༄༅།། ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་སྦེལ་ཀོབ་གཞིས་ཆགས་སུ་ཟླ་འདིའི་ཚེས ༡༣ ཉིན་ཚུགས་གཏན་འཁེལ་ཡང། མཛངས་མའི་འགྲན་ཞུགས་ནང་སྙན་ཞུ་ཕུལ་མཁན་གཅིག་ལས་མ་བྱུང་སྟབས། མཛད་སྒོ་སྟབས་བདེ་ཞིག་རྒྱ་གར་གྲོང་ཁྱེར་བྷེང་ལོར་དུ་མྱ་ངན་གྱི་རྣམ་པར་འཚོགས་ཏེ། ༢༠༡༣ ལོའི་མཛངས་མའི་དབུ་རྒྱན་ཨ་རི་ནས་ཡོང་བའི་བུ་མོ་བསྟན་འཛིན་ལྷ་མོར་སྒྲོན་འབུལ་ཞུས་ཡོད།
མཛད་སྒོའི་ཐོག་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་རྗེས། དེ་སྔའི་མཛངས་མ་ཁག་ཅིག་དང་གསར་འགོད་པ་དང་བྷེང་ལོར་གནས་སྡོད་བཅས་མི་གྲངས་བརྒྱ་ལྷག་མཉམ་འཛོམས་ཀྱིས་མཛད་སྒོ་ཚུགས་པ་དང། གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ནས་མཛངས་མ་གསར་བ་ངོ་སྤྲོད་དང་འབྲེལ། མཛངས་མ་གསར་པས་འབྱུང་འགྱུར་ལས་དོན་བྱེད་ཕྱོགས་ཐད་གཏམ་བཤད་སྙིང་བསྡུས་སྤེལ། དེའི་རྗེས་༢༠༡༡ ལོའི་མཛངས་མ་བསྟན་འཛིན་དབྱངས་སྐྱིད་ཀྱིས་ལོ་གཅིག་རིང་གི་ལས་དོན་གང་བྱས་རྣམས་ངོ་སྤྲོད་བྱས་རྗེས། མཛངས་མའི་དབུ་རྒྱན་༢༠༡༣ ལོའི་མཛངས་མ་བསྟན་འཛིན་ལྷ་མོར་གཡོགས། དེའི་རྗེས་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་མཇལ་དར་དང། མཛངས་མའི་མིང་འཁོད་པའི་སྐེད་བཅངས་བཅས་སྒྲོན་འབུལ་དང་བྱ་དགའ་གསོལ་རས་ཧིན་སྒོར་འབུམ་གཅིག་བཅས་གནང།
མཛངས་མ་གསར་པས། ”བོད་ནང་རང་སྲེག་གཏོང་བཞིན་པའི་སྐབས་འདིར་བཙན་བྱོལ་བོད་མི་ཚོ་རང་འགར་སྡོད་ཐུབ་མེད་པས། ང་རང་གི་ངོས་ནས་གང་ཡོང་ཅི་ཡོང་བྱེད་རྒྱུའི་དམ་བཅའ་འཇོག་པ་དང། བྱ་དགའི་མ་དངུལ་རྣམས་ཨ་རིའི་མེ་ཌི་སན་ས་གནས་གཞོན་ནུ་དང་ནེའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པར་ཞལ་འདེབས་སུ་གནང་འདུག
གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། ”མཛངས་མ་སྔར་ལམ་ལྟར་ལོ་འདིའི་རྒྱལ་སྤྱིའི་མཛངས་མའི་འགྲན་བསྡུར་ཁག་ནང་མཉམ་ཞུགས་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན”་ཞེས་བརྗོད་འདུག
ཁོང་ལ་ཐེངས་འདིར་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཅི་ཙམ་བྱས་མིན་དྲིས་པར། ”རྒྱ་གར་དུས་བབ་སོགས་ཚགས་ཤོག་ཆེ་ཁག་དང། དེ་བཞིན་དྲ་རྒྱ་སྣ་མིན། བརྙན་འཕྲིན་སོགས་ནང་ཁྱབ་བསྒྲགས་གང་ལེགས་བྱུང་བ་དང། དམིགས་བསལ་བརྒྱུད་ལམ་དེ་རྣམས་སུ་བོད་ནང་རང་སྲེག་གཏོང་བཞིན་པའི་ཛ་དྲག་གི་གནས་བབ་འགྲེལ་བརྗོད་ཐུབ་པ་དེ་དགའ་སྤོབས་བྱུང་སོང”་ཞེས་བརྗོད་སོང།།
མཛངས་མ་བསྟན་འཛིན་ལྷ་མོ་ལགས་ནི་རང་ལོ 24 དང། སྡོད་གནས་ཨ་རིའི་མེ་ཌི་སན་གྲོང་ཁྱེར། གཟུགས་པོའི་རིང་ཚད་ཕི་ཌི་ 5.9། སྐྱེ་དངོས་ཚན་རིག་དང་སྨན་ཞབས་ཐོག་མཐོ་སློབ་ལག་ཁྱེར་ཐོབ་ཡོད་འདུག།
བསྟན་འཛིན་ལྷ་མོའི་ལོ་རྒྱུས་རྒྱས་པ་འདི་ནས་གཟིགས།
ཡ་མཚན་ལགས་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་རྩེ་ཕུད་ཡིན་ཟེར་ཀྱང་ཆོག་ལ། རྐུབ་བསྡུས་ཡིན་ཟེར་ཀྱང་ཆོག
བོད་ཅེས་པའི་མིང་འདི་སྙིང་རྗེ་་བོད་སྐད་མི་ཤིས་པའི་བུ་མོ་ཞིག་ལ་་་13ལོའི་མཛངས་མ་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
འགྲན་ཟླ་བྲལ་བའི་མཛངས་མ་རེད་མ་གཏོགས་རྩེ་ཕུད་ཟེར་དུས་འཇུག་མེད་དུས་གང་འདྲ་བྱས་དེ་རྩེ་ཕུད
ལོ་རྗེས་མ་བུད་མེད་ཞ་ར་ཞིག་ལ་བོད་ཀྱི་མཛེས་མ་ཐོབ་རྒྱུ་རེད།
བློ་བཟང་དབང་རྒྱལ་ལགས་སེམས་ཤུག་མ་ཆགས། ད་དུང་བོད་དོན་བདེན་མ་སེལ་བར་དུ་རྒྱུན་སྐྱོངས་བྱེད་དགོས། ལས་དོན་ཅི་ཞིག་ཡིན་ཡང་དཀའ་ངལ་བཟོད་ཐུབ་དགོས་་་་་་་་་་
བློ་བཟང་དབང་རྒྱལ་ལགས་ལ་ལེགས་སོ་དང་། ༢༠༡༣ལོའི་བོད་ཀྱི་མཛེས་མ་བསྟན་འཛིན་ལྷ་མོ་ལགས་ལ་ཐོབ་པར་རྟེན་འབྲེལ་བཟང་། །
