དྲི་མེད་ལྷག་བསམ།
ༀ་སྭ་སྟི། དཔལ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། ། ཀུན་གཟིགས་ཞྭ་དམར་པ་སྐུ་གཤེགས་པའི་ཉིན་མོ་ས་ག་ཟླ་བའི་ཚེས་བཟང་འཔྲོད་སྦྱོར་ཤིན་ཏུ་དགེ་བར་ཁེལ་པ་དང་། །ཐུགས་དམ་དཀྲོལ་བའི་ཉིན་མོ་ས་ཟླའི་ཚེས་༡༥ དགོངས་རྫོགས་ཞེ་དགུ་གང་པའི་ཉིན་ཆོས་འཁོར་དུས་ཆེན་དུ་ཁེལ་བ་སོགས་ངོ་མཚར་གཏམ་གྱི་གཏེར་མཛོད་རྒྱ་ཆེ་བ་ལས་མདོར་བསྡུས་ཙམ་ཞུ་ན། སྐུ་གཤེགས་རྐྱེན་གླེང་གཞི་མང་ཡང་། སྤྱིར་ཞྭ་དམར་སྐུ་ཕྲེང་གསུམ་ཙམ་མ་གཏོགས་དགུང་ལོ་༦༠ བརྒལ་བ་མེད་པ་དང་། ཞྭ་དམར་པའི་མི་རྒྱུད་ཨ་ཐུབ་ཚང་གི་པོ་ཡིན་ཚད་༦༠ ལས་བརྒལ་མི་ནུས་པ་སོགས་ཀྱིས་སྐུ་གཤེགས་པ་ཡིན་པར་ཡང་གྲགས་སོ།།
གཅིག བལ་ཡུལ་དུ་ཕེབས་པའི་འགོག་རྐྱེན་ལས་རྣམ་པར་རྒྱལ་ཚུལ།
རྒྱུ་མཚན་ཅི་ལྟར་ཡང་སྔར་ཆོག་མཆན་ཐོབ་པ་ཕྱིར་བསྡུ་བྱས་པར་བལ་ཡུལ་ནང་པའི་ཚོགས་མི་མང་ཆེ་བས་ངོ་རྒོལ་བྱས་པ་དང་། ཁྱད་པར་རྡོ་རྗེ་སློབ་དཔོན་རིགས། ཤཀྱཱའི་རིགས། ཉི་ཤང་། རྟ་མང་སོགས་གྲངས་ཉུང་མི་རིགས་དང་ནང་པའི་ཚོགས་པ་ཆོས་ལུགས་བྱེ་བྲག་པའི་འཐུས་མི་སོགས་སྤྱི་འཐུས་ཚོགས་མི་༢༠ ཙམ་ལྷན་ཅིག་པས་གཞུང་ལ་སྙན་ཞུ་ཕུལ་ཏེ་ནེ་པཱལ་བློན་ཆེན་ལྷན་ཚོགས་ཀྱིས་དམིགས་བསལ་ཚོགས་འདུ་བསྐོངས་ཏེ། ༧ཞྭ་དམར་པའི་སྐུ་གདུང་ཕེབས་ཆོག་པའི་ཆོག་མཆན་ཐོབ་ནའང་གྲོས་ཆོད་ཡིག་ཆ་སྲིད་བློན་ལ་མ་སྤྲད་པར་ས་ཡིག་རྒྱག་རྒྱུ་རྗེས་ལུས་ཤོར་བ། ཟླ་དེའི་ཚེས་༢༩ ཉིན་སྐུ་གདུང་གདན་འདྲེན་ཉིན་མོ་སྲིད་བློན་གནམ་གྲུའི་ཐང་དུ་ཕེབས་ཏེ་པྱག་རྟགས་བསྐྱོན་གནང་འདུག
༡ བལ་ཡུལ་ལ་གནོན་ཤུགས་གཙོ་བོ་སྤྲད་མཁན་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི།
༢ བལ་ཡུལ་ཆོས་རིག་བཀའ་བློན་དང་དམངས་གཙོའི་སྣེ་ཁྲིད་པ།
༣ རྒྱལ་སྤྱིའི་ཁྲིམས་རྩོད་ཚོགས་པ་ཞིག
༤ འབྲུག་རྒྱལ་གཞུང་གི་བློན་ཆེན་བཅས་ཀྱིས་ནན་བསྐུལ་མ་བཟོད་པར་མཐར་ཆོག་མཆན་ཐོབ་པ་རེད།
གཉིས། སྐུ་གདུང་ཞུགས་འབུལ་བྱེད་སྟངས།
ཤར་མི་ནུབ་གླིང་གི་ཡངཐོག་ཏུ་མྱང་འདས་མཆོད་རྟེན་དབྱིབས་ཅན་གྱི་མེ་ཐབས་ཏུ་མཆོད་འབུལ་ཞུས་པ་རེད་འདུག དབུ་བཞུགས་གཙོ་བོ། ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་དང་། ཤར་གྱི་སློབ་དཔོན་བྷེ་རུ་མཁྱེན་བརྩེ། ཀོང་སྤྲུལ། ཤངས་པ། སངས་ཚང་། ཉི་ཤང་བླ་མ་ཤེས་རབ་སོགས་དང་། ལྷོ་ཡི་སློབ་དཔོན་༧ས་སྐྱ་ཀླུ་ལྡིང་མཁན་ཆེན། ཀླུ་ལྡིང་ཞབས་དྲུང་། ཐར་རྩེ་ཞབས་དྲུང་། ས་སྐྱ་བཤད་གྲའི་མཁན་ཆེན་སོགས་དཔལ་ས་སྐྱའི་བླ་གྲྭ་རྣམས་དང་། ནུབ་ཏུ་འབྲུག་གཞུང་གི་མཁན་ཆེན་སོགས་དཔལ་འབྲུག་པའི་བླ་སྤྲུལ་རྣམས་དང་། བྱང་དུ་མཆོག་གླིང་སྤྲུལ་སྐུ། ཆོས་ཀྱི་ཉི་མ། སྟག་ལུང་འཕགས་མཆོག་སོགས་རྙིང་མིའི་བླ་སྤྲུལ་རྣམས་ཀྱིས་གསང་སྔགས་ཀྱི་གསུང་ཆོག་རྒྱས་པ་གནང་ཏེ་ཞུགས་འབུལ་ཞུས་འདུག
མེ་སྦར་བའི་རྗེས་སུ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ཞལ་འཛུམ་པ་དང་༧ཀུན་གཟིགས་མཆོག་གི་ཞལ་ཆེམས་ལྟར་བལ་ཡུལ་དུ་སྐུ་གདུང་འབུལ་རྒྱུ་བྱུང་བས་ད་ནི་བློ་བདེ་བ་ཡིན་གསུངས། དེ་བཞིན་མྱ་ངན་ཞུ་ཡིག་ཀྱང་འབྲུག་གཞུང་༧རྗེ་མཁན་པོ། །འབྲི་གུང་སྐྱབས་མགོན་ཆེ་ཚང་། འབྲུག་ཆེན། སྨིན་གླིང་དགོན་པ། ནེ་པཱལ་གྱི་དགོན་ཁག་མངཔོ། ཐེ་ལན་ཌི། ཤྲཱི་ལངྐ། ཐེ་ཝན་སོགས་ཀྱི་ཆོས་རྒྱུན་མང་པོའི་བླ་ཆེན་ཁག་གིས་ཕུལ་འདུག
གསུམ། འདུས་པ་རྒྱ་མཚོ་རྡོལ་བའི་ལོ་རྒྱུས།
གདུང་ཞུགས་འབུལ་ཞུ་མཁན་ལ། བོད་ཀྱི་ཆོས་རྒྱུན་གཡུང་དྲུང་བོན་བཅས་པའི་སྐུ་ཚབ་མང་པོ་ཕེབས་པ་དང་། ཕྱི་རྒྱལ་གྱི་འགྲོན་པོ། བལ་ཡུལ་དགོན་སྡེ་ཁག་གི་སྐུ་ཚབ། ཐམས་ཅད་སྤྱི་སྡོམ་བླ་སྤྲུལ་མཁན་པོ་༡༠༠། དགེ་འདུན་སུམ་སྟོང་། འདུས་པ་འབུམ་གཉིས་ལ་ཉེ་བ་བྱུང་འདུག ཚེས་༢༩་ཉིན་མཚན་པོ་ཆུ་ཚོད་བརྒྱད་ནས་༡༡ བར་མཇལ་ཁ་ཞུ་མཁན་བསྟར་བསྒྲིགས་པ་དང་། ཚེས་༣༠ ཉིན་སྔ་ཆུ་ཚོད་༨ ནས་མཚན་མོ་༡༡ བར་མཇལ་མཁན་བར་མ་ཆད་པར་བྱུང་། ཚེས་༣༡ ཉིན་སྔ་དྲོ་ཆུ་ཚོད་གཅིག་བར་མཇལ་ཁ་བཏང་།
བཞི་པ། ངོ་མཚར་གྱི་གཏམ་རྒྱུད་སྣ་ཚོགས་གྲགས་པ།
ཆོག་མཆན་གྱི་དབང་གིས་སྐུ་གདུང་མཚན་མོ་ཆུ་ཚོད་བརྒྱད་པར་པེབས་ཤིང་། སྐབས་དེར་བོད་ཀྱི་ཆོས་རྒྱུན་བཞི་གཡུང་དྲུང་བོན། བལ་ཡུལ་གྱི་ཆོས་རྒྱུན་ཆེ་ཁག་གི་དབུ་ཁྲིད་རྣམས་སེར་ཕྲེང་བསྒྲིགས་ཤིང་། གཙོ་བོ་མཁྱེན་ཀོང་མཆོག་གསུམ་གྱིས་སྤོས་སྣ་བྱས་ཏེ་གདན་འདྲེན་སྐབས། འོད་སེར་པོ་ཞིག་འདུ་ཁང་སྒོའི་ནམ་མཁའ་ནས་གློ་བུར་ཏུ་འཕྲོས་ཏེ་ལམ་ཆེན་ཡོངས་སུ་རྫོགས་པ་ཆུ་ཚོད་ཕྱེད་ཙམ་སྣང་བར་བྱས་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་དང་།
ཐོག་མར་གདན་འདྲེན་སྐབས་གདུང་སྒམ་ཆེ་བ་མི་བརྒྱད་ཀྱིས་བཏེགས་པ་གདུང་ཆས་སྐབས་སྐུའི་གཟི་མདངས་མ་ཉམ་པར་བྱིས་པ་ལོ་བརྒྱད་ཀྱི་ཚད་དུ་ཕྱིན་པ་དང་། ཞལ་གསེར་ཕུལ་ནས་ཕེབས་བྱམས་ཆུང་ངུའི་ནང་དུ་བཞུགས་ཏེ་གདུང་ཁང་རྩར་སླེབས་པ་དང་གནས་མདོ་སྤྲུལ་སྐུ་དང་། མཁན་པོ་ཆོས་གྲགས་ཟུང་གིས་ཕྱག་གིས་བཏེགས་ཏེ་མཆོད་རྟེན་དུ་ཞུགས་སུ་གསོལ་དུས་སྐུ་ཤིང་བལ་ལྟར་ཡང་པོར་གྱུར་པ་དང་། མེ་སྦར་ཚེ་འོག་གི་མེ་ཚང་ནས་མེ་སྟག་གི་ཚུལ་དུ་མེ་ལྕེ་ཞིག་ཕྱི་རོལ་ཏུ་མཆེད་པ་ཕྱི་རོལ་ནས་སྟེང་དུ་མཆེད་ཏེ་གདུང་ཁང་སྟེང་གི་བུམ་པའི་ཐུགས་ཀར་ཞུགས་ནས་མེ་རང་འབར་ལྟ་བུར་གྱུར་པ་དང་། བེ་སྦར་མ་ཐག་ཆར་ཟིམ་བུ་གོས་རློན་པར་མི་ནུས་པ་ཙམ་ཞིག་བབས་ཏེ། སྟེང་གི་ཉི་མ་ལ་འོད་ཟེར་མུ་མཁྱུད་ཁ་ཏོག་ལྔ་ལྡན། གདུང་དུད་དང་པོ་བྱང་། དེ་ནས་ཤར་ཕྱོགས་སུ་གཡས་སྐོར་དུ་འཁྱིལ་ཞིང་སྟེང་གི་བླ་བྲེ་མེ་ཡིས་བསྲེག་ཚར་བ་དང་། འཇའ་མདུང་ཚུགས། རྩིབས་ཤར། ཟླུམ་འཁྱིལ་སོགས་ཕྱོགས་ཐ་དད་དུ་བྱུང་། གདུང་མེ་ལས་དབུ་ཐོད་རིལ་པོ་བཞུགས་པ་དང་། རིང་བསྲེལ་གྱི་ཚོགས་མང་དུ་འཕེལ་བ། ཉི་མ་རེ་བཞིན་གདུང་འཇའ་ཤར་བ་སོགས་ཀུན་ཀྱི་མིག་གི་དགའ་སྟོན་ཏུ་གྱུར་ཏོ། །
ཁྱད་པར་འཔགས་པའི་མཛད་པ་ཞིག་ནི། ཞྭ་དམར་པ་རང་ཉིད་ཀྱི་རྟེན་གསུམ་བཅའ་དངོས་ཕྱི་རྒྱལ་དང་། རྒྱ་གར་སོགས་པ་ཡོད་པ་ལྷག་མ་མེད་པར་བསྡུས་ཏེ་ཤར་མི་ནུབ་དགོན་ཏུ་ཐོ་དང་བཅས་སླེབས་ཡོད་པ་དང་། ཕྱོགས་སོ་སོར་ཕྱག་དངུལ་དང་ཁང་པ་ས་ཆ་ཅི་ཡོད་དགོན་པ་དང་ཚོགས་པ་སོ་སོར་པུལ་ནས་སྤོང་དག་ལེགས་པར་མཛད་གནང་འདུག་པ་དང་། སྐུ་གདུང་ཞུགས་འབུལ་བྱེད་པའི་ས་གནས་དང་གཞིས་ལུས་རྣམས་ལ་བླང་དོར་གྱི་ཕྱག་བྲིས་གསལ་བོ་བཞག་འདུག་པ་བཅས་དམ་པ་འདི་ཉིད་ཀྱིས་མ་འོངས་སྔོན་གཟིགས་ཀྱི་མཛད་པ་ཡང་དག་པའོ། །དགེ་བ་ཡོད་ན་ཆོས་དབྱིངས་ཆེན་པོར་བསྔོ། །རྩོད་པ་ཞི་ཞིང་བསྟན་པ་དར་རྒྱས་ཤོག །དགེའོ། །
༼དྲ་གྲོགས་རྣམས་ལ་དཔྱད་གཞིར། ཕྲན་གྱི་ལག་ཏུ་འབྱོར་བའི་ཡི་གེ་རྣམས་ལས་བསྡུས་ཏེ་བཀོད་པའོ། །༽
་་་་་་་ མེ་སྦར་བའི་རྗེས་སུ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ཞལ་འཛུམ་པ་དང་༧ཀུན་གཟིགས་མཆོག་གི་ཞལ་ཆེམས་ལྟར་བལ་ཡུལ་དུ་སྐུ་གདུང་འབུལ་རྒྱུ་བྱུང་བས་ད་ནི་བློ་བདེ་བ་ཡིན་གསུངས། ་་་་་་་
གློ་བུར་སྙིང་རྩ་དགག་ནས་གྲོངས་པ་ལ། ཞལ་ཆེམས་ག་དུས་བཞག་པ་ཡིན་ནམ། ལགས། དྲི་མེད་ལྷག་བསམ་ལགས།
དེ་འདྲའི་རྟགས་མཚན་བཞག་པ་བདེན་ན་ངོ་མཚར་ཆེའོ། དེང་དུས་བླ་མ་ཚོས་གྲུབ་རྟགས་སྟོན་མཁན་དཀོན་པོ་རེད་འདུག ཡང་སྲིད་མྱུར་དུ་འཁྲུངས་པར་སྨོན།།
ཡང་ཀརྡོས་ཨེ་ཊོམ་འབོམ་གཅིག་བཞག་སོང།
ད་ངུ་མ་ཤེས་རྒོད་མ་ཤེས་པ་འདི་འདྲས། གྲུབ་རྟགས་དང་མཛད་པ་སྟོན་ཡས་ཡོད་ན། སྐུ་གསོན་པོར་བཞུགས་དུས་སྟོན་རན་སོང་ཡང་ཅང་བསྟན་ཐུབ་མ་སོང་། ད་རྣམ་ཤེས་ལུས་ནས་ཐོན་ཁར་དུ་བ་སྣ་ཚོགས་སྟོན་པར་ཧོན་ཐོར་བ་འདི་ཅི། ལྷག་དོན་ཁྲག་རྩ་འགག་དུས་གྲུབ་རྟགས་སྟོན་ཐུབ་ཡོད་ན་ད་གཟོད་སྐྱིད་པོ་བྱས་ཇར་མི་ནེ་ལ་ཞུགས་ཡོད་ཚོད། འདི་མེད་པར། གནད་འགག་ཆེ་ཤོས་དེ་ཁྲག་རྩ་དེ་སངས་མ་ཐུབ་པར། ད་གྲོངས་རྗེས་དུ་བ་འདྲ་མིན་སྟོན་པར་ཧོན་ཐོར་བ་དེ་ལ་གྲུབ་རྟགས་ཨེ་རེད།
སྔོན་བྱོན་གྱི་གྲུབ་ཐོབ་གཞན་པ་ཚོས་སྐུ་འཚོ་ཞུགས་དུས་གྲུབ་རྟགས་མང་པོ་བསྟན་པ་གོ་རྒྱུ་འདུག དཔེར་ན། སྐྱབས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ནས་གྲུབ་རྟགས་ལ་བོད་པ་ན་གཞོན་མང་པོར་ཆོས་དང་རིག་གཞུང་གི་སྦྱིན་པ་གནང་ནས། བླ་རུང་ཤེས་རིག་གི་གླིང་དེ་འཛམ་གླིང་ཀུན་ལ་གྲགས་སོང་། གྲུབ་རྟགས་ཡག་པོ་དེ་ཚོ་རེད། དེ་བཞིན་གྲུབ་དབང་པད་ནོར་རིན་པོ་ཆེས་རྣམ་གྲོལ་གླིང་བཙུགས་ནས་གསང་སྔགས་རྙིང་མའི་བཤད་སྒྲུབ་ཀྱི་སྡེ་ཕྱོགས་བཞིར་ཁྱབ་པ་གནང་བ་དེ་ཡང་ངོ་མ་གྲུབ་རྟགས་ཡག་པོ་རེད། ཞྭ་དམར་མཆོག་ལ་སྐྱོན་ཞུ་ཡས་ཅང་མེད་རུང་། སྐུ་འཚོ་དུས། བོད་པའི་གསར་སྐྱེས་ཚོའི་སློབ་གསོ་དང་ཤེས་ཡོན་ལ་འདི་བྱེད་འདི་མད་ཀྱི་སྐད་ཆ་གོ་རྒྱུ་མེད། བོད་ནང་ལ་ཡང་ཁོང་གི་བཤད་སྒྲ་དེ་ཚོར་གཟིགས་རྟོགས་གནང་བ་གོ་རྒྱུ་མིན་འདུག
ཞྭ་དམར་རིན་པོ་ཆེ་སྐད་གྲགས་ཆེ་ཤོས་དེ་མཐའ་ཡས་རྡོ་རྗེ་ཀརྨ་པའི་ཡང་སྲིད་ལ་བསྐོས་པ་འདི་རེད། ང་དྲང་པོ་བཤད་ཀྱི་ཡོད། བོད་ཀྱི་མདུན་ལམ་དང་བོད་མིའི་ཁེ་ཕན་ལ་བལྟོས་ནས་སྐད་ཆ་བཤད་ན། ཞྭ་དམར་འདི་དྲིན་ཆེན་པོ་ཞིག་ཡིན་པ་དྲན་གྱི་མིན་འདུག ད་ལྟའི་མཐའ་ཡས་རྡོ་རྗེ་ཞུ་བ་ཁོང་གིས་ཀྱང་ཕྱིན་རྒྱལ་ལ་མང་པོ་ཕེབས་ནས་གསུང་ཆོས་གནང་གི་འདུག ཕྱི་རྒྱལ་ལ་སྐྱོ་པོར་སྦྱིན་པ་གནང་གི་འདུག བོད་པ་ནང་ཁུལ་ཀ་བློན་སྦུག་ལ་ཆུ་མེད་པར་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་རྣམས་ལ་ཁྲོན་པ་ཞིག་སྐྱོན་རོགས་གནང་གི་མིན་འདུག ཞྭ་དམར་ཡང་རང་གི་ཕ་ཡུལ་སྡེ་གེར་སློབ་འབྲིང་སློབ་ཆུང་ཚོར་དཀའ་ངལ་ག་ཚོད་ཡོད་པ་སྙན་གསེང་ཞུས་ཀྱང་སྒོར་རྡོག་གཅིག་གནང་བ་གོ་རྒྱུ་མིན་འདུག དེ་ལས་ངོ་མ་ཨ་ཀོང་རིན་པོ་ཆེས་ཞིང་འབྲོག་གི་བོད་ཕྲུག་སྐྱོ་པོ་རྣམས་བདག་པོ་བརྒྱབ་ནས་མཐའ་མ་སྲོག་ཀྱང་ཁོང་ཚོར་དངུལ་རྩིས་སྤྲོད་གནང་བར་ཕེབས་སྐབས་ཤོར་སོང་། དྲང་པོ་བཤད་ཀྱི་ཡོད། གཞན་ལ་ཕོག་ན་བདེན་པ་ཡིན། ཞྭ་དམར་སྡུག་ཅ་རེད་ཞུ་རྒྱུ་མེད། བོད་པ་སྤྱི་ལ་བཀའ་དྲིན་ཆེ་ཟེར་བའི་ཕྱག་ལས་འདི་གནང་བ་གོ་རྒྱུ་མིན་འདུག
ང་རང་ཨ་ཀོང་རིན་པོ་ཆེ་དྲན་གྱི་འདུག ཁོང་གིས་ད་ཕྲུག་ཉུང་མཐར་སྟོང་ཕྲག་གསུམ་ཙམ་ལ་རྒྱབ་སྐྱོར་གནང་བཞིན་པ་ཡིག་ཆ་བསྟན་རྒྱུ་འདུག
བོད་ཚ་གཡེར་སྒོག། རྒྱ་གར་མ་ས་ལ། ཕྱི་རྒྱལ་བྲོ་སྣ། དགྱ་ནག་དུག་སྣ་སོགས་མ་ཚང་བ་མེད་པའི་རྩོམ་ཡིག་འདི་འདྲ་ལ། ལོ་ཆུང་ཚོ་སྣ་དགོད་ཤོར་ས་ཞིག་ལས། དད་པ་འཕེལ་ཡོང་བསམ་བསམ་ཞིག་མི་འདུག་གོ།
གཏམ་རྒྱུད་ནི་གཏམ་རྒྱུད་རང་རེད། ལུས་ཀྱི་རྒྱ་ཆ་༧༥དོན་ལྔ་ཆུ་ཡིན་པ་རེད། ཆུ་བསྐམས་སོང་ན་རོ་མི་ཡང་རང་ཡང་མིན་ནམ།
སྐུ་འཚོ་བཞུགས་ཀྱི་བྱ་བཞག་ལ་མྱེ་ལྕེ་ཞིག་ལས་མེད་ན། མཛད་པ་ཙམ་ལས་ཕན་པ་ཞིག་མེད་པ་གསལ་པོ་རེད། དེ་ལས། སྤྲུལ་སྐུ་སྐུ་བཞུགས་ཐོག་ལ་མཛད་པ་སྟོན་ཐུབ་ནི་ཞིག་རག་པར་སྨོན་ལམ་ཡོད།
བླ་མ་ཡག་པོ་ཡིན་པའི་ཚད་གཞི་དེ་དགོན་ཆེན་བཞེངས་པ་དང་། འདུས་པ་བསྐྱངས་པ། རང་རིགས་དང་། རང་གི་མངའ་འབངས་ཞེན་པ་ཆེ་ཙམ་ཡོད་དགོས་པ་འདྲ་འདུག
གྲུབ་རྟགས་ཡོད་ན་ཁྲག་རྩ་འགག་དུས་མི་སྟོན་པར་རྗེས་སུ་སྟོན་པ་འདི་གང་ཡིན་ནམ་ཟེར་བ་འདི་ལ་གོ་རྒྱུ་གང་ཡང་མི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱང་སྐྱེ་འཆི་ལ་རང་དབང་ཡོད་ན་སྐུ་འདས་པ་ལས་ཀྱང་མ་འདས་པར་བཞུགས་ན་ཕན་པ་ཆེ་བས་དེ་ལྟར་མི་མཛད་པ་གང་ཡིན་ནམ། སྐུ་འདས་པ་གདུལ་བྱའི་རྟག་འཛིན་ཟློག་ཆེད་ཡིན་ནོ་ཞེ་ན། སྐུ་བཞུགས་ན་དེ་ལས་ལྷག་པའི་དོན་ཆེད་འབྱུང་བ་ཞུ་མི་དགོས་པས་ཅིའི་ཕྱིར་ངེས་པར་དུ་སྐུ་མྱ་ངན་ལས་འདས་དགོས་པ་རེད། དེ་ལྟར་རང་བློའི་འཆར་སྒོ་དང་མཐུན་པའི་སྐྱོན་བརྗོད་རེ་བྱས་པ་དོན་ལ་གནས་པར་སེམས་ན་ཧ་ཅང་ཐལ་མ་ཆེས་སམ།
ཕྱི་རྒྱལ་བ་ཚོར་རོགས་ཕན་བྱས་ཀྱང་གཞན་དོན་རེད། བོད་རིགས་ལ་རོགས་སྐྱོར་བྱས་ཀྱང་གཞན་དོན་རེད། རོགས་ཕན་བྱས་ན་བོད་རིགས་ལ་གནང་དགོས་པ་དང་། དེ་ལྟར་མ་གནང་ན་ཡག་པོ་མེད་མདོག་མདོག་འདི་ལ་རྒྱུ་མཚན་གཏན་ནས་མི་འདུག
ཆོས་རྒྱུད་གཞན་གྱི་བླ་ཆེན་ཚོར་བསྟོད་པ་གནང་ཞིང་། གཞན་དེ་དེ་ལྟར་མིན་པར་བརྗོད་པ་སོགས་གཡོ་ཟོལ་གྱི་སྒོ་ནས་ཆོས་བརྒྱུད་དང་གྲུབ་མཐའི་བར་དུ་དབྱེན་དཀྲུགས་མ་གནང་ན་ལེགས་པར་འདུག
ལར་ཤེས་ཡོན་མེད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། ལེགས་ཆ་གཉིས་དུས་གཅིག་ཏུ་ཉར་འཇོག་མི་ཤེས་པས། གཅིག་བཏོན་གཅིག་ཉར་གྱི་ཕྱག་ལས་གནང་བཞིན་པ་རེད།
དྲི་མེད་ལྷག་བསམ་མཆོག་གིས་ཞྭ་དམར་རིན་པོ་ཆེའི་སྐུ་གདུང་བལ་ཡུལ་དུ་མེ་སྤར་དུ་ཞུས་པར་གནས་ཚུལ་བཀླགས། མཛད་བཟང་ལ་རྗེས་ཡི་རང་བྱེད་འོས།
བལ་ཡུལ་དུ། ཞྭ་དམར་སྤྲུལ་པའི་འཁྲུངས་བརྒྱུད་ཀྱི་འབྱུང་བ་རིང་པོ་ཞིག་ཡོད་པར་སེམས། ༡༩༨༠པའི་དཀྱིལ་ཙམ་དུ། ཀོ་ལམ་བི་ཡ་སློབ་གྲྭ་ཆེན་པོར་སློབ་སྦྱོང་བྱེད་སྐབས། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བའི་བལ་ཡུལ་གྱི་གནས་སྟངས་བྱེད་སྟངས་སོགས་རང་གི་ཉིན་དེབ་ཏུ་བྲིས་པ། ཨ་རིའི་མཁས་པ་ཏོད་ལུ་ཨིས་ལ། ཨིན་སྐད་དུ་འབྲི་བར་བསྒྱུར།
སི་ཏུ་གཙུག་ལག་ཆོས་ཀྱི་ཆོས་སྣང་བས། དེའི་དུས་སུ་ཞྭ་དམར་རྒྱལ་བའི་དབང་པོ་མཆོག་ཏུ་བཀུར་འོས་པར་བྲིས། ལན་གཅིག་བལ་ཡུལ་རྒྱལ་པོས་ནད་ཡམས་རྒྱུན་ཆོད་པར་སྐྱབས་འཇུག་ཞུ་དུས་སུ། ༿ཞྭ་དམར་རིན་པོ་ཆེ༾སྐྱ་ཞབས་རྒྱལ་བའི་དབང་པོས། ངེད་རྣམས་རྫུ་འཕྲུལ་སོགས་སྟོན་ནུས་པའི་རིགས་མིན། ནད་ཡམས་གཅོད་པའི་གཏོ་ཐབས་སོགས་ཀྱང་མི་ཤེས་མོད། འོན་ཀྱང་ནད་ལ་གང་ཕན་གྱི་འདུན་པ་བྱེད། ཅེས་བཀའ་གནང་སོང་། ཞེས་བྲིས། དེས་ན་ཞྭ་དམར་རིན་པོ་ཆེའི་དགོངས་པ་བསྟན་འགྲོའི་དོན་དུ་རྫོགས་པར་གྱུར་ཅིག ཅེས་སྨོན་ནོ།
བསམ་ཤེས་ཀྱི་མྱི་སྐད་ལ་འཐད་དོ།།
ཞྭ་དམར་དགྲ་བོ་འཛིན་མཁན་བོད་པ་རེད། ཞྭ་དམར་བོད་མིའི་སྤྱི་ཚོགས་ནས་རྒྱང་འབུད་བཏང་མཁན་བོད་པ་རེད། དགོས་དུས་ཞྭ་མོ་བྱས་ནས་ཞྭ་ལུང་སྟང་ཀུད་དང་། མི་དགོས་དུས་ལྷམ་བྱས་ནས་སྒོ་འཇུག་གད་སྙིགས་དང་ལྷན་དུ་གཡུགས། ད་དུང་རོགས་རམ་བྱས་མེད་ཚུལ་སོགས་བཤད་པ་ཧམ་བཤད་དང་ངོ་ཚ་ཁྲེལ་གཞུང་བྲལ་བའི་བྱ་སྤྱོད། ལས་འབྲས་ལ་མི་འགྲོ་བའི་གཏམ་འཆལ་འབའ་ཞིག་ལས་གང་ཡོད།
ཀརྨ་བཀའ་བརྒྱུད་པའི་རྒྱལ་བ་ཡབ་སྲས་རྣམས་ཀྱིས་ནང་ནསསྐུ་གཟིགས་ཞྭ་དམར་རིན་པོ་ཆེན་མཆོག་ནི་རང་གིས་རྩ་བའི་བླ་མའི་དམ་ཚིག་སྲུང་ནས་ཅི་གསུང་བཀའ་བཞིན་དུ་སྒྲུབ་མཁན་གྱིས་བླ་མ་རེད་། ཁོང་ད་ལྟར་བར་དུ་སྤྲུལ་སྐུ་འང་ངོས་འཛིན་མང་པོ་བྱེད་མེད་ལ་ཁོང་ལ་རྒྱལ་སྐྱོར་ཡོང་བའི་རེ་བཀུར་ཡང་སུ་ལ་ཞུ་ཉོང་མེད་། ཁོང་ནི་ཀརྨ་བཀའ་བརྒྱུད་པའི་ཆོས་ལུགས་འཛིན་སྐྱོང་བྱེད་པ་ལ་ཆ་སྲིད་དང་ཆོས་སྲིད་སྲེད་མེད་པའི་སྐྱེ་བུ་དམ་པ་ཞིག་རེད་། འདི་འདྲ་འདས་རྟག་བཞག་པ་ནི་སྨོས་ཅི་དགོས
མཁས་དབང་དྲི་མེད་ལྷག་བསམ་ལ་སླར་ཡང་བཀའ་དྲིན་ཆེ་ཞུ།xxxxxx
