྲིག་ན་གཙུག་གཡུ་དང་དེའི་རྩོམ་པ་པོ་གླང་མདུན་དཔལ་འབྱོར་འཇོག་དགོས། དེ་ཡང་མི་འགྲིག་ན་དབྱུགས་ཤོག
རྒྱ་ཡིག་གི་སྟེང་ནས་ཚེ་བརྟན་རྡོ་རྗེའི་སྲོག་ཉེན་ལས་ཐར་བའི་མི་དེ་ཆེས་སྔ་གྲས་ཤིག་རེད། འཇམ་རྒྱམ་གྱི་སྐལ་བཟང་མེ་ཏོག་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་སྟེང་དུ་བརྩམས་ཡོད།
ང་ཆུང་ཆུང་བྱིས་པ་ཡིན་དུས་སུ་ཚེ་བརྟན་རྡོ་རྗེའི་སྲོག་ཉེན་ལས་ཐར་བའི་མི་དེ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་ཆོས་མོ་མཚོ་ཟེར་བའི་འབྲོག་མོ་ཁ་བདེ་མོ་འགྲན་ཟླ་མེད་པ་ཞིག་གིས་སྒྲུང་བཤད་པ་ལྟར་བཤད་ནས་ང་ནི་གཟའ་འཁོར་རེ་རེ་བཞིན་སྒྲུང་དེ་གཏོང་བའི་དགོང་མོ་དེར་རེ་བ་བརྒྱབ་ནས་ཉི་མ་མི་འཁྱོལ་བ་ལན་མང་བྱུང་མྱོང་། ཆོས་མོ་མཚོས་རྒན་དར་གཞོན་གསུམ་དང་ཕོ་མོ་གཉིས་ཀའི་སྐད་གདངས་ཀྱི་ལམ་ནས་སྒྲུང་དེབ་དེ་འབྲོག་པའི་ཁ་སྐད་དུ་བཀླགས་ནས་ཧ་ཅང་སྙན་མོ་ཡོད།
ཉེ་ཆར་རབ་རིབ་སྙན་ངག་འབྲི་མཁན་ཚོས་ཁོང་ཚོའི་སྙན་ངག་གི་བསྟན་དོན་དུས་རབས་རྗེས་མའི་ནང་དུ་གོ་བ་ལེན་ཐུབ་ཅེས་བཤད་པ་འདྲ། ཁ་ཅིག་ན་རེ། ཁོང་ཚོས་ནུབ་ཕྱོགས་ཀྱི་ཤེར་རྟོག་རིག་པ་སྦྱངས་པའི་སྟབས་ཀྱིས་ཁོང་ཆོའི་སྙན་ངག་ལས་སླ་བོར་གོ་ཐུབ་ཀྱི་མ་རེད་ཟེར། ངས་བལྟས་ན་བོད་ཀྱི་རབ་རིབ་སྙན་ངག་འབྲི་མཁན་ཚོའི་ཁྲོད་དུ་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་མཁན་ཡོད་ཀྱི་མ་རེད་སྙམ། འདི་ནི་ཚིག་སྐམ་པོ་ཞིག་རེད། འོ་ན། ཁྱེད་ལ་མཚོན་ན།
ནུབ་ཕྱོགས་ཀྱི་ལྟ་གྲུབ་ཟེར་དུས་བོད་པའི་ཆོས་ལུགས་ནང་བཞིན་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་པ་ཞིག་ལོས་ཡིན། སྙན་ངག་གཏིང་ཟབ་མོ་འབྲི་བར་ནུབ་ཕྱོགས་ཀྱི་ཅིག་ཅིག་ཉིག་ཉིག་ཤེས་མི་དགོས་པར་འཇིག་རྟེན་དང་འཚོ་གནས་ཀྱི་ལྟ་ཚུལ་ཐད་རང་རང་གི་ཤེས་རྒྱ་བསྐྱེད་ན་སྙན་ངག་གཏིང་ཟབ་པོ་དང་གོ་རྒྱུ་ཡོད་པ་རེ་འབྲི་ལོས་ནུས། ང་ལ་མཚོན་ན་ནུབ་ཕྱོགས་ཀྱི་ཅི་ཡང་མི་ཤེས་ཡིན་ན་ཡང་དངོས་པོ་འདི་དག་གི་ཆོས་ཉིད་ལ་བསམ་བློ་བཏང་ན་ཚོར་བ་དམིགས་བསལ་བ་རེ་རྙེད་ཀི