ཧ་་ཧ་་ཧ་་་ད་ལོའི་བོད་ཀྱི་མཛངས་མ་བློ་བཟང་དབང་རྒྱལ་དང་བསྟན་འཛིན་ལྷ་མོ་གཉིས་བསྡུར་ནས་བསྟན་འཛིན་ལྷ་མོ་ལ་ཐོབ་པ་རེད་འདུག། སྙིང་རྗེ། ངོ་ཚ་མེད་པའི་ལས་ཀ་དེ་འདྲ་རེད།
མི་ཇབ་མེད་ལས་མེད་ཞིག་གིས་ ལས་ཆོ་མེད་དོན་མེད་ཞིག་ལོ་ལྟར་ཨུ་ཚུགས་རྒྱབས་ལེ་ལས་ ཁོ་རེ་བོད་ཕྲུག་ཉམས་ཐག་འགའ་ཞིག་ལ་སློབ་ཡོན་རོགས་པ་བྱས་ན་སྤྱི་སྒེས་གཉིས་མོར་ཁེ་ཕན་ཆེ་རེད་ཡ་
ཁོང་གི་ལས ཀ་འདི་ལ་སྐྱོན་ཞིག་ཡོད་པའི་རྟགས་རེད། མཉམ་ཞིབ་ཀྱིས་ལམ་ནས་ཡར་རྒྱས་གཏོང་རྒྱུ་ན། ད་གཟོད་རྒྱབ་སྐྱོར་ཡོང་གི་རེད་ལ་ཕན་ཐོགས་ཡང་ཆེ་སྙམས།
ལོ་སར་མེད་པ་ནང་བཞིན་བོད་ཀྱི་མཛངས་མ་འགྲན་བསྡུར་གཉན་འཕྲང་གི་དུས་འདིར་ལོ་རེ་གཉིས་ལ་མཚམས་བཞག་ནས་གཟབ་རྒྱས་དང་འཆོར་སྒེག་གི་ཉམས་མི་སྟོན་པར་ང་ཚོ་མཉམ་དུ་དངོས་གནས་དྲང་གནས་ཀྱི་མྱ་ངན་གྱི་གནས་ནས་ལོ་རེ་གཉིས་ལ་འདུག་ཡ།
ཀརྡོ་ཉེར་ཕྱག་སོགས་སྙིང་ལ་རུས་པ་མེད་པ་དག་གིས་ཁ་ནས་རྟེན་འབྲེལ་ཡར་ཞུ་མར་ཞུ་བྱེད་པ་ལས་ཁ་དེ་རེ་ཞིག་ལ་བཙུམ་ནས་མ་ཎི་རེ་འགའ་བཏོན་ན་མི་ལེགས་སམ།
༢༠༡༣ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ལྷ་མོ་ལ་བཀྲ་ཤིས་བདེ་ལེགས་ཡོད།
བོད་པ་ཚོས་ལ་ཐུན་མིན་ཁྱད་ཆོས་ཤིག་ཡོད་པ་ནི་རང་རིགས་ནང་ཁུལ་ཕན་ཚུན་བར་ལ་ཕྲག་དོག་བྱེད་པ་དེ་རེད། གཞན་གྱིས་ཅི་བྱས་ལ་རྒྱབ་སྐྱོར་ཕར་ཞོག་ངན་སྨོད་སྣ་ཚོགས་ཀྱིས་དུས་འདའ་བར་བྱེད་པ་ནི་འཇོན་ཐང་བླ་ན་མེད་པའོ། ད་ཐེངས་ཀྱི་འདི་ཡང་གཅིག་གོ
སེམས་ཤུགས་མ་ཆགས་བོད་དོན་ལ་གནོད་གིན་མི་འདུག ཡིན་ནའང་མཛངས་མའི་བྱ་དགའི་དངུལ་གྲངས་ཇེ་མང་གཏོང་དགོས་དང་དེ་ལྟར་བྱས་ན་མཛངས་མའི་འགྲན་སྡུར་ཁྲོད་དུ་ཞུགས་མཁན་མང་དུ་འགྲོ་རྒྱུ་རེད
ཨ་བ་ཨ་མ་་ བོད་ཡིག་རྐང་གཅིག་་་་་་་
