༄༅།། ༢༠༡༣ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་བཙན་བྱོལ་བོད་མིའི་གཞིས་ཆགས་སྦེལ་ཀོབ་ཏུ་ཕྱི་ཟླ ༢ ཚེས་༡༠ ནས་ ༡༣ བར་ཚོགས་གཏན་འཁེལ་ཡོད་ལ། མཛངས་མའི་འགྲན་ཞུགས་བུད་མེད་ཀྱི་ལོ་གྲངས་ནི ༡༧ ནས ༢༥ བར་ཡིན། ད་ལོར་དམིགས་བསལ་འགྲན་བསྡུར་ལས་རིམ་ནང་བོད་ནང་གི་ཛ་དྲག་གནས་སྟངས་ལས་སྐྱོབ་ཆེད་བཙན་བྱོལ་བོད་མི་ཚོས་དོན་ཕན་ལྡན་པའི་ལས་འགུལ་ཅི་ཞིག་སྤེལ་དགོས་མིན་ཐད་གཏམ་བཤད་འགྲན་བསྡུར་གནང་རྒྱུ་དང། རང་སྲེག་གཏོང་མཁན་རྣམས་ལ་གླུ་གཞས་ཀྱི་ལམ་ནས་མྱ་ངན་རྗེས་དྲན་ཞུས་ཏེ་སྐད་ངག་གི་འགྲན་བསྡུར་བྱེད་པ། བོད་ཀྱི་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་ཏེ་སྐྱེ་གཟུགས་འགྲན་བསྡུར་བྱེད་པ། གཟུ་དཔང་རྣམས་ཀྱི་དྲི་བར་ལན་འདེབས་ཞུས་ཏེ་ཁྱོན་ཡོངས་ཀྱི་ཤེས་ཚད་འགྲན་བསྡུར་བཅས་ལས་རིམ་སྣ་ཚོགས་གོ་སྒྲིག་ཞུས་ཡོད་པས། བུད་མེད་གང་མང་མཉམ་ཞུགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ།
མཛངས་མའི་འགྲན་བསྡུར་ལ་ཞུགས་བློ་ཡོད་རིགས་ནས། གཤམ་གྱི་ཁ་པར་ཨང་གྲངས་ཐོག་ཐད་ཀར་ཁ་པར་བཏང་སྟེ་ཐོ་འགོད་བྱེད་པའམ། ཡང་ན་སྦྲེལ་ཐག་འདི་བརྒྱུད་ནས་འབྲེལ་བ་གནང་རོགས།
0091- 9816081819
སྨན་ཤར་གང་མང་མང་འགྲན་བསྡུར་ནང་ཞུགས་ཐོབ་པའི་རེ་བ་ཡོད།
དེང་སང་སྦེལ་ཀོབ་ལབ་པ་ལ༼་སྤེལ་ཀོབ་༽ཅེས་བྲིས་འདུག་པ་འདི་ཡང་ནོར་འཕྱུག་ཅིག་ཏུ་སེམས།
ཨ་ཁུ་ཨ་དགེ་གསུངས་པ་ལྟར་བཅོས་ཡོད། དེ་དང་མཉམ་དུ་ཝ་ཎིའི་ཕྱོགས་ཀྱི་བོད་མོ་ཚོར་ལན་འདི་བསྐྱལ་རྒྱུ་མ་བརྗེད་ཨ། ཧཧཧཧ
བོད་རང་གི་སྐད་ཡིག་དང་རིག་གཞུང་གི་རྣམ་པ་ཡོད་པའི་རྩམ་དྲི་བྲོ་བའི་འགྲན་བསྡུར་ཞིག་ཡིན་ན་ནི་ཕྱི་མིན་བོད་མིན་གྱི་བོད་མོ་ལས་ངན་ཚོ་ལ་ཡང་རིག་གཞུང་གཅེས་འཛིན་དགོས་པའི་སྐུལ་མ་རེ་ཐེབ་སྲིད་པས་ཧ་ཅང་བཟང་། དེ་མིན་འདས་པའི་དུས་ཀྱི་སྡ་སའི་གཅེར་བུའི་འཁྲབ་སྟོན་དང་དབྱིན་སྐད་ཀྱི་འགྲན་བསྡུར་དེ་འདྲ་ཞིག་ཡིན་ན་ནི་ངོ་མ་དོན་སྙིང་ཅང་མི་འདུག
ད་ཡིན་ད་བོད་ཀྱི་བུད་མེད་ཚོ། མཛེས་མཛེས་འཛུམ་མདངས་ཕྱི་རུ་བཏོན་ཏེ། མཉེན་མཉེན་
ལྕུགས་པའི་གསང་རྐེད་ལྡེམ་བཞིན་། གཅེས་གཅེས་མེ་འོག་ཤོར་བའི་བོད་མིར། དགོས་དགོས་
རེ་བའི་གླེང་མོར་བཞུགས་དང།
བཀོད་སྒྲིག་བྱེད སྟངས་ཡག་གི
ཡང་བུ་མོ་གཏད་སོ་མེད་པ་ཁ་ཤས་བློ་དབང་གི་གཡོ་འོག་ཏུ་ཚུད་རྒྱུ་ཡིན་པ་ཉག་ཅིག་རེད།
ཡུལ་བགྱར་སྤྱི་ཚོགས་འདིའི་ནང་བོད་ཀྱི་མཛངས་མ་ཞིག་ཧ་ལམ་དཀོན་ཚོད་ཡིན། འོན་ཀྱང་མཛེས་མ་ནི་ཡོད་བདེན་པ་རེད། མཛེས་མའི་འགྲན་བསྡུར་ཞིག་གོ་སྒྲིག་བྱས་ཡོད་ན་མིང་དོན་མཚུངས་པ་རེད། དེ་ནི་དུས་རབས་དང་མིི་རབས་གཉིས་ཀར་མཐུན་པ་རེད། བྱས་ན་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ཡིན་རྒྱུ་མ་རེད་པ།
འདི་བོད་ཀྱི་མཛངས་མ་རེད་དམ་ཧི་མ་ལ་ཡི་མཛངས་མ་རེད། སྔར་ལོ་ཞིག་ལ་ཧི་མ་ལ་ཡི་མཛངས་མ་འབོད་ཀྱི་འདུག་དྲན་བྱུང་།
ན་ནང་གི་དེ་ལ་རྙོག་དྲ་ལུང་བ་གང་ཡོད་ཀི། (ཡོའུ་ཁྲོ་པི་)ལ་ལྟོས་ར་རིག་ཡ་འདུག། ངོ་ཚ་ནི་འདྲ་ཞིག་རེད། ཕུང་བོ་ལ་རྩལ་སྦྱོང་དག་ཙམ་ཡང་མེད་པ། ལྷུ་ཚིགས་ན་ལྡེམ་མྱུར་མེད་པའི་གྲོད་རླུགས་རྐུབ་རླུགས་མ་དེ་ཚོ། མི་ལ་ངོམ་སོ་ཞིག་དང་རང་མིས་སྤོབས་དེ་འདྲ་བྱེད་ཚུལ་ཞིག་མེད་ཀི།