ཡིན་ན་ཡང་ངས་ཚོར་བ་དེ་བེད་སྤྱད་ནས་སྙན་ངག་ལེགས་པོ་ཅི་ཞིག་བྲིས་ཡོད་དམ། ཡོད་པ་མ་རེད།
སྤུན་ཟླ་ཚང་མས་གློག་བརྙན་འདིའི་སྐོར་གླེང་དེ་འོང་དུས། ངས་ཀྱང་གློག་བརྙན་འདི་ལ་དངོས་ནས་བལྟ་འདོད་འདུག ཐབས་ཤེས་གང་འདྲ་ཞིག་བྱས་པ་ཡིན་ན། དྲ་ཐོག་ནས་གློག་བརྙན་འདི་བལྟ་ཐུབ་ཀྱི་འདུག་གམ།
ཤེར་རྟོགས་རིག་པ་ཟེར་དུས་མངོན་པ་མཛོད་འདྲ་བོ་ཞིག་རེད། ཕྱོགས་གཅིག་ནས་སྣོད་ཀྱི་འཇིག་རྟེན་གྱི་སྐོར་དང་ཕྱོགས་དང་ཕྱོགས་གཞན་ཞིག་ནང་བཅུད་སེམས་ཅན་གྱི་ཚོར་བ་བདེ་སྡུག་བཤད་ཀི་ཡོད་འདུག དེ་ལ་བསམས་ན་བོད་པའི་ནང་ཆོས་ཀྱི་བསམ་བློའི་དགོངས་དོན་དང་རྒྱ་ནག་གི་དམར་པོའི་ལྟ་གྲུབ་ལས་གཞན་དུ་འདའ་ཐུབ་མི་འདུག དེ་ང་ཚོར་ཡོད་ཡོད་པ་ཞིག་རེད་། མ་རེད་དམ།
ཁ་སང་དེ་རིང་བོད་ཀྱི་རྩོམ་ཡིག་གི་ཁ་སྟབས་ཇེ་ཞན་དུ་གྱུར་འདུག སྲོལ་རྒྱུན་དང་ལྷུག་རྩོམ་དང་རང་མོས་དང་བརྩམས་སྒྲུང་སོགས་ཀྱི་ཐད་ནས་རེད། དཔེར་ན། རྒྱལ་སྲིད་སྣ་བདུན་སྦྱར་བའི་འབེལ་གཏམ་ལྟ་བུའི་སྲོལ་རྒྱུན་དང་། མཉེན་འཇམ་རྩའི་གླུ་སྒྲ་ལྟ་བུའི་ལྷུག་རྩོམ། རིག་པའི་དཔའ་བོ་རྣམས་ལ་ཕུལ་བའི་བསྟོད་ཚིག་ལྟ་བུའི་རང་མོས། གླག་མོ་དུས་སྟོན་ལྟ་བུའི་བརྩམས་སྒྲུང་ལྟ་བུ་སོགས་རེད། དེང་སང་བོད་ཀྱི་རྩོམ་པ་པོ་ཚོའི་ནང་དུ་སྔོན་ཆད་ཀྱི་སྤུས་ཀ་བཟང་བའི་རྩོམ་ཡིག་བཞིན་འབྲི་མཁན་བརྒྱ་ལམ་ན་རེ་ཟུང་རེད། སྤྱིར་ཁ་སང་དེ་རིང་གི་རྩོམ་པ་པོ་རྣམས་ལ་ཆ་རྐྱེན་དང་མཐུན་རྐྱེན་སྔོན་དང་བསྡུར་ན་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། འོ་ན། རྒྱུ་མཚན་ཅི།
