གནས་ཚུལ་གཏོང་མཁན། ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ་ཁང་།
ཡུམ་བུ་བླ་མཁར་བོད་ཀྱི་ཐེབས་རྩ་ཁང་གི་ཕྱི་ལོ་༢༠༡༥ ལོའི་སློབ་ཡོན་རོགས་སྐྱོར་མ་དངུལ་གྱི་ཁོངས་ནས། རྒྱ་བལ་འབྲུག་གསུམ་ནང་གནས་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དམིགས་བསལ་ཆེད་ལས་ལག་ཤེས་སྦྱོང་མཁན་རིགས་ལ་སློབ་ཡོན་ཁ་གསབ་ཀྱི་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པས། ལག་ཤེས་ཆེད་ལས་སློབ་ཡོན་ཁ་གསབ་རོགས་དངུལ་ཞུ་འདོད་ཡོད་རིགས་ནས་གསལ་བསྒྲགས་ནང་འཁོད་ཀྱི་ཆ་རྐྱེན་གཞིར་བཟུང་སྙན་ཞུ་འབུལ་རོགས།
འདི་ལོའི་དམིགས་བསལ་ཁ་གསབ་རོགས་དངུལ་ཞུ་མཁན་སུ་ཡིན་ཡང་གཞུང་སྒེར་ཚོགས་སྡེ་གང་གི་ལྟ་སྐྱོང་འོག་མེད་པའི་རིགས་ཡིན་དགོས་ལ། ལོ་ཚད་ཀྱི་ཆ་ནས་ཀྱང་རང་ལོ་སུམ་ཅུ་སོ་ལྔའི་མན་གྱི་གཞོན་སྐྱེས་ཡིན་དགོས།
ང་ཚོས་སྙན་ཞུ་འབྱོར་རིམ་ལྟར་ཞིབ་འཇུག་གིས་ཐེབས་རྩའི་དམིགས་ཡུལ་ནང་བཞིན་བསླབ་གཞིར་སྦྱོང་འདུན་ཆེ་ཞིང་། ཆ་རྐྱེན་འཐུས་ཚང་ཡིན་པའི་སློབ་མ་༡༠ནས་༡༥བར་བདམ་གསེས་ཀྱིས་སློབ་ཡོན་རོགས་དངུལ་འབུལ་རྩིས་ཡོད་པས། ཕྱི་ལོ་༢༠༡༥ཕྱི་ཟླ་༠༥པའི་ཚེས༠༡ནང་ཚུན་སྙན་ཞུ་ཐེབས་རྩའི་གློག་འཕྲིན་དང་སྦྲགས་ཁང་བརྒྱུད་སྐུར་རྒྱུ་ཐུགས་འཇགས་འཚལ།
སློབ་ཡོན་རོགས་སྐྱོར་ཁོངས་སུ་ཡོད་པའི་ཆེད་ལས་སློབ་སྦྱོང་།
༡༽ ཞལ་ལག་གཡོ་སྦྱོར་གྱི་སློབ་སྦྱོང་།
༢༽ མཛེས་བཟོའི་སློབ་སྦྱོང་།
༣༽ འཚེམ་བཟོའི་སློབ་སྦྱོང་།
༤༽ སྐྲ་བཟོའི་སློབ་སྦྱོང་།
སྙན་ཞུ་འབུལ་མཁན་ཚོས་ངེས་པར་དུ་གཤམ་གྱི་ཆ་རྐྱེན་གཙང་མར་བསྒྲུབ་ཐུབ་དགོས།
༢༽སློབ་ཡོན་གཏོང་བར་དངོས་ཡོད་དཀའ་ངལ་ཅན་ཡིན་པར་ས་གནས་ལས་ཁུངས་ཀྱི་རྒྱབ་གཉེར་ཡི་གེ་དགོས།
༣༽ སྙན་ཞུ་ངེས་པར་དུ་བོད་ཡིག་ནང་འབྲི་དགོས།
༥༽ གསར་དུ་བསྐྱོན་པའི་དོ་བདག་གི་འདྲ་པར།
༦༽སྙན་ཞུ་འབུལ་མཁན་གྱིས་སློབ་གཉེར་ལེགས་པར་མཇུག་སྐྱོང་ཐུབ་པའི་གན་རྒྱར་མིང་རྟགས་འགོད་ཐུབ་དགོས།
༧༽ལག་ཤེས་སྦྱོང་ས་དོ་བདག་རང་ངོས་ནས་འཚོལ་དགོས་ལ། སྙན་ཞུ་གཏོང་དུས་ལག་རྩལ་ཆེད་ལས་སློབ་གྲྭ་གང་རུང་ཞིག་ཏུ་ཐོ་འགོད་བྱས་ཟིན་པའི་རྒྱབ་གཉེར་ཡི་གེ་མཉམ་སྐུར་གནང་དགོས།
༨༽སྡོད་གནས་དང་འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་གསལ་བོར་བསྐུར་དགོས།
གློག་འཕྲིན་ཁ་བྱང་།
Email: yumbulakar@gmail.com
སྦྲགས་ཁང་ཁ་བྱང་།