བོད་པའི་བུ་མོ་འདོ་ཚོ། གོས་ཆེན་དེ་འདྲའི་ནང་ལ་བཅུག་ནས་བཞག་ན་མ་གཏོགས་ཡོང་ས་མ་རེད། གནའ་མྱི་སྤྱང་པོ་དེ་ཚོ། ཧ་ཧ་ཧ།
འདི་ལ་ལྟོས་དང་ལྟད་མོ་འདུག
Check out this video on YouTube:
http://youtu.be/A28y7YvOYEY
ད་ཡང་མི་ངན་འདི་དག་གིས་བྱ་ངན་ཞིག་༢༠༡༣ཚེས་མ་ཐག་ནས་འཛུགས་ཡོང་གི་ཡོད་པ་འདྲ་་་་བཀྲ་མ་ཤིས་པ་ཤོག་་་་་་་་འདི་བདུད་ཀྱིས་ཆོལ་འཁྲུལ་ཟེར་ན་ཡང་་མི་ངན་བློ་དབང་དེའི་གོ་སྐབས་འདྲ་མིན་ནས་མིང་བྱང་འདྲ་མིན་བཙལ་ཏེ་་བོད་མོ་ཀླད་མེད་རེ་འགའ་དམར་ཧྲང་མ་དོན་བཅུག་ནས་ཁོ་པའི་དེར་བལྟ་འདོད་པ་ལས་དེ་མིན་བོད་མི་རིགས་དང་བོད་དོན་ལ་སེམས་ཤུགས་ཞིག་གང་དུ་ཡོད། ད་དུང་སྐྱབས་འབུ་ཚོས་རྒྱབ་སྐྱོར་བཟོ་ཁུལ། སྙིང་མ་རྗེ་་་་བོད་ནང་གི་དཔའ་དཔའ་མོ་དང་འདས་པོ་ཚོ། ཁྱེད་ཚོ་ལ་བཙན་བྱོལ་བས་མི་ངན་ཁག་གཅིག་གིས་ལེགས་འབུལ་འདི་རེད།
གྲོགས་པོ་འཇམ་གཅེས་སེམས་འཚབ་མ་ལངས། སྤྱིར་མཛངས་མ་འགྲན་བསྡུར་གྱི་སྤྱི་སྲོལ་རེ་འགར་བོད་མིའི་ངོས་ལེན་བྱ་ཐུབ་ཀྱི་མེད་པ་རིགས་ཁ་ཤས་ཤིག་ད་ལོར་ཕྱིར་བསྡུ་བྱས་ཏེ། དེའི་ཚབ་བོད་ཀྱི་རྩ་དོན་དང་འབྲེལ་བའི་འགྲན་བསྡུར་ལས་རིམ་མང་པོ་ཞིག་བཅུགས་ཡོད་པ་རེད། སྐུ་ཉིད་ལ་བསམ་ཚུལ་ཡོད་ན་གསུངས་རོགས།།
འགྲན་ཞུགས་བུད་མེད་ཚོར་སྔར་ལམ་ཡིན་ན་འགྲན་བསྡུར་མ་བྱས་གོང་གི་བདུན་གཅིག་གམ་གཉིས་རིང་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་ཀྱི་ཡོད་པ་རེད། ཚང་མར་ཉིན་རེའི་ལས་རིམ་སྒྲིག་སྟེ་འགྲོ་སྐབས་མི་དང་མིའི་གནས་ཚུལ་ཁྱོན་ནས་མི་ཤེས་པའི་གནས་སྟངས་ཡོང་སྲིད་པ་མ་རེད་འདོད། གཞན་ཡང། དེང་སང་དོན་དག་ཆུང་ཙག་རིགས་ཤིག་སྒྲུབ་དུས་ཀྱང་དང་པོ་དགའ་བོ་ཉེ་བོ་ཚོས་ཕྲག་དོག་གི་སྤྱོད་པར་བདག་པོ་རྒྱག་མི་ཐུབ་པ་ལྟར། ལས་དོན་གཞི་རྒྱ་ཆེ་བ་འདི་འདྲར་བཤད་རྒྱུ་གཏམ་རྒྱུ་ཅུང་ཙམ་མེད་ཚེ། སྤྱིའི་ཆ་ནས་སྤྱི་ཚོགས་ཀྱི་དོ་སྣང་ཀྱང་བརླག་བཞིན་པར་ངོས་འཛིན་བྱས་ཆོག་གི་རེད་བསམས།
འདི་འཇམ་གཅེས་གིས་རྒྱུ་མཚན་ལྡན་པའི་མཆན་བུ་དང་པོ་རེད་ཟེར་ན་འགྲིག་པ་ཡོད་བསམ་བསམ་འདྲ་བྱུང་སོང་། དེ་སྔར་ཁོས་ཚིགས་ངན་དང་འུར་སྒྲོགས་ཁོ་ནའི་དུས་འདའ་བ་བཟོས་ནས་བསྡད་སོང་དེ་རིང་མཆན་བུ་འདི་ལ་ངས་མོས་མཐུན་ཡོད། མཛངས་མ་འགྲན་བསྡུར་ཞེས་པའི་མིང་བྱང་འདི་ནི་མིག་སྔར་བཟན་རོགས་ལས་བོད་སྤྱི་ལ་ཕན་པའི་བྱ་བ་ཏིལ་འབྲི་ཙམ་ཡང་དེ་སྔར་ད་བར་དུ་བྱུང་མེད། གལ་སྲིད་བྱུང་ཡོད་པའི་དབང་དུ་བཏང་ཡང་་བློ་དབང་གི་འཚོ་ཐབས་ཙམ་རེད།