ཞྭ་དམར་གྱི་སྐུ་ཕུང་། བལ་དར་དམར་པོའི་འོག་ཏུ། བཞུགས་འབུལ་ཐུབ་ཙམ་བྱུང་སོང་། གཞན་གྲུབ་རྟགས་གཞན་གང་ཡང་མཇལ་མ་སོང་། དང་པོའི་་འཆར་གཞི་ལྟར། དིལླིའི་དགོན་པ་དེ་ཡང་། ཕན་མེད་དུ་གྱུར་པ་མཐོང་པ་དང་། མཐའ་ཡས་ཀརྫུན་ཡང་རོ་བསྲེགས་ལ་ཕན་ཙམ་བྱུང་སོང་། འདི་ཡང་ལས་བཟང་ངན་གང་ཡིན་མི་ཤེས་ཀྱང་། དུས་ཚོད་ཀྱིས་ངོ་སྤྲོད་བྱེད་བགྱིད་རེད། བོད་རིགས་དགེ་སློང་སྤྲུལ་སྐུ་ཅིག་གྲོངས་པར་བློ་ཕམ་ཡོད། ཞྭ་དམར་ལགས་ལ། དད་པ་མེད་ལ། མྱ་ངན་གུས་དུད་ཀྱང་མེད་དོ།། །།དགོངས་འགལ་མེད་ཅིག། །།
ཨ་ཕྱི་དང་ངོ་དེབ་སྟེང་ཕྱི་གསལ་ནང་གསལ་སོགས་མིང་བརྫུ་ཕལ་ཆེ་བ་སྒེར་ཁག་མ་ཡིན་ཞིང་སྐབས་འཚོལ་རིང་ལུགས་པ་མི་གཅིག་རེད། མ་ཟད་ཞྭ་དམར་་ཕྱོགས་གཏོགས་པ་ཡིན་ཁུལ་གྱིས་ཆོས་ལུགས་སོགས་སྡེ་པའི་དབར་དབྱེན་དཀྲུགས་ཁོ་ན་ལ་གཉེར་བཞིན་ཡོད་པས་ཕན་ཚུན་ཚང་མས་རི་བོང་ཅལ་འདྲོགས་མ་གནང་བར་མཛོད་རོགས་ཞུ་རྒྱུ་ཡིན། ཀརྨ་པ་ཕྲིན་ལས་རྡོ་རྗེ་རྗེས་འབྲངས་བས་དངོས་ཤུགས་བརྒྱུད་གསུམ་ནས་ཞྭ་དམར་དང་ཁོང་གི་ཀརྨ་པ་ལ་སྐུར་འདེབས་ཀྱི་ཚིག་ངན་བྱས་བསྡད་པ་ངས་གོ་ཐོས་མ་བྱུང་ལ་དྲ་འབུ་མི་ངན་རེ་ཟུང་གིས་ཀརྨ་ནག་རིལ་ཞེས་པའི་ཚིག་འཆལ་ལའང་དོན་འཛིན་མི་གནང་བ་དྲན་འབོད་ཞུ་བཞིན་ཡོད། སྐབས་འཚོལ་བ་དྲ་འབུ་རེ་ཟུང་འདི་ཞ་དམར་དང་ཀརྨ་པ་ལ་དད་ཁུལ་ཡོད་རབས་བསྟན་པ་དེ་ཡང་ཕྱི་མཛེས་འཁོག་སྟོང་ཡིན་བསྡད་པ་བློ་ལྡན་དག་གིས་མཁྱེན་ངེས་རེད། ཡང་སྙིང་སྐབས་འཚོལ་བ་དེ་དག་གི་འདོད་དོན་ནི་ཆོས་ལུགས་དང་དེའི་དབུ་ཁྲིད་དེའི་རྗེས་འཇུག་པ་མཆེད་པོ་དབར་གྱི་འགལ་ཟླ་བཟོ་རྒྱུ་དམིགས་ཡུལ་ཞེ་གཅིག་རེད། དྲ་འབུ་རེ་ཟུང་འདི་དག་ཆོས་ཆོལ་སྲིད་གསུམ་གྱིས་དུག་ཆུ་བཏུང་དྲགས་པའི་ཉེ་ལེན་གྱིས་དྲན་པའི་དབང་པོ་རང་འཚོ་མི་ཟིན་ཅིང་སྨྱོས་ཏེ་གཟིས་བ་རྐྱང་ཡིན་པས་ཕན་ཚུན་དག་སྣང་ནོར་བུ་འོད་ཀྱི་ཀློང་ལ་བཞུགས་རོགས་མཛོད།
ཞྭ་དམར་པ་བོད་པའི་སྤྱི་ཚོགས་ནང་ནས་རྒྱང་ཕུད་བྱས། རྒྱ་མིའི་སོ་བ་དང་ཕོག་གཟན་རེད་ལབ། མི་ལབ་དགུ་དུ་ལབ། ཡིན་ཀྱང་དིང་སང་༧ཀུན་གཟིགས་ཞྭ་དམར་པ་རྒྱ་མིའི་སོ་བ་དང་ཕོག་གཟན་མིན་པའི་བདེན་མཐའ་གསལ་ཡོད།
མ་བྷན་དང་ཁྲམ་པ་ཚོས་བོད་པའི་ཚོགས་ནང་ནས་རྒྱང་ཕུད་དང་མ་ཉེས་ཁ་གཡོག་ཅི་ཙམ་བྱས་ཀྱང་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་ཁ་དགྲ་བོ་གུན་ཁྲན་ལ་འཁོར་ནས་ཕྱིན་མེད། སེམས་བསམ་པའི་གཏིང་ནས་དགའ་པོ་བྱུང་། སྐྱེས་ཕོ་རབ་ཤིག་རེད། འབྲོང་གཡག་ཁེར་འདུག་ཞིག་རེད།
ཞྭ་དམར་ཕོ་རྒོད་ཀྱིས་ཁ་དགྲ་བོ་ཏང་ལ་མ་འཁོར་བར་རང་ཚུགས་བརྟན་པོ་སྲུང་ཐུབ་པ་ནི་ལ་རྒྱ་ཡོད་རྟགས་རེད། ལྟོས་དང་། མ་བྷན་དང་ཁྲམ་པ་ཚོས་མི་རིགས་ཀྱི་ལ་རྒྱ་དོར། རང་བཙན་དོར། ནང་དཀྲུགས་བྱེད། རང་མི་དགྲ་རུ་བཟུང་ནས་ཏང་རྐུབ་ག་ཚོད་ལྡག་བཞིན་མི་འདུག་གམ། འདི་དག་མཐོང་དུས་བོད་པའི་སྤྱི་ཚོགས་ནས་རྒྱང་ཕུད་བྱས་པའི་ཞྭ་དམར་འདི་རྒྱ་གཞུང་གི་རྗེས་སུ་མ་འབྲངས་པའི་རང་ཚུགས་འདིར་བོད་མི་ཚོས་ཤེས་དགོས་ཡོད་ལ་སློབ་སྦྱོང་ན་འགྲིག
སྐྱོན་བརྗོད་དང་བསྔགས་པ་བྱེད་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུ། ཕྲན་གྱི་གླེང་བརྗོད་ནི་དཔྱད་གཞིར་ཕུལ་བ་ལས་ཕྱོག་སུ་ལའང་སྐྱོན་བརྗོད་བྱས་མེད་པས་དགོངས་པར་མཛོད། །
བསམ་ཤེས་ལགས་རྙིང་མའི་ཆས་རྒྱུད་འཛིན་མཁན་ཞིག་ཡིན་པ་འདྲ། ཧ་ཧ་ཧ་ཧ
ཁ་བརྡའི་དྲ་ངོས་ཡང་ཡང་མཐོང་རྒྱུ་ཡོད་པའི་མིང་ཞིག་ཡོད་པ་དེ་༼ ལ་དྭགས་བློ་བཟང་འཇམ་དཔལ ༽ ཟེར་བ་དེ་རེད། ཁོང་ངོ་མ་ཅི་ཞིག་ཡིན་མིན་ང་ལ་ལྐོག་གྱུར་ཞིག་ཡིན་ནའང་མིང་འདི་ང་ལ་རྒྱུས་ཡོད་ཅིག་ཆགས་འདུག དེ་ནི་ཁོང་གིས་མཆན་འདེབས་གྲངས་མང་དྲག་པའི་ཡིན་པར་ངེས།
མཚམས་རེར་ཁོང་པ་རྣམ་དཔྱོད་དང་ཐོས་པ་ཆེ་བའི་དྲང་སྲོང་སེམས་དཀར་ཞིག་ཡིན་འདྲ་ལ། ལན་འགར་ཆགས་སྡང་གི་དུག་ཆུས་བཟི་བའི་ལབ་རྡོལ་ཅན་པ་ཞིག་ཡིན་བསམ་བསམ་ཞིག་ཏུ་མཐོང་།
དེ་རིང་ཡང་སྔ་ཕྱི་མི་མཐུན་པའི་སྨྱོ་ལབ་འགའ་དྲ་ངོས་འདིར་སྤེལ་སོང་ད། ཧཧཧཧ།
བསམ་ཤེས་ལགས་རྙིང་མ་ཡིན་མདོག་གི་རྫུ་ལ་ཞུགས་བཞིན་པ་རེད། མདོར་ན་རང་གི་བསམ་ཚོད་ཙམ་བཤད་རྒྱུ་ལས། གཞན་གྱི་ཁ་ལ་མི་རྒྱུགས་གལ་ཆེན་རེེད། སྔོན་ནས་ད་བར་བློ་སློབ་དང་། ནང་ཁུལ་འཁྲུགས་ནས་ཕོངས་པ་རེད། ད་དུང་དེའི་རྒྱུད་འཛིན་བྱ་རྒྱུ་གལ་ཆེན་ཡིན་པ་འདྲ།
ནང་ཁུལ་གྱི་རྙོགས་གྲ་གང་ཡོད་བཏང་སྙོམས་སུ་བཞག་ནས། རང་ཚུག་མི་འཆོར་བ་ཞིག་གནང་རྒྱུ་གལ་ཆེ་བར་མཐོང་།
་་་་་་་་་་་་་ ཁྱད་པར་འཔགས་པའི་མཛད་པ་ཞིག་ནི། ཞྭ་དམར་པ་རང་ཉིད་ཀྱི་རྟེན་གསུམ་བཅའ་དངོས་ཕྱི་རྒྱལ་དང་། རྒྱ་གར་སོགས་པ་ཡོད་པ་ལྷག་མ་མེད་པར་བསྡུས་ཏེ་ཤར་མི་ནུབ་དགོན་ཏུ་ཐོ་དང་བཅས་སླེབས་ཡོད་པ་དང་། ཕྱོགས་སོ་སོར་ཕྱག་དངུལ་དང་ཁང་པ་ས་ཆ་ཅི་ཡོད་དགོན་པ་དང་ཚོགས་པ་སོ་སོར་པུལ་ནས་སྤོང་དག་ལེགས་པར་མཛད་གནང་འདུག་པ་དང་། སྐུ་གདུང་ཞུགས་འབུལ་བྱེད་པའི་ས་གནས་དང་གཞིས་ལུས་རྣམས་ལ་བླང་དོར་གྱི་ཕྱག་བྲིས་གསལ་བོ་བཞག་འདུག་པ་བཅས་དམ་པ་འདི་ཉིད་ཀྱིས་མ་འོངས་སྔོན་གཟིགས་ཀྱི་མཛད་པ་ཡང་དག་པའོ། ། ་་་་་་་་་་་་་་་་་་་་་་་་
་་་་་སྤོང་དག་ལེགས་པར་མཛད་གནང་འདུག་པ་དང་། སྐུ་གདུང་ཞུགས་འབུལ་བྱེད་པའི་ས་གནས་དང་གཞིས་ལུས་རྣམས་ལ་བླང་དོར་གྱི་ཕྱག་བྲིས་གསལ་བོ་བཞག་འདུག ་་་་་་་་
་་་་་་ ཕྱག་བྲིས་གསལ་བོ་བཞག་འདུག ་་་་་་་་
ཡང་སྲིད་སྐོར་ཕྱག་བྲིས་གསར་པ་ཅིག་དུས་ཐོན་འོངས།
ཨ་རི་ལ་ཕྱག་བྲིས་གཉིས་བཞག་ཡོད་པ་ད་དུང་ཁ་ཕྱེས་མི་འདུག
འུག་པའི་ཧབ་གོད་གསེབ་ནས། བཀའ་རྙིང་དཀྲུགས་པའི་ཐུར་མ་འདུག།
ཀ་རྡོ་ལགས། ཉིད་ཀྱིས་དྲི་བ་དེར་ཕྲན་ཡངདོགས་པ་སྐྱེས་ནས་དྲིས་པ་ཡིན། ཁོང་ཚོས་ཞྭ་དམར་པ་སྐུ་མ་གཤེགས་པའི་སྔོན་ནས་རྒྱལ་ཁབ་སོ་སོའི་བཞུགས་གནས་ཀྱི་རྟེན་གསུམ་ཤར་མི་ནུབ་དགོན་དུ་བསྐྱལ་ཞིང་། ངའི་རྟེན་གསུམ་རྣམས་བཞུགས་ས་དང་མ་འོངས་པར་རྒན་པོའི་རོ་བསྲེག་ས་ཡང་དེར་མཛོད་ཅེས་པའི་ཕྱག་བྲིས་ཞིག་ཡོད་ཟེར། ད་དུང་ཨ་རིའི་ཚོགས་གཙོ་ཞིག་གི་ལག་ཏུ་ཡི་གེ་གཉིས་བཞག་འདུག་ཟེར། གནས་ཚུལ་གཞན་ཞིག་ཟླ་ཤས་སྔོན་ཞྭ་དམར་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་དམ་ཞིང་སྐྱོང་སེངྒེའི་གདོང་ཅན་གྱི་སྨན་སྐུའི་མདུན་བསྐང་གསོ་གཏོང་དུས་སྐུ་གཡོ་འགུལ་དང་་སྒྲ་ཞིག་གྲགས་པ་དང་། ཞྭ་དམར་པས། ཨོ་ཡ། ད་ཞིང་སྐྱོང་དབང་པོས་བདེབ་ཅན་དུ་ཤོག་ཟེར་བའི་བརྡ་བསྟན་སོང་གསུངས། གྲྭ་བ་ཞིག་གིས་ཁྱོད་ཕེབས་དུས་ང་ཡང་མ་སྐྱུར་ཞུས་དུས། ངའི་རྨི་ལམ་ངང་དུ་ཁྱོད་མཉམ་དུ་འགྲོ་ཐུབ་བམ་ཟེར་ནས་ཞལ་རྩེད་གནང་སོང་པས། རྨི་ལམ་འོད་གསལ་ངང་ཕེབས་རྒྱུ་ཡིན་ཆགས་ཀྱིས་དོ་སྣང་མ་བྱུང་ཟེར། དེ་རྗེས་ཕྱོགས་གང་དུ་སོང་ཡང་མི་རྟག་པའི་སྐོར་ཤ་སྟག་གསུང་། གཤེགས་པའི་སྔ་ཉིན། འདི་ངའི་ཟས་ཀྱི་ཐ་མ་ཡིན་གསུངས། གཤེགས་དུས་ཕྱི་ལུགས་སྨན་པས་སྙིང་རྩ་ཞན་པས་ཁྲག་རྒྱུ་མ་ཐུབ་པའི་སྐོར་བཤད་ཀྱང་། བོད་ལུགས་ལྟར་ན། སྐུ་དྲང་པོར་བསྲངས། དྲན་པ་མངོན་དུ་བཞག་ནས་ཞལ་ནས་ཧིག་ཅེས་པའི་སྒྲ་དང་བཅས་འབོལ་ལ་བསྙེལ་ནས་གཤེགས་པའི་ལོ་རྒྱུས་བཤད་རྒྱུ་འདུག རང་ཉིད་ལ་འདི་ལྟར་བརྗོད་པའི་ཁུར་མེད་ཀྱང་བོད་པ་རྣམས་ལ་ཁོང་གི་སྐོར་བཤད་མཁན་ཉུང་པས་བརྒྱུད་ལམ་ཁ་ཤས་ནས་མི་དུ་མར་དྲིས་ཏེ་དཔྱད་གཞིར་ཕུལ་བ་ལགས།
དྲི་མེད་ལྷག་བསམ་ལགས་ཀྱིས་གསུངས་པ་བདེན་པ་ཡིན་ཚེ། སྨན་པ་སྐད་བཏངས་པ་དེ་ནོར་འཁྲུལ་ཚབས་ཆེན་ཅིག་རེད། སྔོན་ནས་དག་ཞིང་དུ་ཕེབས་པའི་རྟགས་མཚན་གསལ་པོ་ཡོད་བཞིན་དུ་སྨན་པ་སྐད་གདན་འདྲེན་ཞུས་པ་དེ་ཤིན་ཏུ་ནས་ནོར་འཁྲུལ་རེད། ངས་བལྟས་ནས་ནོར་འཁྲུལ་ཚང་མ་ཞབས་གཡོགས་ཚོར་ཡོད་པ་འདྲ། །
# 22 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
August 7th, 2014 at 8:28 AM
ཡང་སྲིད་སྐོར་ཕྱག་བྲིས་གསར་པ་ཅིག་དུས་ཐོན་འོངས།
# 23 དྲི་མེད་ལྷག་བསམ།་ལགས་ཀྱིས་མཆན་བཏབ་པ།:
August 7th, 2014 at 8:43 AM
ཨ་རི་ལ་ཕྱག་བྲིས་གཉིས་བཞག་ཡོད་པ་ད་དུང་ཁ་ཕྱེས་མི་འདུག
ཕྱག་བྲིས་གཅིག་བཞག གཉིས་བཞག གསུམ་བཞག ད་སུ་ལ་ཡིད་ཆེས་བྱེད་དགོས་རེད། ལགས།
དུས་བབ་ལས།
་་་་་་་ཐའེ་ལན་ཌི་བཅས་ནས་ཕེབས་པའི་དད་ལྡན་རྗེས་འཇུག་པ་ ༢༠༠༠༠ ལྷག་འཛོམས་ཡོད་འདུག ་་་་་་
ཞེས་པ་དང་།
་་་་་་ ཐམས་ཅད་སྤྱི་སྡོམ་བླ་སྤྲུལ་མཁན་པོ་༡༠༠། དགེ་འདུན་སུམ་སྟོང་། འདུས་པ་འབུམ་གཉིས་ལ་ཉེ་བ་བྱུང་འདུག ་་་་་
གོང་གི་མི་གྲངས་ཁྲི་༼༢༠ ༠༠༠༽གཉིས་དང་། ཁྱེད་ཀྱི་འབུམ་༼༢༠༠ ༠༠༠༽གཉིས། སུ་དག་པ་རེད། དྲི་མེད་ལྷག་བསམ་ལགས།
དྲང་པོར་བཤད་ན། ཞ་དམར་དང་སི་ཏུའི་དམག་འཁྲུག་དེ་བརྙན་འཕྲིན་ནང་མཐོང་སྐབས་མི་དེ་རིགས་ལ་བླ་མའི་འདུ་ཤེས་བསླེབས་རྒྱུ་ཕར་བཞག་དེ་བས་འཇིགས་སྐུལ་རིང་ལུགས་པ་ཞིག་ཡིན་པའི་ཚོར་སྣང་སྤྲོད་ཀྱི་འདུག དགོན་སྡེ་མེ་རུ་བསྲེགས། གྲ་བ་ནང་ཁུལ་འཐབ་འཛིང་བྱས། དེ་དག་གྲུབ་རྟགས་ཡོད་མཁན་དང་ཀུན་གཟིགས་རྣམས་ཀྱིས་མཛད་པ་ཞིག་ཨེ་རེད།
ང་ནི་ཞྭ་དམར་རིན་པོ་ཆེ་བཀའ་བརྒྱུད་པའི་བླ་ཆེན་མཐོ་ཤོས་དྲས་ཡིན་པ་ཙམ་ལས་གཞན་གནས་ཚུལ་ཞིབ་ཚགས་གང་ཡང་ཤེས་ཀྱི་མེད། དེར་བརྟེན་ཆོས་ལུགས་དང་ཆབ་སྲིད་གཉི་གའི་ཕྱོགས་ནས་བསམ་གཞིག་ཡག་པོ་གནང་ན་འདི་འདྲའི་གང་ཟག་ལ་ཁ་ངན་ཚིག་ངན་བེད་སྤྱོད་མང་པོ་གནང་ན་ཆོས་ལུགས་ཀྱི་དགོངས་དོན་དང་རྩ་འགལ་ཆགས་ཀྱི་ཡོད་པ་མ་ཟད། སྲིད་ཕྱོགས་ནས་བསམ་ན་བོད་མི་ནང་ཁུལ་ལ་མཐུན་སྒྲིལ་མི་ཡོང་རྒྱུའི་འགག་རྩ་ཆགས་ཀྱི་ཡོད་པ་ཤེས་དགོས། འོན་ཀྱང་ཁོང་ལ་སྐྱོན་ཆ་ཆེན་པོ་འདྲ་ཞིག་ཡོད་ན་ངེས་པར་དུ་ཐེར་འདོན་དགོས་པ་ལས་དག་སྣང་སྦྱོང་དགོས་ཟེར་གྱི་མེད། ཁོང་ལ་སྐྱོན་ཆེན་པོ་འདྲ་ནི་བཤད་རྒྱུ་མི་འདུག། ཕྱི་རྒྱལ་ལུང་བ་ལ་ཆོས་ཚོགས་འདྲ་བཙུགས། ཆོས་བཤད་ཉམས་ལེན་འདྲ་གནང་ནས་ཕྱི་རྒྱལ་ལུང་བ་འདི་འདྲ་ལ་ཡང་གྲྭ་བ་མ་ལོག། མགོ་སེར་མའི་རྙོག་དྲ་ལབ་རྒྱུ་གླེང་རྒྱུ་མེད་པར་གྲྭ་བའི་རྟེན་ལ་རང་གི་མི་ཚེ་མཐའ་འཁྱོལ་ཐུབ་པ་དེ་རྩ་ཆེན་པོ་ཞེ་དྲགས་རེད། གྲུབ་རྟགས་ཟེར་ན་དེ་ཚོ་རེད་མ་གཏོགས་གཞན་གྱི་གྲུབ་རྟགས་དགོས་ཡ་ཡོད་པ་མ་རེད། ལྷག་པར་དུ་དེང་སང་གཞོན་སྐྱེས་ཚང་མ་རིག་པ་རྣོ་རུ་དང་སློབ་སྦྱོང་རྩེ་མོར་སོན་པའི་སྐབས་འདིར་ཞྭ་དམར་རིན་པོ་ཆེ་ལ་དད་པ་ཡོད་མཁན་ཚོའི་ཀྱང་དད་པ་ཡོད་ཟེར་ནས་རྨོངས་དད་རིགས་བགྲངས་བསྡད་ན་ཕན་ལས་གནོད་བ་ཆེ་བ་ཤེས་དགོས།
ཞྭ་དམར་རིན་པོ་མ་གཤེགས་པའི་སྔོན་ནས་ལྡི་ལི་དང་། ཀ་ལོན་སྦུག དེ་བཞིན་བལ་ཡུལ་སོགས་ནམ་རྒྱུན་བཞུགས་གནས་གཟིམས་ཤག་སོ་སོ་ནས་བཅའ་དངོས་ཡོངས་རྫོགས་གཙང་མ་བྱས་གནང་འདུག ད་དུང་ཁོང་གིས་ད་ང་ལ་འདི་ཚོ་དགོས་མཁོ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་སྐབས་དེར་ཡོད་པའི་ཞབས་ཞུ་བ་ཁ་ཤས་ཀྱི་གང་ཡིན་ནམ་སྙམ་པའི་དོགས་པ་ཟས་བ་ཙམ་ལས་དགོངས་པ་རྫོགས་རྒྱུའི་སྔོན་བརྡ་ཡི་པར་མཁྱེན་མེད་པ་འདྲ། དེ་ནས་ཟླ་ཤས་ཀྱི་རྗེས་སུ་འཇར་མི་ནེའི་རྒྱ་ཁབ་ཏུ་ཆོས་ཚོགས་ཁག་ལ་གསུང་ཆོས་མང་པོ་ཞིག་གནང་གྲུབ་རྗེས་ཉིན་ཞིག་ཁོང་གིས་ནམ་རྒྱུན་བྱུང་མ་མྱོང་བ་ཞིག་ལ། ཁོང་གི་གཅེན་པོ་སྲས་འཇིགས་མེད་རིན་པོ་ཆེ་ལ་དེ་རིང་ཉིན་གུང་ཞལ་ལགས་དེ་ཟ་ཁང་ནང་དུ་མཆོད་དགོས་ཡོད། ཁྱེད་རང་ཡང་མཉམ་དུ་འགྲོ་དགོས་གསུང་བ་བཞིན་ཁོང་རྣམ་གཉིས་ཟ་ཁང་གྲགས་ཅན་ཞིག་གི་ནང་ཕེབས་པ་ཙམ་དུ་མ་ཟད་སྐབས་དེར་ནམ་རྒྱུན་དང་གཏན་ནས་མི་འདྲ་བ་ཞལ་ལག་ཧ་ཅང་མང་པོ་བླངས་ནས་ཐེངས་གཉིས་མཆོད་གྲུབ་པ་དང་། ངའི་ཟ་ཁང་ནང་གི་ཁ་ལག་མཐའ་མ་ཡིན་གསུངས་ཡོད་འདུག་ཡོད་འདུག དེའི་ཕྱིན་ཉིན་དེར། དེ་རིང་ཉིན་གུང་ཤ་མེད་ཁ་ལག་ཡིན། དེ་རིང་དགོང་བཅད་ཡིན་ཞེས་གསུང་ཡོད་འདུག དེའི་ཕྱི་ཉིན་ཞོགས་པར་ཁོང་རྣམ་གཉིས་ཀྱི་ཞོགས་ཇ་ཡོངས་སུ་གྲུབ་རྗེས་གཟིམས་ཤག་གི་སྒོ་ཕྱིའི་ཁྱམས་སུ་ནམ་རྒྱུན་ལྟར་ཞལ་འདོན་གནང་བཞིན་བཞུགས་བཞིན་སྐབས་སུ་འཇམ་ཐིང་ངེར་གཤེགས་ཡོད་འདུག ཉིན་བཅུ་ཙམ་གྱི་སྔོན་དུ་སྲས་འཇིགས་མེད་ལགས་སུ་ཁྱེད་རང་སྤྱི་ཟླ་བདུན་པའི་ནང་དུ་རྒྱ་གར་ལ་འགྲོ་དགོས་ཡོད་དམ་ཞེས་དྲི་བ་གནང་བའི་ལན་དུ། སྤྱི་ཟླ་བཅུ་པའི་ནང་མ་གཏོགས་རྒྱ་གར་ལ་འགྲོ་དགོས་མེད། དེའི་བར་དུ་ཡུ་རོབ་ཆོས་ཚོགས་ཁ་ཤས་སུ་ཆོས་བཤད་རྒྱུའི་འཆར་གཞི་བཟོས་ཟིན་པ་ཡིན་ཞུས་འདུག ཁོང་གི་གཏན་གཏན་འགྲོ་དགོས་ཁེལ་གྱི་རེད་གསུངས་ཡོད་འདུག དེ་ནས་ཏག་ཏག་སྲས་འཇིགས་མེད་རིན་པོ་ཆེ་ཁོང་ནི་སྐུ་གདུང་གདན་ཞུའི་ཆེད་དུ་སྤྱི་ཟླ་བདུན་པའི་ནང་དུ་རྒྱ་གར་ལ་ཕེབས་དགོས་བྱུང་དུས་གཞི་ནས་ཁོང་གིས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་ཡིན་པར་ངོས་ཟིན་ཡོད་འདུག ད་དུང་དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཡོད་ངེས་སུ་འདུག་ནའང་ཁ་གསལ་པོ་མ་ངེས། གོང་ཞུས་གནས་ཚུལ་དེ་དག་ནི་འཇིགས་མེད་རིན་པོ་ཆེ་རང་གིས་ང་དང་འབྲེལ་ཡོད་ཁ་ཤས་ལ་གསུངས་སོང་།
ཞྭ་དམར་རིན་པོ་ཆེས་སྐུ་གཤེགས་སྐབས་གྲུབ་རྟགས་ཡག་པོ་བསྟན་སོང་།
གོང་ལ་གུས་པའི་མཆན་དེས་རྣ་ལ་ཕོག་པ་དང་དབུ་ལ་ཕོག་པ། དེ་བཞིན་ཐུགས་ལ་ཕོག་མཁན་བྱུང་འདུག་པས། ཚང་མར་ཐུགས་དགོངས་པ་རྒྱ་ཆེ་ཙམ་དང་། རྒྱབ་མདུན་གཉིས་ཀར་གཟིགས་ནས་སྐད་ཆ་གསུངས་རོགས་ཞུ་རྒྱུ་ཡིན།
དྲི་མེད་ལགས་གསན་རྒྱ་ཆེ་ཞིང་། རྣམ་དཔྱོད་ཡངས་བ། ཕྱོགས་ལྷུང་བྲལ་ཞིང་། ལྷག་དོན་གཙིགས་ཆེ་ཆུང་མཁྱེན་མཁན་གྱི་ཁ་བརྡའི་རྒྱན་ཞིག་རེད། ཁོང་གིས་མཆན་གྱི་ནང་ལ་འདི་ངས་བསྡུས་པ་ཡིན། དཔྱད་གཞི་ཡིན་གསུངས་པ་ལས། འདི་ངའི་ལྟ་བ་ཡིན། བདེན་པ་ཡིན། ཁྱོད་ཚོས་ཡིད་ཆེས་བློས་འགེལ་བྱེད་གསུངས་མིན་འདུག བྱས་ཙང་མཁས་པ་དང་ཕལ་པ་འདྲ་ས་མིན་འདུག་སྙམས་ནས་བློ་དཀྱེལ་ཡངས་པོས་མཆན་འདི་བཏབ་པ་ཡིན།
དེ་བཞིན་ང་རང་རྙིང་མ་ཡིན་མདོག་མདོག་གིས་གོང་གི་རྙིང་མའི་སྐྱབས་རྗེ་གཉིས་ཀྱི་མཚན་བཏོན་པ་མིན། འོ་ན་ཅིའི་ཕྱིར་རྙིང་མའི་བླ་ཆེན་གཉིས་ཀྱི་མཚན་བཏོན་ནམ། རྒྱུ་མཚན་ཅི་ཟེར་ན། གོང་གི་གསང་སྔགས་རྙིང་མའི་སྐྱབས་རྗེ་གཉིས་ཀ་ཀརྨ་པ་ཡང་སྲིད་གཉིས་ཀར་གཟིགས་ཚུལ་ཡག་པོ་ཡོད་པ་དང་། གཅིག་བླངས་གཉིས་དོར་གནང་བ་གོ་མྱོང་མེད། དེ་བཞིན་གཅིག་བོད་ལ་མཛད་པ་ཆེ་བ་དང་། གཅིག་ཤོས་བཙན་བྱོལ་ལ་མཛད་པ་ཆེ་བས་ཡིན།
ང་རང་སྒེར་གྱི་བསམ་ཚུལ་ལ། གསང་སྔགས་རྙིང་མ་ནི་བོད་རྒྱལ་ཁབ་ཀྱི་གཞུང་གི་ཆོས་ལུགས་ལྟ་བུར་བརྩི་གུར་ཞུ་བར་བྱེད། རྒྱུ་མཚན་ཅི་ཟེར་ན། བོད་རང་དབང་དང་ཆོལ་གསུམ་ཆིག་སྒྲིལ། རྒྱལ་ཁབ་དར་བའི་སྐབས་ལ། བོད་ཀྱི་བཙན་པོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ཆེན་པོའི་མདུན་ལམ་ལ་བསམ་ཤེས་ཟབ་མོ་གནང་ནས་རྒྱ་གར་ནས་གདན་འདྲེན་ཞུས་པའི་ཆོས་ལུགས་ཤིག་ཡིན་ཞིང་། ཆོས་རྒྱུད་དེ་བོད་རྒྱུད་ནང་པ་རྣམས་ཀྱི་མ་ཕྱི་ལྟ་བུ་རེད།