དྲ་ཐོག་ན་གློག་བརྙན་དེའི་ཁྱབ་བསྒྲགས་དུམ་བུ་ཞིག་ལས་མི་འདུག ཡུ་ཁྲོ་ནང་དུ་སོང་ནས་༢༠༡༢གཏོགས་དང་མཐོང་གི
རྩོམ་འབྲི་བར་ཆ་རྐྱེན་གཉིས་དགོས་ཀྱི་འདུག གཅིག ཕྱི་རོལ་ཡུལ་གྱི་ཆ་རྐྱེན། དཔེར་ན་སྤྱི་ཚོགས་དེར་ཚ་ཚ་འུར་འུར་ངང་རྩོམ་རིག་ལ་དོ་སྣང་བྱེད་མཁན་ཡོད་མེད། གཉིས། ནང་གི་སེམས་པ་དེ་ཡང་རྩོམ་རྒྱུར་རྩེ་གཅིག་ཏུ་གཞོལ་ཐུབ་པ་ཞིག་དགོས། དེ་གཉིས་ལས་གཅིག་གིས་མ་འདངས་ཚེ་རྩོམ་པ་པོའི་གྲངས་འབོར་ཙམ་མ་ཡིན་པར་རྩོམ་ཡིག་གི་སྤུས་ཀ་ཇེ་ཞན་དུ་འགྲོ་བ་ཆོས་ཉིད་རེད། མ་རེད་དམ།
དཔེར་ན་འཇུ་སྐལ་བཟང་སྲིད་འཛིན་གྱི་བྱ་བའི་སྟེང་དུ་བསླེབས་པ་དང་། བཀྲ་ཤིས་ཟླ་བ་གློག་བརྙན་ལྟ་བུའི་ལས་རིགས་གཞན་པར་འཇུས་པ་ལྟ་བུ་རེད།
བོད་ཀྱི་རྩོམ་རིག་གི་ཉི་འོད་བོད་ཀྱི་སྤྱི་ཚོགས་ཀྱི་མགོ་ཐོག་ཏུ་འུར་འུར་དུ་འབར་བའི་དུས་ནི་ལོ་རབས་དགུ་བཅུ་བ་དང་། ཉིས་སྟོང་ནང་རེད། ཡིན་ནའང་ལོ་རབས་བརྒྱད་ཅུ་བའི་ནང་གི་བོད་ཀྱི་རྩོམ་ཡིག་གི་ཁ་སྟབས་དང་། ལོ་རབས་དགུ་བཅུ་བ་དང་ཉིས་སྟོང་ནང་གི་རྩོམ་རིག་གི་ཁ་སྟབས་གཉིས་བསྡུར་ན། ཧེ་བག་ཆེན་པོ་འདུག
ཨ་རོ། འཇུ་སྐལ་བཟང་གིས་རྩོམ་ཡིག་མང་པོ་འབྲི་བཞིན་ཡོད་པ་འདྲ། བཀྲིས་ཟླ་བ་ཟེར་བ་དེ་མི་ཤེས།
དགོངས་དག ཕྱི་རོལ་ཞིག་ཏུ་འགྲོ་དགོས་པ་འདྲ། བརྗོད་གཞི་འདིར་སྙིང་པོ་ཞེ་དྲག་མི་འདུག ད་ནས་འདི་འདྲའི་རིགས་མི་བཤད། བཤད་མང་དྲགས་ན་མགོན་པོ་ཕྱག་གཉིས་པའི་རལ་གྲི་རྣོན་པོ་དེ་ལའང་སྐྲག
ཀླུ་སྨྱོན། ཆོས་མོ་མཚོ་ནི་རེབ་གོང་ལྕང་སྐྱ་སྡེ་བའི་རེད། ཨ་ཁུ་པད་མ་འབུམ་གྱིས་བྲིས་པའི་དྲན་རྡོ་རིང་མ་ཟེར་བའི་ནང་གི་དགེ་རྒན་རྡོ་རིང་ལགས་ཀྱི་སྲིང་མོ་རེད། གསལ་འདེབས་ཀྱི་ཆེད་དུ་ཡིན།