སྤྱིར་བུ་མེད་འགྲན་རྩོད་འདི་ནི་ནུབ་ཕྱོགས་པ་ཚོས་ལེད་མོ་ཡིན་ཁུལ་ཡིན་མོད་དོན་དངོས་བོད་རིགས་ཀྱིས་ཐུན་མིན་ཁྱད་ཆོས་སུ་དུས་རབས་མང་པོའི་རིང་དུ་ཡོད་པས་ཡ་རབ་བཟང་སྤྱོད་དང་། གོམས་གཤིས་བཟང་པོ་དེ་དག་གཏོར་བྱེད་ཙམ་ལས་གང་ཡང་ངོས་འཛིན་གྱིན་མེད། འདས་པའི་ལོ་མང་རིང་དུ་བྱ་ངན་འདི་སྤེལ་བ་རེད་ལ་མ་སྤེལ་བའི་སྔོན་དུ་ཡང་ཁྱབས་བསྒྲགས་འདྲ་ཆག་ཆག་རེ་སོ་སོའི་མངོན་འདོད་འགྲུབ་ཆེད་དུ་བྱས་པ་རེད། དེ་ཡང་བོད་པའི་སྐད་ཡིག་གཙོ་བོ་ཐོག་ནས་ལུས་ངག་གི་རྣམ་འགྱུར་གང་ཐད་ནས་རྗེ་བཙུན་སྒྲོལ་མ་ལྟ་བུ་ཞིག་དགོས་པ་མིན་འགྲོ་བསམ་བསམ་དེ་འདྲ་བཤད་པ་རེད། ཡིན་ཡང་དོན་དངོས་ཐོག་དེ་ལྡོག་ཏེ་ཞེར་མེར་ལོང་དགོས་པའི་གནས་སྟངས་རེའི་འོག་ནས་འཇུག་བསྡུར་སོང་བ་རེད། ད་ལོ་ཡང་དེ་ལས་གང་ཡང་ཡོང་ཡ་མེད་པར་ངས་ཐག་ཆོད་པོའི་སྒོ་ནས་བརྗོད་ཐུབ། མ་མཐར་ཡང་བོད་མིའི་མཛངས་མ་ཞིག་ལ་ཚང་དགོས་པ་ནི་བོད་རང་གིས་སྐད་ཡིག་གཉིས་པོ་དེ་ཡིན་དགོས་པ་འདོད་ཀྱང་དེ་ནི་དེ་སྔར་འགྲན་ཞུགས་པ་དག་གིས་ནང་ནས་གཅིག་ལས་མེད་པའི་རྒྱལ་ཁ་དེར་སྤྲོད་གི་ཡིན་ཞེས་པའི་སྤྲོད་ཡུལ་ཨ་མདོའི་བུ་མོ་ཚེ་རིང་སྐྱིད་ཁོ་ན་རེད། དེ་མིན་དམར་ཧྲང་མ་དེ་དག་ནི་བོད་སྐད་དང་། ཧིན་སྐད། དབྱིན་སྐད་ཚང་མ་ཐུག་པ་དཀྲུགས་པ་ནང་བཞིན་རེད། གཟུགས་བྱེད་ནི་གཅིག་ལས་གཅིག་མདོག་ཉེས་པ་རེད། ད་འོ་ན་མཛངས་མ་ཟེར་མཁན་དེ་རེད་དམ། ཡང་ན་མཛེས་མ་ཟེར་མཁན་དེ་རེད། བོད་སྤྱིར་ལ་ཕན་པའི་བྱ་བཞག་ཞིག་འདོད་ན་ནི་ཡིན་གཅིག་བུ་མེད་དམར་ཧྲང་མ་དོན་དགོས་པ་ཨེ་ཡོད་ན་་་་་་རོ་ཐོག་ཞབས་བྲོ་མ་མཁྲབས་རོགས། ཁྱེད་ཚོར་ཤེས་ཡོན་དང་། རྣམ་དཔྱོད། དེ་བཞིན་ལྷག་བསམ་སོགས་ཡོད་ན་ལས་འགུལ་གང་ཡང་སྤེལ་ཆོག་པ་རེད།
ཤར་ཕྱོགས་ཁུག་རྟ་ལགས། ཝཱར་ཎ་འདིར་མཚོན་ན་བུ་མོ་ཚོ་ལ་རེ་བ་མི་འདུག་སྙམ། དེ་ལས་ཨ་ནེ་ཚ་བོ་འགའ་རེ་ཡོད་པས་གཟན་ཤམ་མ་ཕུད་པར་ནང་དུ་ཞུགས་ན་ཆོག་གམ། ལན་ཞིག་སློག འདི་གའི་མཐོ་སློབ་ཀྱི་ཨ་ནེ་དེ་ཚོ་ཀླུ་སྨྱོན་ལྟ་བུའི་ཆགས་རྒན་ཞིག་གིས་དངོས་སུ་མཐོང་ཚེ་ཉིན་འགའ་ལ་བསྟུད་མར་དེའི་སྐོར་རྐྱང་རྐྱང་འབྲི་ངེས་རེད། ཤཱཀྱཱའི་དགེ་སྦྱོང་དགེ་མཐོང་བདག་ལ་ནི་ཁྱད་པར་ཅང་མི་འདུག
དྲྭ་འབུ་བརྡུ་མཁན་གྱིས་བཤད་པར་ལ་མོས་མཐུན་ཡོད། བློ་དབང་གི་བྱེད་ཡ་མང་དྲག་ནས་་་་་བོད་མོ་ན་གཞོན་མ་ཁ་ཤས་ངོ་ཚ་ཁྲེལ་མེད་ཀྱིས་གནས་སུ་གྱར་འདུག་་་་་་
ཧེ་ཧེ་་་ཨ་དགེ་ཁྱོད་ཀྱིས་བཤད་སྟངས་དེ་གང་ཡིན་ནམ་་་་འོ་ན་ཁྱེད་ཀྱིས་མིག་སྔར་ཨ་ནེ་དེ་ཚོ་དེ་འདྲ་མཛེས་མ་ཞིག་གང་འདྲ་སེ་མཐོང་བ་རེད་དམ། ད་ཡིན་ན་ཁྱོད་ཨ་དགེ་མི་འདྲ་ཨ་མཐོང་འདྲ་་ད་དུང་ཚ་བོ་ཡིན་ན་ཞིག་ཟེར་་ཧ་ཧ་ཧ་་་ཚ་གྲང་ནི་རེག་བྱ་ཡིན་པས་ཁྱེད་ཀྱིས་གང་འདྲ་སེ་མྱོང་བ་ཡིན་ནམ་་་་
སྔོན་མ་བོད་མོ་འགྲན་ཞུགས་མཁན་མ་རག་ནས་ཧི་མ་ལ་ཡི་བུ་མོའི་འགྲན་བསྡུར་མིང་བཏགས་པ་རེད་་་་ད་ལོ་རག་པའི་རེ་བ་ཞིག་མཐོང་ཡོད་ལས་ཆེ་་་་་་་
མཛངས་མ་དང་མཛེས་མའི་ཁྱད་པར་ཡོད་ན་ཧ་ཅང་བཟང་། སྤྱིར་ན་མཛངས་མ་ཡིན་ན་མཛེས་མ་ཡིན་པའི་ངེས་པ་མེད་ལ་མཛེས་མ་ཡིན་ན་མཛངས་མ་ཡིན་པའི་ངེས་པ་དེ་ལས་མེད། སྔོན་ཆད་ཀྱི་མཛངས་མ་འགྲན་སྡུར་ལ་མཛེས་མ་ཁྱུ་གཅིག་བྱུང་བ་ལས་མཛངས་མ་གཅིག་ཀྱང་སླེབས་མེད། དེ་ཚང་མས་ཤེས་པར་གྱིས།
མཛངས་མའི་མགྲན་སྡུར་མ་རེད། མཛེས་མའི་མགྲན་སྡུར་ལ་བཅོས་དགོས། མཛངས་མའི་འགྲན་སྡུར་ནང་ལ་བུད་མེད་མདོག་ངན་དང་བཚུན་མ་ཡང་འཛུལ་ཆོག གང་ཡིན་ཟེར་ན། མཛངས་མའི་དོན་ནི། བུད་མེད་མཁས་པ་ལ་གོ་བས་སོ། །
