བསམ་འཆར་འདོན་པ་པོ་མགོ་ལོག་སྟོབས་རྒྱལ།
༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བགྲེས་ཡོལ་བྱེད་རྒྱུའི་ཐུགས་འདུན་དགོངས་བཞེད་གནང་བ་འདི་ལ་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་གཙོའི་པའི་བཙན་བྱོལ་རྒྱ་ཆེའི་མི་མང་ཡོངས་སུ་རྫོགས་པའི་བསམ་བློ་ཞིབ་ཏུ་གནང་དགོས་པ་ཞིག་ངེས་པར་དུ་ཆག་ཡོད། དེ་སྔོན་གཞུང་སྒེར་ཚོགས་པ་ཁག་དང་དགོན་སྡེ་གྲྭ་ཚང་མང་པོ་ཞིག་གིས་རྒྱུ་མཚན་གང་ཡང་མེད་པའི་ཐོག་ནས་སླར་ཡང་་༧་གོང་ས་མཆོག་ལ་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུགས་འགན་གནང་དགོས་པའི་ཞུ་བ་འབུལ་དགོས་པ་རེད་ཅེས་བཤད་ཡོད། ཕྱོགས་གཅིག་ནས་བསམ་ན་༧གོང་ས་མཆོག་གི་སྐུ་ཚེ་བསྐལ་པ་མ་སྟོང་བར་དུ་ད་ལྟ་ནང་བཞིན་བཞུག་རྒྱུ་གཏན་འཁེལ་ཡོད་ན། ཁྱེད་རྣམས་ཀྱིས་གསུང་པ་ནང་བཞིན་རང་ཡང་དེ་དེ་བཞིན་ཡིན་མོད། འོན་ཀྱང་དེ་ལྟ་ཡིན་མིན་ཚང་མའི་ཤེས་གསལ་ལྟར་རེད། དེས་ན་བརྟགས་ཤིང་དཔྱད་པའི་དོགས་གཞི་འདི་ཡོད་དེ། ༡༽་༧་གོང་ས་མཆོག་གིས་ང་མེད་པ་ནང་བཞིན་གཞུང་གི་ལས་བྱེད་ཆེ་ཕྲ་ཚང་མའི་གནང་དགོས་ཞེས་པའི་བཀའ་གསུང་དེ་སྒྲུབ་མ་ཐུབ་པ་ཞིག་དང་། ༢༽་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཕྱི་སྡོད་བོད་མི་ཚང་མ། མི་གཅིག་ལ་བརྟེན་ནས་གནས་ཡོད་པའི་དེ་མེད་པ་ཆག་ན་འཐོར་ཞིགས་དང་ནུས་པ་མེད་པ་འགྲོ་གི་ཅེས་པ་དོན་ལ་གནས་ཀྱི་ཡོད་པ་དང་། ༣༽༧་གོང་ས་མཆོག་གིས་སྔར་རྗེས་མང་པོ་བགྲེས་ཡོལ་བྱེད་རྒྱུ་ཡིན་ཅེས་པའི་དགོངས་དོན་དེ་སླར་ཡང་དབུ་ཁྲིད་ཉིད་དུ་བཞུགས་བཞེས་འབུལ་བའི་ཆེད་དུ་མ་ཡིན་པར་དེ་ལས་གཞན་པའི་དགོས་པ་དང་རྒྱུ་མཚན་ཁྱད་པར་ཅན་ཞིག་ཡོད་པ་དེ་ངོས་མ་ཟིན་པའི་སྐྱོན་དང་། ༤༽༧གོང་ས་མཆོག་མེད་ན་བཙན་བྱོལ་གཞུང་གིས་གཞིས་ལུས་རྒྱ་ཆེའི་མི་མང་གི་ཚབ་མཚོན་ཐུབ་ཀྱི་མེད་པའི་རྣམ་པ་ཆགས་ཀྱི་ཡོད་པ་དང་། ༥༽མ་འོངས་པར་བཙན་བྱོལ་གཞུང་རང་ངོས་ནས་སྒྲིག་འཛུགས་དང་འཛིན་སྐྱོངས་ལངས་ཕྱོགས་མ་འོངས་པའི་འཆར་གཞི་སྲ་བརྟན་མེད་པ་མཚོན་གྱི་ཡོད་པ་བཅས་ཀྱི་གནད་དོན་ལ་བསམ་བློ་ཡང་ནས་ཡང་དུ་གཏོང་དགོས་པ་རེད་མ་གཏོགས་བསམ་བློ་ཕུགས་རྒྱང་ཐུང་ཐུང་དང་། རྒྱུ་མཚན་གང་ཡང་མེད་པར་ལྐུག་པ་ཨུ་ཚུགས་བྱས་ནས་༧གོང་ས་མཆོག་སླར་ཡང་དབུ་ཁྲིད་ལ་རེ་བསྐུལ་ཞུ་བ་དེ་ནི་རྒྱུ་མཚན་མེད་པ་ཞིག་ཏུ་མཐོང་ངོ་།།
