འདྲ་པར་དེ་ནི་བོད་ནས་གསར་དུ་བཏང་འབྱོར་བྱུང་བ་དང་ན་ནིང་ཨ་མདོ་རྨ་ཆུ་ནས་ཞི་རྒོལ་སྐབས་བོད་མི་ཞིག་རྒྱའི་ཉེན་རྟོག་པས་འཛིན་བཟུང་གཅར་རྡུང་བྱས་ཏེ་ཟླ་ངོ་གཅིག་རིང་སྨན་ཁང་དུ་ལུས་བའི་སྐབས་ཀྱི་པར་ཡིན།
༣.༡༤ བདག་གི་ཆུང་མ་ཁྲིད་ཤོག
བོད་ནས་མ་ཎི་དོན་གྲུབ་ནས་་་་་་་་་་་་་་་
དུས་ཚུགས་འདིའི་ནང་དུ་ང་ཚོའི་རང་གི་ཆུང་མ་ལྟ་བུའི་སྙིང་ཉེ་བ་མང་བོ་ཞིག ཁྲག་དང་མཆི་མ་ལ་འདྲེས་ཏེ་བུད་སོང༌།ད་ལྟ་ང་ཚོ་ལ་ཁོ་ཚོའི་མིང་ཡིག་ཙམ་ལས་ཅི་ཡང་ལུས་མི་འདུག ཅི་ཡང་ལུས་མི་འདུག སྐབས་འདིར་ང་ཚོའི་ཞེ་བསམ་པའི་གཏིང་ནས་དྲན་འོང་བ་ནི་ཁོ་ཚོ་ཡིན།
—ཁ་བྱང་གི་འགྲེལ།
བྲང་ཁ་འདི་འཁྱག་པར་གྱུར་ནས་ལོ་གཅིག་འགོར་ཟིན
མལ་ཁྲི་སྟོང་བ་དེ བདག་གིས་མྱི་ཚེ་གང་བོར་བརྒལ་མི་ཐུབ་པའི་
མྱ་ངམ་གྱི་ཐང་ཆེན་པོ
སྒོ་གླེགས་སུ་གཟར་བའི་ལྕགས་ཟྭ་ཆུང་ཆུང་དེས
བདག་ལ ཁོ་མོ་བཞུད་སོང་ཞེས་ཡང་ཡང་བརྗོད་ཀི་འདུག
སྐབས་འདིར ངས་སུ་ཞིག་གི་མིང་ནས་སྐད་འབོད་བྱེད་ཨང
སྙིང་ཉེ་བའི་མིང་ཡིག་དེ་ཡང་གང་དུ་བྲིས་ཡོད
མཆི་མ་དང་ཁྲག་དམར་གྱི་ཡིག་ཚོགས་ནན་གྱིས་བཀླག་ན
མཁུར་གོང་ནས་ལྷུང་བའི་མིག་ཆུ་དེ
ཡུན་རིང་གི་ཞེ་འདང་ཇི་བཞིན ཅིས་ཀྱང་འགོག་ཐབས་མ་བྱུང
ཆུང་མ ཆུང་མ བདག་གི་ཆུང་མ་གང་ན་ཡོད
༣.༡༤ བདག་གི་ཆུང་མ་ཁྲིད་ཤོག
༣.༡༤ བདག་གི—-ཆུང་མ—ཁྲིད—-ཤོག
ཉམ་ཆུང་གིས་འབར་བཞིན་པའི་མར་མེའི་་འོད་ངོགས་ནས
མངོན་ཆུང་གིས་གྲགས་འོང་བའི་དབུགས་རིང་དེར་བསམ་ན
སྤྱན་རིས་གཟིགས འཁོར་བའི་འཁོར་རྒྱུན་འདི་ནས་ཆད་ཉེར་འདུག་ཨང་
ཉམ་ཆུང་གིས་འབར་བཞིན་པའི་མར་མེའི་་འོད་ངོགས་ནས