བློ་བཟང་དབང་རྒྱལ་གྱི་སྟེང་ལ་བློ་བཟང་ཆོས་འབྱོར་བསྣན་ན་ད་ག་འདྲ་ཆགས་མིན་ཕལ་ཚང་མས་ཤེས་ངེས་རེད། འདི་གཉིས་ནི་རྡ་སའི་སྐབས་འཚོལ་པ་གཉིས་ཀ་རེད། ་་་་་ཟེར།
ང་ཡང་ཡོང་གི་ཡོད་ད། གཙོ་བོའི་ཆ་རྐྱེན་གང་དང་གང་ཞིག་དགོས། གསལ་བོར་གསུངས་རོགས།
ཤར་ཁུག་ཨ་རོགས།ད་ཐེངས་ཀྱི་མཛེས་མ་གདམས་གསེས་བྱེད་མཁན་གྱི་གྲལ་དུ་ཀླུ་སྨྱོན་དང་ཨ་རིག་དགེ་མཐོང་གཉིས་མ་བཞག་ན་བསམ་འཆར་ཡོད།དེའི་ལྡོག་ཕྱོགས་ནས་དགག་རྒྱག་བྱེད་མཁན་ལ་འཇམ་གཅེས་འཇོག་རོགས་དེ་མིན་བསམ་འཆར་ཡོང་གི་རེདཧཧཧ
དྲ་གྲོགས་འཇམ་གཅེས་ལོ་ལོ་ཁྱེད་ཀྱིས་ཉོན། ངས་ཇི་ལྟར་མྱོང་གསལ་བཤད་བྱས་ན་གསང་བ་ཕྱི་ལ་ཤོར་སོང་བ་མ་ཡིན་ནམ། ཁྱེད་ཀྱིས་ཤེས་འདོད་ཆེ་ཡང་ངས་བཤད་འདོད་མི་འདུག གསང་བ་རེད།
བློ་བཟང་དབང་རྒྱལ་གི་ད་ཀ་ཁ་ར་མི་ཤེས་པ།
སྐབས་འཚོལ་པ་རང་རེད།
བློ་བཟང་དབང་རྒྱལ་གི་ད་ཀ་ཁ་ར་མི་ཤེས་པ།
སྐབས་འཚོལ་པ་རང་རེད།
ཨ་ཕྱི་ལ་welcome དགོས རྒྱུའི ལོ ཚད ནི གོང་དུ་བཤད་སོང་། ད་ཆ་རྐྱེན་གལ་ཆེ་ཤོས་དེ་ནུ་ཟུང་། རྐུབ་གཉིས་འབུར་དགོས། མཆུ་དང་སྟུ་དམར་དགོས། མིག་དང་སྣ་ཐུང་མི་ཉན། སོ་དང་སེམས་དཀར་དགོས། སྐྲ་དང་སྤུ་ནག་དགོས།
སྟུ་ཡི་དམ་ལྷོད་་སྟུ་ཡི་ཆེ་ཆུང་་་སྟུ་ཡི་དྲོན་གྲང་སོགས་ཀྱི་བསྐོར་ལ་བགྲོད་གླེང་ཞིག་བྱ་ན་འདོད་ཀི་་་་ཨ་ཁུ་དང་ཨ་ནེ་སུ་ཡིན་ཁྱད་མེད་་་་གང་མང་མང་ཕེབས་རོགས་ཞུ།
བོད་ཆེན་པོའི་མིང་གི་འོག་ནས་བློ་བཟང་དབང་རྒྱལ་གྱི་སྨྱོ་འཚུབ་འཚུབ་མཛངས་མ་ཞེས་པའི་མིང་དེའི་འོག་ནས་བུ་མོ་དེའི་ཚོའི་ཡོན་ཏན་ངོ་མ་སེམས་པ་སྐྱོ་བྱེད་རེད་འདུག། སྒེར་དོན་ཆེད་སྐབས་འཚོལ་རང་རེད།།
བློ་བཟང་དབང་རྒྱལ་ལགས་ཀྱིས། བོད་ཀྱི་མཚངས་མའི་འགྲན་སྡུར་དང་ཧི་མ་ལྰ་ཡའི་མཛངས་མའི་འགྲན་སྡུར་གཉིས་ཀར་ལམ་ལྷོང་ཡོང་བའི་སྨོན་ལམ་ཡོད་དོ། །
དྲ་གྲོགས་འཇམ་གཅེས་ལགས། ཤཱཀྱའི་དགེ་སྦྱོང་ཨ་རིག་དགེ་མཐོང་གིས་”ཚ་བོ་འདུག”་གསུངས་པ་དེ་ཕལ་ཆེར་བཙུན་མ་དེ་ཚོའི་རྒྱབ་གཟུགས་ལ་ཞིབ་ལྟ་བྱས་པས་རེད་ཡ། ཧཧཧཧཧ
བཙུན་མ་ཚོ་མཛངས་མའི་འགྲན་བསྡུར་ནང་ཞུགས་འདོད་ཡོད་ན་ཁྲིམས་ཀྱིས་བཀག་པའི་འགྲན་བསྡུར་ལས་རིམ་ནང་ཞུགས་མི་ཐུབ་ན་དམིགས་བསལ་སྤྲད་ལོས་ཆོག ཧཧཧཧཧ བཙུན་མ་ཁ་ཤས་ཤིག་སླེབས་སོང་ན་དགེ་སྦྱོང་ཁྱེད་ཉིད་གཟུ་དཔང་དུའང་མི་ཕེབས་རང་ཕེབས་རེད། ཤར་ཕྱོགས་པས།།
ཨ་རི་དགེ་མཐོང་ལགས་ལ་དེ་ལས་གཏིང་ཟབས་ཙམ་ཉམ་མྱོང་ཡོད་ས་རེད། དེ་ཡང་ཁོང་གིས་མཆན་དེར་གཟིགས་དང་ཡང་བསྐྱར། ཁོང་གིས་བསང་བ་ཡིན་གསུངས་མི་འདུག་གམ། རྒྱབ་ནས་གཟིགས་པ་ཙམ་ལ་གསང་བ་དགོས་དོན་གང་ཡང་མི་འདུག །ངས་ཀྱང་བུ་མོ་མཛེས་མ་དེ་ཚོ་མཐོང་དུས་མདུན་ནས་མཇལ་མི་ཕོད་ན་ཡང་རྒྱབ་ནས་གང་མང་མང་མཇལ་གྱི་ཡོད། དེར་གསང་དགོས་དོན་གང་ཡང་མི་འདུག །མ་གཞི་ནི་རྒྱབ་ནས་གཟིགས་པ་ཙམ་གྱི་ཚ་གྲང་གི་དབྱེ་བ་གང་འདྲ་སེ་འབྱེད་ཐུབ་བམ། ་ཧ་ཧ་ཧཧ་ཧ་ཧ་་་་ཀུ་རེ་ཡིན་་་ཨ་དགེ་ཁོང་ལ་ཉམ་མྱོང་དམིག་བསལ་ཅན་དེ་འདྲ་ཡོད་མི་ཆོག་པ་གང་ཡང་མིན་་་་་་་ང་གཟུ་དཔང་དུ་ཡོང་མི་ཐུབ་་་ཡིན་ཡང་དགེ་སྦྱོང་དགེ་མཐོང་གདན་ཞུས་གན་དང་ཕེབས་ངེས་རེད། ད་དུང་ཨང་དང་པོའི་བྱ་དགའ་དེ་ཡང་སུ་ལ་གནང་མིན་ཁོང་གིས་བཤད་སྟངས་ནས་གསལ་པོ་བཟོས་མི་འདུག་གམ་་་་་་་་