ངས་སྔོན་མ་མཆན་རིང་མོ་ཞིག་གི་ནང་ལ་གསལ་པོ་བཀོད་ཡོད་ལ་འདིར་དྲན་སྐུལ་ཞུས་ན། གསང་སྔགས་རྙིང་མའི་བྱིན་རླབས་ཞུགས་མེད་པའི་བོད་ཀྱིས་ཆོས་བརྒྱུད་ཅིག་སྟོན་རོགས་གནང་། སྔོན་མ་འདྲི་བ་འདི་ཕུལ་སྐབས། རྟོག་གེ་བ་ཞིག་གིས། དགེ་ལུགས་ཆོས་ཅན། རྙིང་མའི་རྒྱུད་པ་ཡོད་པར་ཐལ། བོད་བརྒྱུད་ནང་པ་ཡིན་པའི་ཕྱིར་ཞེས་རྟགས་བསལ་བཀོད་བྱུང་། ངས་དེའི་ལན་ལ། ལམ་རིམ་གྱི་ཞི་ལྷག་སྐོར་གྱི་ལེའུ་ཆོས་ཅན། སྒོམ་རིམ་བར་མ་གཙོ་བོར་གསལ་འདོན་བྱེད་པར་ཐལ། དེ་རྙིང་མའི་བརྒྱུད་པ་ཡིན་པའི་ཕྱིར་ཞེས་དྲན་གསོ་ཞིག་བཏང་བ་ཡིན། དེ་བཞིན་རྗེ་རིན་པོ་ཆེས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་ཕྱག་རྡོར་གྱི་ཆོས་སྐོར་རྣམས་རྙིང་མའི་ཆོས་སྐོར་མིན་ཞེས་ཇི་ལྟར་ཁུངས་སྐྱེལ་དགོས་ཞུས་པ་ད་ལྟའང་དྲན།
ལྷག་པར་དུ། འདིར་དྲན་གསོ་གཏོང་དགོས་པ་ནི། ཆོས་ལུགས་ནི་སུ་གཅིག་ལ་བདག་པ་མིན་ལ། སུ་གཅིག་གིས་བེད་སྤྱོད་བཏང་ནས་མི་རིགས་ཀྱི་ཁེ་ཕན་གཏོར་མི་རུང་།
ང་རང་གཟུར་གནས་མིན་ལ་ཡིན་ཁུལ་བྱེད་མྱོང་མེད། ང་རང་བོད་སྤྱི་པའི་ཁེ་ཕན་གཙོ་བོར་བལྟོས་ནས་མཆན་འབྲི་བཞིན་ཡོད་ལ། དེ་མ་གཟིགས་ན། ༢༠༠༨ནས་ད་བར་བཏབ་པའི་གུས་པའི་མཆན་རྣམས་ལ་གཟིགས་ཤིག
ངས་གོང་གི་མཆན་ནང་ལ་ཡང་དེའི་རྣམ་པ་སྟོན་ཡོད།
བསམ་ཤེས་ཀྱི་མཆན་གྱི་ནང་དུ་ཚིག་འདི་འདྲ་ཞིག་འདུག ༼ལམ་རིམ་གྱི་ཞི་ལྷག་སྐོར་གྱི་ལེའུ་ཆོས་ཅན། སྒོམ་རིམ་བར་མ་གཙོ་བོར་གསལ་འདོན་བྱེད་པར་ཐལ། དེ་རྙིང་མའི་བརྒྱུད་པ་ཡིན་པའི་ཕྱིར་ཞེས་དྲན་གསོ་ཞིག་བཏང་བ་ཡིན། དེ་བཞིན་རྗེ་རིན་པོ་ཆེས་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་ཕྱག་རྡོར་གྱི་ཆོས་སྐོར་རྣམས་རྙིང་མའི་ཆོས་སྐོར་མིན་ཞེས་ཇི་ལྟར་ཁུངས་སྐྱེལ་དགོས་ཞུས་པ་ད་ལྟའང་དྲན།༽
དང་པོ། ལམ་རིམ་ཆེན་མོའི་ལྷག་མཐོང་སྐབས་ཀྱི་ལྟ་བ་དེ་སྒོམ་རིམ་གྱི་རྗེས་སུ་འབྲང་བ་ཞིག་དན་དན་ཡིན་ས་རེད།
གཉིས་པ། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་དྲུང་ནས་ཕྱོག་རྡོར་ཆོས་སྐོར་གསན་པ་ཞིག་བཤད་འདུག དེ་དང་འབྲེལ་ནས་ངས་ཡོ་ག་ཉི་མ་མདའ་འཕེན་ཟེར་བའི་ཡོ་ག་ཅིག་སྦྱང་མྱོང་། ཡོ་ག་དེ་ནི་རྗེ་རིན་པོ་ཆེ་བར་སྐབས་ཤིག་ལ་སྟོད་གཟེར་བྱུང་སྐབས། གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་བརྒྱུད་པ་རེད་ཟེར། ཡོ་ག་དེ་ཤིན་ཏུ་ཕན་པོ་བྱུང་བ་རེད་ཟེར། ད་དུང་ཡང་དགེ་ལུགས་པའི་ཁྲོད་ན་སློབ་གཉེར་བ་དེ་ཚོས་གཅིག་གིས་གཅིག་ལ་བརྒྱུད་ནས་ཡོ་ག་ཉི་མ་མདའ་འཕེན་ཟེར་བ་ཞིག་སྦྱང་གི་འདུག འོན་ཀྱང་ཡོ་ག་འདི་ཅི་ལྟར་བྱུང་བ་རྗེའི་རྣམ་ཐར་དག་ལས་མཇལ་མ་མྱོང་།།
མཆན། 27་པ་ཀ་རྡོ་ཕྱག་གཉེར་ལགས། ཉིད་ཀྱི་དྲི་བ། ཐམས་ཅད་སྤྱི་སྡོམ་བླ་སྤྲུལ་མཁན་པོ་༡༠༠། དགེ་འདུན་སུམ་སྟོང་། འདུས་པ་འབུམ་གཉིས་ལ་ཉེ་བ་བྱུང་འདུག ་་་་་
གོང་གི་དུས་བབ་ལས་མི་གྲངས་ཁྲི་༼༢༠ ༠༠༠༽གཉིས་དང་། ཁྱེད་ཀྱི་འབུམ་༼༢༠༠ ༠༠༠༽གཉིས། སུ་དག་པ་རེད། ཞེས་པར། གྲངས་ངེས་གཏན་ཞུ་རྒྱུ་མི་འདུག གདུང་མཇལ་ཉིན་གསུམ་ཆུ་ཚོད་༡༦་ཡུན་འཚང་ཀ་ཤིག་ཤིག་བར་མ་ཆད་པར་བྱུང་བ་བཤད་པ་དང་། ཉེ་ཤང་བླ་མ་ཤེས་རབ་ཞུ་བས་ཉི་ཤང་མི་རིགས་ཀྱི་ཚོགས་པ་ཆེ་ཆུང་གི་དབུ་ཁྲིད་དང་མི་གྲངས་ཕལ་ཆེར་བརྒྱ་ཆའི་ལྔ་བཅུ་སླེབས་ཡོད་གསུང་སཔ་ལྟར་ན་གྲངས་མང་པོའི་ཕྱོགས་ལ་བདེན་ཤེས་ཆེ་བས། གདུང་མཇལ་མཁན་འབུམ་གཉིས་བྱུང་བ་དང་། མེ་མཆོད་འབུལ་སྐབས་དུས་བབ་དུ་བཀོད་པའང་གྲངས་དངོས་ལ་ཉེ་བ་ཡོད་དམ་སྙམས། འདི་དག་ལ་རྙན་འཁོར་ཡང་མི་རིང་བར་བཟོ་རྩིས་ཡོད་པ་གོ་བས་དེ་དུས་ཤེས་ཐུབ། བླ་སྤྲུལ་དང་དགེ་འདུན་གྲངས་སྐུ་འགྱེད་འབུལ་མཁན་དྲུང་རམ་རྒྱ་སྤྲུལ་གྱི་སློབ་མ་ཞིག་གིས་གསུངས་བྱུང་། ཤར་མི་ནུབ་དགོན་པར་ལམ་ཁ་གསུམ་ཡོད་པར་འཚང་ཀ་བརྒྱབ་ནས་སྐར་མ་༡༥་ལམ་ལ་ཆུ་ཚོད་གཅིག་འགོར་ཟེར་བ་དེ་ལ་གཞིག་ཀྱང་མི་ཚོགས་ཤིན་ཏུ་ཆེ་བ་སྨྲོས་མེད་དོ། །
ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་འདས་ནས་གྲུབ་རྟགས་ཡག་པོ་བསྟན་སོང་། ཡི་རང་ཡོད། སྨོན་ལམ་བཏབས་ཡིན༎ ཞྭ་དམར་པ་མཁྱེན་ནོ།།
ཞྭ་དམར་སྐུ་འཚོ་བ་ལས་གཤེགས་པ་གཟི་བརྗིད་ཆེ་སོང་། ད་རེས་ཀརྨ་མཐའ་ཡས་རྡོ་རྗེའི་མདུན་ལམ་ལ་ཡང་ཕན་ཐོག་ངེས་ཅན་ཞིག་བྱུང་ཡོད་། སྐུ་གཞན་དོན་དུ་གཤེགས་ཟེར་ན་ཆོག་པ་ལ།
ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ནི་བོད་མིའི་བླ་ཆེན་ཁྲོད་ནས་གྲགས་འགུལ་ཆེ་བ་དང་ཤར་ནུབ་སྐྱེ་འགྲོའི་དཔལ་དུ་ཤུགས་རྐྱེན་ཟབ་མོ་ཡོད་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཤེས་རྟོགས་བྱུང་།
ལོ་རྒྱུས་ཀྱི་འབབ་རྒྱུན་རིང་བའི་དེ་རིང་གི་ཞྭ་དམར་རིན་པོ་ཆེ་ནི་གཟི་བརྗིད་དང་བཅས་ཏེ་བདེ་བར་གཤེགས་སོང་བར་རྒྱུན་ལྡན་ནས་འུར་ཟིང་ལ་དགའ་བའི་དྲྭ་འབུ་འགའ་རེས་ཁོང་པར་ནག་པོ་བཟོ་རྒྱུར་འབད་འབུང་བགྱིས་སོང་ཡང་གཞི་མེད་ལ་སུ་ཡིས་རྩིས་ཐང་མེད་ཙང་ཁོ་ཚོས་གདོང་རིས་ལྷང་ལ་བུད་པ་ཙམ་ལས་ཀུན་གཟིགས་བླ་མ་སོང་གི་མཛད་རྗེས་དེ་ཉིན་རེ་ནས་བོད་མིའི་ཁྲོད་དུ་གསལ་ཁ་གཏོད་པ་དང་ཨ་ན་མ་ན་ཆགས་འདུག
ཆེ་ས་ནས་བཙན་བྱོལ་རང་གཞུང་དབུས་པའི་རྒྱལ་ཁབ་དང་བླ་ཆེན་མི་ཆེན་གྱིས་མྱ་ངན་དང་གདུང་སེམས་མཉམ་སྐྱེད་ཞུས་སོང་ལ་ཀརྨ་པ་འཕྲིན་ལས་རྡོ་རྗེ་ཡང་འཁོར་བཅས་པས་འདས་མཆོད་འཚོགས་སྟངས་བསམ་ན་ཁོང་ཉིད་ལ་དཀར་འདོན་བྱེད་པའམ་དགོངས་དག་ཟེར་བ་དང་གཉིས་སུ་མེད་པར་གྱུར། བྱས་དུས་ཀུན་གཟིགས་བླ་མ་འདི་ཡིས་ད་བར་གནང་བའི་ཕྱག་ལས་དེ་དག་བསྟན་འགྲོ་དང་མི་རིགས་ལ་སྨན་ངེས་སོང་ཡོད་པར་གོ་བརྡ་སྤྲོད་ཀྱི་ཡོད་ནའང་མི་ཀླད་མེད་ཞབས་ཆུང་དེ་ཚོས་ད་དུང་ཤེས་རྟོགས་བྱུང་མེད་པའམ་བྱུང་ཡང་མ་ཤེས་མདོག་གིས་སྒྲོ་སྐུར་ཚབ་ཆེན་བྱེད་མཁན་འདི་རིགས་ནི་ནམ་ཡང་བོད་མིགས་ཀྱི་དགྲ་བོ་ཡིན་ལ། རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་ལ་དགའ་མདོག་དང་དད་མདོག་སྟོན་ཀྱང་དོན་དུ་ཁོང་གི་བཀའ་དང་རྒྱབ་འགལ་བྱེད་མཁན་ཡིན་པས་ནམ་ཡང་བསྟན་སེལ་སྡེ་འཁྲུགས་སློང་མཁན་ཡིན་པར་ཤེས་རྟོགས་ཐུབ་དགོས།
མདོར་ན་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་འདས་རྟགས་དེ་འདྲ་ད་སྔོན་xxxབཞགས་མེད་ལ། དེང་དུས་ཀཾ་ཚང་བཀའ་བརྒྱུད་པའི་ནང་ནས་ལེགས་ཤོས་དང་ཁྱབ་སྲིད་བླ་མ་རང་སྲོག་གཅོད་པ་ལས་ཆོས་བཞིན་འདས་ནས་ཤར་ནུབ་ཏུ་སྐུ་ཕུང་མཆོད་མཇལ་གནང་བར་བོད་ཀྱི་ལོ་རྒྱུས་ནང་དཀོན་པོ་རེད་ཞུས་ན། ཆོས་ཚོགས་ཆིག་སྟོང་དགུ་བརྒྱ་ལྷག་གིས་གདུང་སེམས་མཉམ་བསྐྱེད་གནང་འདུག
དྲང་བདེན་དང་ཡིན་མདོག་འཁྲབ་མཁན། ཡུན་རིང་ཁ་བརྡ་དྲྭ་བའི་ནང་གི་མཆན་པ་རེ་ཟུང་གི་རང་མདོག་དེ་མངོན་་ཡོང་གི་འདུག་་་་ཧ་ཧ་ཧ་ཧ་ཧ་ཧ་་
གཏམ་སྣ་ཚོགས་ཀུན་རྟོག་གི་རི་མོ།
མཁས་དབང་སྟོབས་དགའ་རིན་པོ་ཆེ།
༄༅། །དཔལ་སྤུངས་སི་ཏུ་པད་མ་དོན་ཡོད་ཉིན་བྱེད་ཀྱི་མགུལ་བསྲུང་རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེའི་འདའ་ཁའི་ཞལ་ཆེམས་སུ་གནས་གྱུར་པའི་ཡིག་ཆ་ལས་འཕྲོས་པའི་གཏམ་སྣ་ཚོགས་ཀུན་རྟོག་གི་
རི་མོ་ཞེས་བྱ་བ།
གླེང་བརྗོད།
༈ ཡིག་ཆ་འདི་འབྲི་དགོས་པའི་རྒྱུ་མཚན་ནི། སི་ཏུ་རིན་པོ་ཆེ་དང་ རྒྱལ་ཚབ་རིན་པོ་ཆེ་གཉིས་གཙོས་དྲག་རིམ་ འཁོར་ ཡང་འཁོར་དང་བཅས་པས་ ཕྲན་ལ་ བསྙད་འཚོལ་ བསྙོན་འཛུགས་སྔ་ཕྱིར་བྱས་པ་ལ་གཏམ་ལན་སྤྲོད་འདོད་ཀྱི་བློ་ཁོང་དོག་པོའི་ངང་ནས་བྲིས་པ་ཞིག་མིན། རང་ཉིད་སྐྱོན་ཀུན་ཟད་དང་ ཡོན་ཏན་ཀུན་ལྡན་ཞིག་ཡིན་རྒྱུའི་ངོས་སྦྱོར་གྱི་ཆེད་དུ་བྲིས་པ་ཞིག་ཀྱང་མིན་ལ་ འདིར་རྩུབ་མོའི་བརྗོད་པ་གང་འཚམས་ཤིག་བྱུང་བ་དག་ཀྱང་ གྲུབ་མཐས་བློ་མ་བསྒྱུར་བའི་གང་ཟག་ཐ་མལ་པ་དག་ལ་འཆར་དུ་རུང་བའི་ངན་སེམས་སྒེར་རྟོག་ཉག་གཅིག་གིས་བཅིངས་ནས་སྨྲས་པའང་མིན། གང་ལྟར་ རྒྱལ་དབང་ཀརྨ་པའི་ཁྱབ་ཁོངས་ཚོས་རྒྱལ་མཆོག་རིག་པའི་རྡོ་རྗེའི་ཡང་སྲིད་ཀྱི་སྐོར་ལ་བདེན་པའི་གནས་ཚུལ་གང་ཡིན་པ་དེ་ཇི་བཞིན་མ་ནོར་བར་ཤེས་གོས་པ་ནི་གལ་ཆེ་བའི་ཁར་ ཕྱིན་ཆད་སྤྱོད་ངན་གྱི་འབྲས་བུ་རྒྱུན་མྱོང་མི་དགོས་པའི་ཐབས་ལ་སྒོ་ཀུན་ནས་འབད་དགོས་པའང་ ཚང་མའི་སྤྱི་འགན་ལྟ་བུར་མཐོང་བས་ འདིར་དེ་དག་དང་འབྲེལ་བར་ཅུང་ཟད་ཞིག་བརྗོད་པའི་གོ་སྐབས་ཐོབ་པ་ལ་སྤྲོ་བ་ཡང་བརྟས།
སྤྱིར་སྲིད་ཕྱོགས་ཀྱི་བྱེད་སྒོའི་རིགས་ལ་ རང་དོན་དམིགས་ཡུལ་དུ་བཟུང་ནས་ སྤྱི་དོན་རྔམས་བཤད་བྱས་པས་སྐབས་སུ་འདོད་དོན་འགྲུབ་པའང་འབྱུང་སྲིད་མོད་ ཆོས་ཕྱོགས་ལ་ རང་དོན་དམིགས་ཡུལ་དུ་བཞག་ནས་ སྤྱི་དོན་ཁ་ཁྱེར་གྱིས་འདོད་དོན་འགྲུབ་རྒྱུ་མེད་པ་འདི་ཆོས་སྲིད་ཀྱི་དབྱེ་བའི་ཡ་གྱལ་ཞིག་ཀྱང་ཆགས་ཀྱི་ཡོད་པས་ ད་ལན་ ཀརྨ་པའི་ཡང་སྲིད་མཆོག་ སྒེར་དོན་འགྲུབ་གཞིར་ཆེད་བསྐོ་བྱས་ཏེ་ ཀརྨ་བཀའ་བརྒྱུད་པའི་སྤྱི་དོན་འགྲུབ་རློམས་འཁྲབས་པ་དེ་ཧ་ཅང་ནོར་འཁྲུལ་ཆེན་པོ་ཞིག་བཏང་བ་ཡིན། དེ་འདྲའི་ནོར་འཁྲུལ་འབྱུང་དགོས་དོན་ཀྱང་ རང་ལ་ཐོས་བསམ་གྱི་ཤེས་ཚད་མ་ལོང་བར་བརྟེན་ རང་དཔེ་གཞན་འགེབ་བྱེད་ཐག་ཆོད་ནས་ གཞན་རྒྱུད་ཀྱི་ཤེས་ཚད་ལའང་མཐོང་ཆུང་བྱས་པའི་རྐྱེན་གྱིས་ རང་མོས་ལ་ངོས་ལེན་མེད་པ་མཐོང་འཕྲལ་ གདུག་དྲག་གི་སྦྱོར་ངན་ལག་ལེན་བསྟར་བ་ལས་ཐབས་གཞན་མི་ཤེས་པའི་དབང་གིས་ བདག་གཞན་གཉིས་བརླག་གི་བྱས་འབྲས་འདི་བཞིན་བྱུང་བར་མངོན། དེར་བརྟེན་ ཤེས་རྒྱ་བསྐྱེད་དགོས་པ་ནི་ཆོས་སྲིད་གཉིས་ཀ་ལ་མེད་ཐབས་མེད་པའི་ལག་ཆ་ལྟ་བུ་ཞིག་ཡིན་པས་ཐོས་བསམ་ལ་ཅིས་ཀྱང་བརྩོན་པར་བསྐུལ།
ཀན་ཏིང་ཏཱ་ཡི་སི་ཏུ་དང་ མཚུར་ཕུ་རྒྱལ་ཚབ་རྣམ་གཉིས་ཀྱང་ གནས་སྐབས་དམ་སེལ་གྱིས་ཐུགས་རྒྱུད་བསླད་དེ་ གསོར་མི་རུང་བའི་རྐྱེན་ངན་དང་འཕྲད་པ་ལ་ ཨ་ཁ་ སྙམ་པའི་ཤ་ཚའི་ཀུན་སློང་དང་ སླར་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཞིག་གིས་རྒྱུད་སྒྲིབ་རྣམས་སྦྱང་སྟེ་སྐྱེ་བ་ངོ་མའི་འཕྲེང་བ་བརྒྱུད་མར་བྱོན་ནས་ དོན་བརྒྱུད་ཀྱི་བསྟན་པའི་མེ་རོ་གསོ་བར་མཛད་ན་ཅི་མ་རུང་སྙམ་པའི་རེ་བ་ཡང་རྒྱུན་དུ་མངའ། མདོར་ན་ ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་རེ་ཞིག་དུས་ཀྱི་ཁུག་སོར་ལྷུང་བ་འདི་ལ་ མཆོག་དམན་ཀུན་གྱིས་ཐུགས་རྒྱ་བསྐྱེད་དེ་རང་དོན། རེ་དོགས། ཕྱོགས་ལྷུང་བཅས་ཀྱི་རྒྱར་མ་ཆུད་པའི་སྒོ་ནས་ ཆོས་ཤུགས་གོང་འཕེལ་དང་ཆོས་རྒྱུན་ཕྱོགས་མཐར་སྤེལ་བའི་ཉེ་རྒྱུར་མྱུར་དུ་བརྩོན་དགོས་པར་ཐུགས་ལྷོད་མེད་པ་དང་། དེ་ཡང་ སྔར་སྲོལ་ཁོ་ན་རྒྱུན་འབྱམས་སུ་མ་སོང་བར་ལེགས་བཅོས་ཀྱིས་ཟུར་བརྒྱན་དགོས་པའང་ཤིན་ཏུ་གལ་ཆེ་བར་མཐོང་། དཔེར་ན་ ད་རེས་ནང་བཞིན་ ཀརྨ་པའི་མཚན་རང་ག་བ་དེ་བེད་སྤྱོད་ཆེན་པོའི་ཕུག་ནོར་འདྲ་པོ་ཞིག་ལ་བལྟས་ནས་དེ་ལ་འཐེན་ཁྱེར་གྱི་སྒོ་ནས་ཆགས་སྡང་གི་རྒྱུ་མི་སྒྲུབ་པར་ ཀརྨ་པའི་ངོ་བོ་དེ་རྩ་ཆེན་ཞིག་ཡིན་པར་ངེས་ཤེས་ཀྱི་ཐོག་ནས་ཐག་ཆོད་པའི་ངང་ནས་ཆགས་སྡང་གི་རྩ་བ་སྤོང་ཐུབ་པ་ཞིག་དགོས་རྒྱུར་འདུག་པ་ལ་མཁྱེནལྡན་ཚོས་རྟོག་དཔྱོད་མཛད་པར་འཚལ། །།
འཛུམས་བཞིན་སྨད་ན་དགའ་མདངས་ཅི་ཡང་ཕྱུངས།།
མ་འཛུམས་དང་བས་བསྟོད་ཀྱང་སོམ་ཉིའི་ཉམས།།
ལེགས་ཉེས་ཚིག་གི་ནུས་པའང་འཛིངས་གྱུར་ན།།
སོར་བརྡའི་རིག་བྱེད་སློབ་པའི་སྟ་གོན་གྱིས།།
ནང་འཁོད།
རྒོད་བྲོ་བ།
༡༽ ཆེ་བརྗོད་དང་ རྩོམ་བློས་དྲངས་ཏེ། སྤྱི་སྒེར་ཞལ་ཆེམས་སྐོར།
༢༽ ཞལ་ཆེམས་མགུལ་བསྲུང་མའི་ཚིག་འགྲེལ་ནང་གསེས་ ས་པན་སྡོམ་གསུམ་རབ་དབྱེའི་ལུང་དྲངས་པ།
༣༽ ཀརྨ་པ་ལྔ་པ་དེ་བཞིན་གཤེགས་པའི་ལུང་བསྟན།
༤༽ ཚིག་འགྲེལ་མུ་མཐུད།
ཞེ་ཁྲེལ་བ།
༥༽ ཡང་སྲིད་སྐོར་ཐོག་མའི་ཚོགས་འདུ།
༦༽ དོན་བརྒྱུད་སྐོར་དང་ ཐོབ་གོ་ས་ཆོས་སྲིད་ཀྱི་འབྲེལ་པ་སོགས།
༧༽ ཞྭ་དམར་ངོས་འཛིན་དང་ སི་ཏུའི་ཐུགས་རྒྱུད།
༨༽ གདན་འཛིན་ཚོགས་པ་དང་ གདན་ཁྲིས་རྡི་ལིའི་ཆོས་སྡེའི་ཡིག་ཆ་ཞུ་དག་སོགས།
༩༽ འབྲུག་བཀྲ་ཤིས་ཆོས་གླིང་།
༡༠༽ ཡང་སྲིད་སྐོར་ལ་གདན་སར་ཡིག་ཚོགས་འབྱོར་བ།
༡༡༽ རྒྱལ་མཆོག་གོང་མས་སི་ཏུར་བསྲུང་འཁོར་གནང་བ།
༡༢༽ སི་ཏུའི་འཕྲིན་རྨ་བྱའི་འོ་དོད། སྟོབས་དགས་ཡང་སྲིད་བཀག་འཆལ་སྐོར་སོགས།
༡༣༽ རྣམ་བཞིའི་ཞལ་འཛོམས་ ༡༩༩༢ ཟླ་ ༣ ཚེས་ ༡༩ ཉིན་སྐོར།
༡༤༽ ཞལ་ཆེམས་དཔྱད་འཁོར་ཐོག་གཏོང་གྲོས་དང་། འཇམ་མགོན་གཤེགས་པ་སོགས།
༡༥༽ ཨོ་རྒྱན་ཕྲིན་ལས་ཁྲི་འདོན།
༡༦༽ སྤྱིར་ཀརྨ་པའི་ཡང་སྲིད། ངོས་འཛིན་དང་ཆོག་མཆན་སོགས།
༡༧༽ གོང་ས་མཆོག་གི་སྦུག་དམ་དང་མཚན་བེད་སྤྱོད་སོགས།
༡༨༽ ཀརྨ་པ་བཀའ་བརྒྱུད་ཀུན་གྱི་བསྟན་བདག་ཏུ་བསྐོས་ཚུལ་དང་ སྲིད་ལས་མཛད་པ།
༡༩༽ སྤྲུལ་སྐུ་ངོས་འཛིན་གནང་སྟངས་ཚུལ་མཐུན་དང་ མགོ་སྐོར།
༢༠༽ བླ་མས་ཕྱི་རྒྱལ་ལ་ཆོས་འཆད་སྟངས་འགན་ཆེ་བ།
༢༡༽ ཆོས་ཀྱི་འབྲུ་དོན།
༢༢༽ རྨོངས་དད། ༤༥-༤༦
༢༣༽ སི་རྒྱལ་གྱིས་རིག་གནས་གསར་བརྗེའི་ལས་རིམ་བཙུག་པ།
༢༤༽ ཨོ་རྒྱན་ཕྲིན་ལས་རྐྱང་པ་ཀརྨ་པའི་ཡང་སྲིད་ཡིན་དགོས་པའི་དམིགས་ཡུལ།
༢༥༽ བཀའ་བརྒྱུད་རྒྱལ་ཡོངས་ཞེས་པའི་སྒེར་ཚོགས་གྲོས་ཆོད་ཕྱག་མཛོད་གོ་ཕབས།
༢༦༽ རྒྱ་ནག་ལ་བཅིང་གྲོལ་བཙུག་པ་དང་ བོད་སྔ་ཕྱིའི་གནས་སྟངས་སོགས།
༢༧༽ སི་ཏུས་རང་སྐྱོང་འཛུགས་འཆར། མཛོད་པའི་སྐོར་སི་རྒྱལ་ལ་དབང་ཆ་མེད་པ།
༢༨༽ གྲོས་ཆོད་ ཀརྨ་པ་ཡིག་ཆ་ལ་དགག་པ།
༢༩༽ དམིགས་བསལ་སྙིང་རྗེ།
༣༠༽ གྲོས་ཆོད་རིག་པའི་རྡོ་རྗེའི་བདེན་ཚོགས་བཙན་སྟོར། བདེན་ཚོགས་ངོ་སྤྲོད།
༣༡༽ བདེན་ཚོགས་གསར་པ་འཛུགས་རིམ།
༣༢༽ ཡིག་ཆ་རྙིང་པ་ཐོབ་ནས་བདེན་ཚོགས་རང་འཇག་ཐོག་འཛུགས་བསྐྲུན་ཁག
༣༣༽ ཆོས་རྒྱལ་བཀྲ་རྣམ་གྱིས་རྒྱལ་མཆོག་འབྲས་ལྗོངས་སུ་གདན་ཞུས་ཀྱིས་གདན་ས་གསར་བཞེངས་མཐུན་རྐྱེན་ གནང་བ། འབྲས་ལྗོངས་ཡོངས་ཀྱིས་དད་བཀུར་ཞུས་པ།
༣༤༽ བདེན་ཚོགས་བཙན་སྟོར་དགོས་དོན་དང་ སྟོར་འཆར་སྦྱོར་ངན་སྐོར་སོགས།
༣༥༽ སྒེར་ཚོགས་ལ་མཚར་གཏམ་བཅས།
ཡི་ཐང་ཆད་པ།
༣༦༽ ཞྭ་དམར་རིན་པོ་ཆེས་མཐའ་ཡས་རྡོ་རྗེ་ངོས་འཛིན་གནང་བསྒྲགས་ལ་ངོས་
༣༧༽ ལེན་མེད་ཡིག་འབྱོར་བ།
༣༨༽ མཛོད་པའི་ངོས་ནས་ཡང་སྲིད་སྐོར་ལ་མནོ་སྟངས་དང་ མཐའ་ཡས་རྡོ་རྗེར་ངོ་རྒོལ་དགོས་དོན་སོགས།
༣༩༽ མཁས་གྲུབ་ཚོར་བཀའ་ལན་འབུལ་འོས་དང་ ཚད་མའི་སྐོར།
༤༠༽ ཚད་མ་འཐོལ་པ་གསུམ་དང་ མགུལ་བསྲུང་ཚད་མར་གྲུབ་ཚུལ་སོགས།
༤༡༽ སྐུ་ཕྲེང་བཅུ་དྲུག་པ་དང་ བཅུ་བདུན་པའི་ངོས་སྦྱོར་སོགས།
༤༢༽ གོང་མའི་ལུང་ཚིག་འཁྱོག་བཤད་མཛུབ་སྟོན་སོགས།
༤༣༽ མཐའ་ཡས་རྡོ་རྗེ་ཡང་སྲིད་མིན་པ་ཚད་འདྲས་གྲུབ་སྟངས། ཀརྨ་པ་གཅིག་ལས་མང་ཆོག་མི་ཆོག་སྐོར་སོགས།
༤༤༽ འབོ་དཀར་སྤྲུལ་སྐུའི་ཕྱག་བྲིས་ ཁ་ནང་རྨ་གསོས་ དང་ ལུང་བསྟན་གསལ་བཤད་ཚད་མའི་གྲུབ་འབྲས་བཅས།
འཕྲོས་དོན།
༤༥༽ སྟོབས་དགའ་གདན་ས་ནས་དབྱུངས་ཐབས། གུས་བཀུར་སྒོ་གསུམ་དང་འབྲེལ་བ།
༤༦༽ མཐུན་ལམ་སྐོར། ཆོས་ཚོགས་ཁག་ ཚོགས་པ་ ༡༣ རང་བཙན་ཁྲལ་བསྡུ་སོགས།
༤༧༽ ༡༩༩༢ གོང་གི་གདན་སའི་རྣམ་པ། དབུ་ལས་ཚོགས་འདུ། རྩིས་ཁང་ཟུར་འཛུགས།
༤༨༽ མཛོད་པས་གདན་སའི་གནས་སྟངས་ལ་དཔྱད་འབྲས།
༤༩༽ རང་གཞན་གྱི་སྐྱོན་ཡོན་བསམ་འཆར།