གཡུ་འབྲུག་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཨ་ཅེ་དེས་ང་བྱིས་པ་ཡིན་དུས་སྒྲུང་གཏམ་གྱི་འཇིག་རྟེན་ཞིག་ཏུ་འཁྲིད་ཐེངས་ཉུང་ཉུང་མིན། དོན་དག་གལ་ཆེན་རེར་ཐུག་ནས་གཟའ་འཁོར་རྗེས་མར་བཤད་ཟེར་ནས་མཚམས་འཇོག་གི་རེད། དེ་ནི་ངོ་མ་བྱིས་པ་ཞིག་ལ་མཚོན་ན་སང་ཉིན་ཀ་ར་སྟེར་གི་ཡིན་ཞེས་པ་ལྟར་རེ་སྒུག་ཞིམ་པོ་ཞིག་གི་ནང་དུ་བསྙལ་བ་རེད་ཡ།
སྔོན་མར་སྦྲང་ཆར་ཡིན་ནམ་མང་ཚོགས་སྒྱུ་རྩལ་ཡིན་ཞིག་གི་སྟེང་དུ་ཆོས་མོ་མཚོ་མཚམས་སྦྱོར་ཞིག་ཡོད་བསམས་ཀྱང་ད་ལྟ་དྲན་ངོ་ན་ཚིག་གཅིག་ཀྱང་མི་འདུག དེང་སྐབས་ལས་འཁྱུར་བྱས་ནས་བཞུགས་ལོས་ཡོད།
ལོ་སྔོན་མར་ཉིག་ཡོར་ལ་ཡོང་དུས་ཨ་ཁུ་པད་མ་འབུམ་མཆོག་ལ་ཐུག་ནས་ཁོང་གི་དྲན་ཐོ་རྡོ་རིང་མ་ཞིག་སྟེར་གསུངས་ཀྱང་སྐབས་ཐོག་ཁོང་ཕྱི་རོལ་ཅིག་ཏུ་ཕེབས་ནས་ཡོང་ཁར་མ་ཐུག གྲོགས་པོ་ཞིག་ལ་མངགས་བཅོལ་ཐེངས་གསུམ་བྱས་ཀྱང་མ་རག དེ་ལ་ངོ་མ་ཅིག་ལྟ་ན་འདོད་ཀི
བསྟན་འཛིན་འཕྲིན་ལས་ཟེར་བ་ཞིག་གིས་བཏོན་པའི་གཤམ་གྱི་རེ་སྐུལ་ལ་རོགས་རམ་གནང་ཐུབ་མཁན་གྱི་དྲ་གྲོགས་རེ་ཡོད་ན་ཐུགས་རྗེས་གཟིགས་རོགས་ཞུ། ཁོང་ལ་སྨོན་ལམ་ཡིག་གཟུགས་ཡོད་ཅིང་གིས་ཁ་བརྡའི་ཐོག་ཏུ་མཆན་འདེབས་སྟངས་མི་ཤེས་པས་ལམ་སྟོན་གནང་རོགས་ཟེར་གྱི་འདུག དེང་སང་གི་དྲ་བའི་རིག་གནས་ཀྱི་ལག་ཤེས་འདི་ནི་དབྱིན་ཡིག་ལ་བྱང་མ་བྱང་ཞིག་མིན་པར། ཀླུ་སྨྱོན་འདི་གང་ཡིན་སར་མིན་སར་རྐང་ཐང་ལ་ཐོན་འཇོག་ས་ཞིག་ན་དབྱིན་ཇི་རྟ་ཞོན་ཁ་ཤས་ཀྱིས་ད་དུང་ཅིག་དཀའ་བསྡད་ཡོད་གི།
Tashi Deleck
I commented on your Khada website but I am unable to post the comment in Tibetan font. I have monlam tibetan font installed on my xp. I request you to tell me how to post a comment in Tibetan on your website. I would really appreciated it if you would educate me about the process!