ངའི་མིག་ལ་ནི་བོད་ཀྱི་བུ་མོ་ཡིན་ཚད་ཚང་མ་མཛེས་མ་མཐོང་གི། དེ་བས་ཀྱང་བོད་ལྭ་གྱོན་དུས་དཔེ་མི་སྲིད་པའི་མཛེས་པོ་མཐོང་གི་འདུག།
གཡུ་འབྲུག་དཀར་པོ་མཆན་༣༥ནི་ངའི་བསམ་པ་དང་གཅིག་མཚུངས་སོི། དེའི་ཕྱིར་ཁོང་གི་གསུང་ལ་མངོན་པར་སྟོད་དོ།
ཧ་ཧ། བློ་བཟང་དབང་རྒྱལ་གྱིས་གོ་སྒྲིག་བྱས་པའི་རྒྱུད་རིམ་ནང་བོད་ཀྱི་མཛངས་མ་ཞིག་ཕར་ཟད་མཛེས་མ་ཞིག་ཀྱང་རྙེད་་་་ཐུབ་མེད་ལ། ད་ལན་དེ་ལས་ལྡོག་ཏེས་བློ་བཟང་ཆོས་འབྱོར་གྱིས་གོ་སྒྲིག་བྱེད་སྟངས་འདི་མཐུན་མོང་མ་ཡིན་པ་མཛངས་པ་དང་མཛེས་པ་ཞིག་འདེམས་རྒྱུ་ཡིན་པ་ཐག་གི་ཆོད། དེ་ནི་འདེམས་ཡུལ་གདན་ས་ཁག་གིས་གཙོས་པའི་དགོན་སྡེ་ཁག་གི་ཨིན་ཆུང་ཚོ་རེད་ལ། ཡང་ཅིག་མིན་ན་ཨ་ཎི་ཚོའི་ནང་ནས་མཛངས་མ་ཞིག་གམ་མཛེས་མ་ཞིག་འདེམས་རྒྱུ་མིན་དྲོ།
སྐབས་འཚོལ་ཤེས་པ་ཙམ་གྱི་མི་དེའི་རིགས་ལ་དེང་དུས་ཀྱི་ཤེས་ཡོན་གང་འཚམས་ཡོད་པའི་རྟགས་རེད། དེང་སྐབས་མི་ཁ་ཤས་ཀྱིས་རང་གི་མི་འཇོན་གཞན་ལ་ཁ་རྐྱང་རྐྱང་བཏང་སྡོད་ན་ཡག་པོ་མི་འདུག སྤྱི་བཏང་བོད་ཀྱི་རིགས་གཞུང་ཡིན་ན་ཡག་པའི་ཁྱབ་པ་མེད་དུས་དེང་རབས་དང་འབྲེལ་བའི་ཕྱག་ལས་རེ་བྱེད་ཐུབ་ན་ཡག་པོ་རེད་བ། ང་རང་ཚོ་བོད་མི་རྣམས་རྒྱལ་ཁབ་གཞན་གྱི་རྗེས་སུ་འགྲོ་ཐུབ་ཚེ་ཡག་པོ་རེད་དྲན། བསམ་ཚུལ་ཙམ་ཡིན་ནོར་ཡོད་ན་དགོངས་དག་ཞུ། བློ་བཟང་དབང་རྒྱལ་ལགས་ཀྱིས་ཕྱག་ལས་ལེགས་གྲུབ་ཡོང་བར་སྨོན
རྒྱ་བློ་བཟང་དབང་རྒྱལ་གྱིས་ལོ་མང་རིང་བོད་དང་་བོད་མིའི་མིང་འཁྱེར་ནས་སོ་སོའི་ཁེ་ཕན་བསྒྲུབས་ཡོད་ལ། བུ་མོ་མང་པོར་མགོ་བསྐོར་བཏང་ནས་མིང་དོན་མི་མཚུངས་པའི་མིང་རྗུན་མཛངས་མ་ཞེས་བཏགས་པའི་རྗེས་དངུལ་གང་མཚམས་བཟོས་ཡོད། རྡ་རམ་ས་ལར་ལོ་མང་རིང་གྲུབ་འབྲས་མེད་པའི་མཛངས་མའི་ལས་དོན་རྗུན་མ་ལན་མང་སྤེལ་ནས་ད་ཆ་བོད་ནང་གི་ཛ་དྲག་དང་ཡིད་སྐྱོའི་གནས་ཚུལ་རྒྱུན་མཐུད་བྱུང་བཞིན་པའི་གནས་སྟངས་ལ་བརྟེན་རྡ་སར་མི་མིང་གིས་རྒྱབ་སྐྱོར་ཐོབ་རྒྱུ་མིན་པ་སྔོན་ནས་སྤྱང་ཀི་བློ་དབང་གིས་ཤེས་ནས་ད་ལན་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་མི་མང་ཚོ་མགོ་བསྐོར་གཏོང་ཆེད་ལས་འཆར་སྤེལ་བཞིན་ཡོད་པ་ང་ཚོ་ཚང་མས་ཤེས་དགོས།
བོད་ཀྱི་བརྡ་དག་ཉམས་པའི་རྟགས་ཤར་བ་འདྲ་ཡུལ་སྐད་གྲོང་སྐད་ཕ་སྐད་ཕ་རྟགས་རྐྱང་བསྟན་ནས་བྲིས་ཡོང་གི་འདུག
དེ་མིན་ན་ཁ་བརྡ་འདི་ཨ་མདོའི་རྒན་ཁོག་ཁ་བརྡ་བྱེད་ས་ཡིན་བཟོ་འདུག
མཛངས་མའི་འགྲན་སྡུར་འགོ་བརྗོད་འོག་ལ་མཆན་བུ་པ།
༣༩༽ བན་དེ་བ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༡ ཚེས་ ༡༧ གི་ཆུ་ཚོད་ ༡༢ སྐར་མ་ ༠༦
བོད་ཀྱི་བརྡ་དག་ཉམས་པའི་རྟགས་ཤར་བ་འདྲ་ཡུལ་སྐད་གྲོང་སྐད་ཕ་སྐད་ཕ་རྟགས་རྐྱང་བསྟན་ནས་བྲིས་ཡོང་གི་འདུག
དེ་མིན་ན་ཁ་བརྡ་འདི་ཨ་མདོའི་རྒན་ཁོག་ཁ་བརྡ་བྱེད་ས་ཡིན་བཟོ་འདུག ་་་་ཞེས་པ་ཡང་གསུངས་འདུག
ད་ཡང་ཅི་རེད་གོ་་་་རྒྱ་གར་བ་བློ་དབང་ཟེར་བ་དེ་དང་ཤར་ཁུག་གཉིས་ཁྱི་སྤྱང་ངན་འབྲེལ་ཡིན་པ་འདྲ་་་་་་
