བྱང་ཐང་ཕོ་ཉ།
གནས་ལུགས་ལ་ཕྱག་འཚལ་ལོ། བོད་རིགས་རྒུད་པའི་གོད་ཆགས་རྨས་མ་འདི་ང་ཚོའི་ལས་དབང་གི་གཉའ་ལ་འཁོར་བའི་འགན་ཁྲི་ལྕི་བོ་ཞིག་ཅི་མ་ཡིན། རེད་ཡ།
དེང་སྐབས་ཀྱི་དུས་འདིར་འཛམ་གླིང་སྲིད་དོན་རིག་པའི་ཚོང་རའི་ནང་ང་ཚོའི་བོད་མི་རྣམས་འཇའ་རིས་དཀྱུས་ཆེན་ལ་དགའ་ཞིང་དཔྱིད་དཔལ་འདོད་ཡོན་གྱི་བཟི་ནས་གནས་དོན་དང་གནས་ལུགས་ཡོད་ཚད་
ལ་གཡོལ་ནས་གྲི་ཤི་དང་དམེ་འཛིང་གི་དམ་ཚིག་ཉམས་པའི་དམ་ཉམས་ཁྱུ་ཚོགས་འགའ་མི་ཡུལ་དུ་འཚོ་བ་རོལ་བའི་གཏམ་རྒྱུད་གསོན་པོར་འགའ་རྐང་རྗེས་དང་ལག་རྗེས་མི་ཡུལ་འདིར་རྐང་ལམ་སྐྱུར་མོ་སྐྱུར་མོ་དག་མངོན་གྱུར་ཆགས་པའི་དུས་འདིར། ངས་ང་རང་འགྱོད་བཤགས་ཤིག་རང་སེམས་ལ་གཏད་དེ་གནས་ལུགས་ལ་དད་ཕྱག་ཕུལ་མུས་ཡིན།
ཡར་འདས་ཀྱི་སྔ་ལོ་ཞིག་ཏུ་ངས་འཆར་ཡན་རེ་སེམས་ཤིག་དབང་གིས་<༢༠༢༡>་སྲིད་སྐྱོང་མི་བུ་ཕོ་ཆེན་འདི་ཡིན་ཞེས་རྩོམ་ཐུང་ཞིག་སྤེལ་བ་ནས་བཟུང་ད་ལྟའི་བར་རང་སེམས་ལ་འགྱུར་བ་མེད་ཅིང་རང་འབྱུང་ཁམས་ཀྱི་གཅན་གཟན་ཚོགས་ཀྱི་ངར་སྐད་ལ་མ་འཇིགས་པར་རེ་སྨོན་ཞིག་གི་བློ་རུ་འཐད་པའི་མི་དེ་་སྔར་ལོ་སྔར་ལོ་ནས་འཚོལ་ཟིན་པས་རྫ་ཡུལ་བློ་བཟང་སྙན་གྲགས་འབོད་པ་ཁོང་ཡིན།
མ་གཞི་འཛམ་གླིང་ཤར་ནུབ་ཀུན་གྱི་མང་གཙོའི་སྤྱི་ཚོགས་ཀྱི་དབུ་ཁྲིད་འདེམས་སྐབས་སྔར་གྱི་བྱ་བཞག་དང་འཇོན་སྟངས་ཀྱི་ཆ་ནས་གཙོ་འཛིན་བྱེད་པ་དང་ཕུགས་བསམ་དང་རྨི་ལམ་ལ་གཞིགས་ནས་མང་གཙོའི་འོས་ཤོག་ཁེ་རུ་མ་དེ་འདེམས་ཕུལ་བྱེད་ཀྱིན་ཡོད་པ་དེ་རེད། དོན་སྙིང་རྡོག་རྡོག་དེ་སྐུ་ཞབས་བློ་བཟང་སྙན་གྲགས་ལགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཡི་བློན་ཆེན་གྱི་མཛད་འགན་བཞེས་པའི་མྱོང་བ།
འཛིན་སྐྱོང་གི་གནས་དོན་གང་ཡོད་མཁྱེན་རྟོགས་གཏིང་ཟབ་ཆེ་བ།
འཛམ་གླིང་ཤར་ནུབ་ཀྱི་སྲིད་དོན་དར་རྒུད་ཀྱི་རིག་ལམ་ལ་ཐུགས་མངའ་ཆེ་བ། དམིགས་གསལ་ནུབ་ཕྱོགས་ཨ་རིའི་གཙོས་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་དོན་མི་སྣ་དང་འབྲེལ་བའི་གནས་་དོན་མང་དག་ཞིག་ཁོང་ལ་བག་ཆགས་གཏིང་ཟབ་ཡོད་པ།
བོད་ཀྱི་ཆབ་སྲིད་གནས་དོན་ཐད་བོད་ཕྱི་ནང་གཉིས་ཀའི་སྤྱི་ཚོགས་ལ་འབྲེལ་འགྲིས་ཟབ་པ་དང་ལས་དོན་སྒྲུབ་པས་མཁྱེན་ཡངས་ལྡན་པ།།