ཁོང་ལ་འདི་ཕུལ་ན་ཐུགས་ཕན་རེ་གསོ་ཐུབ་ཨེ་ཡོང་བསམས།
http://www.yalasoo.com/English/docs/yalasoo_en_activate.html
ཀླུ་སྨྱོན། ངས་ད་ལྟ་བྱིས་སྒྲུང་ཞིག་བོད་ཡིག་ཏུ་བསྒྱུར་གྱི་ཡོད་པར། ཀློག་རོགས་ཞིག་བྱེད་ཨེ་ཐུབ་བམ། ཤོག་གྲངས་ལྔ་བཅུ་ཙམ་ལས་མེད། སྒྲུང་ཐུང་ཐུང་ཞིག་ཡིན། ཡིན་པ་ནི་བལ་བོའི་དོལ་པོའི་ས་ཁོངས་ཀྱི་བོད་སྒྲུང་ཞིག་ཡིན་མོད། ཨ་རིའི་ཞི་མོ་ཞིག་གིས་དབྱིན་ཡིག་ཏུ་བྲིས་པ་བོད་སྒྱུར་བྱེད་ཀྱི་ཡོད་རུང་། ཆོལ་ཁ་གསུམ་གྱི་བྱིས་པ་ཚོར་ཁ་ཕྱོགས་ནས་སྒྱུར་དགོས་དུས་ཟ་མ་ཡི་ཚབ་ལ་ཁ་ལག་དང་ཨ་ཕའི་ཚབ་ལ་པཱ་ལགས་འབྲི་དགོས་མིན་ལ་སོགས་གོ་བདེ་ཉན་བདེ་ཞིག་བསྒྱུར་རྒྱུར་ཚིག་གི་གདམས་ཀའི་བར་ནས་སྐར་མ་ནས་སྐར་མ། དུས་ཚོད་ནས་དུས་ཚོད་ལུས་འགྲོ་གི་འདུག ད་དུང་ཁ་སྐད་དང་ཡིག་སྐད་གཉིས་ཀྱི་བར་ནས་ཡང་བྱིས་པ་ཚོའི་གོ་བདེ་མི་བདེ་སོགས་ལ་ཐེ་ཚོམ་གྱིས་འདི་མོ་ཡིག་སྒྱུར་དཀའ་མོ་ཞིག་བྱས་མ་མྱོང་།
ཀླུ་སྨྱོན་གྱིས་གོང་དུ་ཨ་ཅེ་ཆོས་མོ་མཚོས་བཤད་པའི་བྱིས་སྒྲུང་གི་དྲན་སྣང་དེ་དང་འབྲེལ་ནས་འབྲེལ་མེད་ཀྱི་སྐད་ཆ་འདི་ཐལ་བར་དགོངས་དྭངས་ཞུ།
ངས་ཐུབ་པ་ཞིག་ཡིན་ན་ལོས་བྱེད།
ངའི་ངོ་ཤེས་པའི་འདི་གའི་ཁྱིམ་ཚང་ཞིག་གི་བྱིས་པ་གཉིས་ལ་ཞེ་ཚིག་རྐྱང་རྐྱང་བསླབས་འདུག་པས་བཞེས་ལག་ཟེར་ན་མ་གཏོགས་ཁ་ལག་ཟེར་ན་གོ་གི་མི་འདུག
ད་དུང་བལ་ཡུལ་དུ་ང་ལ་ཞོགས་ཇ་སྐྱེལ་མཁན་དོལ་བོའི་གྲྭ་ཕྲུག་ཆུང་ཆུང་ཞིག་སྔོན་ཆད་ཡོད་པ་དེས་ཞོགས་ཇ་ཁྱེར་ཡོང་ནས་རྒན་ལགས་ཆབ་མཆོད་ཟེར་གི་འདུག