རྒྱ་གར་བ་བློ་བཟང་དབང་རྒྱལ་རྒྱ་གར་ནང་བོད་མི་ཡིན་མདོག་བསྡད་ནས་བོད་པའི་སྤྱི་ཚོགས་ནང་དཀྲུགས་ཤིང་དང་ནང་ཁུལ་མ་འཆམ་པ་བཟོ་རྒྱུ་དང་། མི་མང་དང་གཞུང་བར་བརྒལ་བ་བཟོ་རྒྱུའི་ལས་དོན་སྒྲུབ་པར་རྒྱ་དམར་གཞུང་དང་དོལ་རྒྱལ་ཚོགས་པས་དངུལ་སྤྲོད་ལེན་བྱེད་ཀྱིན་ཡོད། སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི་བོད་མི་རྣམས་རྒྱ་གར་བ་བློ་དབང་གི་ངན་བྱུས་ལ་དོ་སྣང་གིས་ཁོས་སྤེལ་བཞིན་པའི་རྒྱ་དམར་དང་དོལ་རྒྱལ་གྱི་ལས་དོན་ལ་ངོ་རྒོལ་བྱོས།
ཨ་ཅིག་ཆད་ཤག་་་་
ད་ཡང་ཅི་རེད་གོ་་་་རྒྱ་གར་བ་བློ་དབང་དང་རྒྱ་མི་ཤར་ཁུག་གཉིས་ཁྱི་སྤྱང་ངན་འབྲེལ་ཡིན་པ་འདྲ་་་་་་
སུ་ཡིན་རུང་གར་སྟེགས་ཐོག་ནས་སྐད་ཆ་སྦོམ་པོ་བཤད་ཤེས་ནི་རེད། མཛངས་མ་ཡིན་མིན་གར་སྟེགས་ནས་བབས་ཚར་པའི་རྗེས་སུ་ཐག་ཆོད་ཡོང་གི་རེད། དེ་དུས་མཛངས་མ་ཡིན་ན་མཛངས་མའི་ཆོ་ལོ་ངོ་མ་དབང་ནི་རེད། འདི་འདྲ་ཞིག་བོད་ཀྱི་མཛངས་མར་སྒྲོགས་པ་རྣམས་ལ་གཅིག་ཀྱང་མི་འདུག ད་དུང་དཀའ་སེ་ཡིན་རྒྱུ་རེད།
སྔ་མོ་ཉི་ཧོཏ་བ་ཞིག་རྒྱ་གར་དུ་རྒྱ་གར་བ་གྲོགས་པོའི་སར་ཡོངས། རྒྱ་གར་བ་གྲོགས་པོ་དེའི་ཁང་པའི་གཡས་གཡོན་དུ་སྦལ་པ་མང་པོ་མཐོང་ནས་ཡིད་སྨོན་ཤོར། ཁོས་ཟེར་རྒྱུར་ངའི་རྒྱལ་ཁབ་ཏུ་སྦལ་པ་འདི་འདྲ་རེར་ཨ་སྒོར་ ༡༠ རེའི་རིན་ཁུགས། གྲོགས་པོ་གཉིས་སྦལ་ཚོང་རྒྱག་རྒྱུར་གྲོས་འཆམ། ཚོད་ལྟའི་ཆེད་སྦལ་པ་བཅུ་ཕྲག་ཁ་ཤས་བཟུང་ནས་སྒམ་ནང་བཅུག་ནས་གཏོང་རྩིས་བྱས། ཡིན་ནའང་སྒམ་ཁ་མ་རྒྱག་པར་བཞག་པས། ཉི་ཧོང་པས་ཡ་མཚན་དང་བཅས་འདི་འདྲ་བྱས་ཏེ་གཏོང་ན་ཕར་སྒམ་སྟོང་པ་མ་གཏོགས་སྦལ་པ་གཅིག་ཀྱང་མི་འབྱོར་ཁོ་ཐག་རེད་ཟེར། དེར་རྒྱ་གར་བ་ན་རེ། འདི་འདྲ་ཡོངས མི་སྲིད། སྦལ་པ་སུ་ཞིག་སྒམ་གྱི་ཕྱི་རུ་འཐོན་དུ་ཉེ་བ་ན་འོག་ནས་སྦལ་པ་གཞན་ཞིག་གིས་རྐང་པ་ནས་འཐེན་ཏེ་ཕྱིར་སྒམ་གཏིང་དུ་བཅུག་གི་རེད། དེ་བས་སྦལ་པ་འདི་དག་ལས་གཅིག་ཀྱང་ཕྱིར་འཐོན་ཐབས་མེད་ཟེར།
དེ་བཞིན་ ༥༩ སྔོན་ཙམ་དུ་རྒྱལ་རྩེར་དབྱིན་ཇིའི་སློབ་གྲྭ་བཙུག་པ་རིག་གཞུང་ཡིན་ན་གཅིག་ཉམས་གི་རེད་ཟེར་དེ་སྒོ་རྒྱག
དགོས་བྱུང་བ།
འབྲས་ལྗོངས་སྣ་ཐོད་ལ་ནས་ལྷ་སའི་བར་སྣུམ་ལམ་བཟོ་རྒྱུ་ལ་དགེ་ལུགས་པའི་དགོན་ཆེན་སེ་འབྲས་ཀྱིས་ཁོང་ཚོའི་རྟ་བྲེལ་གྱི་ཁེ་འབབ་ལ་གནོད་ཚུལ་གྱིས་ལ
་བཟོ་མ་བཅུག་པ་བཅས་ནས་ད་ལྟའང་ང་ཚོའི་སྤྱི་ཚོགས་འདིར་རང་གིས་ནི་ཅི་ཡང་བཤད་ལ་གང་ཡང་མི་ལས། མིས གཅིག ལས འོངས་དུས། གཅིག་འདུག་ཉིག་འདུག་ཟེར་སྡོད་གིན་འདུག་པ་འདི་ཚོ་ལས་སྙིང་རྗེ་བ། ཡ་ང་བ། ཁོང་ཁྲོ་ཟབ་གཅིག་་་
འདིའི་ལྡོག་ཕྱོགས་ཀྱི་སྐྱོན་གང་ཡང་མིན་འདུག
ཕན་ཡོན་ནི།
༡ བོད་པའི་སྤྱི་ཚོགས་ནང་ནས་བུ་མོ་ཞིག་ལ་མི་ཚེའི་ནང་གོ་སྐབས་བཟང་པོ་ཞིག་འཐོབ་གི
༢ བརྙན་ཕྲིན་དང་ཚགས་པར་སོགས་བརྒྱུད་བོད་དོན་ཁྱབ་བསྒྲགས་ཀྱང་ཡོངས་གི
༣ བོད་སྐད་དང་བོད་ཡིག་ངེས་པར་ཤེས་དགོས་འདུག་སྙམ་པའི་ཚོར་བ་ཞིག་ཀྱང་སྐྱེ་ངེས།
༤ བུ་མོ་རྣམས་སྤྱི་ཚོགས་ནང་འབུར་དུ་འཐོན་ཐུབ་པའི་གོ་སྐབས།
ཁ་ཅིག་གིས་སྔ་མོའི་བོད་ཀྱི་རིག་གཞུང་ཟེར་ནས་་འབར་གི་འདུག་སྟེ་་་་སྔ་མོ་སྔ་མོ རེད། ད་ལྟ་ད་ལྟ་ཡིན་པ་ཤེས་པར་གྱིས་ལོ།