༥༠༽ ཞྭ་དམར་རིན་པོ་ཆེའི་ཕྱོགས་གཏོགས་བྱས་པ། ཞྭ་དམར་ནག་གཉིས། སྐྱེ་བོའི་རང་བཞིན་སོགས།
མཇུག་དོན།
༥༡༽ ཆེ་བཞི་ཆུང་བརྒྱད་ཀྱི་ངོ་སྤྲོད། རླངས་སྤྱོད་ཀྱི་ཉེར་ལེན། ཤེས་རྒྱ་བསྐྱེད་དགོས་པ་སོགས།
༥༢༽ སེམས་བྱུང་ང་རྒྱལ།
༥༣༽ སི་ཏུའི་རྒྱུད་སྐྱོན་མཛུབ་སྟོན། དམ་ཚིག་གལ་ཆེར་མ་བརྩིས་པའི་རྒྱུ་མཚན་སོགས།
༥༤༽ ཞལ་ཆེམས་མགུལ་བསྲུང་མའི་སྐོར་སོགས་ལ་ཚིགས་བཅད།
༥༥༽ མཐའ་ཡས་རྡོ་རྗེའི་ངོས་འཛིན། རྡི་ལིའི་ཆོས་སྡེར་སེར་དམག་ཕབས་པའི་སྐོར་ཚིགས་བཅད།
༥༦༽ རྒྱལ་ཚབ་ཀྱིས་ཆུང་སྲིད་ཞལ་མ་ཚོར་བ་སོགས་ཀྱི་ཀ་ཕྲེང་ཚིགས་བཅད།
༥༧༽ རྒྱལ་མཆོག་གོང་མ་དྲན་གླུ།
༥༨༽ བསྟན་འཛིན་ཚོར་གྲོས་འདེབས་ཚིགས་བཅད།
༥༩༽ འབོད་བསྐུལ་ཚིགས་བཅད།
༦༠༽ ཤེར་ལྷ་ཟུང་ལ་བསྔགས་ཤིང་ བློ་གྲོས་འཕེལ་འགྱུར་བཤགས་སྨོན་ཚིགས་བཅད།
༦༡༽ རྩོམ་བྱང་བཅས།
ཀརྡོ་སོགས་དགོས་ན་འདི་ནས་མུ་འཐུད་དེ་འགོད་ཆོག་གོ།
ཨ་ཕྱིས་ཁྱོད་ཀྱི་ང་ལ་བློ་བསྐྱེད་སྤྲོད་རྒྱུ་ཉི་མོའི་སྐར་མ་རེད་འདུག །ཞྭ་དམར་་གྱིས་བསྟན་དོན་ལ། ཕན་ལས་གནོད་ཆེ་བར་བསྐྱལ་བར་ངོས་འཛིན་བྱེད་བཞིན་ཡོད་པས། ཨ་ཕྱི་ལགས། ད་དུང་ག་རེད་གསུང་རྒྱུ་ཡོད་ན་ཡང་གསུངས་རོགས་མཛོད།
ཡང་སྲིད་བལ་ཕྲུག་ནག་རིལ་སྤུ་སོབ་ཅིག །
སྣང་བ་མཐའ་ཡས་ཡིན་པར་ངོས་འཛིན་མེད། །
རང་མེད་མི་མེད་ཀུན་གཟིགས་ཡིད་ཆེས་མེད། །
སྐུ་ཕུང་ལོ་བརྒྱད་ཤིང་བལ་ཡིད་ཆེས་མེད། །
རང་བྱུང་ལྷ་མོས་མཆོད་པའང་ཡིད་ཆེས་མེད། །
རེ་བ་མེད་པའི་ཡང་སྲིད་མྱུར་བྱོན་ཤོག །
ཀརྡོ་འམ་སི་ཏུས་ཚང་གིས་བསྐུལ་ངོར་ཀུན་རྟོགས་རི་མོ་མུ་འགོད་བྱ་ཆོག མཁས་པ་བློ་ལྡན་ཚོས་དཔྱོད་ཨ།རབ་ན་ཁ་བརྡ་དྲ་ཐོག་བཞག་རོགས། བདེན་པ་རྫུན་དུ་མ་བཞག་ཁ་བརྡ་ཚང་། ཀརྡོ་འདི་རིགས་ལ་རྒྱུ་མཚན་གང་ཡང་བཤད་མི་ཤེས་པར་ཆགས་སྡང་ལས་རྨོངས་པ་ལས་གཞན་མེད་ཀྱང་ལྷག་རང་གིས་བསམ་དག་པས་བདེན་རྫུན་ཤེས་ཆེད་དང་གངས་ཅན་བོད་པའི་བདེན་མཐའ་གསལ་བའི་ཕྱིར་༧ཀུན་གཟིགས་ཞྭ་རིན་པོ་ཆེས་རྫུན་ནག་ལ་དབུ་མ་སྒུར་པའི་ཚུལ་གསལ་བོ་བསྟན་པར་མི་ལོ་ཉི་ཤུ་རྩ་ལྔའི་རྗེས་དྲན་དུ་མཁས་དབང་སྟོབས་དགའ་རིན་པོ་ཆེའི་གསུང་དེ་འགོད་ཆོག འབུལ་ཆོག་གོ།
༄༅། མི་སྣང་གཟུགས་ཀྱི་བག་ལ་གནས་འཆའ་ཞིང་། བརྟེན་ན་འགོ་ཡང་འགལ་བས་རང་གཞན་འཇོམས། གསོ་བར་དཀའ་ལ་སྐད་ཅིག་འཇིག་པའི་གཤིས། གཉེན་པོ་དམ་ཚིག་ལྷ་དེས་ཁྱོད་ལ་སྲུངས། མ་འདྲིས་དགའ་བ་དང་པོ་སྦྱིན་པའི་གྲོགས།འབྲལ་མེད་སྙིང་གི་དྭངས་མར་ཞུགས་མ་ཐག །བཏང་བས་མི་ལྡོག་བཟུང་ན་དགའ་བདེའི་དཔྱིད། དམ་ཚིག་མཛའ་བརྩེའི་འགྲོས་ལ་ཡིད་བརྟན་ཅི། །རྡོ་རྗེ་ཤུན་པའི་རྒྱ་ཡིས་བཏང་བ་རྗེན་པའི་ལུས། མི་སྡུག་ཁྲག་རྒྱུན་ཅི་དགར་འབབ་གང་སྨིན་པའི་དྲིས། ཐར་པར་གཞོལ་རྣམས་སྲོག་ལ་འཚེ་ངེས་གདུག་ཅན་ཞིག །བག་མེད་རྒྱལ་ཁམས་ཉུལ་བཞིན་འདུག་ན་དོགས་ཟོན་མཛོད། །སྣ་ཚོགས་གློག་འགྲོས་སྲད་བུས་མ་བཅིངས་ཤིང་། རྣམ་མང་གཟེར་བུ་གནད་དུ་མ་བཏབ་ལ། སྐད་ཅིག་བཏང་བཟུང་ལྡེའུ་མིག་མ་བརྟེན་ཀྱང་། དངོས་བརྙན་འབྱེད་ནུས་འཕྲུལ་ཡིག་འདི་ན་སྣང་། སྡང་བས་མ་ཡིན་ཡི་ཐང་ཆད་པས་ཡིན། དང་བས་མ་བླངས་གདུང་བའི་ཤུགས་ཀྱིས་སོང་། གཤེ་འདོད་མིན་ཀྱང་བདེན་ཚིག་སྦ་མ་ནུས། ཐབས་མེད་གཏམ་ཞིག་བཟོད་མེད་ངང་ནས་ཐལ།།འདིར་འདའ་ཁའི་ཞལ་ཆེམས་ཡིན་རྒྱུ་བ་དེ་ལས་འཕྲོས་པའི་གཏམ་སྣ་ཚོགས་ཞིག་བརྗོད་པར་བྱ་བ་ལ་ཐོག་མར་རྒོད་བྲོ་བའི་གནས་ཚུལ་ བར་དུ་ཞེ་ཁྲེལ་བའི་གནས་ཚུལ་ མཐའ་མ་ཡི་ཐང་ཆད་པའི་གནས་ཚུལ་བཅས་དོན་ཚན་གསུམ་གྱི་ཁོངས་སུ་བརྗོད་བྱ་རྣམས་བསྡུ་བར་འགྱུར་བས་
ཐོག་མར་རྒོད་བྲོ་བའི་ལོ་རྒྱུས་ནི་ ཞལ་ཆེམས་ཡིན་རྒྱུ་བའི་ཡིག་ཆ་དེ་ལ་ཁ་ཐུག་བརྟག་དཔྱད་བྱས་པ་ལས་འཕྲོས་པའི་གཏམ་ཞིག་ཡིན་ སྤྱིར་བཏང་འདའ་ཁའི་ཞལ་ཆེམས་ཞེས་པ་དེ་ བླ་མ་སྐྱེས་ཆེན་དམ་པ་མང་པོ་ཞིག་ནས་འཇོག་གནང་གི་ཡོད་རེད་ ཡིན་ན་ཡང་མཐའ་གཅིག་ཏུ་སོ་སོའ་ིསྐུ་ཚེ་རྗེས་མ་ཇི་ལྟར་འབྱུང་བའི་སྐོར་ལ་བཞག་གནང་བ་རྐྱང་པ་མ་རེད། ཁ་ཤས་ཀྱིས་བླ་མ་ཉིད་མ་བཞུགས་པའི་སྐབས་སུ་བཤད་སྒྲུབ་ཀྱི་སྡེ་ཇི་ལྟར་སྐྱོང་བའི་ཚུལ་དང་ ཡང་ན་གདན་ས་དམིགས་བསལ་བ་ཞིག་འཛིན་སྐྱོང་བྱེད་སྟངས་ཀྱི་སྐོར་ སྐབས་འགར་མ་འོངས་དུས་ཀྱི་འགྱུར་བའི་སྐོར་ལའང་ལུང་བསྟན་དང་ཞལ་ཏ་གནང་གི་ཡོད་པ་ དཔེར་ན་བོད་ཀྱི་མེས་པོ་དམ་པ་ བོད་ལྗོངས་ཡོངས་ཀྱི་དཔའ་བོ་གཅིག་པུ་གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་ མ་འོངས་བོད་ཀྱི་གནས་སྟངས་ཇི་ལྟར་འགྱུར་བ་དང་འབྲེལ་
བའི་བཀའ་སློབ་ ཞལ་ཆེམས་ ལུང་བསྟན་བཅས་སྤྲེལ་མར་རྩལ་བའི་ཡིག་ཆ་ལྟ་བུ་རེད། དེ་མཚུངས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་ཕལ་མོ་ཆེས་ མ་འོངས་སྤྲུལ་པའི་སྐུ་ཇི་ལྟར་འབྱོན་པར་འགྱུར་བའི་ཚུལ་ རང་ཉིད་ཀྱིས་རྗེས་སུ་ལུང་བསྟན་པ་གྲགས་ཆེ་བས་འདའ་ཁའི་ཞལ་ཆེམས་ཞེས་པའང་ ཕལ་ཆེར་ཀརྨ་པ་རིམ་བྱོན་གྱི་ཡང་སྲིད་ངོས་འཛིན་གྱི་ཡིག་ཆ་དམིགས་བསལ་བ་ཞིག་ཡིན་པར་སྤྱི་མིང་བྱེ་བྲག་ལ་བཏག་པ་འདྲ་ཞིག་ཆགས་ཡོད།
ད་ལན་སི་ཏུ་པད་མ་དོན་ཡོད་ཉིད་བྱེད་ཀྱི་མགུལ་བསྲུང་ཞལ་ཆེམས་ལ་འགྱུར་བའི་ཡི་གེ་ ཀརྨ་པ་བཅུ་དྲུག་པ་རིག་པའི་རྡོ་རྗེའི་འདའ་ཁའི་ཞལ་ཆེམས་ཡིན་རྒྱུ་བ་དེའང་ རྒྱལ་དབང་གོང་མས་འདའ་ཁའམ་དུས་ངེས་མེད་ཞིག་ལ་ཕྱག་བསྟར་གནང་བ་ཞིག་ཡིན་དགོས་ཀྱི་རེད། འོན་ཀྱང་ཡིག་ཆ་འདི་ལ་དོགས་གནས་ཧ་ཅང་མང་བས་མ་ཚད་ཚིག་དོན་རྣམས་ཀྱང་རྒོད་བྲོ་བའི་ཉམས་ཅན་ཤ་སྟག་སྣང་བ་རིམ་པ་བཞིན་དུ་ཚིག་འགྲེལ་གྱི་ཚུལ་དུ་ཤོད་ཀྱི་ཡིན། དང་པོ་ ཨེ་མ་ཧོ་ ཞེས་འཁོད་པ་ནི་ ནམ་རྒྱུན་སེམས་དང་དབང་པོའ་ིསྤྱོད་ཡུལ་དུ་ཚོར་རྒྱ་ཆུང་བའི་ཡུལ་དམིགས་བསལ་བ་ཞིག་ཚོར་རྟོག་བྱུང་བ་ན་ལམ་སེང་ཁྱད་ཆོས་དེ་ཇི་བཞིན་མཚོན་ནུས་པའི་ཚིག་མ་རྙེད་པར་ ཨེ་མ་ཧོ་ ཞེས་ཐོལ་བྱུང་དུ་ཐོན་པའི་ངག་ཞིག་ལ་གོ་དགོས་ཀྱི་ཡོད་རེད་ དཔེར་ན་ ཧ་ཅང་ཕང་པའི་ཉམས་འཆར་བ་ན་ “ཨ་ཁ་”ཟེར་བ་ལྟ་བུ་ཞིག་ཡིན་པར་སེམས། གང་ཟག་ཁྱད་པར་དུ་འཕགས་པ་རྣམས་ནི་སྙིགས་མའི་དུས་ཀྱི་འགྱུར་བ་ངན་པའི་ངང་ཚུལ་རྣམས་དང་འཁོར་རྣམས་ཀྱིས་ཆོས་དང་མི་མཐུན་པའི་ཀུན་སྤྱོད་ལྷུར་ལེན་པ་དག་ལ་ཐུགས་ངེས་པར་འབྱུང་བ་དང་ རང་གཞན་ཚང་མ་མི་དགེ་བའི་ལས་ཁོ་ནར་འབུང་བའི་གནས་སྟངས་བཅས་ལ་ སྙིང་རྗེ་ཞིང་ཐུགས་སུན་པའི་ཉམས་བཅས་ཞིང་ཁམས་གཞན་དུ་དགོངས་པ་གཏད་ཀྱི་ཡོད་པའི་ལོ་རྒྱུས་སྐྱེས་ཆེན་དུ་མའི་རྣམ་ཐར་རྣམས་སུ་གསལ་བ་ལྟར་དང་དེར་བརྟེན་འདའ་ཁར་གནང་བའི་ཞལ་ཆེམས་ཀྱི་རིགས་ཕལ་ཆེ་བའི་ཚིག་འགྲོས་ཀྱང་ཐུགས་སྐྱོ་ཤས་ཀྱིས་བཅིང་བའི་ཉམས་འགྱུར་ཅན་ཤ་སྟག་ཡིན་པ་ རྒྱལ་དབང་ཀརྨ་པ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེའི་འདའ་ཁའི་གླུ་ལྟ་བུས་མཚོན་ནུས། ད་ནས་བཟུང་སི་ཏུས་
2
རྒོད་བྲོ་བ།
ཁྱེར་ཡོང་བའི་ཞལ་ཆེམས་ཡིག་ཆ་དེ་ལ་ ཞལ་ཆེམས་མགུལ་བསྲུང་མ་ ཞེས་འདོགས་རྒྱུ་ཡིན་ ཞལ་ཆེམས་མགུལ་བསྲུང་མ་ནི་ དམིགས་བསལ་བ་ཡིན་ལ་ཡིན་དོན་བཞིན་རྒྱལ་མཆོག་གོང་མས་དགུང་གྲངས་ཉེར་གཅིག་ཐོག་གནང་བའི་མ་འོངས་ལུང་བསྟན་ཀྱི་མགུར་ སྐབས་སུ་བབས་པའི་སྣང་གླུ་རྐང་དྲུག་བུང་བའི་ལྡིང་དབྱངས་ ཞེས་པའི་ནང་ ད་མི་སྡོད་གནས་མཐའ་ངེས་མེད་དུ། ཚེ་སྔོན་ལས་འབྲས་བུ་སྤྱོད་དུ་འགྲོ། བྱ་ཁུ་བྱུག་དཔྱིད་དུས་བོད་ལ་ཡོང་། ཡིད་སྐྱོ་མོའ་ིདྲུག་འགྱུར་ལེན་ཉི་མོ། མི་རིག་གྲོལ་གར་ཡོད་དྲན་ལེ་ཡོང་། ཡི་ཕྱ་མོ་ཨེ་ཤེ་ལྟོས་བཅས་རྣམས། ཞེས་བོད་ལ་དུས་ཀྱི་འགྱུར་བ་ཇི་ལྟར་ཡོང་བ་དང་རང་
གཞན་ཚང་མ་ཡུལ་ངེས་མེད་འགྲིམ་དགོས་པ་དང་ དགོངས་པ་ཆོས་དབྱིངས་སུ་གཤེགས་སྐབས་ལྟོས་བཅས་རྣམས་གདུང་བས་ནོན་པར་འགྱུར་བ་བཅས་ལ་ཐུགས་ཤིན་ཏུ་འཕྲེང་བའི་ཉམས་བཅས་ལུང་བསྟན་རྗེས་སུ་གནང་ཟིན་པ་དང་མི་མཐུན་པར་གློ་བུར་དུ་མཉམ་བཞག་གི་ངང་ནས་ཁྱད་མཚར་བའི་མ་འོངས་པའི་ཆོས་ཞིག་གཟིགས་མ་ཐག་ རྗེས་ཐོབ་ཀྱི་སྐབས་སུ་འབྲས་དཀར་འཁྲབ་མཁན་གྱིས་མགོ་སིག་དང་བཅས་ ཨཱ་ཧཱ་ཧཱ་ ཟེར་བ་ནང་བཞིན་ ཨེ་མ་ཧོ་ ཞེས་ཞབས་བྲོ་རྒྱག་ལ་ཁད་ཅིག་མཛད་འདུག་པ་ནི་དེ་བས་ཀྱང་ངོ་མཚར་ཆེ་བས་ཨེ་མ་ཧོ་དགུ་འབོད་ཞུ་གི་ཡིན། ཡང་ན་ཁྱད་མཚར་མཁན་སི་ཏུ་པ་ཉིད་ཡིན་
རྒྱུ་དང་ ཁྱད་མཚར་བའི་ཡུལ་ནི་ཁོ་རང་གི་རྟོག་ངོར་འཆར་བའི་རྫུན་གྱི་ཕྲེང་བ་ནར་མར་བརྒྱུས་པའི་ཚིག་ཕྲེང་རྣམས་ཡིན་རྒྱུའི་ཁར་ ཁྱད་མཚར་དགོས་དོན་ནི་ རྒྱལ་དབང་ཀརྨ་པའི་ཞལ་སློབ་འཁོར་འབངས་འཛམ་གླིང་ཐ་གྲུར་འཁོད་པ་ཚང་མ་ ཁོ་མི་གཅིག་གིས་མགོ་བོ་གདུགས་ལྟར་བསྐོར་བའི་ཐབས་ཤེས་ཡ་མ་རླ་འདི་འདྲ་ཞིག་རྙེད་པ་དེ་གླན་པ་དང་ ( ) ལ་མགུ་བའི་ངང་ཚུལ་ལྟར་ཁོ་རང་ཡང་རང་ཉིད་ཀྱི་གཡོ་སྒྱུའི་ཁྱད་ཆོས་ལ་ཧ་ལས་ཐག་ཆོད་པ་འདྲ།
རང་རིག་ནི་ ཀུན་ཏུ་བདེ། ཞེས་པ་འདི་ ལུང་བསྟན་བྱར་གྱུར་པ་ཚང་མ་ སི་ཏུ་ཉིད་ཀྱི་ཐུགས་ལ་སྔར་ནས་མངའ་བཞིན་པ་དེ་སླར་ཡིག་རྫུས་ཀྱི་ཐོག་ནས་སྐྱོར་རྒྱུ་བྱུང་བ་དང་ རིན་པོ་ཆེ་རྣམ་པ་གཞན་གྱི་ཕྱག་ལ་ཞལ་ཆེམས་ཀྱི་ཡི་གེ་མ་བཞུགས་པ་དེ་ཧ་གོ་ ཞལ་ཆེམས་ངོ་མ་དེ་ཁོ་རང་གིས་སྦས་བཞག་པ་ནི་མིན་ལས་ཆེ་ གང་ལྟར་ཁོ་རང་ཧ་ཅང་བློ་བདེ་པོ་ཞིག་བྱུང་ནས་ ང་རང་བློ་བདེ་ ཟེར་རྒྱུ་ཡིན་པ་འདྲ། ཡང་ཡིག་ཆ་འདི་རྒྱལ་དབང་ཀརྨ་པའི་ཐུགས་ཀློང་ནས་བརྡོལ་བའི་ལུང་བསྟན་ཞིག་གལ་སྲིད་ཡིན་ན་ མཉམ་བཞག་གི་ངོར་གཟིགས་རྒྱུའི་རང་རིག་ཞེས་པའི་དངོས་པོ་སྐྱིད་མདོག་ཁ་པོ་ བདེ་མདོག་ཁ་པོ་དེ་གང་ལ་
ངོས་འཛིན་ དེ་བཞིན་བདེ་ཚོར་སྐྱིད་ཚོར་དེ་མྱོང་མཁན་སུ་ཡིན་འགྲེལ་པ་རྒྱག་སྟངས་མ་ཤེས་པས་ མཁྱེན་ལྡན་རྣམ་པ་ལ་དགོངས་དག་ཞུ་གི་ཡིན།
ཆོས་ཀྱི་དབྱིངས་ལ་མཐའ་དབུས་བྲལ། སི་ཏུ་པའི་རྟོག་ངོར་འཆར་བའི་རྫུན་ཆོས་ཀྱི་ཚད་ནི་མཐའ་དང་བྲལ་བ་ལོས་ཡིན་ རྫུས་བཤད་རིམ་བཞིན་དུ་ཡང་བསྐྱར་བཟོ་ཆོག་གི་ཡོད་ཙང་མཐའ་དང་བྲལ་བ་ཡིན་ངོ་ཤེས་པ་ལ་ཡིད་ཆེས་ཞུ་བར་འོས། ཡང་རྒྱལ་དབང་ཀརྨ་པའི་ཐུགས་ཀློང་དེ་ཆོས་ཀྱི་དབྱིངས་སུ་འཇོག་གི་ཡོད་ན་ གོང་གི་རང་རིག་བདེ་བོ་སྐྱིད་པོ་དེ་མཐའ་མེད་པ་ཞིག་གི་ནང་དུ་ཆུད་ན་བདེ་ཐག་ཆོད་པ་ཞིག་ནི་ཨེ་ཡོང་ན་ གོང་གསལ་ཚིག་རྐང་རྣམས་འབྲས་དཀར་པོའ་ིའབྲས་བཤད་དང་བསྡུར་ན་འདྲ་མཉམ་ཙམ་ཡོང་ངེས་འདུག་པ་ དཔེར་ན་ ཨེ་མ་ཧོ། ཞེས་པ་དང་ ཨ་ཧ་ཧ། ཞེས་པ་གཉིས་མགོ་མཚུངས་
རང་རིག་ནི་ཀུན་ཏུ་བདེ། ཞེས་པ་དང་ ང་འབྲས་དཀར་བསམ་པའི་དོན་འགྲུབ་ཡིན། ཟེར་བ་གཉིས་མགོ་མཚུངས་ ཆོས་ཀྱི་དབྱིངས་ལ་མཐའ་དབུས་བྲལ། ཟེར་བ་དང་ འབྲས་དཀར་པོའ་ིབཤད་པ་ལ་རྫོགས་རྒྱུ་མེད། ཞེས་པ་གཉིས་མགོ་མཚུངས་པར་མཐོང་བས་ སི་ཏུ་བོད་ཞེན་ཅན་འདིས་བོད་ཀྱི་ཤེས་རིག་རྙིང་པའི་གྲས་ནས་ འབྲས་དཀར་གྱི་བཤད་པ་ལ་ཡང་སློབ་སྦྱོང་གནང་འདུག
འདི་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ཤར། འོ། ད་སི་ཏུ་བློ་བདེ་པོ་དེ་དང་རྫུན་ཆོས་མཐའ་དང་བྲལ་བ་དེ་གཉིས་ཟུང་དུ་འཇུག་ཡོང་དུས་སྒྲུང་འདི་ལྟར་བབས་པ་རེད་ ལུང་བསྟན་ མགུལ་བསྲུང་མ་འདི་གནང་དུས་ རྒྱལ་དབང་ཀརྨ་པ་རྒྱ་གར་ལ་བཞུགས་
3
རྒོད་བྲོ་བ།
ཡོད་པ་མ་བརྗེད་ཙམ་ཞིག་བྱུང་བར་བརྟེན་ བོད་ཡུལ་རྒྱ་གར་གྱི་བྱང་ཕྱོགས་གཏན་གཏན་ཁེལ་གྱི་ཡོད་ཙང་འདི་ནོར་མི་འདུག་མཁས་པ་ལ་ཨང་ སྒྲུང་ལ་བབས་པའི་ལུང་པ་དེ་བོད་ཤར་ཕྱོགས་ལ་ཆགས་ཡོད་ཙང་ ཁ་བ་ཅན་གྱི་ཤར་ཞེས་གསུངས་པ་རེད་ ལྷ་ཡི་གནམ་ལྕགས་རང་བྱུང་འབར་བའི་ཡུལ། འོ་རྫིས་ ལྷ་ཡི་གནམ་ གནམ་གྱི་ལྕགས་ ལྷ་དེ་གནམ་བྱས་ན་གང་ཡང་མེད་པའི་དངོས་པོ་ཞིག་ཡིན་དུས་ དེ་ལས་གྲུབ་པའི་ལྕགས་དེ་ཡང་དངོས་མེད་ཆགས་པ་མ་རེད་པས་ སྐུ་རྩེད་ཞུས་པ་ཡིན་ཚིག་འདི་ཡིན་ན་ཧ་ཅང་ཟབ་པོ་རྡོ་རྗེའི་ཚིག་ལྟ་བུ་ཞིག་རེད་ དཔེར་ན་ གནམ་ལྕགས་ཞེས་པ་ནི་ཐོག་གི་མིང་གཞན་པ་ཞིག་
ཡིན་པ་དེ་ལྷ་དང་འབྲེལ་ཡོང་དུས་ ཐོག་དཀྱུས་མ་གང་བྱུང་མང་བྱུང་མ་ཡིན་པར་ ལྷ་ཡི་ཐོག་ངོ་མ་དེ་ཆགས་པ་རེད་ ཟབ་པ་ལ་དཔེ་རེད་ གོ་རྒྱུ་ངོ་མ་ནི་ཁམས་ལྷ་ཐོག་གི་ཡུལ་ཟེར་བ་དེ་རེད། ཐོག་ཞེས་པའི་ལྕགས་རྡོག་རྡོག་དེ་གནམ་ནས་གཡུག་མཁན་ལྷ་ཞེས་པ་སྙིང་རྗེ་པོ་ཞིག་ཡོད་པའི་ལོ་རྒྱུས་ཀྱི་རྗེས་སུ་འབྲང་གི་ཡོད་པ་འདྲ། རང་བྱུང་འབར་བ་ཟེར་མཁན་འདི་ རི་པེན་འདྲ་པོའ་ིལུང་པ་རྣམས་ལ་རིའི་ཁོག་པར་ཁྲོ་ཆུ་ཞུན་མའི་རྒྱུན་ཁོལ་མར་གནས་ཤིང་སྐབས་སུ་རི་འགས་པའི་རྐྱེན་ཡང་བྱེད་ཀྱི་ཡོད་པ་དེ་འདྲའི་དངོས་རྫས་ལྷ་ཐོག་གི་རི་ལ་ཡོད་པ་མིན་འགྲོ་ ཡང་ན་ཐོག་རྒྱག་དུས་གློག་འཁྱུག་གི་ཡོད་ཙང་ དེ་ལ་
སྙན་ངག་གབ་ཚིག་གིས་བརྒྱན་ནས་འབར་བའི་རྣམ་པ་ཅན་དུ་གསུངས་པ་མིན་འགྲོ་ཧ་ཅང་ཟབ་པོ་རེད། འདོད་འཇོ་མཚན་པའི་འབྲོག་སྡེ་མཛེས། ཞེས་པ་ནི་ ལྷ་ཐོག་གི་ཡུལ་གྱི་ནང་ཚན་ལུང་པ་བ་སྐོར་ཟེར་མཁན་ཞིག་ཡོད་སྐད་རེད་ དེར་བརྟེན་བ་སྐོར་ཞེས་པའི་བ་དེ་བ་ཕྱུགས་ཡིན་རྒྱུ་བྱས་ནས་དེ་ལ་འདོད་འཇོ་ཞེས་ཧ་ཅང་སྙན་ཚིག་གིས་བཅིང་བ་ལོས་ཡིན། འོན་ཀྱང་ འདོད་འཇོའ་ིབ་ཞེས་པ་དེ་བ་གླང་བྱེ་བྲག་པ་ཞིག་ཡིན་པ་མ་མཁྱེན་པའི་ཐོག་ བ་ཚང་མས་འདོད་པ་ཇི་བཞིན་སྟེར་གྱི་ཡོད་ཤག་གནང་བ་འདྲ་ཐུགས་ཁག་ཀྱང་མི་འདུག གང་ཡིན་ཟེར་ན་ ཁྱེད་རང་རྣམ་པའི་ཨབ་ཕྲུག་ཚོས་དེང་སང་བ་ཕྱུག་ལ་སྐྱབས་འཇུག་ཞུས་ནས་འདོད་པ་སྐོང་གི་ཡོད་པའི་ལོ་རྒྱུས་ཀྱང་ཐོས་སོང་། མཚན་པའི་ཟེར་དུས་བ་ཕྱུགས་མང་པོས་བསྐོར་བའམ་མཚན་པའི་འབྲོག་སྡེ་ཡིན་ན་ ཧ་ཅང་མཛེས་པོ་རང་ཨེ་ཡོད་ བ་ཕྱུགས་ཀྱི་མིང་ཅན་གྱི་སྡེ་ཡིན་ནའང་མིང་སྙན་ཤོས་ཞིག་ནི་མ་རེད། སི་ཏུ་པ་ཉིད་སུམ་ཅུ་པར་སློབ་སྦྱོང་ཕྲན་ཙམ་མཛད་ཡོད་ན་བྱེད་འབྲེལ་གྱི་དབྱེ་བ་མཁྱེན་རྒྱུར་བརྟེན་ དབུ་ཉོག་པོ་འདི་འདྲ་རང་ཡོང་གི་མ་རེད་ གང་ལྟར་འབྲོག་སྡེ་མཛེས་པོ་ཞིག་ཡོད་པ་འདྲ་འབྲི་གཡག་ རྭ་ལུག་སོགས་སྤུ་ཁ་ཡག་པོ་དང་ སྦྲ་སྙིང་རྗེ་པོ་ཞིག་ཡོད་ཤག་རེད་ ཚིག་རྐང་འདིས་ ཨོ་རྒྱན་ཕྲིན་ལས་སྐྱེས་ནས་ལོ་བརྒྱད་ཙམ་གྱི་རྗེས་སུ་སི་ཏུའི་ཉམས་སྣང་ལ་གསར་དུ་འཆར་བའི་སྐྱེ་ཡུལ་དེ་ལུང་བསྟན་པ་རེད།
ཐབས་ནི་དོན་འགྲུབ་ཤེས་རབ་བློ་ལ་དགའ། སི་ཏུ་པས་ཨོ་རྒྱན་ཕྲིན་ལས་ཐོག་མའི་སྐབས་སུ་ལྷ་ཐོག་གི་དགོན་པ་ཞིག་གི་བསྟན་བདག་སྤྲུལ་པའི་སྐུར་ངོས་འཛིན་བྱས་སྐད་ལྟར་ དེ་སྐབས་ནས་འབྲེལ་ཐུག་བྱུང་བའི་གྲོགས་པོ་རྙིང་པ་ ཨོ་རྒྱན་ཕྲིན་ལས་ཀྱི་པཱ་ལགས་ཀྱི་མིང་ལ་དོན་འགྲུབ་དང་ ཨ་མ་ལགས་ཀྱི་མིང་ལ་བློ་དགའ་ཟེར་གི་ཡོད་ཚོད་ ཕ་ཞེས་པ་དང་ མ་ཞེས་པའི་དངོས་མིང་གཉིས་པོ་ ཐབས་ཞེས་པ་དང་ ཤེས་རབ་ཞེས་པའི་བརྡ་ཚིག་གཉིས་ཀྱི་རྒྱབ་ལ་སྦས་པ་རེད་ བློ་ལ་དགའ་ན་དགའ་མཁན་ཟུར་དུ་སྟོན་རྒྱུ་མེད་པས་ ཨ་མའི་མིང་ཆ་ཚང་ནི་ཐུགས་ལ་མ་ཤར་བ་འདྲ་ ཁམས་ཕྱོགས་སུ་ཐུབ་བསྟན་ལྟ་བུའི་མིང་ལ་ཐུབ་དགའ་ཞེས་འདོགས་ཀྱི་ཡོད་པ་ཡོངས་གྲགས་ལྟར་ཨ་མ་ལགས་ལའང་ བློ་ལྡན་ལྟ་བུ་ཞིག་འདོགས་ཀྱི་ལོས་ཡོད་་ གང་ལྟར་ལྷ་ཁང་རྙིང་པ་ལ་གནས་བཤད་གསར་པ་ཞིག་བསྐྱོན་པ་རེད། ས་ལ་སྤྱོད་པའི་ལོ་ཁམས་པ། ད་འདི་རྡོ་རྗེའི་ཚིག་རྐང་ཧ་ཅང་ཟབ་མོ་ཞིག་ཡིན་པ་འདྲ་ ས་ལ་སྤྱོད་པ་ནི་རྒྱལ་པོའ་ིམིང་ལ་སྒྲ་བཤད་འཇུག་གཉིས་ཀའི་སྒོ་ནས་ས་སྤྱོད་པ་ཞེས་གྲགས་ཆེ་མོད་ ལོ་རྟགས་མི་བྱས་པ་ནི་མི་སྲིད་ཅིང་ ཨོ་རྒྱན་ཕྲིན་ལས་ཀྱི་དགུང་སྙིང་གླང་ཡིན་པ་ད་ལྟ་ཚང་མས་ཤེས་བཞིན་པའི་ཐོག་ གླང་གནམ་ལ་འཕུར་མཁན་གྱི་གྲས་མ་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་གླང་ལ་མིང་གསར་པ་ ས་སྤྱོད་པ་ཞེས་འདོགས་རྒྱུ་བྱས་ནའང་ད་དུང་གྲ་མ་འགྲིགས་པ་གཅིག་ལུས་ཡོད་ གང་ཡིན་ཟེར་ན་ ལོ་ཁམས་པ་ཟེར་བ་དེ་ཡིན་ ལོ་ཁམས་ནི་ནག་རྩིས་ཀྱི་སྐབས་ནས་བཤད་པའི་འབྱུང་བ་ལྔའི་གྲས་ནས་གཅིག་ལ་རྟག་ཏུ་གོ་དགོས་ཀྱི་ཡོད་སྟབས་ ས་ལ་སྤྱོད་པ་ཟེར་