འོ་ན་བཀའ་དྲིན་ཆེ། བསྒྱུར་ཚར་ན་བསྐུར་ནས་ཡོང་གི་ཡིན་དཱ།
སྣང་དག་མེད། ཁྱོད་ལ་ངའི་གློག་ཡིག་ཁ་བྱང་ཡོད་བསམས།
ཁྱེད་ཀྱི་འབྲེལ་ཐག་དེའི་ལམ་སྟོན་ནི་ How to Activate Tibetan Language Feature in Windows Vistaཞེས་ཀློག་ཀླད་ཐོན་གསར་དེའི་ཆེད་དུ་རེད་འདུག གོང་གི་མི་དེའི་ཀློག་ཀླད་ XP ཡིན་ཟེར་མོད། དབྱིན་ཡིག་ཤེས་ན་འབྲེལ་ཐག་ཅིག་གི་སྣེ་ཁ་རྙེད་དུས་དཀྱིལ་ལ་མིསླེབས་རུང་གཞོགས་ལ་སླེབས་འགྲོ་གི་རེད་བསམ། ཐུགས་རྗེ་ཆེ། བླ་རྒན་འདི་མྱི་གོ་ཆོད་ཅིག་རེད། གོ་ཆོད་སོང་ན་ཁ་སང་ངས་ཅིག་བཤད་བསྡད་པའི་རྫུན་མ་དང་ངོ་མའི་སྐད་ཆ་དེ་གད་སྙིགས་ནང་ལ་གཡུག་འཇོག་གི་ཡིན་དཱ། ཞེ་ཐག་གི
ཁ་སང་ཁ་སང་རེད། འདས་ཚར་བ་རེད། དེ་རིང་དེ་རིང་རེད། སང་ཉིན་ཡང་སང་ཉིན་རེད། དུས་ཚོད་མི་འདྲ་བ་རེའི་ནང་དུ་མིས་བྱ་བ་མི་འདྲ་བ་སྒྲུབ་བཞིན་ཡོད་པ་རེད། འདས་པ་རྒྱབ་སྐྱུར་ད་ལྟ་བའི་ངོ་ལྟོས་མ་འོངས་པར་འདང་རྒྱོབས་ཟེར་ག ངས་ཅང་སེམས་ལ་འཛིན་ནི་མ་རེད། ད་ལྟ་ལོ་རྒས་པས་ཡིན་ནམ་སྐད་ཆ་ཡག་ཉེས་གང་ལྟར་ཡོད་ནས་མི་འདུག་གི ཁ་ཏོན་ཚོ་ཆགས་ན་སེམས་མི་བདེ་གི དེ་མིན་ཤོར་འགྲོ་རྒྱུ་ཅི་གང་མི་འདུག སྨན་བུ་མོའི་ཁོག་ལ་བུ་ཆུད་ན། སྟག་ཤ་རའི་ཁོག་ལ་ཚིག་ཆུད་དགོས་ཟེར་ག གང་ལྟར་XPགྱི་ནང་དུ་ཡང་ཧི་གཟུགས་འཕབ་ལེན་བྱེད་ཐུབ་པ་ང་ཚོས་ཤེས་གསལ་རེད།
ཡིད་ནས་་