མེ་ཏོག་དཀར་པོ་ལགས། ཁྱེད་ཀྱི་ཟེར་རྒྱུ་ལ་བོད་པའི་སྤྱི་ཚོགས་ནང་རྒྱ་གར་བ་བློ་བཟང་དབང་རྒྱལ་གྱི་བོད་ཀྱི་བུ་མོ་བེད་སྤྱོད་ཀྱིས་སོ་སོའི་ཁེ་ཁན་སྒྲུབ་བཞིན་པའི་ལས་དོན་རྣམས་བྱེད་དུ་བཅུག་དགོས་ཟེར་བར་རང་ངོས་ནས་དེར་ངོ་རྒོལ་ཡོད། ད་ལྟ་བར་དུ་བོད་པའི་བུ་མོ་ཇི་ཙམ་ལ་རང་གི་མི་ཚེའི་ཆེད་གོ་སྐབས་ཐོབ་ཡོད་དམ། བུ་མོ་སུ་དང་སུ་ཡིན་ངོ་སྤྲོད་གནང་དང་། ད་ལྟ་བར་དུ་བོད་དོན་ཆེད་ཕན་ཐོག་གང་བྱུང་འདུག ཁུངས་ལྡན་འགྲེལ་བརྗོད་གནང་དང་། ད་ལྟ་བར་ལས་དོན་འདིའི་བརྒྱུད་བུ་མོ་སུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་ཡར་རྒྱས་བྱུང་ཡོད་ བུ་མོ་རྣམས་ངོ་སྤྲོད་གནང་དང་། ད་ལྟའི་བར་བུ་མོ་སུ་དང་སུ་སྤྱི་ཚོགས་ནང་འབུར་དུ་འཐོན་ཡོད་དམ བུ་མོའི་མིང་ནས་སྨོས་དང་། མེ་ཏོག་དཀར་པོ་ལགས་ཁྱེད་མིང་དོན་མཚུངས་པའི་མེ་ཏོག་དཀར་པོ་ལྟར་དྲང་བདེན་ཡིན་ན་ཚིག་སྐམ་ཙམ་མིན་པ་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཡོད་ན་བྱོས་དང་། ང་ཚོས་ལྟ་ཆོག ཁྱེད་ཀྱི་་གཏམ་རྣམས་ཁུངས་མེད་ཚིག་སྐམ་ཡིན་ཙང་ལས་དོན་འདིེར་མི་མང་གིས་རྒྱབ་སྐྱོར་ག་ནས་ཡོང་ཐ་ན་འགྲན་བསྡུར་བ་བུ་མོ་མ་ཐོབ་པའི་དཀའ་ངལ་རྒྱ་གར་བ་བློ་་དབང་ཁོ་ག་དུས་ཡིན་ན་སྐད་ངན་ཤོར་བ་ཁྱེད་ཀྱི་ཧ་གོ་མ་སོང་ངམ། ཁྱད་མཚར་རེད་ ང་ཚོས་བསམ་པར་ཁྱེད་རང་བློ་དབང་གི་མི་ཡིན་ཤག་བྱས་ཡིན། ཡང་ན་ཁྱེད་རང་ངན་བྱུས་འཁྲབ་ཀྱི་ཡོད་ཤག གང་ཡང་ལན་ཞིག་གནང་དང་།
བློ་བཟང་དབང་རྒྱལ་ལགས་ཀྱི་ཕ་མ་ངས་ངོ་མི་ཤེས་ཀྱང་། ཁོང་བོད་རིགས་ཅིག་རེད། དེ་མིན་ན་ང་ཡང་རྒྱ་གར་པ་ཡིན་ནོ།
ཧ་ཧ་ འགོད་བྲོ་བ་ལ བློ་བཟང་དབང་རྒྱལ་གྱི་ཕ་མ་སུ་ཡིན་ངོ་མི་ཤེས་མཁན་ཞིག་གིས་བློ་བཟང་དབང་རྒྱལ་བོད་པ་ཡིན་པ་གང་འདྲ་ཤེས་ཐུབ། བློ་འཆོལ་ནས་བཤད་པ་ཡིན་ཤག རྒྱུ་གང་ཡིན་ངོ་མི་ཤེས་པར་འབྲས་བུ་ངོ་སྤྲོད་གནང་བ་ནི་ཧ་ཅང་འགོད་་བྲོ་བའི་འཆལ་གཏན་མིན་ནམ
བློ་དབང་། བློ་བཟང་དབང་རྒྱལ་རྒྱ་གར་བ་ཡིན་པའི་རྒྱུ་མཚན་ཁུར ཤོག
ད་བར་བུ་མོ་དྲུག་ཙམ་ལ་སྒོར་འབུམ
རེ་འཐོབ་འདུག་པ་དང་བོད་ཀྱི་མཛངས་མའི་མིང་ཐོག་ནས་མི་ཚེའི་བྱ་བཞག་ཆེ་ཆུང་གང་ཡིན་ལ་ཕན་ཐོགས་ཡོད་པ་ཡིད་ཆེས་ཡོད། མཛངས་མའི་འགྲན་བསྡུར་དང་རྒྱལ་ཁའི་ཉིན་དག་ཏུ་གསར་འགྱུར་བརྒྱུད་ལམ་ཁག་ནང་བོད་པའི་མཛངས་མའི་སྐོར་གླེང་གིན་འདུག་པ་བོད་དོན་ཡིན་པར་འདོད། བུ་མོ་བེད་སྤྱོད་གཏོང་དང་མ་གཏོང་ངས་ཤེས་མ་སོང་ཕན་ཚུན་འདོད་པ་མཐུན་ནས་རྒྱོས་ཡོད་ན་བསྔགས་བརྗོད་ཡོད། བཙན་དབང་ཡིན་ན་ཁྲིམས་འགལ་རེད།
ད་ཁྱོད་ཀྱིས་མཛངས་མའི་འགྲན་བསྡུར་འདིས་བོད་བསྟན་སྲིད་ལ་གནོད་ཚུལ་གསུངས་དང་།
བློ་བཟང་དབང་རྒྱལ་ཁོའི་སྐྱེ་ཁུངས་མི་ཤེས་ལ་ཞིབ་འཇུག་ཀྱང་བྱེད་མྱོང་མེད། གང་ལྟར་ཁོ་བོད་ལ་ཤ་ཞེན་ཡོད་ན་དེ་གས་འགྲིག གཞན་མཛངས་མ་དང་མཛེས་མའི་ཁྱད་པར་ཤེས་དགོས་ལ་ངེས་པར་ཡོད་ཀྱང་དགོས།