4
རྒོད་བྲོ་བ།
དུས་གླང་ལོ་པ་དང་ ལོ་ཁམས་པ་ ཟེར་དུས་དེའི་ཁམས་ཅན་ཏེ་ས་གླང་ལོ་པར་འགྱུར་བའི་ཉན་ཁ་ཡང་འདུག་ས་གླང་ལོ་པ་ཡིན་རྒྱུ་བྱས་ན་ནི་ ད་ལོ་རབ་བྱུང་བཅུ་བདུན་པའི་ཤིང་ཕག་ལོ་ནས་བརྩིས་པའི་ལོ་གྲངས་བཅུ་གཉིས་ཙམ་གྱི་རྗེས་སུ་ ཨོ་རྒྱན་ཕྲིན་ལས་འཁྲུངས་རྒྱུ་ཡིན་པར་ཁས་ལེན་དགོས་པས་ནམ་མ་ལང་གོང་ནས་ཉི་མ་ཤར་བའི་ལོ་རྒྱུས་སུ་སོང་འདུག་ ཡང་ན་ ཨོ་རྒྱན་ཕྲིན་ལས་ཤིང་གླང་ལོར་སྐྱེས་པ་ནས་ ཡར་བརྩིས་པའི་ལོ་གྲངས་ཉེར་གསུམ་ཙམ་གྱི་སྔོན་དུ་ཨོ་རྒྱན་ཕྲིན་ལས་འཕར་མ་ཞིག་སྐྱེས་ཟེར་བར་འགྱུར་བས་ ས་བོན་མ་བཏབ་གོང་ལ་འབྲས་བུ་སྨིན་ཟིན་པའི་ལོ་རྒྱུས་སུ་མི་འགྱུར་རམ། རྡོ་རྗེའི་གསུང་ནི་རྡོ་རྗེའི་གསུང་རང་རེད་ གཅིག་བྱས་ན་ནི་གོ་རྒྱུ་དང་ཚོར་རྒྱུ་གཏན་ནས་མེད་པ་ གཅིག་བྱས་ན་ནི་མི་གོ་དགུ་གོ་དང་མི་ཚོར་དགུ་ཚོར་ ཚོར་རྒྱུ་ཡོད་པ་འདི་ངོ་མཚར་ཆེ། ཨེ་མ་ཧོ། མ་གཞི་ སི་ཏུ་པ་ཉིད་ བོད་སློབ་འཛིན་གྲྭ་དང་པོའ་ིནང་ཙམ་དུ་ཞུགས་ནས་ནག་རྩིས་མ་བུ་དགྲ་གྲོགས་ཀྱི་འགྲོས་ཙམ་ལ་སློབ་སྦྱོང་མཛད་ཡོད་ན་ ཞལ་རྫུན་འདི་བས་དྲག་པ་ཞིག་གསུང་མཁྱེན་པ་ཡོང་གི་རེད་ གང་ལྟར་ཤིང་གླང་ལོ་པ་ཡིན་ངེས་ཚང་མས་ཤེས་བཞིན་ལ་ཆ་བཞག་ན་འགྲིགས་རྒྱུ་བྱས།
ཀར་མོ་རྒྱངས་གྲཊ་ངོ་མཚར་ཆེ། ཞེས་པ་ནི་ སི་ཏུ་པ་འདི་ སྙན་ངག་རང་བཞིན་བརྗོད་པ་བཞིའི་དཔེར་བརྗོད་ཙམ་ཡང་ཁུངས་མི་འཁྱོལ་ན་ཡང་ སྙན་ཚིག་ཆར་པ་བབས་བབས་བྱེད་སྟངས་ལ་བལྟས་ན་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་སྐྱེ་མཐའ་ཡིན་ལ་ཡིན་གོ་ཆོད་ངེས་ཞིག་སྐྱེས་འདུག་པ་འདི་བཀའ་བརྒྱུད་པའི་བསོད་ནམས་ཀྱིས་ཆུན་པ་མི་འདུག་སྙམ། ཀར་མོ་ ཞེས་པ་སྔོན་འཇུག་ཡོད་མིན་ཇི་ལྟར་ཡང་རོལ་མོའ་ིབྱེ་བྲག་དུང་དཀར་ལ་གོ་རྒྱུ་བྱས་ གང་ཡིན་ཟེར་ན་དུང་གི་ཁ་དོག་དཀར་པོ་མ་རེད་པས་ རྒྱངས་གྲགས་ཟེར་དུས་ ཨོ་རྒྱན་ཕྲིན་ལས་སྐྱེས་སྐབས་དུང་སྐད་རྒྱངས་རིང་པོ་ཞིག་ནས་ཐོས་པའི་སྐད་ཆ་སྒྲུང་
རྒྱབ་སྒྲུང་གིས་སྐྱོར་བ་ཞིག་ཤོད་རྒྱུ་འདུག་པ་དེ་ཡིན་རྒྱུ་བྱས། ཡང་ དཀར་མོ་རྒྱངས་གྲགས་ ཞེས་པ་ནི་གླིང་གེ་སར་གྱི་ལོ་རྒྱུས་ནས་འབྱུང་བའི་དམག་དུང་བྱེ་བྲག་པ་ཞིག་གི་མིང་ཡང་ཡིན་པས་ སི་ཏུ་སྒྲུང་ལ་ཐུགས་མཉེས་པོ་ཡོད་ཙང་སྒྲུང་དཔེའི་ནང་ནས་བཏུས་པ་ནི་མིན་ལས་ཆེ། ཡང་དཀར་མོ་ ཞེས་པ་མཆོད་པའི་ལྷ་མོའ་ིགྲས་ནས་གཅིག་གི་མཚན་དང་ ཨ་ཁུ་སྟོན་པའི་ལྕམ་ལ་དཀར་མོ་ཞུ་གི་ཡོད་སྐད་འདུག་ དེ་ལས་གཞན་དུ་ཐ་སྙད་འདི་མིང་གི་ཚུལ་དུ་འཇུག་རྒྱ་ཧ་ཅང་ཆུང་ གང་ལྟར་དུང་འབུད་མཁན་མེད་པར་སྐད་གྲགས་པ་དེ་ཡང་ངོ་མཚར་པོ་རེད་ལ་ སྐད་དེ་དུང་གི་སྐད་ཡིན་པར་ཤེས་མཁན་དེ་ཡང་དེ་བས་
ཁྱད་མཚར་བ་ཞིག་རེད། ཨེ་མ་ཧོ། ངོ་མཚར་གྱི་ཡུལ་འདི་ལ་ གངས་ཅན་ལྗོངས་ཀྱི་མཁས་པ་ཆེན་པོ་ས་སྐྱ་པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ ཧ་ཅང་ངོ་མཚར་རྒྱུ་རང་མེད་ལུགས་ཞིག་གསུངས་འདུག་པ་འདི་ལྟར་སྡོམ་གསུམ་རབ་དབྱེ་ལས་ས་འོག་བོང་བུས་སྒྲ་སྒྲོགས་པ། དུད་འགྲོ་མི་སྐད་སྨྲ་བ་སོགས། བླུན་པོ་ངོ་མཚར་བསྐྱེད་མོད་ཀྱིས། མཁས་པས་འདི་འདྲ་མཐོང་གྱུར་ནས། ཡུལ་དེར་དགྲ་བོ་གཞན་དག་འཇུག་ཡང་ན་ལྟས་ངན་གཞན་དག་འབྱུང་། ཞེས་བཟང་ངན་མ་ངེས་པའི་ལྟས་འདི་རིགས་ལ་ཞིབ་དཔྱད་བྱེད་མ་ཤེས་ན་ལྟས་ངན་དང་ལྟས་བཟང་ནོར་སྲིད་པར་འདུག་པས་ བོད་སྐད་དང་དུང་སྐད་ཀྱང་མ་
ནོར་བར་མཉན་པར་འཐད། དེ་མཚུངས་ ཨོ་རྒྱན་ཕྲིན་ལས་འཁྲུངས་དུས་ཡིན་ནམ་ཁྲི་འདོན་བྱེད་དུས་ཡིན་ནམ་ མ་ངེས་ཀྱང་ཉི་མ་གསུམ་ཤར་བའི་ལོ་རྒྱུས་ཞིག་ཀྱང་ཐོས་སོང་ གལ་སྲིད་དེ་འདྲ་ཡིན་ན་ དེ་རྫུ་འཕྲུལ་རེད་ཅེས་བསྟོད་བསྔགས་བྱེད་རྒྱུ་སྔ་དྲག་ན་མཐའ་མ་ཇི་འགྱུར་མ་ངེས་པས་སྡོམ་གསུམ་རབ་དབྱེ་ལས་གང་གསུངས་པ་འདི་ལ་གསན་མཛོད། ཉི་མ་དུ་མ་ཤར་བ་དང་། མཁའ་ལ་བུ་ག་དོད་པ་དང་ སོགས་ནས་ བླུན་པོ་རྟགས་སུ་བྱེད་མོད་ཀྱིས། མཁས་པས་འདི་འདྲ་མཐོང་གྱུར་ན། བར་ཆད་རྟགས་སུ་ཤེས་པར་གྱིས། ཞེས་གསུང་འདུག་པས་ རང་གིས་སྨྲས་པའི་ཚིག་དོན་རང་གིས་ཤེས་པ་ཞིག་ཐོག་མ་ཉིད་ནས་མཛད་པར་འོས་སྙམ།
ཡང་གོ་ཐོས་ཞིག་ལ་རྒྱལ་ཚབ་སྤྲུལ་སྐུས་ཕུར་པ་བསྒྲུབས་ནས་ རྫས་ཀྱི་ཕུར་པ་རྣམས་ཀྱིས་དཀྱིལ་འཁོར་ཐོག་ཏུ་གྲོ་འཁྲབ་པ་རེད་ཅེས་ཧ་ཅང་ངོ་མཚར་བར་བརྩིས་ནས་ གྲོ་འཁྲབ་མཁན་གྱི་ཕུར་པ་དེ་ ཕྱེ་མར་བྱས་ཏེ་ཕུར་ཆུང་རྣམས་ཀྱི་རྫས་དང་བསྲེས་པའམ་རང་གར་ཕུར་པ་ཆུང་ཆུང་མང་པོ་ཞིག་བཟོས་པ་ཡིན་མ་ཤེས་ཀྱང་ གང་ལྟར་ཕུར་ཆུང་མང་པོ་ཞིག་ལ་ གྲོ་འཁྲབ་མཁན་གྱི་ཕུར་པ། ཞེས་མིང་བཏགས་ཤིང་ གོང་ཚོད་མེད་བརྒྱབ་ནས་ཕྱི་རྒྱལ་གྱི་མི་རིགས་རྒྱུས་མེད་རྣམས་ལ་བཙོང་སྟེ་ མཁེ་བཟང་གང་ཆེ་ཐོབ་ཀྱི་ཡོད་པའི་ལོ་རྒྱུས་ཞིག་འདུག་པ་ གལ་སྲིད་བདེན་པ་ཡིན་ཚེ་དེ་ལའང་
5
རྒོད་བྲོ་བ།
ས་སྐྱ་པཎ་ཌི་ཏས་བཀའ་སློབ་ཞིག་གནང་འདུག་པ་འདི་ལྟར་ སྐུ་གཟུགས་མཆི་མ་འཛགས་པ་དང་། དེ་བཞིན་གོམ་པས་འགྲོ་བ་དང་། གར་བྱེད་པ་དང་སྐད་འབྱིན་དང་། སོགས་ནས་གོང་དུ་བཀོད་པ་ལྟར་བཟང་པོའ་ིརྟགས་ཡིན་པར་གསུངས་མི་འདུག་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་གི་འདུ་ཁང་ཆེན་མོར་བཞུགས་པའི་སྟོན་པའི་མཛོད་སྤུ་ནས་ཆུ་འཛགས་པ་དང་ བཤད་གྲྭའི་འཇམ་དབྱངས་ཀྱི་སྐུ་བརྙན་གྱི་ཕྱག་གི་རལ་གྲི་ལྷུང་བ་སོགས་ཀྱང་ལྟས་འདི་འདྲའི་གྲས་སུ་ཆུད་པར་འདུག་སྙམ། དེར་བརྟེན་ རྒྱལ་ཚབ་སྤྲུལ་སྐུས་ཕུར་པ་ཞབས་བྲོ་རྒྱག་མཁན་ཚོ་བཙོང་རྒྱ་ཆེ་དྲག་ན་ བེད་སྤྱོད་བྱེད་མཁན་གྱི་གང་ཟག་རྣམས་བདེ་འགྲོ་དང་ ངན་འགྲོ་གར་ཁྲིད་མི་ཤེས་པར་སྣང་བས་བརྟག་དཔྱད་བགྱི་བར་འོས་སྙམ་པ་ཞར་བྱུང་དུ་ཐལ།
ཀརྨ་པ་ཞེས་ཡོངས་སུ་གྲགས། ཞེས་པ་འདི་ལུང་བསྟན་དངོས་གཞི་རེད་ ཚིག་རྐང་འདིའི་དོན་ནི་སི་ཏུའི་གྲོགས་པོ་རྙིང་པ་དོན་འགྲུབ་ལགས་དང་ བློ་དགའ་གཉིས་ཀྱི་བུ་ལྷ་ཐོག་ བ་སྐོར་ལ་ལོ་རྟགས་མི་བྱས་པའམ་གླང་བྱས་པ་ཞིག་སྐྱེ་རྒྱུ་དེ་ཀརྨ་པ་རེད་ ཅེས་ཁྱབ་བསྒྲགས་འགྲོ་གི་རེད་ཟེར་བའི་དོན་རེད། འདིར་ཁྱད་མཚར་བ་ཞིག་ལ་འདའ་ཁའི་ཞལ་ཆེམས་འཇོག་མཁན་བཅུ་དྲུག་པ་ཉིད་ཡིན་རྒྱུ་བྱས་པར་བརྟེན་ དཔེར་ན་ རྒྱལ་དབང་མཁའ་ཁྱབ་རྡོ་རྗེས་ འཇིག་རྟེན་མཁའ་འགྲོའ་ིལྷུམས་སུ་གནས་མལ་མཐོང་། ཞེས་རང་ཉིད་སྐྱེ་བ་སླར་ཡང་བཞེས་རྒྱུའི་གདིང་ཚད་དང་ལྡན་པའི་སྒོ་ནས་ཡུམ་གྱི་མངལ་ལ་ཞེ་ས་དང་ ཡང་གནས་མལ་ཞེས་རང་དང་འབྲེལ་བའི་སྒོ་ནས་ཞེ་སའི་ཚིག་མ་འཁོད་ཅིང་ ཉིད་ཀྱི་སྤྲུལ་པའི་སྐུ་ཡིན་པར་ ཐེ་ཚོམ་མེད་པར་ཤེས་ཐུབ་པ་ཞིག་གསུང་གི་ཟུར་ལས་ཐོན་གྱི་ཡོད་པ་འདི་འདྲ་དང་ཚིག་རིས་གཅིག་པ་མི་དགོས་ན་ཡང་ ཞལ་ཆེམས་མགུལ་བསྲུང་མ་འདིར་ རིག་པའི་རྡོ་རྗེས་དོན་འགྲུབ་དང་ བློ་དགའ་གཉིས་ལ་ཀརྨ་པ་འཁྲུངས་ཀྱི་རེད་ཅེས་རྒྱལ་མཆོག་ཉིད་ཀརྨ་པ་མ་ཡིན་པ་འདྲ་ཞིག་ཚིག་ཟུར་ནས་ཐོན་པ་དང་ རང་ཉིད་སླར་ཡང་སྐྱེ་བ་བཞེས་སྟངས་ཀྱི་རིམ་པ་དགོངས་ཀློང་ནས་བརྡོལ་བཞིན་པ་དེ་རེ་ཞིག་བཞག་ནས་ གང་ཟག་ཆེ་གེ་མོ་ཞིག་ལ་ཀརྨ་པ་འཁྲུངས་ཀྱི་ཡོད་པར་གཟིགས་སྣང་བྱུང་བ་ལྟ་བུ་འདིའང་གོ་བདེ་པོ་ཞིག་མ་རེད། གཞི་རྩ་ཞལ་ཆེམས་རྫུས་མ་ཡིན་པ་དེ་མ་བརྗེད་པར་བྱས་ན་གོ་ལོག་འདི་རིགས་ཀྱང་འབྱུང་གི་མེད་ཙང་ ད་ནས་བཟུང་རྫུས་མ་ལ་རྫུས་མར་ཡིད་ཆེས་བྱས་ནས་མགོ་ཉོག་འདི་རིགས་ཤོད་ཀྱི་མིན།
ད་ནི་བརྒྱ་བཤད་ཀྱི་སྙིང་པོ་ སྟོང་བཤད་ཀྱི་རྩ་བ་ འོ་མའི་སྙིང་པོ་མར་ ཆུ་ཡི་སྙིང་པོ་ཚྭ་རླུང་གི་སྙིང་པོ་དབུགས་ ས་ཡི་སྙིང་པོ་ཤ་ མེ་ཏོག་གི་ཟེའུ་འབྲུ་ སྦྲང་རྩིའི་བཅུད་ཟེར་བ་ལྟར་ཞལ་ཆེམས་མགུལ་བསྲུང་མ་འདིའི་བརྗོད་བྱའི་སྙིང་པོ་ དོན་རྩ་རྡོག་རྡོག་སྙིང་གཏམ་རྗེན་པ་དེ་དོན་གྱི་རེད་པས་ཞལ་བཙུམས། སྤྱན་གདངས། རྣ་བའི་དབང་པོ་གཏོད། སེམས་རྩེ་གཅིག་ཏུ་སྒྲིམས་ཏེ་གསན་པར་ཞུ་གསན་བྱའི་ཚིག་ནི་ རྗེ་ དོན་ ཡོད་ གྲུབ་ པས་ རྗེས་ སུ་ བཟུང་། ཞེས་པའི་ཚིག་རྐང་འདི་གོ་བདེ་རུ་བཏང་ན་ཁོང་ཀརྨ་པ་ཡི་ཡང་སྲིད་དེ། ང་དོན་ཡོད་ཉིན་བྱེད་ཀྱིས་གར་ཁྲིད་ཡིན། ཟེར་གྱི་ཡོད་རེད་ རྒྱལ་མཆོག་གོང་མས་སི་ཏུ་པ་ལ་པད་མ་དོན་ཡོད་ཉིན་བྱེད་ཅེས་མཚན་བཏགས་གནང་བ་རེད། མདོ་དོན་སི་ཏུའི་ཞེ་འདོད་ཀྱི་སྙིང་པོ་རྒྱལ་དབང་ཀརྨ་པའི་དབུ་བླ་བྱས་ཏེ་ འཛམ་གླིང་ཐ་གྲུར་མཚན་བཙོང་ནས་རང་དོན་བསྒྲུབ་སྙམ་པའི་ཞེ་ཕུག་གི་མཐིལ་དེ་ཐོན་པ་རེད། ཞེ་ཕུག་དེ་འདྲ་ལ་བརྟེན་ནས་ ཡང་སྲིད་ཀྱང་རྫུས་མ་ ཞལ་ཆེམས་ཀྱང་རྫུས་མ་བཟོ་རྒྱུ་ཁེལ་བ་རེད། སྐབས་འདིར་དོན་ཡོད་གྲུབ་པས་ཞེས་བྱེད་སྒྲ་འདྲ་ཆགས་པོ་ཞིག་བྲིས་འདུག་པ་ལ་བལྟས་ན་སི་ཏུ་པས་སུམ་ཅུ་པ་ཞིག་ཀྱང་ཛ་དྲག་གི་སྒོ་ནས་ ཉིན་སྦྱོང་ མཚན་སྦྱོང་བྱས་པ་ནི་མིན་ལས་ཆེ། ཉེ་རིང་མེད་པའི་འགྲོ་བའི་མགོན། འདིའི་དོན་ནི་ ཁོང་མགོན་པོ་ཆགས་ཀྱི་རེད་ སུའི་མགོན་པོ་ཆགས་ཀྱི་རེད་ཟེར་ན་འགྲོ་བ་རིགས་དྲུག་གི་མགོན་པོ་ཆགས་ཀྱི་རེད་ འགྲོ་བ་རིགས་དྲུག་དེ་ག་འདྲ་ཡོད་རེད་ཟེར་ན་ ཉེ་རིང་ངམ་ཕྱོགས་ལྷུང་ ཆགས་སྡང་
6
རྒོད་བྲོ་བ།
དང་བྲལ་བ་ཞིག་ཡོད་རེད་ཅེས་བཤད་དགོས་བཟོ་འདུག་དེ་ལྟར་ཡིན་ན་ མགོན་ནམ་སྐྱབས་ཞེས་པ་དེས་ ལས་འགན་རྐྱེན་ངན་ཞིག་ལས་སྐྱོབ་དགོས་ཀྱི་ཡོད་ཀྱང་འགྲོ་བ་རིག་དྲུག་གི་རྒྱུད་ལ་ཉེ་རིང་ཆགས་སྡང་མེད་ན་དེ་དག་དང་འབྲེལ་བའི་རྐྱེན་ངན་པ་དེ་ཚོ་ཡང་ཡོང་དོན་མེད་དུས་ མགོན་པོ་ལ་ལས་ཀ་མེད་པ་ནང་བཞིན་ཆགས་ཀྱི་མ་རེད་པས། ཡང་ན་ ཁྱེད་རང་རྣམ་པས་ཀརྨ་པ་སྐུ་ཕྲེང་ལྔ་པ་དེ་བཞིན་གཤེགས་པའི་ལུང་བསྟན་དུ་ ན་ཐའི་མིང་ཅན་ཞེས་པ་ མ་གཞི་ང་སྟོབས་དགའ་པ་ཡིན་དགོས་རྒྱུ་ཡང་ན་ཐའི་མིང་ཅན་བླ་མ་ཞིག །ཞེས་པའི་སྐབས་བླ་མའི་ཚིག་ཟུར་དེ་སྟབས་མ་བདེ་བར་ ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ལ་ཞུ་ཕོད་མཚམས་མེད་ཀྱི་ལས་བསགས་འདུག་པའི་ཞེ་འདོད་དང་བསྟུན་ནས་ མགོན་པོ་དང་ཚ་བོ་ལེགས་སྦྱར་དང་སྒོ་བསྟུན་ནས་དོན་གཅིག་པ་བྱས་ཏེ་ འགྲོ་བ་རིགས་དྲུག་གི་ཚ་བོ་དེ་ ཨོ་རྒྱན་ཕྲིན་ལས་ཆགས་ཀྱི་རེད་ཟེར་གྱི་ཡོད་དམ། འདིའི་སྐོར་ཁྱེད་རང་ཚོས་ ཕྱོགས་སྔའི་ནམ་མ་ལངས་པར་དགག་གཞག་གི་ཉི་མ་ཞིག་འཆར་འདུག་ གང་ལགས་ཟེར་ན་ ན་ཐའི་མིང་ཅན་བླ་མ་ཞིག་ ས་སྤྱོད་གདན་ས་འདི་རུ་འབྱུང་། ཞེས་པའི་ས་སྤྱོད་དེ་ས་ལ་སྤྱོད་པ་གླང་རྒན་གྱི་སྐད་ཆ་དེ་མ་རེད་ དཔལ་ཀརྨ་པ་དུས་གསུམ་མཁྱེན་པའི་སྐུ་གསུང་ཐུགས་ཀྱི་གདན་ས་གསུམ་གྱི་ནང་ནས་ ས་སྤྱོད་གསུང་གི་གནས་ཀརྨ་དགོན་ཡིན་པར་གྲགས་པས་ གདན་ས་དེའི་ནང་དུ་མགོན་པོའ་ིམིང་ཅན་ཞིག་འབྱུང་གསུངས་པ་ལ་ན་ཐ་ལེགས་སྦྱར་གྱི་སྐད་དང་ དེ་བོད་སྐད་དུ་མགོན་པོར་བསྒྱུར་བ་བསྟན་བཅོས་ཡོངས་ལ་གྲགས་པ་དེ་ལ་བསྒྱུར་བཅོས་དགོས་དོན་ཡང་མི་འདུག དེ་མཚུངས་སི་ཏུ་པ་ལ་བྱམས་མགོན་སི་ཏུ་ཟེར་གྱི་ཡོད་དུས་ ན་ཐའི་མིང་སྒྲ་སི་ཏུ་པ་ལ་འདུག་པས་ལུང་བསྟན་གྱི་བླ་མ་དེ་སི་ཏུ་པ་རེད་ཟེར་མཁན་འདུག་པ་རྣམས་ལ་ཡང་ དེ་ཙམ་མི་གསུང་རོགས་གནང་ཞེས་མཚམས་སྦྱོར་ཞུ་གི་ཡིན། སི་ཏུ་པ་ལ་ཁག་ཅི་ཡོད་ ལེགས་སྦྱར་གྱི་སྐད་རྒྱ་ཆེ་ལ་གཏིང་ཟབ་པ་དེ་ཚོ་མཐའ་འཁྱོལ་བ་ཤེས་རྒྱུ་ལྟ་ཞོག་ ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་
མཚམས་སྦྱོར་ལྔ་པའི་རི་མོ་ཙམ་ཡང་ བོད་དུ་དར་བའི་ལག་རྒྱུན་དང་མཐུན་པར་སློབ་སྦྱོང་བྱེད་མ་མྱོང་བའི་མིས་ མགོན་པོ་དང་ ཚ་བོའ་ིདབྱེ་བ་ག་ལ་ཤེས་ རྒྱ་གར་གྱི་བསྟན་བཅོས་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པ་དང་ ཁྱད་པར་འཕགས་བསྟོད་ལྟ་བུའི་རྒྱ་དཔེ་ལ་བལྟས་ནས་དེ་དག་བོད་སྐད་ཐོག་བསྒྱུར་སྟངས་ཇི་འདྲ་བྱས་འདུག་བརྟག་དཔྱད་བྱས་ན་ ན་ཐའི་སྐད་དོད་ལ་མགོན་པོ་འབྱུང་ངམ་ཚ་བོ་འབྱུང་ཤེས་པར་སླ་བ་དང་ སི་ཏུ་པ་ཉིད་ཀྱི་སྐུ་ཕྲེང་གྲས་ཐམས་ཅད་མཁྱེན་པ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ མངོན་བརྗོད་འཆི་མེད་མཛོད་འགྲེལ་ཧ་ཅང་རྒྱས་པར་བཀྲལ་བ་དེ་ཚོ་བཀླག་ཤེས་ན་ཡང་ ན་ཐའི་
སྐད་དོད་གང་ཡོད་ལོས་ཤེས། དེ་ཙམ་བལྟ་མ་ཐུབ་ན་ཡང་ ཞབས་དྲུང་མདོ་མཁར་བ་ཚེ་རིང་དབང་རྒྱལ་གྱིས་བསྒྲིགས་པའི་སྐད་གཉིས་ཤན་སྦྱར་ སྡེབ་སྦྱོར་ཀཱ་ལིའི་ཕྲེང་བསྒྲིགས་ལྟ་བུ་ཡིག་ཆ་བཙལ་བདེ་ལ་ ཞལ་གསལ་བ་ཞིག་ཡོད་པ་དེ་སྦྱོར་ཀློག་བྱེད་ཤེས་ན་ཡང་ ན་ཐའི་སྐད་དོད་གང་ཡིན་ཤེས་ངེས་ཡོང་རྒྱུ་དང་ ཐ་ན་ཡང་ ཇོ་ནང་པ་ཏཱ་ར་ན་ཐ་ལ་ སྒྲོལ་བའི་མགོན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཙམ་ཞིག་ནི་ཁྱོད་སི་ཏུ་པས་ཤེས་རེ་ཆེ། གལ་སྲིད་ན་ཐའི་སྐད་དོད་ཚ་བོ་ཡིན་པའི་དབང་དུ་བཏང་ས་སྤྱོད་ཀྱི་གདན་སའང་མཚུར་ཕུའམ་ རུམ་སྟེགས་བཤད་སྒྲུབ་ཆོས་འཁོར་གླིང་གཉིས་གང་རུང་ཞིག་ཡིན་རྒྱུ་རང་བྱས་ཀྱང་
ཁྱེད་རང་ཚོའི་ཞེ་འདོད་ཀྱི་དོན་དེ་འགྲུབ་ཐབས་ཡོད་མ་རེད་ གང་ཡིན་ཟེར་ན་ རྗེ་དེ་བཞིན་གཤེགས་པའི་ལུང་བསྟན་གྱི་ཚིག་རྐང་ ན་ཐའི་མིང་ཅན་བླ་མ་ཞིག ཞེས་པས་ལུང་བསྟན་ཡག་གི་མི་དེ་ང་སྟོབས་དགའ་ཡིན་དགོས་ཀྱི་ཡོད་ན་ ཀ་ཡི་ཕྲེང་བ་བཅུ་དྲུག་སྨད། བཅུ་བདུན་མགོ་རུ་དམ་སྲིའི་སྤྲུལ། ང་སྤྲུལ་ཚ་བོ་བླ་མ་ཞིག ས་སྤྱོད་གདན་ས་འདི་རུ་འབྱུང་། ཞེས་ཚིག་རྐང་གསུམ་པའི་འདོན་པ་བསྒྱུར་བ་ཡིན་ན་ང་སྤྲུལ་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་སྤྲུལ་སྐུ་བཅུ་དྲུག་པ་ཡིན་རྒྱུ་དང་ དེའི་ཚ་བོ་ཞིག་བསྟན་དགྲར་འགྱུར་བར་གསུངས་པ་ལྟ་བུར་གོ་རུང་མོད་ ཚིག་རྐང་གསུམ་པའི་འདོན་པ་མ་བསྒྱུར་ན་ ན་ཐ་ཚ་བོ་ཡིན་རྒྱུ་བྱས་ན་ཡང་ཞང་པོ་སུ་ཡིན་དགོས་ཀྱི་རེད་ བཅུ་དྲུག་པ་ཡིན་ནམ་ བཅུ་བདུན་པ་ཡིན་ སྐུ་ཕྲེང་ལྔ་པའི་ཚ་བོ་ནི་ སྐབས་དེར་འཚོ་ཞིང་གཞེས་ནུས་སམ་ ཡང་ན་ཞང་པོའ་ིཚ་བོར་འགྱུར་བས་ འཛམ་གླིང་གི་མི་ཚང་མ་ཚ་བོར་སོང་ན་ཞང་པོ་ཞེས་པ་ཡང་མེད་པ་ཞིག་ཆགས་ དེ་མེད་པ་ཆགས་ན་ ཚ་བོ་ཞེས་པ་ཡང་མེད་པ་ཞིག་ཆགས་ནས་འཁོར་བ་སྟོངས་པར་མི་འགྱུར་
7
རྒོད་བྲོ་བ།