གནས་ལུགས་གང་འཚམས་བཤད་འདུག འོན་ཅང་གཟབ་ཙམ་བྱས་མ་གཏོགས་མི་ཚོས་འགྲེལ་བཤད་གཞན་པ་བརྒྱབ་སྲིད་པ་རེད། དེ་དུས་མགོ་ལོག་སྟོབས་ཀྱིས་མགོ་ལོག་བཙས་ཡོང༌།
མགོ་ལོག་པས་བཤད་པ་ལ་རྒྱུ་མཚན་ཏན་ཏན་ཡོད་ས་རེད། དུས་བབ་དྲ་ཐོག་གི་བསམ་ཤོག་འོས་བསྡུ་བྱས་པའི་གྲུབ་འབྲས་འདི་འདྲ་རེད་འདུག
བསམ་ཤོག
༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་གནང་རྒྱུ་ཡིན་གསུངས་པའི་ཐུགས་འདུན་དེ་ལ་ཁྱེད་རང་མོས་མཐུན་ཡོད་དམ།
ཡོད། (༢༧༤)
མེད། (༧༢)
མི་ཤེས། (༦)
མགོ་ལོག་པ་ལགས། ཁྱེད་ལ་གློ་ཁོག་ཆེ་ཙམ་ཡོད་ན་ཁྱེད་ཀྱི་རྩོམ་འདི་ད་རུང་ཅུང་མང་ཙམ་བྲིས་ནས་དུས་བབ་དང་བང་ཆེན་སོགས་ཚགས་ཤོག་ཁག་ཏུ་གཏོང་རོགས། ཁ་བརྡ་དྲ་ཐོག་ན་མྱི་ཉུང་ཉུང་རེད།
མགོ་ལོག་པ་ལགས་དངོས་གནས་ཁྱེད་ལ་ཤེས་ཡོན་དང་བློ་ཁོག་གཉིས་ཀྱི་ཐོག་ནས་འདེངས་ངེས་ཞིག་འདུག བོད་མི་རིགས་ཕྱེད་ཀའི་བསམ་བློའི་ནུས་ཤུགས་ཁྱེད་འདྲ་བ་ཞིག་ཡོད་ན་སྔར་ནས་དོགས་གཞི་དང་འཇིགས་སྣང་མང་པ་པོ་རྩ་ལྟུང་དུ་གྱུར་ཟིན། འོན་ཀྱང་བོད་མི་རྣམས་ནི་བག་འཁུམས་དང་གྲལ་རིམ་གྱི་བསམ་བློ་ལས་ད་དུང་ཐར་མེད། ༧གོང་ས་མཆོག་གི་སྐུ་དབང་ཆ་ཚང་མི་དམངས་ལ་མར་གནང་དུས་མི་དགོས་ཞེས་ཡར་སྤྲོད་ངེས་ཡིན། འོན་ཀྱང་སྐུ་ཉིད་ནས་གཟབ་དགོས་པ་ཞིག་ནི་ང་ཚོའི་རིགས་འདིར་ཆོས་ལུགས་དང་ཕྱོགས་ཞེན་གྱི་ལ་རྒྱ་ཤིན་ཏུ་ཆེ་ཕྱིར་སྔོན་ནས་ད་ལྟའི་བར་དུ་ལོ་རྒྱུས་སྐྱུག་བྲོ་བ་མང་དག་འབྱུང་ཡོད་པ་དག་ལ་ཕྱི་མིག་གཟིགས་བཞིན་མདུན་སྐྱོད་གནང་རོགས། དེ་ང་ཚོའི་མི་རིགས་གཅིག་པུའི་སྐྱོན་མིན་མོད་འོན་ཀྱང་ཐུགས་གཟབ་དགོས་པའི་གནས་ཤིག་ཡིན།
ད་དུང་༧གོང་ས་མཆོག་ནི་ཆོས་བརྒྱུད་ཡོངས་སུ་རྫོགས་པའི་དབུ་ཁྲིད་ཡིན་ཕྱིར་ཁོང་གི་ཞབས་འབྲིང་པའི་སྐོར་ལའང་བསམ་འཆར་འདོན་རྒྱུ་མེད་དམ། ཁོང་གི་ཉེ་འཁོར་ཡོངས་རྫོགས་དགེ་ལྡན་པས་བཟུང་ན་ཆོས་བརྒྱུད་གཞན་ལ་བསམ་ཚུལ་ཇི་ཞིག་ཡོད། ཁོང་ལ་ཕྱོགས་རིས་རྡུལ་ཙམ་མེད་ཀྱང་སྐུ་སྒེར་ཡིག་ཚང་དང་ཞབས་འབྲིང་ག་གེ་མོ་སོགས་་་་་་་་་་་་་་་་་་་་་་་་་་་་་སོགས་ལོ་རྒྱུས་མང་ཡང་ང་ལ་ཤེས་ཡོན་མེད་ལ་བློ་ཁོག་ཡང་མེད།