མ་འོངས་བོད་ཀྱི་གནས་དོན་དང་འབྲེལ་བའི་རྒྱལ་སྤྱིའི་འཁོར་ཡུག་ཁག་གི་འགྱུར་འགྲོས་ལ་ལྟོས་ནས་གོ་སྐབས་གང་ཡོད་བོད་ཀྱི་འཐབ་རྩོད་ཐད་སྐུ་་ཞབས་བློ་བཟང་སྙན་གྲགས་ལགས་དཔའ་ངར་ལྡན་པའི་ཤེས་རབ་དང་ཤེས་འཇོན་ཡང་དག་འཛོམས་པས་རྒྱུ་མཚན་ལ་རྟེན་ནས་ངས་༢༠༢༡སྲིད་སྐྱོང་འོས་བབས་ཁོང་ཉིད་ལ་ཕུལ་ན་འོས་ཤིང་མཚམས་པས་དུས་ཐོག་ཆར་བའི་དཔྱིད་དཔལ་མཚར་བ་སྨོན།།༢༠༢༡/༨/༢༨
བྱང་ཐང་ཕོ་ཉ་ལ་ནས་བཀའ་ཙུར་བློ་སྙན་ལགས་དོན་ཚན་ལྔའི་ངང་ཆེ་བསྟོད་གནང་འདུག་ཀྱང་བཙན་བྱོལ་གཞུང་གི་བཀའ་ཡི་བློན་ཆེན་གྱི་མཛད་འགན་བཞེས་པའི་མྱོང་བ། ཞེས་པའི་གནས་དོན་འདི་ཧ་གོ་མིན། བཙན་བྱོལ་གཞུང་སྲོལ་ནང་སྲིད་སྐྱོང་དང། བཀའ་ཁྲི་ཅེས་གཉིས་མཉམ་བཀའ་བློན་ཡོད་པ་ལས་བཀའ་ཡི་བློན་ཆེན་ཞུ་བ་མེད་ལ་བྱུང་མྱོང་མེད་པ་ཕལ་ཆེར་ཞུ་ཕོད།
དོན་ཚན་ལྔའི་ཆེ་བསྟོད་ཀློག་ཡིན་ལ་སྐྱོན་བརྗོད་འགའ་འང་མཐོང་བྱུང་། འགའ་རེ་བདེན་ན་སྡུག་གེ
ངས་མི་གསུམ་གྱི་ལས་རྒྱུན་ཉམས་མྱོང་ནས་ཁོ་རང་ཆེ་འདོད་ཆེ་བས་ང་ཡིན་སྙམ་པས་གཞན་ལ་ཆེ་མཐོང་སྐྱོ་བ། གཞན་གྱི་བསམ་ཚུལ་ལ་མོས་གུས་མེད་པའི་རང་འདོད་ཚུལ་ཆེ་བས་ལེགས་ཆ་སྤེལ་མི་ཐུབ། འཁེངས་པ་ཆེ་བས་གཤམ་འོག་ལས་བྱ་ལ་མཉམ་འཚོར་མེད་པ་དང་དེ་ལྟར་ན་མི་མཉམ་ཆུང་རོགས་སྐྱོང་ལའང་དོག་གནས་མིན་ནམ་བསམ། སྐྱོན་གནད་གསུམ་ལས་དོན་ཚན་ལྔའི་ཆེ་བ་དང་འབྱུང་གྱུར་ཆར་གྱི་དཔྱིད་དཔལ་ལ་རེ་བསམ་རིག་གེ། སྐྱོན་ཀུན་ཟད་ཅིག་མིའི་ནང་མེད་ཀྱང་གཞན་ལ་མཐོང་ཆུང་དང་རང་ཆེ་འདོད་དེ་སྤྱི་ཚོགས་ཞབས་ཞུའི་ལས་རིམ་ནང་ཆེར་མི་དགོས་པའི་གནད་ཞིག་རེད་ན་རྒྱལ་སྤྱིའི་འབྲེལ་མཐུད་ལའལ་ཞན་ཆ་ཆེ་གནས་ཡིན་བསམ་གདའ།།
མ་འོངས་སྲིད་སྐྱོང་དེ། སྙན་གྲགས་ལས་སྤེན་ཚེ་འོས་ཏེ།
་
ཨ་རིའི་ཆབ་སྲིད་ལས་ལྷག་བོད་ཀྱི་ཆབ་སྲིད་མཁས་པ་དགོས། །
བཀའ་བློན་བྱས་ཚར་པ་ལས་མི་ངན་བཏུལ་མཁས་པ་དགོས། །
སྙན་གྲགས་དགའ་བ་ལས་ཟུར་ཟ་སྐྱོན་བརྗོད་བཟོད་ཤེས་པ་དགོས། །
ཁྲིམས་ལུགས་མཁས་པ་ལས་ཁྲིམས་རྩོད་བྱེད་མཁས་པ་ཞིག་དགོས། །
་
དེ་དག་སྙན་གྲགས་ལ་ཉུང་ཞིང་སྤེན་ཚེ་ལ་མང་བས་སོ།།
མང་གཙོའི་འོས་ཤོག་མི་མང་ལག།
མང་གཙོའི་འོས་ཤོག་བཅའ་སྒྲིག་འོག།
དམངས་གཙོའི་འོས་ཤོག་གྲལ་རིམ་ལག།
དམངས་གཙོའི་འོས་ཤོག་འགོ་འདྲེན་འོག།