མྱ་ངན་ཆེད་དེབ་འདིའི་རྩོམ་སྒྲིག་པ། བསང་གཞུང་ཏིང་བྷ། རྟ་ནག་སྐལ་བཟང་ལུང་རིགས།
སྐྱེ་ རྒུའི་ས་ཡོམ་གྱི་ཆག་སྒོ་ལ་མྱ་ངན་མཉམ་མྱོང་དང་།་མིག་ཆུ་གཅིག་འདྲེས་ཀྱི་རྣམ་ པས་སྐྱོ་སྡུག་རྦ་རླབས་འཕྱུར་སྟངས་ཡིན་པའི་ཕུ་ནུ་མིང་སྲིང་ཀུན་གྱི་སྡུག་ བསྔལ་བའི་སེམས་པའི་མདུན་དུ།
སྐད་ ཅིག་མ་གཅིག་གི་ཡུན་ཚོད་ཙམ་ལ་གནམ་རྡིབ་ས་གས་ཀྱི་ཆག་ཆེ་ཉམ་ང་ཆེན་པོ་འདི་མགོ་ ཐོག་ཏུ་ལྷུང་ཡོིང་དུས་རང་རེ་བ་སུ་ཡིན་ཡང་སོས་བདེ་གུ་ཡངས་ཀྱི་སེམས་གཤིས་ཤིག་ ཡེ་ནས་མེད་པ་རིགས་པས་དཔགས། གནམ་ས་ཁ་ལོ་བསྐོར་བའི་ཆག་འཇིག་འདི་ནི་སྐྱེ་རྒུ་མི་དམངས་འབའ་ཞིག་གི་སྙིང་ལ་ཟུག་པའི་ཟུག་རྔུ་ཙམ་ནི་མ་ཡིན་ཏེ། གོད་ཆག་འདི་ནི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགོ་ལ་བརྡབས་པ་དང་། སེམས་ལ་བརྡིབས་པ། རྐང་ལ་བསྣུན་པའི་འཇིགས་དངངས་རང་གཤིས་ཅན་གྱི་ཆག་སྒོ་ཚབས་ཆེན་ཞིག་རེད། དེ་ལྟ་ནའང་། ཆག་འཇིག་འདིའི་ཐོག་མཐའ་བར་གསུམ་དུ་རང་རེ་བ་རྣམས་ཀྱིས་འཇོན་ནུས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ཕྱིའི་འབྱོར་བ་དང་། ནང་ གི་གདུང་སེམས་ཀྱིས་མཉམ་དུ་སྦྲེལ་བ་འདིས་རང་རེ་བ་རྣམས་ནི་འཐབ་ན་མི་རྒྱལ་བ་ མེད་པའི་བོད་བཙན་པོའི་ཆིག་སྒྲིལ་གྱི་སྙིང་སྟོབས་ཤ་འདྲེས་ཁྲག་འདྲེས་སུ་བདོག་ པའི་བདེན་རྟགས་སྟོབས་ཀྱི་ངོམ་པ་སོགས་སྤྲོ་བའི་འོས་སུ་བརྩི་རིགས་པ་འགའ་ཡང་ མཆིས།
དེ་ བས་མགོ་ནག་བོད་པ་ཚང་གི་ཚེ་བླ་སྲོག་གསུམ་དང་ཆགས་གནས་འཇིག་གསུམ་གྱི་ལས་དབང་ལ་ དམ་དུ་སྦྲེལ་ནས་བཅིངས་ནས་བསྡམས་ནས་ཡོད་པའི་མི་བུ་སྤྱིར་བཏང་བ་གཉིས་ཀྱིས་ ཀྱང་ཐེངས་འདིའི་ཆག་འཇིག་ནི་རང་ཉིད་ཀྱི་དང་། རང་ཉིད་ཀྱི་ཕ་མེས་ཀྱི་དང་། ཕུ་ནུ་མིང་སྲིང་གི་སོགས་ཡིན་པར་རིགས་པ་དང་ཞེན་པ་གཉིས་ཀས་ཤེས་ཏེ༤ ༡༤མྱ་ངན་ལ་ཞུ་བ ཞེས་པའི་མྱ་ངན་ཆེད་ཞུའི་དེབ་ཅིག་པར་དུ་བཏབ་ནས་དེ་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་ཀྲུའུ་ནས་འགྲེམ་སྤེལ་བྱས་པ་ཡིན།
འགྲེམ་སྤེལ་མཛད་སྒོའི་སྟེང་དུ་བོད་མི་མང་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་མཚོ་མོ། རྒྱལ་ནོར་ཚེ་དབང་། ཚེ་བརྟན་ནོར་བུ། བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ཚེ་རིང་དོན་འགྲུབ་བཅས་ཕེབས་ཤིང་། སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་ཀྱིས་མྱ་ངན་ཆེད་དེབ་ཀྱི་དབུ་འབྱེད་གནང་།