བསྐུར་སའི་ཁ་བྱང་མེད་མོད། མཆན་རྙིང་ཚོ་སྔོགས་ན་ལག་ཏུ་ལོས་ལོན། ན་ནིང་ནས་ཁ་སྡིག་མང་པོ་བསགས་སོང་རུང་། ཁ་ཤས་ངོ་མ་ཡིན། ཁ་ཤས་བཀྱག་བཀྱག་ཡིན། དེ་ཙམ་ཞིག་ཁོག་ཏུ་ལོས་ཆུད་བསམ་ནས་ཡོད། ད་དེ་ག་བྱོས། ཡིག་སྒྱུར་གྱི་རྔ་མར་འཇུ་རྒྱུ་ཡིན། ངའི་བཟའ་ཟླའི་ཁ་ནང་ལ་རྒྱ་རྒན་ཚང་གིས་ཆུང་དུས་ནས་རྒྱ་སྐད་རྒྱ་ཡིག་བཞག་སྟེ། བོད་ཡིག་ནི་ཀློག་ངོ་ཆོད་ཙམ་ལས་མེད། དེ་བས་ཁྱོའི་མཆན་དེ་དག་སྐད་ལ་བརྒྱབ་ནས་ཀློག་ན་ཁོ་མོ་གད་མོས་རིལ་འགྲོ་གི་འདུག ཁོ་མོས་རྒྱུན་དུ་ནས་བོད་མིའི་རིག་གནས་དྲ་རྒྱའི་ཟིན་བྲིས་ན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཚོར་ཅིག་བཤད་མ་ཚར་ནས་བསྡད་ཡོད་ཀི། ཡང་པན་ཆེན་ཚང་གི་སྲས་མོའི་སྐོར་ནས་ཅིག་ཀློག་ཡོང་གི་འདུག དྲ་ཐོག་གི་འཚོ་བ་དང་རིག་གནས་ཟེར་ན་འདི་འདྲ་ཞིག་རེད།
ད་ཧྲ་གི་ཡ། ངའི་ཞ་ཞིས་ཚོས་བསམ་ཤེས་གི་འདུག དེ་མིན་ང་སྔགས་རྒན་ཟིག་གི་རྣམ་ཤེས་ཡིན་ནི་རེད། སྔགས་ཆ་རེ་འདོན་ནི་རེད། དེའི་ནང་དུ་མཇེ་མི་ལངས་པའི་སྔགས་ར་ཡོད་ནི་རེད། དེ་ཡང་རྩ་ནས་མི་ལངས་པ་དང་། ལངས་མི་དགོས་དུས་ལངས་པ་དང་ལངས་དགོས་དུས་མི་ལངས་པ། ལངས་མི་དགོས་དུས་མི་ལངས་ཤིང་ལངས་དགོས་དུས་ལངས་པ། ག་དུས་ཡིན་ན་ལངས་ནས་སྡོད་པ་སོགས་ཀྱི་སྔགས་ཡོད་ནི་རེད། ང་དགའ་གི་བཞུགས་ན་སྔགས་ཡག་པོ་རེ་འདོན་ནི་རེད། འདི་མོ་འདི་ལ་སེམས་ཆུང་བྱོས། འགྲན་ཡ་སྔགས་པར་མ་འཛིན་གཉེན་ན་ཇག་པར་མ་འཛིན་ཟེར་ནི་རེད།
གཉེན་ཡ་་་་
མི་སྐྲག་ན་ར་ཐང་མོད་དགྲ་བཅོམ་པ་རེ་ཡས་ན་ལོས་དགའ་བསམས་སོང་།
དྲ་རྒྱའི་རིག་གཞུང་འདིས་མི་སྨྱོན་པ་བཏང་ནི་མང་ནི་རེད་ཟེར་ག བདེན་པ་ཡིན་ས་རེད། ངས་སྔོན་མར་དྲ་རྒྱའི་སྐོར་ལ་ཅང་མི་ཤེས་དུས་རྡ་རམ་ས་ལའི་དྲ་ཁང་དག་ན་གཞིས་ཆགས་གསར་བུ་སྐོར་ཞིག་གིས་ཉིན་མཚན་སྐྱེལ་བཞིན་པ་མཐོང་སྟེ་འདི་ཚོས་ཆི་ཟིག་མ་རྙེད་ལ་བསྡད་ཡོད་དམ་བསམས་མྱོང་། ད་ལྟ་ང་ཡང་དེའི་ཚད་ལ་ལྷུང་སོང་།