ཁོ་བོའི་ངོ་དེབ་ཀྱི་དྲྭ་ངོས་སུ་སྤུན་ཟླ་འགས་བསམ་འཆར་བཅུ་ལྷག་སྤེལ་འདུག་པས། དྲྭ་འབྲེལ་འདིའི་སྟེངས་ནས་གཟིགས་སྐྱོངས་གནང་རོགས་་་་་་་ http://www.facebook.com/note.php?note_id=166690903374263&comments
ཁྱེད་གསུངས་ལ་བདེན་པ་འདུག འོན་ཀྱང་སྔོན་ཚུད་ནས་བཙན་བྱོལ་གཞུང་ངོས་ནས་དང་མང་ཚོགས་ངོས་ནས་ལོ་གཅིག་གཉིས་ཞིག་ལ་གྲ་བསྒྲིགས་བྱེད་དགོས་པ་ལས་ཧོབ་དེ་སྒང་ལ་ཐུགས་འགན་མ་བཞེས་ན་ཡོང་ཡ་ཡོད་པ་ཞིག་མིན། དེས་ན་ལོ་གཅིག་གཉིས་ཙམ་རྗེས་
རྡ་སའི་མདོ་སྨད་སྤྱི་ལ་སྙན་གསན་ཞུ་རྒྱུ་ཡོད།
མདོ་སྨད་མགོ་ལོག་སྟོབས་རྒྱལ་ཀྱིས། བོད་མི་རིགས་ཀྱི་མངོན་འདོད་དང་མི་མཐུན་པའི་༧གོང་ས་མཆོག་རྒན་ཡོལ་དགོས་པའི་གཏམ་ཉོག་བཤད་ཀྱིན་འདུག
ཁྱེད་ཚོ་ལ་བྱེད་རྒྱུ་ཡོད་ན། མི་རྐྱང་དང་ཉམ་ཆུང་ལ་ཐུག་ཚོད་ཅིག་པུ་མིན་པ། མགོ་ལོག་པ་དག་ལའང་བསྒྲགས་གཏམ་སྤེལ་རྒྱུ་དང་། ཞུ་བཏུག་བྱེད་རྒྱུ་ཆ་མཉམ་གནང་རོགས་།
དེ་མིན་ཀླུ་མཁར་བྱམས་ལ་སྤྱི་མཐུས་འོས་ཐོབ་བརྡབ་བསིག་དང་། མི་རྐྱང་ལ་ཁ་རུབ་བྱས་ན་ཅི་ཕན།
མི་གྲགས་ཅན་ཞིག་གམ་ཆོས་ལུགས་མཁྲེགས་འཛིན་མཁན་ཞིག་ལ་སྐུར་འདེབས་སམ་སྐྱོན་བརྗོད་བྱས་ཏེ་རང་ཉིད་ཀུན་གྱི་ཤེས་སུ་འཇུག་པ་འདི་ཁྲམ་པ་དང་སྨྱོན་པའི་སྙན་གྲགས་སྒྲུབ་པའི་ཐབས་ལམ་རེད། དེ་ལས་གཞན་པའི་རིག་གནས་དང་། གསར་བསྐྲུན། དཔལ་བྱོར་དང་སྒྱུ་རྩལ། བྱས་རྗེས་སྟོན་རྒྱུ་ཟད་ནས་གང་ཡངམེད་པའི་སྤྲང་པོ་ཞིག་གིས་གསེར་གྱི་ལྗིད་ཚད་ལ་སྣ་གཉེར་བྱས་ཚེ། འདུས་པའི་ཚོགས་ཀྱིས་ཧབ་ཆའི་སྒྲ་དེ་རང་གི་གཟི་བརྗིད་དུ་བརྩི་རྒྱུ་ཙམ་ལགས།
༄། །ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་སྣམས་ལ་༢༠༡༡་ལོ་གི་བཀའ་བློན་ཁྲི་པ་དེ་སྐུ་ངོ་བཀྲ་ཤིས་དབང་འདུས་ལྷག་སུ་གང་མི་འདུག་། གང་ཡིན་ཟེར་ན་རྒྱ་བོད་གཉིས་སྨན་དབུ་མིའི་ལམ་གི་སྲིད་རྒྱུས་ལ་སྡེ་དམིགས་བསྟ་བུ་རེད། དེ་བའི་བྱུང་རིམ་རྗེས་སུ་སྤེལ་མཆོག་།