རམ། ཡང་ན་ཐ་ཚ་བོར་བྱས་ཏེ་ལུང་བསྟན་གྱི་ཚིག་རྐང་དེ་འདོད་ན་ ཚ་བོའ་ིམིང་ཅན་བླ་མ་ཞིག། ཟེར་བར་འགྱུར་བས་ ལུང་བསྟན་བྱར་གྱུར་པའི་གང་ཟག་དེའི་མིང་ལ་ཚ་བོའ་ིསྒྲ་ཟུར་ཡོད་པའམ་དངོས་མིང་ཚ་བོ་ཟེར་མཁན་གྱི་བླ་མ་ཞིག་ཡོང་དགོས་རྒྱུར་མི་འདུག་གམ། ན་ཐའི་མིང་ཅན་ཚ་བོ་ཞིག ཞེས་ཚིག་ཁ་བསྒྱུར་བྱས་ན་ཡང་ ཚ་བོའ་ིམིང་ཅན་ཚ་བོ་ཞིག ཟེར་བར་འགྱུར་བས་རང་འདོད་འགྲུབ་མི་ནུས། ཡང་ན་ ན་ཐ་མགོན་པོ་ཡིན་རྒྱུ་བྱས་ ཚ་བོའ་ིཚིག་རང་སར་བཞག་ན་ མགོན་པོའ་ིམིང་ཅན་ཚ་བོ་ཞིག ཟེར་བར་འགྱུར་ཡང་ངའི་མིང་ལ་མགོན་པོ་ཞེས་ ད་བར་སུས་ཀྱང་མ་བཏགས་ དེ་བཞིན་རིག་པས་རིམ་པར་དེད་ན་མཐའ་མ་ ན་ཐ་ཞེས་པ་བོད་སྐད་ཡིན་རྒྱུ་དང་ ལུང་བསྟན་འདི་ཡུན་རིང་གོང་གི་ཡིག་ཆ་ཡིན་པར་བརྟེན་ཡིག་ནོར་རྒྱུན་འབྱམས་སུ་སོང་བ་ལས་ ངོ་མ་བྱས་ན་ ན་ཐ་ཟེར་བ་མ་རེད་ ནག་ཐིག་ཟེར་གྱི་ཡོད་རེད་གང་ཡིན་ཟེར་ན་སྟོབས་དགའི་གདོང་ལ་སྨེ་བ་མང་པོ་ཡོད་རེད་ཟེར་རྒྱུ་ཁེལ་ནས་ དེ་དུས་ལུང་བསྟན་གྱི་ཚིག་རྐང་ཡང་ ནག་ཐིག་ཡོད་པའི་ཚ་བོ་ཞིག ཟེར་རྒྱུའི་མཐའ་ལ་ཐུག་གི་རེད། ད་མང་པོ་བཤད་ན་ཞལ་སྐྱེངས་པའི་རྒྱུ་རུ་མི་འགྲོའམ།
མ་གཞི་ཁྱེད་རང་ཚོས་ཁུངས་མེད་ར་བཟི་བའི་སྐད་ཆ་ནང་བཞིན་དེ་ཚོ་བཤད་ཐག་ཆོད་ནས་གོང་ས་ཐམས་ཅད་མཁྱེན་པ་ཡང་དབུ་འཁོར་བཅུག་ཡོད། དཔེར་ན་ གོང་ས་མཆོག་གིས་ ཀརྨ་པ་ཨོ་རྒྱན་ཕྲིན་ལས་ངོས་འཛིན་སྐོར་ལ་བཀའ་སློབ་ཞིག་སྒྲ་འཇུག་འཁོར་ལོའ་ིཐོག་གནང་འདུག་པ་ ཕྲན་ནས་ཀྱང་ཐོས་དོན་ ཆོས་ཟབ་སར་བདུད་ཟབ་པའི་དཔེ་ལྟར་ ཕྲན་བུའི་འགལ་རྐྱེན་བྱུང་ཟིན་ཀྱང་ ད་ནས་བཟུང་ཚང་མས་དད་པ་དམ་ཚིག་བརྟན་པོ་བྱེད་དགོས་པ་དང་། སོགས་གསུངས་པའི་ཚིག་ཟུར་ལ་དཔྱད་ན་ ཨོ་རྒྱན་ཕྲིན་ལས་ལ་ངོས་ལེན་མི་བྱེད་མཁན་ཚོ་བདུད་ཡིན་པར་ཞལ་བཞེས་གནང་བའི་རྩ་དོན་ཡང་ཁྱེད་ཚོས་གོང་གསལ་བཞིན་ན་ཐ་ ཚ་བོ་ མགོན་པོ་ ནག་ཐིག་ བླ་མ་སོགས་རྙོགས་སྒྲ་ཚོད་མེད་པ་ཞིག་བཤད་པ་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་ རྒྱལ་བ་རིན་པོ་ཆེས་ ང་ཚོའི་མགོ་ལ་རྭ་ཅོ་ཡོད་པ་དང་ ཁ་ལ་མཆེ་བ་ཡོད་པ་ཡེ་ཤེས་ཀྱིས་གཟིགས་ནས་བདུད་ཀྱི་གྲས་སུ་བཞག་པ་ཞིག་མ་རེད། ད་ཕྱིན་ཆད་ཁྱེད་རྣམ་པས་དུག་ཟོས་པའི་ལྕེ་ནང་བཞིན་གྱི་གཏམ་འཆལ་འདི་རིགས་གཏན་ནས་མ་གསུང་རོག་གནང་མ་གཏོགས་སྟེང་འོག་བར་གསུམ་གྱི་ལྷ་བཙན་ཀླུ་གསུམ་ཚང་མ་འཁྲུགས་འགྲོ་གི་འདུག སྐུ་མཁྱེན། ཨ་ཁ། ཆུང་དུས་ཆོས་ལ་མ་སྦྱངས་ན།ངུ་དགོས་ལེའི་བྱ་བ་མང་པོ་ཡོང་། ཟེར་བ་དེ་ནི་བདེན་ངེས་སུ་འདུག་གོ།
ཀུན་གཟིགས་ཞྭ་དམར་པས་ནི་ད་བར་ ཞལ་ཆེམས་རྫུས་མ་ཡང་བཟོས་མ་སོང་ལ་ ཀརྨ་པ་ངོས་འཛིན་གནང་བ་དེ་ཁོ་རང་གིས་ཁུངས་སྐྱེལ་གྱི་ཡིན་གསུངས་སོང་། ཡང་ཀརྨ་པ་མཐའ་ཡས་རྡོ་རྗེ་ངོས་ལེན་དགོས་ཞེས་མི་གཅིག་གི་ལག་རྟགས་ཀྱང་བཙན་འགོད་བྱེད་བཅུག་མ་སོང་ལ་ ཀརྨ་པ་མཐའ་ཡས་རྡོ་རྗེ་མ་ཡིན་པ་ལ་ངོས་ལེན་བྱེད་མི་ཆོག་ཞེས་པའི་བཙན་གཏམ་ཡང་བཤད་མ་སོང་། རྒྱལ་དབང་ཀརྨ་པའི་དགེ་འདུན་པ་ཉིས་བརྒྱ་ཙམ་ཞིག་བཤད་སྒྲུབ་ཆོས་འཁོར་གླིང་ནས་བཙན་དབྱུང་བཏ
འཕྲིན་ཕྲན་ནང་ལ་འདི་འདྲས་ཤིག་སྐུར་བཞིན་འདུག འདི་ཨ་ཕྱི་ལགས་ལ་བྲིས་བཞག འབྲི་མཁན་སུ་རེད་མཁྱེན་གྱི་ཡོད་པས།
༄། མཁན་ཆེན་བླ་མའི་རང་བཞིན་བརྗོད་པ།
ཞྭ་དམར་ཕྱོགས་ལ་འུར་བསྟོད་གནམ་ས་འགེང་།།
སི་ཏུའི་ཕྱོགས་ལ་དམའ་འབེབས་ཆར་ལྟར་བསྙིལ།།
མཚམས་རེར་དག་སྣང་སྒམ་ཚུགས་ཡོད་མདོག་སྟོན།།
མཚམས་རེར་འཆལ་སྤྱོད་རྒན་མོའི་སྤྱོད་ངན་སྐྱོང་།།
ནག་རིལ་ལབ་ནས་འབྲོག་མི་འཕྲིན་ལས་སྨད།།
དཀར་ཡག་ལབ་ནས་གྲོང་མི་མཐའ་ཡས་བསྟོད།།
དཀར་ནག་བར་ནས་རང་སྡིག་བསགས་པ་ལས།།
ཐོབ་བྱ་མང་ཉུང་ཡོད་པ་འཕྱང་མོ་ཉུག །།
དགའ་ན་དགོང་ལ་བཏེགས་ནས་བསྟོད་གླུ་ལེན།།
མ་དགའ་ས་འོག་སྦས་ནས་ཐལ་བ་འདེབས།།
རྟག་ཏུ་གཞན་ཟེར་རྗེས་ལ་འབྲངས་པ་ལས།།
རྟོག་དཔྱོད་བློ་གྲོས་འཇུག་པ་གལ་ཆུང་བྱེད།།
རང་ལ་ཚིག་ངན་སྨྲས་ན་བཟོད་མི་ཐུབ།།
གཞན་ལ་ཚིག་ངན་བྲིས་ནས་སྤྲོ་ཉམས་སྟོན།།
རང་གཞན་བརྗེ་བའི་སྒོམ་ལུགས་ཤེས་ན་ཡང་།།
རང་སར་གཞན་བཞག་ཉམས་ལེན་མཐོང་བ་དཀོན།།
༠༨/༠༧/༢༠༡༤ རྩེད་མཚར་དུ་ཤར་མར་བྲིས་པའོ།
མཁན་ཆེན་བླ་མ་རང་བཞིན་བརྗོད་པ་འདི་འབྲི་མཁན་སྤྲུལ་དབང་ཆེན་རིན་པོ་ཆེ་རེད། ཁོངས་ནི་དཔེ་མཁས་པ་ཆེན་པོ་རེད། རྙིང་མའི་ཀློང་ཆུང་དང་མི་གཅིག་པ་ཡིན་ས་རེད། ཡིན་ན་ཡང་ཏྰ་ལས་བླ་མ་དང་མཁན་ཆེན་བླ་མ་ལ་རྩེད་རྩེད་མོ་ཟེར་ནས་ཁོས་དགྲ་ངོ་མ་དེ་གཉིས་རེད། གོང་ས་མཆོག་ལ་གཞི་མེད་གནམ་ས་འགེངས་པ་བཏབས་ཟིན་ནས་ཀརྨ་ནག་རིལ་ལ་དགའ་འདོགས་དེ་དཀྲུགས་ཤིང་ལས་གཞན་གང་ཡང་མ་རེད། ཡིན་པ་ཀརྨ་ནག་རིལ་ཕྱོགས་བྱས་ནས་སི་ཏུའི་ཇུས་ངན་གྱི་མཇུག་མ་ལྡག་མཁན་ཞིག་རེད། ཧ ཧ
ཀུན་གཟིགས་ཞྭ་དམར་པས་ནི་ད་བར་ ཞལ་ཆེམས་རྫུས་མ་ཡང་བཟོས་མ་སོང་ལ་ ཀརྨ་པ་ངོས་འཛིན་གནང་བ་དེ་ཁོ་རང་ གིས་ཁུངས་སྐྱེལ་གྱི་ཡིན་གསུངས་སོང་། ཡང་ཀརྨ་པ་མཐའ་ཡས་རྡོ་རྗེ་ངོས་ལེན་དགོས་ཞེས་མི་གཅིག་གི་ལག་རྟགས་ཀྱང་ བཙན་འགོད་བྱེད་བཅུག་མ་སོང་ལ་ ཀརྨ་པ་མཐའ་ཡས་རྡོ་རྗེ་མ་ཡིན་པ་ལ་ངོས་ལེན་བྱེད་མི་ཆོག་ཞེས་པའི་བཙན་གཏམ་ཡང་ བཤད་མ་སོང་། རྒྱལ་དབང་ཀརྨ་པའི་དགེ་འདུན་པ་ཉིས་བརྒྱ་ཙམ་ཞིག་བཤད་སྒྲུབ་ཆོས་འཁོར་གླིང་ནས་བཙན་དབྱུང་བཏང་ བ་ནས་བཟུང་ ད་བར་བཞུགས་གནས་འཚོ་བ་བཅས་ཀྱི་མཐུན་སྦྱོར་ཆོས་དང་མཐུན་པ་ཡང་མཛད་སོང་། ཡང་སྲིད་ཞལ་ ཆེམས་སྐོར་ལ་ནི་དབུ་འཁོར་བ་ཡིན་ལས་ཆེ། འོན་ཀྱང་དམ་ཚིག་དང་འགལ་བའི་ཕྱག་ལས་ད་བར་མཁྱེན་བཞིན་དུ་ནི་མཛད་ མ་སོང་བས་སྐུར་པ་ཞུ་དགོས་མེད།
ཨ་ཅང་དེ་ཚོ་སྐུ་རྩེད་ཞུས་པ་ཡིན་ སི་ཏུ་པར་ཁག་མེད་ བྱིས་པ་དག་ཡིག་ཙམ་ཡང་བལྟ་མ་མྱོང་བའི་མིས་བོད་བརྡའི་འགྲོ་ སྟངས་ཅི་ལ་ཤེས་ ཁོ་རང་གི་ཞེ་འདོད་ངོ་མ་དེ་ འགྲོ་བ་རིགས་དྲུག་ལ་ཉེ་རིང་མེད་པར་སྐྱོབ་ཐུབ་མཁན་གྱི་མགོན་པོ་ཞིག་ཡོང་ གི་རེད་ཟེར་གྱི་ཡོད་པ་འདྲ། སི་ཏུ་པའི་བཀའ་དྲིན་ལ་བརྟེན་ ཨོ་རྒྱན་ཕྲིན་ལས་ཉིད་ཉེ་རིང་གི་རྩ་བ་བརྟན་པོ་ཞིག་ཆགས་པར་ བརྟེན་ འགྲོ་བ་རིགས་དྲུག་ཀ་ཉེ་རིང་མེད་པར་སྐྱོབ་དགོས་ན་སི་ཏུ་དང་རྒྱལ་ཚབ་གཉིས་ཀྱི་ཉོན་མོངས་ཀྱི་ཕུང་པོའི་ཐོག་ནས་ སྣོན་ཁ་ཕྲན་བུ་རེ་རྒྱག་དགོས་ཁེལ་མདོག་ཁ་པོ་རེད།
ད་མཇུག་ཤིས་བརྗོད་ཀྱི་ཚིག་རྐང་ནི་ རྒྱལ་བསྟན་གཞན་ཕན་ཉི་མ་རྟག་ཏུ་འབར། འོ་རྫིས་འདི་སྙན་ངག་གཟུགས་རྒྱན་ཡིན་8 རྒོད་བྲོ་བ།
པ་འདྲ་ སངས་རྒྱས་ཀྱི་ཆོས་དང་ གཞན་ཕན་གྱི་བྱ་བ་གཉིས་ཉི་མའི་གཟུགས་སུ་བཀོད་ དེ་ཡང་དུས་རྟག་ཏུ་འབར་བ་ཅན་དུ་ བྱས། གཟུགས་སུ་དགོད་བྱ་ཉི་མ་དེ་འཆར་བ་ཙམ་གྱིས་འཛམ་གླིང་དུ་ཚ་དྲོད་ཀྱི་ཁྱབ་སྐྱེད་ཇི་ཙམ་ཞིག་འདུག་ གལ་སྲིད་ཉི་ མ་འབར་བ་ཡིན་ན་ རྒྱལ་ཁམས་ཚིག་རྒྱུ་ཉག་གཅིག་ཡིན་པ་དང་རྟག་ཏུ་འབར་ན་ཡང་ཚིག་རྒྱུའི་དངོས་པོ་གང་ཡང་མི་ལུས་ པར་འགྱུར་བས་དེ་གཟུགས་ཅན་དང་སྦྱར་དུས་ ཆོས་དང་གཞན་ཕན་གྱི་བྱ་བས་སྐྱེ་རྒུ་ཚང་མ་འཇོམས་པར་འགྱུར་བ་དང་ དེ་ ཡང་དུས་རྟག་ཏུ་འཇོམས་པར་འགྱུར་བ་ཞིག་ན་འཁོར་བ་མ་སྟོངས་བར་དུ་འཇོམས་རྒྱུ་ཡིན་པར་ངེས། གང་ལྟར་སྙན་ངག་ གི་ཉམས་ནི་ཧ་ཅང་དོད་པོ་ཞིག་ཡིན་པ་འདྲ་ དཔེར་ན་ སྐྱོ་ཤས་ཀྱི་ཚིག་གིས་སེམས་ལ་གདུང་བ་སྐྱེད་ནུས་པ་དང་ བཞད་ གད་ཀྱི་ཉམས་ཀྱིས་གད་མོ་དབང་མེད་དུ་འཆོར་ཐུབ་པ་ཞིག་དགོས་རྒྱུ་སོགས་སྙན་ངག་གི་ཚིག་ཉམས་ཡིན་པར་བཤད་པ་ ལྟར་ ངས་ཀྱང་ཚིག་རྐང་འདི་བཀླགས་སྐབས་ རྔུལ་ཆུ་ཐིགས་པ་བརྒྱབས་སོང་ངོ་། ད་འདི་ལྟ་བུའི་ཞབས་འདྲེན་གྱི་ཡིག་ཆ་ ནི་ རྒྱལ་དབང་རྡོ་རྗེ་འཆང་གོང་མའི་གསུང་ཅི་ལ་ཡིན་ སི་ཏུ་པ་ལག་རྩལ་ཆེ་བས་ཡི་གེ་རྫུས་མ་གསལ་ཐག་ཆོད་ཞིག་ནི་ བྲིས་འདུག་ཟླ་བ་གཉིས་གསུམ་ཞིག་རང་སྦྱོང་བྱས་པ་ཡིན་ཤས་ཆེ་ ཁྱེད་རང་རུས་དྲུད་པས་མ་ཚད་ རང་གི་རྩ་བའི་བླ་མའི་ ཞབས་ཀྱང་ཁྱོད་ཀྱིས་འདྲེན་སོང་། ཨ་ཁ། ཕ་ཙན་དན་གྱི་སྡོང་པོ་ལ། བུ་ཆུ་ཤིང་གི་ལོ་མ། ཁྱེད་འདྲ་ཞིག་བྱུང་བ་འདི་ཅི་མ་རུང་ བྱམས་མགོན་སི་ཏུའི་བཟོ་སྟ་ལ་ལྟོས་དང་ དང་པོ་རྩ་བའི་བླ་མའི་སྐུ་སྐྱེ་རྫུས་མ་བཟོས། བར་དུ་བཀའ་བརྒྱུད་ཀྱི་བསྟན་པ་དུམ་ བུ་གཉིས་སུ་བཏང་། མཐའ་མ་ཁོ་རང་འགྲོ་ས་སྡོད་ཁུངས་མེད་པ་བཟོས་པས་མ་ཚད་འབྲེལ་ཡོད་ཚང་མ་ཕུང་ལ་སྦྱར། རྒྱལ་ བ་ཐམས་ཅད་མཁྱེན་པའི་མཚན་གཙང་མ་དེ་མི་གཙང་བའི་འདམ་དུ་དྲུད། བོད་རིགས་སྤུན་ཟླའི་བར་ལ་རྒྱ་ནག་སྲིད་གཞུང་གི་ གསང་ཐག་འཐེན་ནས་དཀྲུགས་ཤིང་བཟོས། སངས་རྒྱས་པ་སྤྱི་དང་ལྷག་པར་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཞབས་དྲངས། ཁྱེད་ལྟ་བུའི་སྤྲུལ་པའི་སྐུ་ནི་ནམ་ཡང་མི་འབྱོན་པར་ཤོག །།9
ཞེ་ཁྲེལ་བ།
ད་ནི་བར་དུ་ཞེ་ཁྲེལ་བའི་ལོ་རྒྱུས་བསྡུས་ཙམ་ཞིག་བརྗོད་ཀྱི་ཡིན། ལོ་རྒྱུས་འདི་ཡང་ ཞལ་ཆེམས་མགུལ་བསྲུང་མ་དང་འབྲེལ་ བ་ཞིག་རེད་ ཕྱི་ལོ་ ༡༩༨༦ ལོ་མགོར་ རྒྱལ་མཆོག་གོང་མའི་ཐུགས་སྲས་ཀྱི་གཙོ་བོ་ཀུན་གཟིགས་ཞྭ་དམར་ ཀན་ཏིང་ཏཱ་ ཡི་སི་ཏུ་ འཇམ་མགོན་ཀོང་སྤྲུལ་དམ་པ་ མཚུར་ཕུ་རྒྱལ་ཚབ་བཅས་རིན་པོ་ཆེ་རྣམ་པ་བཞི་ནས་ བདེན་ཚོགས་པ་རྣམ་པས་ དབུས་ མཚུར་ཕུ་བླ་བྲང་གི་དབུ་ཆོས་ལས་བྱ་ཚང་འཛོམས་སར་རྒྱལ་དབང་གོང་མས་རྩལ་བའི་འདའ་ཁའི་ཞལ་ཆེམས་ཕྱག་ འབྱོར་བྱུང་སོང་ཞེས་ཁྱབ་བསྒྲགས་གནང་བ་དང་འབྲེལ་དགའ་སྟོན་ཡང་བྱས་པའི་སྐོར་ཚང་མས་མཁྱེན་གསལ་དང་ དེ་རྗེས་ ༡༩༨༨ ལོར་ ཞལ་ཆེམས་དེ་བཞིན་རྟེན་སྒོམ་ནང་ནས་བཏོན་ཏེ་མགུལ་གྭ་ཞིག་གི་ནང་དུ་བཞུགས་སུ་གསོལ་ཞིང་ རིང་མིན་ ཞལ་ཆེམས་ངོ་མ་དེ་ཞལ་ཕྱེ་སྒྲོགས་བྱང་མཛད་ཀྱི་ཡིན་ཞེས་ རིན་པོ་ཆེ་རྣམ་པ་བཞི་ཀས་ཞལ་གསང་བ་རེད། ཞལ་ཆེམས་ ཕྱི་ནང་གཉིས་ཡོད་པའི་ནང་ནས་ ཕྱི་མ་དེའི་ནང་ལ་ཞབས་རིམ་བསྒྲུབ་དགོས་རིགས་འཁོད་པ་ སྔོན་དུ་ཞལ་ཕྱེ་དང་འབྲེལ་ སྒྲོགས་བྱང་གནང་ཟིན་ཞིང་ སྐུ་རིམ་རྣམས་ཀྱང་འདབ་འཕར་གྱི་སྒོ་ནས་མཚུར་ཕུ་བླ་བྲང་གིས་བསྒྲུབས་པ་རེད། ཡིན་ན་ཡང་ གནས་ཚུལ་ངོ་མ་དེ་གཞན་ཞིག་བྱུང་བ་རེད། དེ་ཡང་
ཕྱི་ལོ་ ༡༩༨༡ ལོར་རྒྱལ་མཆོག་བཅུ་དྲུག་པ་རིག་པའི་རྡོ་རྗེ་དགོངས་པ་རྫོགས། ༡༩༨༢ ལོར་མཛོད་དམ་ཆོས་ཡོངས་འདུ་སྐུ་ གཤེགས་ནས་བཟུང་ ཐུགས་སྲས་རྣམ་པ་བཞི་ བདེན་ཚོགས་པ་རྣམ་པ་ མཚུར་ཕུ་བླ་བྲང་གི་དབུ་ལས་སེར་སྐྱ་ཚང་མས་བློ་ ཤུགས་ཆིག་སྒྲིལ་འཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་གདན་ས་འཛིན་སྐྱོང་བྱེད་མུས་སྐབས་ ཉིན་ལྟར་ནང་ཁུལ་ནས་སྲིད་ཀྱི་ ལས་འགུལ་མང་པོ་ཞིག་བརྩམ་གྱི་ཡོད་པ་ དཔེར་ན་ གྲྭ་མང་དང་ བླ་བྲང་གི་བར་ལ་དཀྲུགས་གཞི་བཟོ་བ་དང་ང་ཚོ་ལས་བྱེད་ པ་རྣམས་དང་ རིན་པོ་ཆེ་རྣམ་པ་བཞིའི་བར་ཕྲ་མ་བྱེད་པ་དང་ རིན་པོ་ཆེ་རྣམ་པ་བཞི་སོ་སོའི་བར་ལའང་མི་མཐུན་པའི་གཞི་ མང་པོ་ཞིག་བཟོ་གི་ཡོད་པ་གསལ་པོ་ཡོད་ན་ཡང་ མཚུར་ཕུ་བླ་བྲང་གི་དབུ་ལས་མང་ཤོས་ དགེ་འདུན་པ་ཡིན་པ་དང་ སྲིད་ དོན་འདི་གྲས་ལ་ཉམས་མྱོངས་མེད་པའི་ཁར་ སྔོན་ཆད་ལས་ཀ་འདི་འདྲའི་རིགས་ལ་ཐད་ཀར་ལག་ལེན་བསྟར་མ་མྱོང་བ་ བཅས་ལ་བརྟེན་ སྲིད་དོན་འཁྲུགས་པོ་དེ་ཚོ་གསལ་པོ་ཤེས་རྟོགས་མ་བྱུང་བའི་ཁར་ རིན་པོ་ཆེ་རྣམ་པ་བཞི་ལ་ཡིད་ཆེས་ གུས་བཀུར་བཟང་པོ་བློས་བཀལ་བྱེད་ཐག་ཆོད་དེ་ ཁོང་ཚོས་ག་རེ་གནང་བ་ལ་ཅི་མཛད་ལེགས་མཐོང་འདྲ་པོ་ཞིག་བྱས་ནས་ ལྷོད་ཡངས་གང་འཚམས་ཤོར་བ་མ་ཟད་དབུ་ལས་རྣམ་པ་མི་ཚེའི་རིང་ རྒྱལ་དབང་གོང་མའི་ཐུགས་རྗེའི་གྲིབ་འོག་ཁོ་ནར་ འཚོ་མཁན་ཤ་སྟག་ཡིན་པ་དང་ ད་ཆ་རྒྱལ་བའི་དབང་པོ་མ་བཞུགས་པའི་རིང་ལ་ རིན་པོ་ཆེ་རྣམ་པ་བཞི་གང་རུང་ཞིག་ལ་ སྐྱབས་གནས་མ་ཞུས་ན་ དཔུང་གཉེན་དང་བྲལ་བའི་མགོན་པོ་དཔའ་ཞུམ་པ་ལྟ་བུའི་སྣང་བ་ཞིག་ཀྱང་འཆར་གྱི་ཡོད་རེད། དེར་བརྟེན་ གནས་ཚུལ་རྗེན་པ་དེ་ཤེས་མཁན་ཡོད་ཀྱང་ཤོད་ས་མེད་པ་ཞིག་ཆགས་བསྡད་ཡོད། ཡང་ལས་བྱེད་ཁ་ཤས་ནི་ རྒྱལ་བའི་དབང་པོ་ནི་ཞལ་མ་བཞུགས་ རིན་པོ་ཆེ་རྣམ་པ་མཚན་སྙན་གཅིག་ལས་གཅིག་ཆེའི་སྐབས་འདིར་རང་དོན་སྒྲུབ་ པའི་གོ་སྐབས་བཟང་པོ་ཞིག་མཐོང་སྟེ་མི་འཁྲབ་དགུ་འཁྲབ་མང་པོ་ཞིག་འཁྲབ་ཀྱི་ཡང་ཡོད་རེད། སྤྱིར་བཏང་བོད་ཀྱི་སྤྱི་ ཚོགས་ནང་ལ་རྙོགས་སྒྲ་ཚ་ཤོས་དེ་བདེན་གཏམ་ཤོད་མ་ལོ་བ་འདི་ཡིན། ཐོག་མའི་སྐབས་ རྒྱུད་འཛིན་གྱི་གྲས་རིན་པོ་ཆེ་ཁ་ ཅིག་གིས་རྒྱུད་འཛིན་གྱི་གྲས་རིན་པོ་ཆེ་གཞན་དག་གི་ ཡང་སྲིད་ངོས་འཛིན་བྱེད་དོགས་དང་ གལ་སྲིད་དེ་ལྟར་བྱུང་བ་ཡིན་ ན་ངོས་འཛིན་གནང་མཁན་དག་རིམ་པས་ རྒྱལ་དབང་ཀརྨ་པའི་དབུ་བླ་ཆགས་རྒྱུ་དང་ བཀའ་བརྒྱུད་གསེར་འཕྲེང་གི་བརྒྱུད་ རིམ་དུ་བཞུགས་མཁན་ཆགས་རྒྱུར་བརྟེན་ འཕྲལ་ཕུག་གང་སར་ རང་བས་ལྷག་པར་འགྲོ་རྒྱུ་ལ་ཕྲག་དོག་དང་འགྲན་སེམས་ སྐྱེས་ནས་ཞལ་ཆེམས་རང་ཉིད་ལ་ཡོད་མདོག་བྱས། ཁ་ཤས་ཀྱིས་དེ་ལ་བཟང་པོ་བློ་འགེལ་སྒོ་ནས་སྣང་མེད་གུ་ཡངས་ཀྱིས་ བཞག །གཞན་ཞིག་གིས་ཡང་སྲིད་རང་གི་ལག་འོག་ཏུ་ཆུད་ངེས་ཞིག་བཟོས་ན་སྙམ་པའི་ཀུན་སློང་སྐོམ་པ་ཆུ་སྙེགས་ལྟར་ བསྐྱེད་ན་ཡང་ཞལ་ཆེམས་ངོ་མ་ཞིག་ཡོད་དོགས་ཀྱིས་ལམ་སེང་ལས་ཀ་འགོ་འཛུགས་མ་ནུས་པ་བཅས། མདོར་ན་དྲེད་མི་ སྐྲག་རང་སྐྲག་གི་དཔེ་ལྟར་ཅི་བྱེད་མ་ཤེས་པར་ཡུན་རིང་པོར་དེ་མུར་ལུས། སྤྱིར་བཏང་ བཀའ་བརྒྱུད་གསེར་ཕྲེང་ཞེས་པ་ འདི་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཟུང་ རྒྱལ་མཆོག་བཅུ་དྲུག་པ་རིག་པའི་རྡོ་རྗེའི་བར་ངེས་དོན་ཕྱག་རྒྱ་ཆེན་པོའི་རྟོགས་ པ་མངོན་དུ་གྱུར་པའི་མན་ངག་རྣམས་ གོང་མས་འོག་མར་བུམ་པ་གང་བྱོའི་ཚུལ་དུ་ མ་ཉམས་པར་རྩལ་ཞིང་བསྒོམས་ཏེ་10 ཞེ་ཁྲེལ་བ།