མེ་ཏོག་དཀར་པོ་ལགས། ཁྱེད་ལ་བློ་དབང་རྒྱ་གར་བའི་ལས་དོན་ཐོག་རྒྱུས་ཡོད་མདོག་འདུག་སྟེ་འོན་ཀྱང་ཁྱེད་ནས་ཁོས་བྱ་སྤྱོད་ངོ་མ་དེ་ད་དུང་ཤེས་མི་འདུག ཡང་ན་ཁྱེད་ནས་ཤེས་བཞིན་དུ་་མི་ཤེས་མདོག་བྱེད་མོད། གང་ལགས་ཞེ་ན་ཁྱེད་ལའང་རྒྱ་མི་དམར་པོ་དང་དོལ་རྒྱལ་ཕྱོགས་ནས་དངུལ་ཐོབ་ཀྱི་ཡོད་ཤག བུ་མོ་ཚོར་བརྙན་འཕྲིན་ཐོག་དངུལ་བྱ་དགའ་སྤྲོད་ཀྱི་ཡོད་མདོག་གིས་རྗེས་སུ་དངུལ་རང་འཇགས་ཚུར་ཐབས་མཁས་པོས་བླངས་ཀྱི་ཡོད་པ་YOUTUBE་་ནང་གནས་ཚུལ་རྗེན་པ་འཛམ་གླིང་གི་མི་མང་པོས་མཐོང་ཡོད། འདི་དང་། ཡང་ཁོས་བརྒྱ་ཆ་སྤྲོད་ཕྱོགས་ཐད་བསམ་ཡུལ་ལས་འདས་པའི་བྱ་སྤྱོད་ཐ་ཤལ་གང་འདྲ་བྱས་ཡོད་པའང་YOUTUBE ནང་རྗེན་རྗེན་གསལ་གསལ་མཐོང་རྒྱུ་འདུག་ག ཁྱེད་ནས་འདི་ཆ་ཚང་ཤེས་ཀྱི་ཡོད་ཀྱང་མི་ཤེས་མདོག་མདོག་བྱེད་ཀྱི་ཡོད་བཟོ་འདུག བློ་དབང་བོད་པ་ངོ་མ་ཡིན་ན་ཁྱི་སྤྱང་ལྟ་བུའི་བྱ་སྤྱོད་བྱེད་མདོག་མེད ཁྱེད་ནས་སྔོན་དུ་བློ་དབང་བོད་པ་ངོ་མ་ཡིན་པའི་ཁུངས་སྐྱེལ་བྱོས་དང་། དེ་ནས་ངས་ཁོ་རྒྱ་གར་བ་ཡིན་པའི་ཁུངས་སྟབས་བདེ་པོས་སྐྱེལ་ཆོག བུ་མོ་དྲུག་གི་སྐོར་ཕར་བཞོག ད་བར་བུ་མོ་གྲངས་གཅིག་ལ་དངོས་འབྲེལ་ཕན་ཐོག་བྱུང་ཡོད་པའི་ཁུངས་སྐྱེལ་ར་འཕྲོད་གནང་རྒྱུ་ཡོད་ཚེ་གུས་འཕྲལ་མར་ཁྱེད་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན མེ་ཏོག་དཀར་པོ། བུ་མོ་བེད་སྤྱོད་བཏང་ཟེར་དུས་ཁྱེད་ལ་རྒྱོ་མ་གཏོགས་དྲན་ཡག་མེད་པ་འདྲ། དངོས་གནས་ཁྱེད་རང་བློ་ཆུང་གུ་དོག་པོ་ཞིག་ཡིན་པ་ཐག་ཆོད་ དངོས་གནས་བློ་དབང་རྒྱ་གར་བའི་ཕྱོགས་ཀྱི་མི་ཡིན་ཤག
ང་ལ་ནི་ཁོ་བོད་པ་ཡིན་པའི་ཁུངས་འདི་ཡིན་སྟོན་རྒྱུ་མེད་ལ་ཁྱོད་ཀྱང་བོད་པ་རེད་དྲན་པ་ལས་བོད་པ་ཡིན་པའི་ཁུངས་གང་ཡང་སྟོན་རྒྱུ་མེད།
བློ་དབང་ཁོ་སྤྱིར་བཏང་འཇོན་པོ་རེད། འོན་ཀྱང་། ལས་ཀ་བྱེད་སྟངས་ཁ་ཤས་ལ་ལྟས་ན་ངོ་མ་འཁྲམ་པ་ཞིག་ཀྱང་རེད། མཛངས་མ་ཐོབ་མཁན་ལ་དངུལ་ཕར་སྤྲོད་་ཞོར་ལ་དངུལ་དེ་དག་བུ་ལོན་ཡིན་ཚུལ་དང་། ད་དུང་བུ་ལོན་མང་པོ་ཡོད་པའི་ལོ་རྗེས་མར་གོ་སྒྲིག་བྱེད་ཐུབ་མིན་གྱི་དཀའ་ངལ་སྣ་ཚོགས་བཤད་དེ། གང་ལྟར་བུ་མོ་ཚོའི་ལག་ནས་དངུལ་མང་ཆེ་བ་ཕྱིར་འཁྱེར་འགྲོ་གི་འདུག།
མེ་ཏོག་དཀར་པོ་ལགས། ད་བཀྲ་ཤིས་རྒྱལ་ལགས་ནས་བློ་བཟང་དབང་རྒྱལ་གྱིས་བུ་མོ་ཚོར་མགོ་བསྐོར་གཏོང་ཚུལ་གསལ་པོ་བཀོད་འདུག་པ་དེར་ཁྱེད་ནས་གང་བཤད་རྒྱུ་ཡོད། ད་རྗུན་ཁུངས་གསལ་པོ་བརྟོལ་སོང་ང་། བཀྲ་ཤིས་རྒྱལ་ལགས་མེ་ཏོག་དཀར་པོའི་ཁ་བཀག་པར་བཀྲིན་ཐུགས་རྗེ་ཆེ་་གནང་།
ཁུངས་གང་ཡང་མིན་འདུག
ཁུངས་འདི་ན་ཡོད་དོ། http://youtu.be/A28y7YvOYE གཟིགས་རོགས་གནང་།
ཐུགས་རྗེ་ཆེ། ལྟ་ལོང་མེད། ་་
http://youtu.be/A28y7YvOYEY
ཨ་ལེ། རྒྱ་བློ་དབང་གི་རྐུབ་ལ་རྒྱུགས་ཁོམ་འདུག་ག གནས་ཚུལ་ཐུང་ངུ་འདི་ལྟ་ཁོམ་མེད་པ་ ཧ་ཧ་ཧ་
བློ་བཟང་དབང་རྒྱལ་ལགས་ཀྱིས་འོས་ཤོག་ཐོབ་ཆའི་ཡིག་ཆ་བརྐུས་ཚར་འདུག བློ་་དབང་གིས་ཟེར་བ་འདི་རྫུན་བཤད་པ་དང་དྲང་བདེན་མ་བྱུང་བ་ཡང་བདེན་པ་འདུག་ཀྱང་། བོད་ཀྱི་བོད་མོར་ཕན་པ་དང་། མཛེས་མའི་ལས་འགུལ་བརྩམས་པ་དང་། རྩོམ་བཞིན་པ་དང་། བརྩམ་པར་འགྱུར་བ་ལ་ནི། རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད་ལགས།