རོགས་ཞེས་ཟུར་ཆག་པ་ལ་གྲོགས་ཞེས་ཟུར་མ་ཆག་པར་འབྲི་ན། འདི་ཉིད་བོད་ལ་ཕན་ཐོགས་མ་གཏོགས། གནོད་ག་ལ་ཡོད། འདི་བོད་ལ་གཅེས་པ་ཚང་མས་ཐུགས་ལ་འཛིན་གྲོགས། དེ་ཡང་གྲོགས་ཞེས་པ་ཀློག་དུས་ག་ཡིག་ལ་ཤུགས་མ་རྒྱབ་པར་ར་ཡིག་ལ་ཤུགས་བརྒྱབས་ཏེ་བཀླག་ན། བོད་ཀྱི་གནའ་བོའི་ཡི་གེ་འབོད་ཚུལ་ལོ་ངོ་བདུན་བརྒྱ་ཙམ་སྔོན་བྱོན་ས་སྐྱ་སློབ་དཔོན་བསོད་ནམས་རྩེ་མོས་འབད་པ་ཆེན་པོས་གསུངས་པ་དང་མཐུན་ནོ།
བློ་བཟང་འཇམ་དཔལ་ཟེར་བ་འདིས་ག་དུས་ཡིན་ན་འདི་མོ་འདྲ་སེ་བཤད་ནས་དུས་ཚོད་བསྐྱལ་གི
ཁྱེད་ཀྱི་གསལ་བསྒྲགས་དེ་ཡག་པོ་ཤེས་ཐུབ་མ་སོང་།
གཞུང་སྒེར་གང་གི་ལྟ་སྐྱོང་མེད་པའི་བོད་མི་གཙང་མ་ཞིག་གང་ན་ལྷག་འདུག་།
ཁྱེད་ཀྱི་ལས་འཆར་དེ་དབུས་བོད་མིའི་སྒྲིག་འཛུགས་ནས་གནང་བཞིན་པ་རེད་།
ཞལ་ལག་བཟོ་སྟངས་།
མཛེས་བཟོ་།
འཚེམ་བཟོ་།
བཀྲ་བཟོ་།
ཁྱེད་ཀྱི་གཞུང་སྒེར་གང་གི་ལྟ་སྐྱོང་མེད་པ་བཀོད་པ་ནས་ས་གནས་ལས་ཁུང་
གི་ངོ་སྦྱོར་རྒྱབ་གཉེར་ག་འདྲ་བྱས་ནས་རག་གི་རེང་།
དགོང་པ་ཡག་པོ་བཞེས་དང་།
ཁྱེད་ཀྱི་གསལ་བསྒྲྡགས་དེ་ནོར་མི་འདུག་གམ་།ཧ་ཧ
རོགས་སྐྱོར་ལས་གཞི་འདི་ང་ཚོའི་སྤྱི་ཚོགས་ནང་ཧ་ཅང་གལ་ཆེར་མཐོང་བས་ཐེབས་རྩ་ཁང་གི་ལས་བྱེད་ཡོངས་ལ་བཀའ་དྲིན་ཆེ་ཞུ།
ཇུས་གཏོགས། ཐེབས་རྩ་ཁང་འདིས་སྔོན་ནས་རོགས་སྐྱོར་ལས་གཞི་སྤེལ་བཞིན་པ་དྲ་ཐོག་ནས་མཐོང་མྱོང་། དམིགས་བསལ་ཕྱི་རྒྱལ་དུ་ཡོད་པའི་བོད་མི་མང་པོ་ཞིག་གིས་བཙུགས་པའི་བོད་ཀྱི་ཐེབས་རྩ་ཞིག་ཡིན་རབས་ཟེར། ང་ཚོར་འདི་ལྟ་བུའི་བོད་མིས་རང་གི་སྤྱི་ཚོགས་ལ་འགན་འཁུར་བའི་ཐེབས་རྩ་དགོས་པ་ཁ་ཚ་དགོས་གཏུགས་ཤིག་རེད་འདོད། དེ་ནས་ད་ལྟའི་ལས་འཆར་འདི་ཡང་མི་སྒེར་དང་སྤྱི་ཚོགས་ཕན་ཐོགས་པ་རང་རེད། བཙན་བྱོལ་གཞུང་གིས་ཀྱང་འདིའི་ཐད་ཕྱག་ལས་གནང་བཞིན་པ་བདེན་པ་རེད། ཡིན་ནའང་། མི་ཚང་མར་གོ་སྐབས་རེག་པ་བཤད་ཁག་པོ་རེད། དེའི་རྐྱེན་གྱིས་ཐེབས་རྩ་འདིའི་གསལ་བསྒྲགས་བཞིན་གཞུང་གི་ལས་འཆར་གྱི་གོ་སྐབས་མ་རེག་རྣམས་རོགས་སྐྱོར་འདིའི་ཁོངས་སུ་འཛུལ་ཐུབ་པ་ཡིན་ན། ད་གཟོད་ཚང་མ་མཉམ་རུབ་ཀྱིས་གོ་སྐབས་ཆ་ཚང་ཞིག་སྤྲོད་ཐུབ་སོང་བ་རེད་བསམས།
གཞུང་སྒེར་གང་གི་ལྟ་སྐྱོང་འོག་མེད་པ་གསལ་བ་ལས་ལས་འཆར་ནང་མ་ཚུད
ཅེས་གསལ་ཁ་མེད་སྟབས་ཞུས་པ་ཡིན་།
བོད་པའི་སྤྱི་ཚོགས་ནང་རོགས་རམ་མཐུན་སྐྱོར་བྱེད་མཁན་ཚང་མ་ལ་བཀྲིས་
བདེ་ལེགས་ཡོད་དོ་།