ཨ་ལགས་ཀླུ་སྨྱོན་ལགས་ངས་ཁྱེད་ངོ་མི་ཤེས་ཀྱང་ཁྱེད་ཀྱི་རྩོམ་ཡིག་དག་ལ་ང་ཧ་ཅང་འདྲིས་ཟབ་ཆེ། དེས་ན་ལོ་འདི་ཁྱེད་སྤུན་གསུམ་གྱིས་སྙན་རྩོམ་གཅེས་བཏུས་ཤིག་ཐོན་ཡོད་སྐད་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་དེབ་དེ་ང་ལ་གཅིག་འབྱོར་ཐབས་གནང་རོགས
ཨ་མདོ་ཡུལ་དུ་སྐྱེས་ན་ཡང་།།
ཨ་ལགས་འདྲ་ཟིག་ཡིན་ན་ཡང་།།
ཨ་མི་རི་ཀར་བསྡད་པའི་རྐྱེན།།
ཨ་རིའི་སྒོར་མོ་མེད་སོང་ན།།
ཨ་རིག་གླེན་པ་མིན་པས་ན།།
ཨ་མཆོད་ཁྱོད་ལ་བསྐུར་མི་སྲིད།།
མིའུ་ཕྲུག་ཁྱོད་ཀྱི་ཁ་ཡག་གིས།།
མིའུ་གསུམ་གྱི་གསུང་གི་བཅུད།།
དཔེ་ཆའི་རིན་པ་ཕར་བཞག་ནས།།
སྦྲག་གི་གླ་ཆའང་ཅི་ལྟར་འཇལ།།
དེབ་དེ་སྙན་རྩོམ་རྐྱང་རྐྱང་མ་རེད། འབེལ་གཏམ་ལྟ་བུ་ཁག་ཅིག་རེད། ང་ལ་བོད་ནས་ཚར་འགའ་བསྐུར་འདུག་པ་འདི་གའི་གྲོགས་པོར་སྤྲད་ཚར། ཡང་སྐྱར་ཚར་ཁ་ཤས་བོད་ནས་བསྐུར་ན་ཁྱེད་ལ་ཅིག་སྐུར་ཨེ་ཐུབ་ལྟ་ཡ།
ལགས་སོ་ཨ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷན་གཞོན་ནུ་ཟླ་མེད་ལ་གཏམ་ལན་ཞིག་ཕུལ་འདོད་བྱུང་།
ཨ་རིར་སླེབས་ཆེད་གཞོན་ནུའི་ལང་ཚོ་བཙོང་།།
ཨ་མོའི་ཆེད་དུ་གཞོན་ནུས་གཞང་ལ་རོལ།།
ཨ་སྒོར་ཆེད་དུ་གཞོན་ནུ་གཞན་གཡོག་རྒྱུག།
ཨ་ཁ་གཞོན་ནུ་ཁྱེད་ལ་སྙིང་རེ་རྗེ།།
མིའུ་ཕྲུག་ཁྱེད་ཉིག་ཡོར་ཕྱོགས་སུ་ཡོད་ན་ངས་ལ་རྩེ་དཔེ་མཛོད་ཁང་ལ་དེབ་དེ་གཅིག་བསྐུར་ཡོད་པས་དེ་རུ་ཕེབས་ནས་གཟིགས་ན་ཡང་ཆོག་གི