༄། བསྟན་འཛིན་ལྷ་མོ་ལགས་བཀྲིས་བདེཊ། དངོས་གནས་ཁྱོད་རང་ལྷ་མོ་ནང་བཞིན་མཛེས་པོ་འདུག་བ། བོད་ཀྱི་མཛང་མས་ཞལ་འདེབས་གནང་བ་དེས་ཁྱོད་རང་མཛེས་མ་ཡང་ཆགས་སོང་ miss Tibet Tashe delek
བློ་བཟང་དབང་རྒྱལ་ལ་ལོག་གིས་འཚོལ་ཐབས་འགྲིགས་ཡོད་རྒྱུ་རེད་་་་་
ཁོང་ཚོས་བཤད་པ་ལྟར་ན་ཁྱོད་བོད་ཀྱི་(མཛེས་མ་)ཞིག་ལས་བོད་ཀྱི་(མཛངས་མ་)རེ་མི་འདུག།
སྐུ་ཞབས་བློ་བཟང་དབང་རྒྱལ་མཆོག་གིས་རྩེ་ཕུད་ཀྱི་མཛང་མ་བསྟན་འཛིན་ལྷ་མོ་ལ་གསོལ་རས་འདི་འདྲ་ཞིག་བསྩལ་བ་ལ་ཀུན་སློང་གཞན་ཞིག་ག་ལ་ཡོད་རེ།
མཛངས་མ་ཟེར་བོད་སྐད་ནང་བསྒྱུར་མཁན་དེ་སུ་རེད། དབྱིན་སྐད་ནང་miss ཞེས་པ་དང་། རྒྱ་སྐད་ནང་ 小姐ཞེས་པ་དེ་བོད་སྐད་ནང་མཛངས་མ་ག་འདྲ་ཆགས་པ་རེད། ཤེས་ཚད་དེ་ཙམ་ལས་མེད་ན་ཡིག་བསྒྱུར་མ་གནང་རོགས། འཛམ་གླིང་རྒྱལ་ཁབ་ཐམས་ཅད་ཀྱིས་སྲས་མོ་འགྲན་བསྡུར་བྱེད་ཀྱི་ཡོད་རེད། བློ་རྒྱལ་གྱིས་མཛངས་མ་འགྲན་བསྡུར་བྱེད་པ་ཁྱད་མཚར། མཛངས་མ་ཞེས་པའི་དོན་ཙམ་ཡང་ཧ་གོ་མི་འདུག
བུ་མོ་ཡག་འདོག་ཁ་བོ་ཞིག་འདུག་་་སྤྱིར་གཏང་མཛངས་མའི་འགྲན་བསྡུར་ལ་བུད་མེད་མང་པོ་སླེབས་ཡོད་གྲགས་འདུག་་སྟེ་ཨ་རིས་བུ་་མོ་མཛེས་མ་བསྟན་འཛིན་ལྷ་མོ་འགྲན་བསྡུར་ལ་ཕེབས་ཡོད་པ་མཐོང་དུས་མཛངས་མ་འགྲན་བསྡུར་བ་གཞན་རྣམས་སེམས་ཤུགས་ཆགས་ནས་བྲོས་འགྲོ་པ་གོ་བྱུང་་དེ་བདེན་པ་འདྲ་པོ་་་བོད་ཀྱིས་མཛངས་འགྲན་བསྡུར་འདི་ནི་་འགྲན་ཟླལ་དང་བྲལ་བའི་མཛངས་མའི་འགྲན་བསྡུར་་གཉིས་པ་དེ་ཆགས་ཡོད་་ཧ་ཧ་ཧ་ཧ་ཧ་
༄༅།་ངོ་ཚ་ཞེ་འབྲས་མེད་པའི་བློ་བཟང་དབང་རྒྱལ།
ད་ལོ་ཁྱེད་ལ་འདོད་ཆགས་འཕེལ་ཡུལ་གཅིག་ལས་མི་འདུག།
དངོས་གནས་བོད་མི་ཁྱེད་འགྲ་བའི་ལས་ཀ་དེ་ངོ་ཚ།
དེ་ལས་ཁྱེད་རང་མིང་དིན་མཚུང་པའི་འཚོ་བ་ཞིག་ལ་རོལ་དགའ།
འདི་ལ་ངོས་ལེན་རྩ་བ་ཉིད་ནས་མེད། བློ་བཟང་དབང་རྒྱལ་ལགས་ཐོས་བསམ་ཡག་པོ་བཞེངས་རོགས།
tsering kyabཁོང་གི་སྐད་ཆ་ལ་རྒྱབ་སྐྱོར་ཡོད།