རྟོགས་པ་མཐར་ཕྱིན་པར་གྱུར་པའི་གང་ཟག་ཤ་སྟག་གི་བརྒྱུད་རིམ་ལ་ཟེར་གྱི་ཡོད་ཅིང་ དཔེར་ན་ ཞྭ་དམར་སྐུ་ཕྲེང་བཞི་པ་ སྤྱན་སྔ་ཆོས་ཀྱི་གྲགས་པ་མཁས་གྲུབ་ཀྱི་ཡང་རྩེར་སོན་པ་ཞིག་བྱུང་ན་ཡང་ བྱ་བ་ལས་ཀྱི་འཁོར་ལོ་དང་འབྲེལ་བའི་མཛད་ ཕྲིན་ཁྱབ་རྒྱ་ཆེ་བས་ཆོས་བརྒྱད་ཀྱི་དྲི་མས་གོས་སྲིད་ཅེས་བཀའ་བརྒྱུད་གསེར་ཕྲེང་དུ་མ་བཞུགས་པ་དང་ བན་སྒར་འཇམ་ དཔལ་བཟང་པོ་ལྟ་བུ་ནི་ སྤྲུལ་སྐུ་ཆེ་ཁག་ལྟ་ཞོག །ཡོངས་གྲགས་ཀྱི་སྤྲུལ་པའི་སྐུ་ཙམ་ཡང་མིན་ཞིང་བཀའ་བརྒྱུད་རྒྱལ་བ་ ཡབ་སྲས་ཀྱི་གྲས་ནི་དེ་བས་ཀྱང་གར་ཡིན་ འོན་ཀྱང་ཁོང་ཀརྨ་པ་སྐུ་ཕྲེང་དྲུག་པ་མཐོང་བ་དོན་ལྡན་གྱི་ཞབས་ལ་གཏུགས་ཏེ་ གདམས་ངག་རྣམས་རྫོགས་པར་ཞུས་ཤིང་ ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པ་ལ་བརྟེན་ སྐུ་ཕྲེང་བདུན་པ་ཆོས་ གྲགས་རྒྱ་མཚོས་ རྩ་བའི་བླ་མར་བརྟེན་ནས་བཀའ་བརྒྱུད་གསེར་ཕྲེང་དུ་བཞུགས་པ་སོགས་ལོ་རྒྱུས་རྣམས་ལ་དཔྱད་ན་ དོན་ བརྒྱུད་གསེར་རིའི་ཕྲེང་བའི་ནང་དུ་བཞུགས་འོས་པའི་གང་ཟག་དེ་ག་འདྲ་ཞིག་ལ་ངོས་འཛིན་དགོས་ཀྱི་ཡོད་པའང་ ཤེས་ཐུབ་ པ་ཡོང་གི་རེད། དེང་སང་བཀའ་བརྒྱུད་གསེར་ཕྲེང་གི་གྲས་ལ་བཞུགས་འདོད་ཡོད་པའི་ཡབ་སྲས་རྣམ་པས་ ཕྱག་ཆེན་སྔོན་ འགྲོ་བཞི་སྦྱོར་མཚན་ཉིད་ཚང་བ་ཙམ་ཡང་ཁུངས་མ་བསྐྱལ། མདོ་སྔགས་རིགས་གཞུང་མགོ་མཐའ་འདྲོངས་ངེས་སྣེ་གཅིག་ ལའང་སློབ་སྦྱོང་མ་གནང་། རང་ལུགས་ཡི་དམ་ཞི་དྲག་ཆོས་བསྲུང་དང་བཅས་པའི་བསྐྱེད་རྫོགས་ལས་སྦྱོར་མན་ངག་གི་ གནད་ཚིག་གཅིག་ཀྱང་མ་གསན་པའི་ཁར་ བདེ་གསལ་མི་རྟོག་པའི་སེམས་འགྲོས་ཙམ་ལའང་མྱོང་བ་མ་བསགས་ཀྱང་ ཁྲི་ མཐོན་པོ་ཞིག་གི་སྟེང་དུ་ དུགབ་ལོག་རྫིག་པོ་ཞིག་གྱོན་ནས་གསང་སྔགས་ཀྱི་དབང་རྣམས་ཅི་འདོད་གང་འདོད་དུ་བསྐུར། ཕྱག་དངུལ་དཀོར་རྫས་མང་ཐག་ཆོད་ཞིག་བསྣམས་ནས་དོན་བརྒྱུད་འདི་ཚོང་ཟོག་འདྲ་པོ་ཞིག་ལ་ངོས་འཛིན་བྱས་ཏེ་ དེ་ དཔལ་འབྱོར་དང་བཙན་དབང་གི་ཐོག་ནས་ཉོ་འདོད་དང་ བཅོམ་འདོད་བྱེད་པ་འདི་རིགས་བཀའ་བརྒྱུད་ཀྱི་བསྟན་པ་ཉམས་ པའི་སྔ་ལྟས་ངོ་མ་རེད། དེ་འདྲ་བྱེད་དགོས་ཡག་གི་རྩ་དོན་གལ་ཆེ་བ་ཞིག་ནི་ཐོབ་དང་གོ་ས་ཞེས་པའི་མིང་སྙན་པོ་དེ་རེད། ཐོག་མར་རྒྱ་གར་འཕགས་པའི་ཡུལ་དུ་བདག་ཅག་གི་སྟོན་པ་དོན་ཀུན་གྲུབ་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ གསུང་རིན་ ཐང་དང་བྲལ་བ་ལ་ གུས་པ་དང་བཀུར་བསྟི་མཚོན་པའི་ཆེད་དུ་རྡོ་ཡི་ཁྲི་མཐོན་པོར་བཞུགས་པ་ཙམ་ལས་ ཤཱཀྱ་ཐུབ་པའི་གོ་ གནས་སམ་ཐོབ་སྟངས་ཟེར་བ་ཞིག་ནམ་ཡང་བྱུང་མ་མྱོང་བ་མ་ཟད་ འཛམ་བུའི་གླིང་དུ་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་གོང་ནས་ དམངས་གཙོའི་རིང་ལུགས་ཀྱི་སྲོལ་གཏོད་མཁན་འགྲོ་བའི་དེད་དཔོན་ཆེན་པོ་ཞིག་ཀྱང་ཁོང་རེད། དེ་མཚུངས་གཏད་རབས་ བདུན་རྒྱན་དྲུག་མཆོག་གཉིས་སོགས་དམ་པའི་སྐྱེས་བུ་ཆེན་པོ་ཇི་སྙེད་ཅིག་བྱུང་བ་དེ་རྣམས་ལའང་ གོ་གནས་ཟེར་བ་ནམ་ ཡང་བྱུང་བའི་ལོ་རྒྱུས་མ་ཐོས། ༢༢༢༢བཀའ་ཡི་བསྡུ་བ་ཆེན་པོ་མཛད་པའི་སྐབས་སྡུད་པ་པོ་ཀུན་དགའ་བོ་སོགས་ཀྱིས་ བསྡུ་ བར་བྱ་བ་སངས་རྒྱས་ཀྱི་གསུང་མ་ནོར་བ་ཚུལ་བཞིན་དུ་བསྡུས་པའི་སྐབས་ འཕགས་པའི་དགེ་འདུན་དུ་མའི་ཆོས་གོས་ བརྩེགས་མར་བཏིང་བ་ལ་བཞུགས་སུ་གསོལ་བའི་ལོ་རྒྱུས་ཙམ་ལས་ ཁོང་རྣམ་པར་གོ་ས་ཕུལ་ བཞུགས་ཁྲི་བརྩེགས་ དབུ་ ཞྭ་གསོལ་ དབུ་ཞྭ་ལ་ཏོག་སྒྲོན་པའི་ལོ་རྒྱུས་ཀྱང་མ་མཆིས། བོད་གངས་ཅན་གྱི་ལྗོངས་སུའང་ཆོས་རྒྱལ་མེས་དབོན་རྣམ་ གསུམ་སོགས་ཀྱི་དུས་སུ་ ཆོས་བྱེད་པ་རྣམས་ལ་ཞེ་ས་དང་ བཀུར་བསྟིས་སྤྱི་བོའི་གཙུག་ཏུ་མཆོད་པར་བྱས་མོད་ ཐོབ་དང་ གོ་ས་ཟེར་ནས་དམིགས་བསལ་བ་ཞིག་ཟུར་དུ་གནང་བའི་སྲོལ་མ་བྱུང་། འོ་ན་ཐོབ་དང་གོ་ས་ཟེར་བའི་ལས་རིམ་དེ་ དུས་ནམ་ ཙམ་ཞིག་ལ་བོད་ཀྱི་ཆོས་བྱེད་པའི་ནང་དུ་སླེབས་པ་རེད་སྙམས་ན་བཀའ་བརྒྱུད་པ་ལྟ་བུར་ཆ་བཞག་ན་ རྗེ་བཙུན་མི་ལ་རས་ པ་བཀའ་བརྒྱུད་ཀྱི་བསྟན་པའི་ཆུ་མགོ་ལྟ་བུ་ཡིན་པ་ལ་རྩོད་པ་དང་བྲལ་བ་ཡིན་མོད་ ཁོང་གི་གདན་ཐོབ་ཟེར་བ་ལྟ་ཞོག །ཁོང་ གི་དགོན་པ་གྲྭ་ཚང་ཟེར་བ་ཡང་བྱུང་མེད་པ་དང་ བཞུགས་གནས་བྲག་ཕུག་ཤ་སྟག་དང་བཞུགས་ཁྲི་བཞག་ནས་ བཞུགས་ གདན་ཡང་གདིང་རྒྱུ་མེད་པའི་ལོ་རྒྱུས་ནི་ཡོངས་སུ་གྲགས་པ་རེད། ཡིན་ན་ཡང་ཁོང་གི་མཚན་སྙན་གྲགས་དང་སློབ་བརྒྱུད་ ཀྱིས་ད་ལྟའི་བར་རྒྱ་བོད་ཡོངས་ལ་ཁྱབ་བཞིན་པ་འདི་རེད། དེར་བརྟེན་ཐོབ་གོ་ས་ལ་མ་ལྟོས་པར་སྙན་གྲགས་དང་སློབ་ འབངས་རྒྱས་ཐབས་མེད་པ་འདྲ་ཞིག་རྩ་བ་ནས་ཆགས་ཡོད་མ་རེད། དེ་མཚུངས་རྗེ་བཙུན་མི་ལའི་ཞལ་སློབ་ཀྱི་གཙོ་བོ་དྭགས་ པོ་བསོད་ནམས་རིན་ཆེན་གྱི་སྐབས་སུ་ ཁོང་ཐོག་མར་བཀའ་གདམས་པའི་ཉམས་བཞེས་མཐར་ཕྱིན་ནས་རྗེ་མི་ལ་དང་མཇལ་ ཞིང་ཕྱག་ཆེན་བསྒོམས་པས་རྟོགས་པ་མཐར་ཕྱིན་པ་ནས་བཟུང་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་མཚན་ཆགས་ཏེ་ ཁོང་ལ་11 ཞེ་ཁྲེལ་བ།
སློབ་ཚོགས་བསམ་མི་ཁྱབ་པ་འདུས་ནས་ བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཅེས་རིམ་པས་དར་ཁྱབ་བྱུང་བ་ཡིན་ཀྱང་ དྭགས་ པོ་རིན་པོ་ཆེའི་གདན་ཐོབ་ཟེར་བ་ཡང་མ་གོ་ ཁོང་དྭགས་ལྷ་སྒམ་པོར་རི་ཁྲོད་དུ་སྒྲུབ་ལ་གཞོལ་སྐབས་དབུ་ཞྭ་ཞིག་རྒྱུན་དུ་ བཞེས་ཤིང་རི་སྟོང་ལ་རླུང་ཧ་ཅང་སྡང་ཆེ་བས་སྙན་སྦ་བའི་ཆེད་དུ་ དབུ་ཞྭ་དེ་ལ་རྣ་ཆོག་ལྟ་བུ་དཀྱུས་རིང་ཙམ་གཉིས་གཡས་ གཡོན་དུ་མཐུད་དེ་བཞེས་པ་དེ་ལ་དྭགས་ཞྭ་ཞེས་མིང་ཐོགས་པ་ལས་དབུ་ཞྭ་དེ་ཐོབ་ཞྭ་ལྟ་བུ་ཞིག་རྩ་བ་ནས་མིན། དྭགས་ པོས་བཞེས་སྐབས་ དབུ་ཞྭ་དེ་སྣམ་བུས་བཅོས་པ་ཡིན་ཀྱང་ ཕྱིས་སུ་གོས་ཆེན་ལ་གནས་འགྱུར་ནས་ དེང་སང་སྟོན་མོའི ་ཆས་ཀྱི་ཡན་ལག་ལྟ་བུར་ཆགས་བསྡད་ཡོད། ཁོང་གི་ཞལ་སློབ་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་ གདན་ས་ལྟེ་ བ་ མཚུར་ཕུར་གསར་བཞེངས་མ་མཛད་པའི་གོང་ གྲྭ་མ་གྲུ་བཞི་ཞེས་པའི་ཁང་ཆུང་ཞིག་ མཚུར་ཕུར་མཇལ་རྒྱུ་ཡོད་པ་དེའི་ ཆེ་ཆུང་གི་ཚད་ནི་ མི་གཟུགས་སྟོབས་ཆེ་ཆུང་རན་པ་ཞིག་སྐྱིལ་ཀྲུང་གིས་བསྡད་ན་ ཤོངས་ཐག་ཆོད་ཞིག་ཡོད་པ་དེའི་ནང་དུ་ བཞུགས་ནས་སྒྲུབ་པ་ཉམས་ལེན་གནང་བ་ལས་ དུས་གསུམ་མཁྱེན་པའི་གདན་ཐོབ་ཟེར་བ་ཡང་བྱུང་མ་མྱོང་། དུས་གསུམ་ མཁྱེན་པ་ནི་ དུས་རབས་བཅུ་གཉིས་པའི་སྔ་ཆར་བྱོན་པའི་སྐྱེས་ཆེན་ཞིག་རེད་བོད་དུ་ཆོས་བྱེད་པའི་ནང་ལ་ཐོབ་དང་གོ་སའི་ རྙོགས་སྒྲ་དེ་ དུས་རབས་བཅུ་གསུམ་པའི་ནང་ཙམ་དང་ ཀརྨ་པ་སྐུ་ཕྲེང་གཉིས་པ་ཆོས་ཀྱི་གྲགས་པའི་སྐབས་ནས་དར་བ་ ཞིག་ཡིན་ལ་སོག་པོ་དང་རྒྱ་ནག་གི་སྲིད་ཤུགས་སླེབས་པའི་འགོ་བཙུག་པ་དང་དུས་མཚུངས་པར་ བོད་ཀྱི་ཆོས་བྱེད་པའི་ནང་ ཐོབ་དང་གོ་སའི་ལས་རིམ་དེ་ཡང་ ལག་ལེན་བསྟར་འགོ་ཚུགས་པ་འདྲ། རྒྱ་སོག་གི་མི་སྣ་གནད་ཡོད་རྣམས་ཀྱིས་བོད་ཀྱི་མི་ སྡེར་ཐད་ཀར་དབང་བསྒྱུར་བྱེད་མ་བདེ་བར་ བོད་ཀྱི་མི་སྣ་གལ་ཆེ་རྣམས་ཀྱི་བརྒྱུད་ནས་དབང་བསྒྱུར་བྱེད་དགོས་བྱུང་བར་ བརྟེན་ བླ་ཆེན་མི་དཔོན་རྣམས་ལ་ ཐོབ་དང་གོ་ས་ཆེ་བཀུར་བྱས་ནས་ ཁོང་ཚོའི་སྲིད་ཤུགས་ང་རང་ཚོའི་བླ་ཆེན་རྣམ་པའི་ བརྒྱུད་ནས་བོད་ནང་སླེབས་ཀྱི་ཡོད་རེད། དཔེར་ན་སོག་པོའི་དམག་དཔོན་ཇིང་གི་སེ་ཁཱན་ནམ་ ཏྲི་མུར་ཟེར་བའི་མི་སྟོབས་ ཆེན་དེའི་དམག་དཔུང་གིས་འཛམ་གླིང་ཤར་ནུབ་ཚང་མར་དབང་བསྒྱུར་བྱས་ཤིང་ འདིའི་མི་བརྒྱུད་གོ་དན་ཁཱན་གྱི་སྐབས་ སོག་པོའི་སྲིད་ཤུགས་བོད་ལ་སླེབས་པ་རེད་ དུས་རབས་བཅུ་གསུམ་པའི་ནང་དུ་བྱོན་པའི་བོད་ཀྱི་མཁས་པ་ཆེན་པོ་ས་སྐྱ་ པཎ་ཌི་ཏ་ཀུན་དགའ་རྒྱལ་མཚན་བོད་སྤྱིའི་བདེ་དོན་གྱི་ཆེད་དུ་སོག་ཡུལ་དུ་གོ་དན་ཁཱན་གྱིས་གདན་ཞུས་ལྟར་ ཞབས་སོར་ འཁོད་ནས་མཆོད་གནས་སུ་གྱུར་པའི་སྐབས་ བོད་ལྗོངས་ཡོངས་ལ་ཞལ་ཏར་རྩལ་བའི་བཀའ་མཆིད་ ས་སྐྱའི་གདུང་རབས་ རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་དུ་གསལ་བ་དེས་དུས་རབས་དེའི་ནང་གི་བོད་ཀྱི་གནས་སྟངས་གསལ་པོར་ སྟོན་ནུས་ཞིང་ ས་པཎ་ཉིད་ཆོས་ཕྱོགས་ལ་མཁས་པ་ཆེན་པོར་ཡོངས་སུ་གྲགས་པར་གྱུར་པ་མ་ཟད་ ཆབ་སྲིད་འཇིག་རྟེན་གྱི་ ཕྱོགས་ལའང་ མཁྱེན་རྒྱ་ཧ་ཅང་ཆེ་ཞིང་བོད་མིའི་དོན་དུ་སྐུ་སྲོག་ཀྱང་བློས་བཏང་བའི་སེམས་དཔའ་ཆེན་པོར་ངེས་པའང་ཞར་ བྱུང་དུ་སོང་། གོ་དན་ཁཱན་གྱི་མི་བརྒྱུད་ ཀུབ་ལའི་ཁཱན་ནམ་སེ་ཆེན་རྒྱལ་པོོས་ ས་པཎ་ཀུན་དགའ་རྒྱལ་མཚན་གྱི་སྐུ་ཚ་འགྲོ་ མགོན་ཆོས་རྒྱལ་འཕགས་པ་བླ་མར་བརྟེན་ཏེ་ བོད་ཁྲི་སྐོར་བཅུ་གསུམ་དབང་ཡོན་ལ་ཕུལ་བ་ནས་བཟུང་འགྲོ་མགོན་ཆོས་ འཕགས་བོད་ཀྱི་རྒྱལ་པོ་ལྟ་བུར་གྱུར། དེ་ནས་བཟུང་ དཔོན་རིགས་སོགས་ཀྱི་གོ་གནས་ཀྱི་རིམ་པ་ཇེ་དར་དུ་སོང་སྟེ་གོང་ས་ ལྔ་པ་བློ་བཟང་རྒྱ་མཚོའི་སྐབས་སུ་ལས་རིམ་དེའི་རྐང་སྲ་བརྟན་དུ་ཚུགས་པ་མ་ཟད་ གོང་ས་ཉིད་ནས་བོད་ཀྱི་བླ་སྤྲུལ་ཡོངས་ གྲགས་མང་ཆེ་བའི་གདན་ཐོབ་ཞིག་ཀྱང་ཡིག་ཐོག་ ཐོག་མར་གཏན་འབེབས་གནང་བ་ཁོང་གི་རྣམ་ཐར་དུ་ཀུ་ལའི་གོས་བཟང་ ནང་དུ་གསལ་བ་དེ་རེད། སྤྱིར་བཏང་གོ་ས་ཞེས་པ་དེ་ གང་ཟག་གང་ཞིག་གི་ངོ་རྟགས་སམ་རིན་ཐང་འཇལ་བའི་ལས་རིམ་ ཞིག་ཡིན་པ་ དཔེར་ན་ དངོས་ཆས་རིགས་ལ་གོང་ཚད་བརྒྱབ་པ་ནང་བཞིན་དང་ གོ་ས་དེ་གཞན་གྱིས་འཕྲོག་པའམ་ གཞན་ པས་བདེ་སྤྱོད་རང་གར་བྱེད་ཐབས་མེད་པ་ཞིག་ཡིན་དུས་ རང་གི་ས་ལྟ་བུ་ཞིག་ལའང་གོ་ཆོག་གི་རེད། ཐོབ་ཞེས་པ་རིན་ཐང་ ངམ་གོ་ས་དེ་དང་འབྲེལ་བའི་དབང་ཚད་དང་ དེའི་རིན་ཐང་དེང་སང་གི་ཟླ་ཕོག་ལྟ་བུ་ལ་གོ་ཆོག་གི་རེད། དེ་གཉིས་བསྡོམས་ པའི་ངོ་བོ་མཚོན་བྱེད་འདྲ་པོ་དེ་ཁྲི་གདན་ཞེས་པ་དེ་རེད་ ཁྲི་ལ་མཐོ་དམན་སྣ་ཚོགས་དང་ གདན་ལ་གུང་གདན་ སྟག་གདན་ སོགས་རིགས་མི་འདྲ་བ་མང་པོ་ཞིག་བྱུང་བ་རེད། དེ་མཚུངས་ཞྭ་མོ་ལ་ཏོག་མི་འདྲ་བ་མང་པོ་དང་། རྟ་ལ་དོམ་རྐྱང་པ་དང་ གཉིས་བརྩེགས་སོགས་ཀྱི་དབྱེ་བ་མང་པོ་ཞིག་བྱུང་བ་རེད། གནས་ཚུལ་དངོས་འབྲེལ་བྱས་ན་འདི་ཚོ་རྒྱ་སོག་ལྟ་བུའི་རྒྱལ་12 ཞེ་ཁྲེལ་བ།
ཁབ་ཀྱི་འགྲོ་སྟངས་ཡིན་པ་ལས་ ཆོས་བྱེད་པ་ཚོ་དང་འབྲེལ་པ་གཏན་ནས་ཡོང་མི་སྲིད་པ་ཞིག་ཡིན། གང་ལྟར་གོ་གནས་ མཚོན་བྱེད་ཀྱི་ཁྲི་གདན་དེ་ལ་འཛིན་པ་ཧ་ཅང་ཆེ་རུ་ཕྱིན་ནས་ གང་འཚམས་ཞིག་ལ་ཁྲི་གདན་ལ་ངའམ་བདག་ཞེས་བཏགས་ ནས་ རང་གི་ལུས་སྲོག་དང་འདྲ་མཉམ་གྱི་ཞེན་ཆགས་བྱས་པར་བརྟེན་ ཆེན་པོ་རྣམས་གོ་ས་ཕབ་སྐབས་ང་ཕབ་སོང་ཞེས་སྨྲ་ ཞིང་ ཁྲི་དང་བདག་གཉིས་ངོ་བོ་དབྱེར་མེད་ཆགས་པར་བརྟེན་ ཁྲིའི་བསྲུང་སྐྱོབ་དེ་ རང་ཉིད་སྲོག་གི་ཉན་ཁ་ལས་སྐྱོབ་དགོས་ པ་ནང་བཞིན་གྱི་གལ་ཆེར་བརྩི་ཡག་གི་ཞེན་རྒྱུན་འཇགས་པ་རེད། དེར་བརྟེན་སྤྱིར་བཏང་ཆོས་ལུགས་བཞི་ཞེས་པའང་ རྗེ་ བཙུན་མི་ལའི་སྐབས་སུ་མ་དར་ན་ཡང་ ཀརྨ་པ་སྐུ་ཕྲེང་དང་པོའི་སྐབས་ཙམ་ནས་རིམ་པས་དར་ཞིང་ ཁྱབ་རྒྱ་ཇེ་ཆེར་སོང་ བའང་ ཐོག་མའི་སྐབས་ བླ་མ་སོ་སོའི་གདམས་ངག་སློབ་སྟོན་བྱེད་སྟངས་དང་ཉམས་མྱོང་བྱེད་སྟངས་སོགས་ཀྱི་ཕྱག་རྒྱུན་ ཞལ་བཞེས་མི་འདྲ་བ་རྣམས་ཀྱི་ཁྱད་པར་གྱིས་སྡེ་ཚན་ནམ་ཆོས་ཚན་དུ་གྱུར་པ་ལས་ རྩ་བ་སངས་རྒྱས་པའི་ཆོས་ལས་ གཞན་དུ་གྱུར་པའི་ལུགས་ཞིག་བྱུང་བ་ག་ལ་ཡིན། འོན་ཀྱང་ གོ་སའི་རྙོགས་སྒྲ་དེས་ཆོས་ལུགས་ཀྱི་ནང་ལའང་འཐེན་ཁྱེར་ བཟོས་པ་རེད། ཆོས་ལུགས་ཀྱི་རིས་ཞེས་པའི་རིས་ཀྱི་སྒྲ་དེ་ཐོབ་དང་གོ་སའི་ལས་རིམ་ལས་མཆེད་ཅིང་ དེས་ཆོས་ལུགས་ དཀར་འཇམ་ཡུག་གཅིག་ཡིན་པ་ལ་ བཅད་རིས་ནག་པོ་བཞི་བཏབ་པ་རེད། དེ་འདྲའི་ཐོབ་དང་གོ་སའི་ལས་རིམ་དེ་ཆོས་བྱེད་ པ་ཚོའི་ནང་ལ་མེད་པ་ཞིག་ཡིན་ན་ རིས་ཞེས་པའི་སྒྲ་དེ་ཡང་ཆོས་དང་འབྲེལ་ནས་ཚིག་མཛོད་ནང་དུ་ཡོང་གི་མ་རེད། ཆོས་ སྲིད་ཟུང་འབྲེལ་ཞེས་པ་དེའང་ ཐོབ་དང་གོ་ས་ལས་འཕྲོས་པའི་ཚིག་འཕར་མ་ཞིག་རེད་མ་གཏོགས་ ཆོས་དང་སྲིད་གཉིས་ ཟུང་དུ་འཇུག་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཡོད། དཔེར་ན་ཆོས་ཞེས་པ་དེ་ངོས་འཛིན་དུས་ལུང་དང་རྟོགས་པ་གཉིས་ལ་ ཐུག་འགྲོ་གི་རེད་ལ་ སྲིད་ཞེས་པ་དེ་ནི་འཇིག་རྟེན་ཆོས་བརྒྱད་དང་འབྲེལ་བའི་རྒྱལ་ཁབ་ཀྱི་ཆབ་སྲིད་སྐྱོང་སྟངས་ལ་ངོས་ འཛིན་དགོས་པ་ཞིག་ཡིན་དུས་ ལུང་དང་རྟོགས་པ་གཉིས་དང་ ཆོས་བརྒྱད་ལ་འབྲེལ་བ་ཡོད་པ་ལྟ་ཞོག་ དེ་གཉིས་དངོས་ འགལ་ཡང་མ་རེད་དམ། མ་གཞི་སྲིད་ཀྱི་སྐོར་ལ་བོད་ཀྱི་ཡིག་ཆའི་ནང་ཆོས་རྒྱལ་སྲོང་བཙན་སྐབས་ཀྱི་ཁྲིམས་ཡིག་དང་ ས་ པཎ་གྱི་ལེགས་བཤད་ གོང་ས་ལྔ་པའི་ལུགས་གཉིས་ཀྱི་བསླབ་བྱ་ལྟ་བུས་མཚོན་ འཇིག་རྟེན་པ་ཚུལ་མཐུན་གྱི་གནས་སྟངས་ རྐང་ཚུགས་པ་ཞིག་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་ལག་ལེན་བསྟར་ཚུལ་ ཆོས་དང་མཐུན་པར་གསུངས་པ་ཁག་ཙམ་ ལས་སྲིད་ཀྱི་ངོ་བོ་ཆ་ཚང་བ་མཚོན་ནུས་པའི་ཡིག་ཆ་ཚད་ཐུབ་མེད་ཅིང་སྲིད་ཀྱི་སློབ་སྦྱོང་ཡང་ཟུར་དུ་མེད་པ་རེད།
ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་བོད་སིལ་བུར་འཐོར་བའི་སྐབས་བར་ རྒྱལ་པོའི་རིང་ལུགས་ཀྱིས་རྒྱལ་སྲིད་ བསྐྱངས་པ་དང་ བོད་སིལ་བུའི་སྐབས་བོད་སྤྱི་ཁྱབ་ཀྱི་རྒྱལ་པོ་མེད་ན་ཡང་ སྒེར་དཔོན་ཁག་གིས་ལུང་ཚན་སོ་སོར་དབང་ བསྒྱུར་བྱས་པར་བརྟེན་ མངའ་བདག་གྲལ་རིམ་གྱི་རིང་ལུགས་ལ་ཆ་འཇོག་བྱེད་དགོས། དཔལ་ལྡན་ས་སྐྱས་བོད་ལ་དབང་ བསྒྱུར་བྱས་ནས་ གོང་ས་ལྔ་པའི་བར་བཀས་བཀོད་བརྒྱུད་འཛིན་གྱི་རིང་ལུགས་ཡིན་པ་དང་ གོང་ས་ལྔ་པས་བོད་ཁམས་ ཡོངས་ལ་དབང་བསྒྱུར་བྱས་ནས་བཟུང་ ད་ལྟའི་བར་སྤྲུལ་བརྒྱུད་མངའ་བདག་གི་རིང་ལུགས་དམིགས་བསལ་བ་ཡིན་ཞིང་ ད་ལྟ་གོང་ས་བཅུ་བཞི་པ་ཆེན་པོས་དམངས་གཙོ་ཤས་ཆེ་བའི་རིང་ལུགས་གསར་དུ་གཏོད་པ་བཅས་སྲིད་ཀྱི་འགྲོ་སྟངས་འདི་ རིགས་དང་ ལུང་རྟོགས་གཉིས་ལ་འབྲེལ་བ་གཏན་ནས་མེད་ རིང་ལུགས་འདི་ཚོ་ སྔོན་དུས་འཛམ་གླིང་རྒྱལ་ཁབ་ཚང་མར་ དར་ཁྱབ་ཤུགས་ཆེ་བྱུང་བ་ཤ་སྟག་ཡིན་ཙང་དམིགས་བསལ་བོད་ཡུལ་རྐྱང་པར་དར་བའི་སྲིད་ཀྱི་རིང་ལུགས་མ་ཡིན་པས་ རྒྱུས་མེད་ རྣམས་ནས་སྐབས་འདིར་ བོད་དུ་ཁྱབ་སྤེལ་བྱུང་བའི་ཆོས་སྲིད་ཀྱི་ལས་རིམ་ལ་དམའ་འབེབས་བྱས་པ་ལྟ་བུར་ གོ་ལོག་མི་གནང་བར་འཚལ། ཆོས་སྲིད་ཟུང་འབྲེལ་ཞེས་པ་འདིའང་ རྒྱལ་ཁབ་ཡོངས་ལ་དར་ཁྱབ་བྱུང་མྱོང་བ་མ་ཟད་ ད་ ལྟ་ཡང་དེ་བཞིན་ལག་ལེན་བྱེད་མཁན་མང་པོ་ཞིག་གནས་ཡོད་རེད། རྩ་དོན་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་དང་ ཐོབ་གོ་ ས་ཞེས་པ་འདི་རྣམས་ཀྱི་བར་ལ་འབྲེལ་བ་ཧ་ཅང་ཉེ་པོ་ཞིག་བསྡད་ཡོད། ག་འདྲ་ཡིན་ཟེར་ན་ ཐོབ་དང་གོ་ས་ཞེས་པ་དེས་ གང་ཟག་དེའི་རིན་ཐང་མཚོན་གྱི་ཡོད་པ་མ་ཟད་ གང་ཟག་ཉིད་ཀྱི་ངོ་བོ་ཡང་མ་འདྲ་བ་ཞིག་བཟོ་འགྲོ་ཡི་ཡོད་རེད། དཔེར་ན་ དགོན་པ་གང་རུང་ཞིག་གི་ཞལ་ངོ་ཞིག་གི་མིང་ལ་ ཚུལ་ཁྲིམས་ཟེར་གྱི་ཡོད་རྒྱུ་བྱས་ དགེ་འདུན་བྱེ་བྲག་པ་ཞིག་གིས་དགོན་13 ཞེ་ཁྲེལ་བ།