མྱ་ངན་ཆེད་དེབ་འདིའི་རྩོམ་སྒྲིག་པ། བསང་གཞུང་ཏིང་བྷ། རྟ་ནག་སྐལ་བཟང་ལུང་རིགས།
ཁྱེད་རྣམ་པ་བཀའ་དྲིན་ཆེ། སྙིང་ནས་ཡི་རང་དང་མྱ་ངན་ཞུ།
མི་བུ་ལ་རྒྱ་ཅན་རྣམས་ལ་ཐུགས་རྗེ་ཆེ། རྩོམ་པ་པོ་སུ་ཞིག་ཡོད་པ་དང་རྩོམ་གྱི་ཁ་བྱང་འདྲ་ཀློག་ཐུབ་ནའང་གོ་སྐབས་བཟང་བས་དཀར་ཆག་ཙམ་དྲ་ངོས་སུ་འགོད་ཐུབ་ན་དགེ་མཚན་ཅི་བས་ཆེ། དེབ་ཀྱི་རིན་གོང་ག་ཙོད་རེད། ཤོག་གྲངས་དུ་ཡོད། རྒྱབ་ཤའི་ཇུས་བཀོད་བཟང་། ཤི་བོ་རྣམས་དགོངས་པ་རྫོགས་པ་དང་། གསོན་པོ་རྣམས་སེམས་ཁ་གང་བར་ཤོག
ངོ་སྤྲོད་ཡི་གེ་མ་གོ་ཐ།།
ཁ་བྱང་དེ་ལ་སྐྱོན་ཞིག་འདུག།
ཐུབ་ན་དཀར་ཆག་འདི་ལ་ཁོད།།
སྤུས་ཀ་དག་པའི་སྨོན་ལམ་ཡོད།།
སྐྱེ་རྒུའི་གདུང་བ་སེལ་བ་ལ།།
དེབ་འདིས་ཕན་པ་སྒྲུབ་པར་ཤོག།
ཀློག་མཁན་མང་པོའི་མིང་ཞགས་ཀྱིས།།
རྩོམ་མཁན་མང་པོའི་རྩོམ་པའི་རྩལ།།
བསྡུར་ས་འདི་ལས་གཞན་མ་མཆིས།།
དེས་ན་ནང་གི་དཀར་ཆག་ཙམ།།
དྲ་བའི་ངོས་འདིར་འགོད་རོགས་འཚལ།།
རྟ་ནག་སྐལ་བཟང་ལུང་རིགས་ཀྱིས།།
སྔོན་ཚེ་ཆེན་པོ་མང་པོ་ལ།།
དམའ་འབེབས་ཚིག་གི་ཕུང་པོ་བསགས།།
མཐའ་མར་གྲག་རྒྱུ་མེད་པར་གྱུར།།
ད་སྟེ་འདི་ལྟར་སླེབས་པ་ནི།།
མགོ་བོ་ཡར་ལ་འདེགས་པའི་གནམ།།
གང་ཞིག་སེམས་ཀྱིས་རིག་པའི་རྟགས།།
དེས་ན་མ་མཐོང་རྒྱང་གི་གྲོགས།།
འདི་མུས་ལམ་བསྟེན་འདམས་ཀ་བཟང་།།
ལས་འདིར་རྗེས་སུ་ཡི་རང་ཞུ།།
༡༡༤ལ་མྱ་ངན་ཞུ་བ་ཞེས་བཏགས་ཡོད་ན་ཅི་མ་རུང་། ༡༡༤མྱ་ངན་ལ་ཞུ་བ་ཟེར་ན་ཁ་ནང་ལ་ཁྱོན་ནས་བདེ་བོ་མི་འདུག ༡༡༤ཡི་དོན་དག་སྡུག་པོ་དེ་ལ་མྱ་ངན་ཞུ་བ་མ་གཏོགས་དེའི་སྐབས་ཀྱི་མྱ་ངན་ལ་དམིགས་ནས་ཅང་ཞུ་དགོས་པ་གལ་ཆེན་པོ་ཞིག་ཏུ་མཐོང་མ་སོང་།
ཁ་བྱང་འདིས་ང་མིག་འཁྲུལ་བཅུག་བྱུང་། ཡང་བསྐྱར་བལྟས་པས་དེ་ག་རང་བྲིས་འདུག གོ་རྒྱུ་ཅང་མེད་པར་ཤེས་ནའང་རྩོམ་སྒྲིག་པ་སེམས་ཤུགས་བཅག་མེད།
༤།༡༤མྱ་ངན་ལ་ཞུ་བ་ལས་༤།༡༤ལ་མྱ་ངན་ཞུ་བ་དེ་བཟང་། དེ་གཉིས་ལས་བཟང་བ་ནི་ཕྱག་ལས་དེ་བཟང་ཤོས་སོ།
“དམ་དུ་སྦྲེལ་ནས་བཅིངས་ནས་བསྡམས་ནས་ཡོད་པའི'”
གོང་གི་རྟ་ནག་པའི་ཚིག་འདི་ཡང་ཁ་ནང་ལ་མི་བདེ་ཀི་ཡ།
འདི་ལྟར་སེམས་ཤུགས་ཆེ་བསྐྱེད་ཀྱིས་ལས་དོན་ཞིག་བསྒྲུབས་པར་སེམས་ནས་སྨོན་གྱིན་ཡོད། ཐུགས་རྗེ་ཆེ།
སྙིང་ནས་ཡི་རང་ཞུ།