མངོན་ཆུང་གིས་གྲགས་འོང་བའི་དབུགས་རིང་དེར་བསམ་ན
སྤྱན་རིས་གཟིགས འཁོར་བའི་འཁོར་རྒྱུན་འདི་ནས་ཆད་ཉེར་འདུག་ཨང་
འཆི་བདག་སྐྱབས་དང་འདྲེ་རིག་ལྡན་གཉིས་ཀ་མི་གཅིག་ཡིན་ས་རེད།
མཆན་པུ་གཉིས་ཀ་གཏན་ནས་མི་འདྲ་བའི་ཆ་གང་ཡང་མི་འདུག
རང་དབང་མེད་པའི་ཁོར་ཡུག་ཞིག་ནས
རང་དབང་ནི་རང་གི་ཚེ་སྲོག་ལ་རྒོལ་བའི་གཤེད་མར་གྱུར་དོན་གང་རེད
འཆི་བདག་སྐྱབས་ལགས་ཀྱིས་ངའི་མཆན་ཇི་བཞིན་དུ་བཤུ་འབྲི་བྱས་འདུག་པ་ལས་མིང་དེ་ང་འདྲེ་རིལ་ལྡན་གྱི་མིན། འཆི་བདག་སྐྱབས་ལགས་ཀྱིས་འདི་ལྟར་བྱེད་པར་དམིགས་ཡུལ་གཞན་ཞིག་མེད་ན་ཀུན་ལ་གསལ་འདེབས་ཤིག་གནང་རོགས། དེ་མིན། དྲ་དཔོན་གྱི་ངོས་ནས་ངེད་གཉིས་ཀྱི་IP སྡོད་གནས་དག་གཤེར་ཞིག་གནང་ནས་ཀུན་ལ་གསལ་འདེབས་གནང་རོགས། རྒྱུ་མཚན་ནི། དེང་སྐབས་དྲ་ཐོག་ནས་གཞན་གྱི་མིང་བཀོལ་ནས་བརྗོད་གཞི་འདྲ་མིན་སྤེལ་གྱིན་འདུག གལ་སྲིད་དྲ་དཔོན་གྱི་ངོས་ནས་སམ་ཡང་ན་འཆི་བདག་སྐྱབས་རང་ངོས་ནས་འདིར་གསལ་བཤད་ཅིག་མ་གནང་ན། དེ་རིང་ནས་བཟུང་འདྲེ་རིག་ལྡན་གྱི་མིང་འོག་ནས་རྩོམ་ཡིག་གང་ཞིག་སྤེལ་རུང་ང་མིན། མཚམས་འདི་ནས་ཁ་བརྡའི་ནང་དུ་ཁ་མི་འདྲེས། དྲ་ཐོག་གི་ཀུན་སྤྱོད་ལ་ཚད་གཞི་ཞིག་མེད་ན་དེར་ཞུགས་པ་ནི་རང་ཉིད་སྙིགས་རོའི་ཁྲོད་འཕངས་པ་དང་གཅིག་མཚུངས་རེད། ཐུགས་རྗེ་ཆེ།
རིག་ན་ཁོང་ཁྲོ་ལངས་ནི་ཞིག་རེད་ལ་སྙིང་རྗེ་ནི་ཞིག་རེད། རྒྱ་འདྲེ་དེ་ཚོས།
རྨ་ཆུའི་དཔའ་རྒོད། ཁྱེད་སྙིང་མ་རྗེ། རྒྱ་འདྲེ་དེ་ཚོས་ཉམ་ཆུང་བོད་མི་རྣམས་ལ་མི་ཞིག་གི་འདུ་ཤེས་གཏད་ནས་མི་འཇོག རྒྱ་འདྲེ། གདོན་འདྲེ། ཟ་འདྲེ། མྱུར་དུ་འཐོར་ཞིག་ཏུ་འགྲོ་བར་ཤོག