པ་དེའི་སྒྲིགས་དང་མི་མཐུན་པའི་ལས་ཀ་བྱས་པ་ལ་ ཚུལ་ཁྲིམས་དགོངས་པ་ཚོམས་ནས་དགེ་འདུན་བྱེ་བྲག་པ་དེ་ལ་བཀའ་ བསྐྱོན་གནང་སྐབས་ དགེ་འདུན་བྱེ་བྲག་པ་དེས་ཚུལ་ཁྲིམས་ལ་མི་འདོད་པའི་རྣམ་འགྱུར་འདྲ་ཞིག་བསྟན་པ་ཡིན་ན་ ལམ་ སེང་ཚུལ་ཁྲིམས་ ཁོ་རང་གི་གོ་སའི་ངོ་བོ་ཞལ་ངོར་གནས་འགྱུར་ཏེ་དགེ་འདུན་བྱེ་བྲག་པ་དེ་ལ་ན་རེ་ ཁྱོད་ཀྱིས་ང་སུ་ཡིན་ ཤེས་ཀྱི་ཡོད་པས། ཞེས་དྲི་བ་ཞིག་བྱེད་སྐབས་ ཚུལ་ཁྲིམས་ཀྱི་རྟོག་ངོར་ཁོ་རང་ཞལ་ངོ་ཟེར་མཁན་དེ་ཡིན་དུས་ ཚུལ་ཁྲིམས་ ཀྱི་གནས་སྟངས་ལས་ཧ་ལས་པ་ཞིག་ཡིན་ན་ཡང་གྲྭ་པ་འདིས་ཆ་འཇོག་བྱེད་ཀྱི་མི་འདུག་བསམ་ནས་ ཁོང་ཚུལ་ཁྲིམས་མིན་ ཞལ་ངོ་ཡིན་ཞེས་རྫིགས་གཏམ་གྱི་སྒོ་ནས་དྲི་བ་བཏང་ཞིང་བརྡིག་གི་ཡོད་རེད། སྐབས་དེར་གང་ཟག་བཀའ་བསྒྱུར་གནང་ མཁན་དེ་ཚུལ་ཁྲིམས་ཡིན་པས་མ་ཚད་ ཞལ་ངོ་ཡང་ཆགས་པ་ཡིན་ཙང་དགེ་འདུན་བྱེ་བྲག་པ་དེས་ཚུལ་ཁྲིམས་ ཞལ་ངོ་ དང་བཅས་པ་ལ་བརྩི་བཀུར་ཞུ་དགོས་མཁན་ཞིག་ཆགས་པ་རེད། དེར་བརྟེན་ ཆོས་ཕྱོགས་ནས་ཚུལ་ཁྲིམས་ཉིད་ཀྱང་དགེ་ འདུན་པའི་གྲས་རེད་ལ་ འདུལ་བའི་བཅའ་ཁྲིམས་སྲུང་མཁན་ཞིག་ཡིན་དགོས་དུས་ ལུང་རྟོགས་གང་རུང་ལ་འབྲེལ་བ་བྱེད་ མཁན་གྱི་གང་ཟག་ཞིག་ཆགས་ཀྱི་ཡོད་རེད། གོ་སའི་ངོ་བོ་ཅན་གྱི་ཚུལ་ཁྲིམས་ནི་ དེ་ལས་ཀྱང་ལྷག་པ་ཁྲིམས་ལ་མི་གནས་ མཁན་རྣམས་ལ་བརྡུང་བརྡེགས་ཀྱང་བྱེད་ཆོག་པའི་ཐོབ་སྟངས་ཅན་ཞིག་ཡིན་པ་དེ་ལུང་རྟོགས་གཉིས་དང་འབྲེལ་བ་མེད་ན་ ཡང་ སྦྱོར་བ་ངན་ཡང་བསམ་པ་བཟང་བའི་ལས་རིམ་འདྲ་ཞིག་ལ་ཆ་བཞག་ན་ ཆོས་སྲིད་ཟུང་འབྲེལ་ཞེས་པའི་མིང་སྙན་པོ་ དེ་འདོགས་ཆོག་ཙམ་ཞིག་རེད། གྲྭ་ཚུལ་ཁྲིམས་རང་ཉིད་ལ་ནི་དགེ་འདུན་དམངས་ཀྱི་གནས་སྟངས་ལས་ལྷག་པའི་ཐོབ་ཐང་ གང་ཡང་མེད་པར་བ་རྟེན་ ཁོང་ལ་བེད་སྤྱོད་ཀྱང་དེ་ཙམ་ཡོད་མ་རེད་ལ་ ཁོང་ལ་བཟང་ངན་གྱི་འབྲེལ་བ་ག་རེ་བྱས་ན་ཡང་ ཕན་གནོད་གང་ཡང་མེད་པར་བརྟེན་སྤྱིར་བཏང་གི་མི་ནུས་མེད་འདྲ་ཞིག་ཆགས་པ་རེད། ཡང་ཞལ་ངོའམ་གོ་སའི་ངོ་བོ་ཅན་ གྱི་ཚུལ་ཁྲིམས་དེ་ནི་དགེ་འདུན་ཕལ་པ་ལས་ལྷག་པའི་གནས་སྟངས་ཐོག་སླེབས་པར་བརྟེན་ ཁོང་ལ་བདེ་སྤྱོད་ཀྱང་ཆེན་པོ་ ཡོད་རེད་ལ་ཁོང་ལ་བཟང་ངན་གྱི་འབྲེལ་བ་རེ་བྱས་ནའང་ཕན་གནོད་ཀྱང་ཆེ་བར་བརྟེན་ ཞལ་ངོ་ནི་ནུས་ཅན་གྱི་མི་ཡི་གྲས་ སུ་ཚུད་པ་རེད། དེ་བཞིན་ཚུལ་ཁྲིམས་ལ་གོ་ས་དང་ཐོབ་སྟངས་དེས་ ཕན་ཐོག་བྱུང་སྟེ་ནུས་ཅན་ཞིག་ཆགས་པར་བརྟེན་ཁོང་ ལ་གོ་ས་གནང་མཁན་དེ་ལའང་ཚུལ་ཁྲིམས་གོ་སའི་ངོ་བོ་ཅན་དེས་ངོས་ལེན་དང་གུས་བཀུར་ངོ་ལྐོག་མེད་པ་ཞིག་ཞུ་རྒྱུ་ཡིན་ པ་གསལ་པོ་རེད་ལ་ ཁོང་གི་དབང་ཆའི་འོག་ལ་ཡོད་པའི་དགེ་འདུན་པ་ཚང་མར་ཁོང་ལ་གོ་ས་གནང་མཁན་དེའི་ཆེ་བརྗོད་ ཀྱང་དུས་རྒྱུན་དུ་བྱེད་ཀྱི་རེད། གལ་སྲིད་ཚུལ་ཁྲིམས་ལ་གོ་ས་གནང་མཁན་དེ་ཕྱོགས་ལྷུང་རང་འདོད་ཅན་ཞིག་ཡིན་ན་ཞལ་ ངོའི་རྣམ་པ་ཅན་གྱི་ཚུལ་ཁྲིམས་དེ་བེད་སྤྱོད་བྱས་ནས་ རང་དོན་ཆེ་ཕྲ་མང་པོ་ཞིག་ཁོང་གི་བརྒྱུད་ནས་བསྒྲུབ་ཐུབ་པ་ཆགས་ ཀྱི་ཡོད་རེད། དེ་མཚུངས་ཐོབ་དང་གོ་ས་ཆེ་རིམ་བཞིན་དུ་གང་ཟག་དེ་ནུས་པ་ཡང་ཆེ་རུ་སོང་། ནུས་པ་ཆེ་རིམ་བཞིན་དུ་བེད་ སྤྱོད་ཀྱང་ཆེ་རུ་སོང་། བེད་སྤྱོད་ཆེ་རིམ་བཞིན་དུ་ཕན་གནོད་ཀྱང་ཆེ་རུ་འགྲོ་རྒྱུ་ཡིན་པ་ནི་བརྗོད་མི་དགོས་པ་རེད། དེར་བརྟེན་ སྐྱབས་མགོན་ཏཱ་ལའི་བླ་མ་དང་ གཙང་པཎ་ཆེན་རིན་པོ་ཆེ་སོགས་ བོད་ཀྱི་བླ་ཆེན་རྣམས་ལ་རྒྱ་སོག་གི་གོང་མ་རྣམས་ཀྱིས་ ཐོབ་དང་གོ་ས་ཇི་ཙམ་ཆེ་བ་ཕུལ་བ་དེ་ཙམ་གྱིས་རང་དོན་ལ་མཁེ་ཕན་ཆེ་བ་བྱུང་ནས་ ཁོང་ཚོའི་སྲིད་ཤུགས་བོད་ནང་དུ་ཤོག་ བུ་སྣུམ་ཟིན་གྱི་ཚུལ་དུ་རིམ་པས་ཁྱབ་བསྐྱེད་བྱེད་ཐུབ་པ་ཞིག་བྱུང་བ་རེད། གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ ནི་ བོད་ཀྱི་མེས་པོ་ཡོངས་ཀྱི་དྭངས་རྩེ་ བོད་ལྗོངས་ཀྱི་དཔའ་བོ་གཅིག་པུར་ངོས་འཛིན་གུས་བཀུར་ཞུ་འོས་པ་ཞིག་བྱུང་བ་ རེད། དཔའ་བོ་ཆེན་པོ་ཁོང་གིས་ གོ་སའི་ངོ་བོ་ཅན་གྱི་བདེ་སྤྱོད་དེའི་བརྒྱུད་ནས་ ཕྱི་རྒྱལ་གྱི་སྲིད་ཤུགས་ཉན་ཁ་ཅན་རྣམས་ ཉིན་ལྟར་བོད་ནང་ཁུལ་དུ་སླེབས་ཀྱི་ཡོད་པ་མཁྱེན་ནས་ རྒྱ་ནག་གི་སྐུ་ཚབ་ལྷ་སར་གཏན་སྡོད་བྱེད་མཁན་རྣམས་རིམ་པས་ བསྐྲོད་ཐབས་དང་ བོད་ལ་ཤེས་རིག་གསར་པའི་རིང་ལུགས་སྒོ་འབྱེད་ཐོག་ འཛམ་གླིང་རྒྱལ་ཁབ་ཁག་ལ་འབྲེལ་ལམ་གཏོད་ རྒྱུ་དང་ བོད་ནང་ཕྱི་རྒྱལ་གྱི་སྐད་ཡིག་གི་སློབ་གྲྭ་འཛུགས་རྒྱུ་ བོད་དམག་ལ་ཡར་རྒྱས་དང་ དམག་སྲིད་ཀྱི་སློབ་སྦྱོང་ཡར་ རྒྱས་གཏོང་ཡག་ བོད་ལྗོངས་དཔལ་འབྱོར་འཛུགས་བསྐྲུན་གྱི་འཆར་གཞི་གསར་གོད་གནང་རྒྱུས་མཚོན་པའི་ཐུགས་བཞེད་ རྒྱ་གང་ཆེ་ཡོད་ན་ཡང་ ལས་རིམ་ཆ་ཤས་མ་གཏོགས་འཆར་གཞི་ནང་བཞིན་ཕྱག་བཞེས་ཐུབ་པ་མ་བྱུང་བ་རེད། དེའི་རྒྱུ་ མཚན་ཡང་ གོ་སའི་ངོ་བོ་ཅན་གྱི་སེར་སྐྱ་གནད་ཡོད་ཁག་གིས་ གོ་སའི་ངོ་བོ་ཅན་གྱི་གྲྭ་མང་སོགས་ལ་བརྒྱུད་ནས་འབོད་14 ཞེ་ཁྲེལ་བ།
བསྐུལ་བྱས་ཏེ་ མཛད་རིམ་ཁག་ལ་མཐུན་སྦྱོར་ཞུ་མཁན་མ་བྱུང་བས་རྐྱེན་པ་རེད། མདོར་ན་ ཆོས་བྱེད་པའི་ནང་ལ་ཐོབ་དང་ གོ་ས་ཞེས་པའི་ཤེས་བྱ་འཕར་མ་ཞིག་སླེབས་ ཐོབ་དང་གོ་སའི་འགྲོ་སྟངས་དེ་རིམ་པས་ལུགས་སྲོལ་ཆགས་ ལུགས་སྲོལ་ དེ་ལ་སྔར་སྲོལ་བཟང་པོ་ཞེས་མིང་བཏགས་ སྲོལ་དེ་ལ་ཉམས་མྱོང་ཅན་རྣམས་ཀྱིས་དེའི་རྒྱུན་མ་ཉམས་པ་དགོས་རྒྱུ་གལ་ཆེ་ བར་བ་རྩིས་ སྲོལ་དེ་ཉམས་ན་གོ་སའི་ངོ་བོ་ཅན་གྱི་བདེ་སྤྱོད་དེ་ཡང་ཉམས་རྒྱུ་ཡིན་པར་བརྟེན་ སྲོལ་དེ་བཟུང་གང་ཐུབ་བྱས་ རིམ་པས་སྔར་སྲོལ་དེ་ལ་ཆོས་ཞེས་པའི་མིང་ཡང་ཆགས་ དེ་ལ་སངས་རྒྱས་ཀྱི་བསྟན་པའི་མིང་བཏགས་ དེར་བརྟེན་སྲོལ་དེ་ ལ་གནོད་པའི་ལས་ཀ་བྱས་ན་བསྟན་པ་ལ་གནོད་པ་བྱེད་མཁན་ལྟ་བུར་བརྩིས་ཏེ་ ལུགས་སྲོལ་ སྲིད་ གོམས་གཤིས་ ཆོས་ སོགས་འདྲེས་མའི་ལྟ་བ་ཞིག་ཁྱེར་ནས་ ད་ཆ་རང་རེའི་ལུང་པ་ཡང་གཞན་ལ་ཤོར། རང་ལ་དབང་བའི་ས་ཆ་ལག་མཐིལ་ཙམ་ དང་ སྡེ་དུད་ཁག་གཅིག་མེད་ན་ཡང་གོ་སའི་ངོ་བོ་ཅན་གྱི་རྙོགས་སྒྲ་དེ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་མ་གཏོགས་ བློས་གཏོང་ ཐབས་རྩ་བ་ནས་མེད་པ་འདི་བྱུང་བ་རེད། དེ་མཚུངས་ཀུན་གཟིགས་ཞྭ་དམར་པ་དང་ ཏ་ཡི་སི་ཏུ་པ་རྣམ་གཉིས་ཀྱང་ཐོབ་དང་ གོ་སའི་ལས་ཉོག་གི་རྭ་བ་དེ་ལས་ཐར་བ་ཞིག་མ་རེད། དེ་ཡང་ ཞྭ་དམར་སྐུ་ཕྲེང་རིམ་བྱོན་རྣམས་ནི་ རྒྱལ་དབང་ཀརྨ་པ་སྐུ་ ཕྲེང་རིམ་བྱོན་རྣམས་དང་ཐུགས་རྒྱུད་གཅིག་པ་ཡིན་པར་ཞལ་གྱིས་བཞེས་ཤིང་ བོད་དུ་ཀརྨ་པ་ཞྭ་དམར་ནག་གཉིས་ཞེས་ ཡོངས་སུ་གྲགས་པ་རེད། ཐུགས་རྒྱུད་གཅིག་པ་ཞེས་པ་དེ་ནི་ཐོབ་དང་གོ་སའི་ངོ་བོ་ཅན་གྱི་སྐད་ཆ་དེ་ཡང་མ་རེད་ལ་ སྲོལ་ དང་སྲིད་སོགས་འདྲེས་མར་ཆོས་ཞེས་བཏགས་པ་ལས་འཕྲོས་པའི་གཏམ་ཞིག་ཀྱང་མ་ཡིན་པར་ཆོས་དོན་ཇི་བཞིན་ཉམས་ ལེན་བྱེད་མཁན་གྱི་གང་ཟག་གི་རྒྱུད་ལ་མངོན་གསུམ་དུ་འཆར་བའི་རྟོགས་རིམ་དང་འབྲེལ་བའི་གཏམ་ཞིག་རེད། གོ་སའི་ ངོ་བོ་ཅན་གྱི་ཞྭ་དམར་ནག་གཉིས་ནི་ ཕལ་ཆེར་མཐོ་དམན་འདྲ་མཉམ་ཡིན་པ་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་དུ་གསལ་ གྱི་ཡོད། དེ་བཞིན་ཏཱ་ཡི་སི་ཏུ་ཡང་ ཀརྨ་བཀའ་བརྒྱུད་ཀྱི་སྤྲུལ་སྐུ་ཆེ་ཁག་གི་གྲས་རེད་ལ་ གོ་སའི་ངོ་བོ་ཅན་གྱི་སི་ཏུ་པ་དེ་ནི་ གོ་སའི་ངོ་བོ་ཅན་གྱི་ཞྭ་དམར་པ་ལས་དམའ་གི་ཡོད་པ་ཡང་གོང་ས་ལྔ་པའི་རྣམ་ཐར་དུ་གསལ་ཀྱི་རེད། དྲང་པོ་བཤད་ན་ གོ་ སའི་ངོ་བོ་ཅན་གྱི་སི་ཏུ་པ་དེ་གོ་སའི་ངོ་བོ་ཅན་རྒྱལ་ཚབ་སྤྲུལ་སྐུ་ལས་ཀྱང་དམའ་གི་ཡོད་རེད། ཀརྨ་པ་སྐུ་ཕྲེང་བཅུ་གཉིས་ པ་བྱང་ཆུབ་རྡོ་རྗེ་དང་ཞྭ་དམར་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་དོན་འགྲུབ་རྣམ་གཉིས་ལྷན་རྒྱས་པར་བཞུགས་སྐབས
དགྲ་བཟློག་ མདོར་ན་རྨི་ལམ་བཟང་ངན་གྱི་རིགས་དག་ཀྱང་ཆོས་སུ་བརྩི་བའམ་ སྟོན་པའི་བཀར་བྱས་ན་དེ་དག་སྤོང་ཐབས་ མེད་པ་ལྟ་བུ་ཞིག་ཆགས་ནས་ མི་ཚེ་ཧྲིལ་པོ་སྔངས་སྐྲག་གི་འོག་ཏུ་སྡོད་རྒྱུ་ཁེལ་བས་ མི་ཚེའི་ནང་གི་དཀའ་ངལ་མང་པོ་ཞིག་ ལ་ཁ་ཐུག་གདོང་ལེན་ཡང་བྱེད་མི་ཐུབ་པའི་ཉན་ཁའི་ནང་དུ་ཁྲིད་སྲིད། སྟོན་པའི་བཀའ་ཡིན་མིན་གྱི་དབྱེ་བ་ཕྱེས་ན་ཁམས་ དང་དུ་འགྲོ་རྒྱུ་དང་ བློ་ཡང་བདེ་རུ་འགྲོ་གི་རེད་སྙམ། དཔེར་ན་ བོད་ཀྱི་བསྟན་པ་ཟེར་དུས་སངས་རྒྱས་ཀྱི་བཀའ་ཟེར་བ་ནང་ བཞིན་ཞིག་ལ་གོ་བ་བརྒྱབས་ན་ དེ་ལུང་རྟོགས་གཉིས་སུ་འགྱུར་བས་ལུང་རྟོགས་གཉིས་བོད་ཀྱི་བསྟན་པ་ཡིན་ན་ དེ་ཉིད་ བསྲུང་སྐྱོབ་བྱེད་པ་ལས་ རང་བཙན་སོགས་ཀྱི་སྐད་ཆ་ལ་དགོས་པ་མེད་པ་ཞིག་ཆགས་ཀྱི་རེད། དེར་བརྟེན་ གླང་དར་མས་ སངས་རྒྱས་པའི་ལྟ་བ་དར་ཁྱབ་ཆེ་བ་ལ་གནོད་རྐྱེན་བྱས་པའི་ཡུན་ལ་བོད་ཀྱི་བསྟན་པ་ཉམས་པ་མ་རེད་ སངས་རྒྱས་ཀྱི་ལྟ་ སྤྱོད་ལ་ཡིད་ཆེས་བྱེད་མཁན་རྣམས་བཅོམ་པ་རེད། སངས་རྒྱས་ཀྱི་བཀའ་ནི་ སྤྱིར་བཏང་བོད་ཀྱི་ཤེས་རིག་གི་གྲས་སུའང་མི་ ཚུད་ལ་ཕྱི་རྒྱལ་ནས་བཏོན་པའི་ཤེས་རིག་གལ་ཆེ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས། དེས་ན་བོད་ཀྱི་ཆབ་སྲིད་ལྟ་བུ་ཞིག་ བརྗོད་རྒྱུ་ལས་བོད་ཀྱི་བསྟན་པ་ཟེར་བ་དེ་ཡང་ནོར་འཁྲུལ་ཡིན། དེ་མཚུངས་ སངས་རྒྱས་བསྟན་ལ་དགྲ་བྱུང་ན། ཉན་ཐོས་ རྣམས་ཀྱང་མཚོན་ཆ་ཐོགས། ཞེས་པའི་བཤད་སྲོལ་དེ་ བོད་ཀྱི་བསྟན་པ་ལ་ཡང་སྦྱར་བ་ཐོས་མོད་ དེ་གཉིས་ཀྱི་གོ་དོན་ནི་མེ་ ཆུའི་ཚུལ་གྱིས་དངོས་འགལ་དུ་གནས། ཆོས་ཀྱི་བསྟན་པ་ཟེར་བ་འདི་ཡང་ནོར་འཁྲུལ་ཡིན། ཆོས་ཀྱང་སངས་རྒྱས་ཀྱི་བཀའ་ ཡིན་ལ་བསྟན་པའང་སངས་རྒྱས་ཀྱི་བཀའ་ཡིན་པས་ ཟློས་སྐྱོན་དུ་སོང་ཡོད་པ་ནི་ སྟོན་པའི་བསྟན་པ་རྣམ་གཉིས་ཏེ། ལུང་ དང་རྟོགས་པའི་བདག་ཉིད་ཅན། ཞེས་མཁས་མཆོག་དབྱིག་གཉེན་གྱིས་གསུངས་པ་དེས་མཚོན་ནུས།
ཕྱི་དངོས་པོའི་འགྱུར་བ་ལ་རྟགས་དང་མཚན་མར་རློམས་ཏེ་ དེ་དག་བཟང་ངན་གྱི་རྗེས་སུ་འབྲང་ནས་ལེགས་ཉེས་བླང་དོར་ བྱེད་པའི་རིང་ལུགས་ནི་ བདག་ཅག་གི་སྟོན་པས་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་པའི་གོང་ནས་ཀྱང་རིང་དུ་དོར་ཟིན་པ་ཞིག་ཡིན་ པས་ དུས་རབས་ཉི་ཤུ་པའི་མཇུག་འདིར་ད་དུང་ཡང་དེ་འདྲའི་རྗེས་སུ་འཇུག་ན་ནི་ ཕྱི་ནང་གི་ཤེས་རིག་གང་ཅིའི་ཐོག་ རྗེས་ ལུས་ཐེབ་པའི་རང་རྟགས་གསལ་པོ་ཞིག་མངོན་རྒྱུ་ལས་གཞན་པའི་དགེ་མཚན་ཅི་ཡང་མེད། དེ་མཚུངས་བདག་ཅག་གི་སྟོན་ པས་ནི་ རྨོངས་དད་ཀྱི་རྗེས་སུ་འབྲང་མི་རུང་བར་གདམས་ཤིང་ སྟོན་པ་ཉིད་ཀྱིས་གསུངས་པའི་བཀའ་ལ་ཡང་ བསྲེག་བཅད་ བརྡར་བའི་གསེར་བཞིན་དུ་བརྟགས་ཤིང་དཔྱད་དེ་ཉམས་སུ་ལེན་པ་ལས་ སྟོན་པའི་བཀའ་ཡིན་པ་ཁོ་ན་རྒྱུ་མཚན་དུ་བྱས་ ཏེ་ གུས་པ་གཙོ་བོར་བཏོན་པའི་སྒོ་ནས་ཉམས་སུ་ལེན་མི་རིགས་པར་རྗེས་སུ་གདམས་པ་ལྟར་ ད་ལྟའི་བར་ རྨོངས་དད་ཀྱི་ གོམ་གཤིས་རྒྱུན་འཁྱོངས་བྱེད་པ་དག་གིས་ཀྱང་བསམ་མནོ་ཟུར་པ་ཞིག་གཏོང་དགོས། དཔེར་ན་ བོད་དུ་རྨོངས་དད་ཅན་ཁ་ ཤས་ཀྱིས་༧རྒྱལ་དབང་ཀརྨ་པ་ཞེས་པ་དེ་ བཞེངས་པའི་སྐུ་འདྲ་པོ་ཞིག་ལ་ཆ་བཞག་ནས་ ཁོང་སྐུ་གསང་ལ་ཡང་ཕེབས་མི་ དགོས་ཤག་བྱེད་ཐོག་ རྗེས་མ་སྐུ་གསང་ལ་ཕེབས་དགོས་ངེས་ཀྱི་སྐད་ཆ་དངོས་བདེན་གོ་དུས་ ཧ་ལས་ཤིང་ཅུང་ཟད་བསམ་ པ་མ་རྫོགས་པའི་བཟོ་འདྲ་ཞིག་ཆགས་པའི་ལོ་རྒྱུས་ཡོད་པ་འདི་གྲས་ཀྱང་རྨོངས་དད་ཀྱི་ཆ་ཤས་ཡིན། ཡང་བླ་མ་མཁས་གྲུབ་ ཆེ་བའི་མཚན་སྙན་ལྡན་པ་རྣམས་དགོངས་པ་རྫོགས་པ་དང་ དེའི་སྐུ་སྐྱེ་འཁྲུངས་པའི་སྐབས་དག་ལ་ནམ་མཁར་འཇའ་འཆར་ བ་ལྟ་བུའི་རྟགས་མི་འདྲ་བ་ཞིག་ཡོང་དགོས་རྒྱུར་ ཨུ་ཚུགས་ཀྱིས་ཡིད་ཆེས་བྱེད་ཅིང་ གལ་སྲིད་དེ་ལྟ་བུའི་རྟགས་མཚན་ རིགས་མ་བྱུང་ན་ དད་པ་ཡང་ཅུང་ཟད་ཆུང་དུ་འགྲོ་བ་ལྟ་བུ་འདི་ཚོ་ཡང་རྨོངས་དད་ཀྱི་སྐྱོན་ཡིན། རྨོངས་དད་ནི་ཕ་མའི་རིང་ ལུགས་འཛིན་པའམ་ གཞན་རྗེས་སུ་འབྲང་བའི་ཡིད་ཆེས་ཞིག་ཡིན་ཞིང་ དེ་འདྲའི་ཡིད་ཆེས་ནི་རང་གི་ཤེས་ཚད་ཀྱི་ཐོག་ནས་ ཡིད་ཆེས་བྱེད་སའི་ཡུལ་དེ་ལ་ ཡིད་ཆེས་བྱེད་འོས་པའི་ཡོན་ཏན་ཇི་ཡོད་ཤེས་མིན་ལ་མ་ལྟོས་པར་ ཡིད་ཆེས་བྱེད་དགོས་པ་ ཙམ་རྒྱུ་མཚན་དུ་བྱས་པ་ཞིག་ཡིན་ཙང་ རྐྱེན་ངན་དང་འཕྲད་ན་ཡིད་ཆེས་དེ་ལས་ལོག་སྟེ་ འཁོན་སྡང་གི་སེམས་ཀྱང་སྐྱེ་སྲིད་ པས་ ཡིད་ཆེས་དེ་རིགས་ནི་མི་བསླུ་བའི་དད་པ་སྐྱེ་བའི་རྒྱུ་རུ་མི་འགྲོ། དད་པ་བསྐྱེད་པའི་ཡུལ་གྱི་ཡོན་ཏན་རྣམས་ རང་གི་ ཤེས་ཚད་ཀྱི་སྒོ་ནས་ཇི་བཞིན་ཤེས་པ་ལ་ཡིད་ཆེས་འདྲོངས་པའི་དད་པ་སྐྱེས་པ་ཞིག་ཡིན་ན་ དེ་ནི་རང་ངོས་ནས་རྒྱུ་མཚན་ ཞིག་ལ་གཞི་བཅོལ་ནས་སྐྱེས་པའི་བསམ་མནོ་ཞིག་ཡིན་དུས་ རྐྱེན་གཞན་ལ་ལྟོས་མི་དགོས་ཤིང་ རྐྱེན་གཞན་གྱི་དབང་དུ་34 ཞེ་ཁྲེལ་བ།
མི་འགྲོ་བའམ་འགྲོ་བའི་ཉན་ཁ་ཡང་ཆུང་། དེ་བཞིན་སྐྱབས་མགོན་སི་ཏུའི་སྐུ་ཕྲེང་མང་ཆེ་བ་དག་དམ་པའི་ངང་ཚུལ་འཛིན་ པའི་སྐྱེས་བུ་ཤ་སྟག་བྱུང་བར་བརྟེན་ སི་ཏུའི་སྐུ་ཕྲེང་ཡོད་ཚད་གཅིག་པ་ཡོང་རྒྱུར་ཡིད་ཆེས་བྱས་ན་སྐབས་འགར་འགྱོད་པའི་ གཞིར་ཡང་འགྲོ་སྲིད། དཔེར་ན་ སི་ཏུའི་སྐུ་ཕྲེང་ནང་དུ་པདྨི་ལྗགས་ལྡན་བཞི་འབྱོན་པར་གསུངས་པ་རྣམས་ལས་པདྨི་ལྗགས་ ལྡན་གཉིས་པ་པདྨཀུན་བཟང་ཞེས་པ་དེ་ ༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་ངོས་འཛིན་གནང་ཞིང་ འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ རང་ཉིད་ཀྱི་རྩ་བའི་བླ་མ་པདྨཉིན་བྱེད་ཀྱི་ཡང་སྲིད་ཡིན་པར་བརྟེན་ གཞན་ དང་མི་འདྲ་བ་ཞིག་ཡོང་རྒྱུའི་རེ་བ་ཤིན་ཏུ་ཆེ་བར་མཛད་ཀྱང་ པདྨཀུན་བཟང་ནི་གསན་སྒོམ་ལ་ཐུགས་སྣང་དེ་ཙམ་མི་མཛད་ པའི་ཁར་ ཐུགས་གཏུམ་ལ་ཕྲ་མར་གསན་ཐལ་ཆེ་བས་ འཇམ་མགོན་ཀོང་སྤྲུལ་ཉིད་ཀྱང་མཐའ་མ་ དཔལ་སྤུངས་དགོན་པ་ ནས་གནས་དབྱུང་བྱས་པའི་ལོ་རྒྱུས་ཀྱང་མ་བརྗེད་ན་ལེགས། སྤྱིར་སི་ཏུ་ཆོས་ཀྱི་འབྱུང་གནས་ལ་དམ་སེལ་ཞུགས་པའི་སློབ་ མ་ཁ་ཤས་ཀྱི་ཡང་སྲིད་ སི་ཏུ་པདྨི་ལྗགས་ལྡན་དང་པོ་པད་མ་ཉིན་བྱེད་ཀྱི་སྐབས་སུ་ངོས་འཛིན་ཁྲི་འདོན་གནང་བའི་རྐྱེན་ གྱིས་དམ་སེལ་མང་ཙམ་བྱུང་བའང་དྲན་གསོ་བགྱི་བར་འོས། ཡང་༧རྒྱལ་དབང་ཀརྨ་པ་ལྟ་བུ་ཡེ་ཤེས་ཀྱི་གཟིགས་པ་མངའ་ བ་རྣམས་ཀྱིས་ངོས་འཛིན་གནང་བའི་སྤྲུལ་པའི་སྐུ་ཡིན་ནས་བཟུང་སྤྲུལ་སྐུ་དེ་ལ་ཡོན་ཏན་མ་གཏོགས་སྐྱོན་གཏན་ནས་ཡོང་ མི་སྲིད་སྙམ་པའང་ ཨུ་ཚུགས་ཀྱི་དད་པ་འདྲ་ཞིག་ཆགས་ཡོད། རྒྱུ་མཚན་ནི་རང་རེས་ཤེས་བཞིན་པ་མཐོང་བཞིན་པ་འདི་ག་ རེད་ དཔེར་ན་སི་ཏུ་པ་ པདྨདོན་ཡོན་ཉིན་བྱེད་ཀྱི་རྒྱུད་ལ་ འདི་ལྟར་༧རྒྱལ་དབང་ཀརྨ་པའི་ཡང་སྲིད་རྫུས་མ་ཞིག་ རང་ཉིད་ཀྱི་ མཁེ་ཕན་དམིགས་ཡུལ་དུ་བྱས་ཏེ་བཟོའོ་སྙམ་པའི་ཀུན་སློང་ཞིག་སྐྱེས་པའི་སྐད་ཅིག་མ་དེ་ཉིད་ལ་ རྩ་བའི་བླ་མའི་སྐུ་གསུང་ ཐུགས་ཀྱི་དམ་ཚིག་རྣམས་ཉམས་པར་འགྱུར་བས་ དེ་ནས་བཟུང་ཁོང་གི་རྒྱུད་ལ་ལེགས་པའི་སེམས་བསྐྱེད་ཀྱི་འཆར་སྒོ་ཇི་ སྙེད་པའི་རྒྱུན་གལ་སྲིད་ཡོད་པ་དག་ཀྱང་འགགས་ཤིང་སླར་སྐྱེ་བར་ཡང་མི་འགྱུར་བ་ཞིག་ན་ བདག་ཅག་གི་སྟོན་པས་ངོས་ འཛིན་གནང་བ་ཞིག་ཡིན་ན་ཡང་དགོས་པ་ཆུང་། སྐྱེ་སྲིད་རྣམ་པ་སོ་སོའི་སྐུ་གོང་མའི་སྐབས་སུ་ཚོགས་གསོག་སྒྲིབ་སྦྱོང་ བྱས་ཟིན་པའི་དབང་དུ་བཏང་ནས་ ཡང་སྲིད་དེས་གསན་སྒོམ་སོགས་གཏན་ནས་མཛད་མི་དགོས་པ་ཞིག་ཆགས་ཀྱི་མེད་པ་ ནི་ བོད་དུ་བྱོན་ཚད་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱི་རྣམ་ཐར་བཞུགས་པ་རྣམས་མཇལ་ན་ཤེས་པར་ནུས། སི་ཏུ་པའི་རང་རྒྱུད་དམ་ སེལ་གྱི་དབང་གིས་མ་རུང་པར་གྱུར་པའི་རྟགས་གསལ་ཤོས་ཞིག་ནི་ ས་གནས་སྲིད་གཞུང་གི་བློན་པོའི་གཙོ་བོ་དང་ལག་ པ་ནག་སྤྲེལ་བྱས་ཏེ་ ཕྱི་ལོ་༡༩༩༣ཟླ་༨ཚེས་༢ཉིན་ དཔལ་ཀརྨ་པའི་གདན་ས་འབྲས་ལྗོངས་རུམ་བཏེགས་བཤད་སྒྲུབ་ཆོས་ འཁོར་གླིང་དུ་ ༧རྒྱལ་དབང་གོང་མའི་དབུ་ཆོས་ཀྱིས་གཙོས་འདུས་པའི་སྡེ་རྣམས་བསྲུང་དམག་གིས་བསྐོར་ཞིང་ བསྲུང་ དམག་གི་གྲས་ནས་མགོ་བྱེད་སུ་རེན་ཨོ་སི་ཟེར་བ་ཞིག་གིས་
དབུ་ཆོས་དགེ་འདུན་པ་རྣམ་པར་མེ་མདའ་ཁ་ཚད་དེ་བརྡིག་ར་གཏོང་བ་དང་ ༧རྒྱལ་དབང་གོང་མའི་དབུ་ཆོས་གྲས་ནས་དབུ་ མཛད་དམ་བྱང་འདྲེན་ལས་ཐོག་པ་ཞིག་གི་མགུལ་ལ་ཐག་པ་བཏགས་ནས་ སི་རྒྱལ་གཉིས་ཀྱི་སྐུ་བསྲུང་བུད་མེད་རུ་ཁག་ གིས་ དགོན་པའི་རྡོ་གཅལ་མཐིལ་དུ་ཁྲོམ་མང་འདུས་པའི་ཁྲོད་ན་ཡར་དྲུད་མར་དྲུད་བྱེད་པ་དང་དེ་འདྲའི་ཀུན་སྤྱོད་ངན་པ་ ལག་ལེན་རྗེན་བསྟར་བྱེད་པའི་མདུན་སར་ སི་རྒྱལ་གཉིས་ནི་མགོ་བོ་ཆོས་གོས་ཀྱིས་གཏུམས་ཏེ་ ཕྱི་ལྟར་མི་མང་གི་གདོང་ལ་ ཁོ་རང་གཉིས་ཀ་ཏིང་ངེ་འཛིན་གྱི་ངང་དུ་གནས་མདོག་བྱས་ན་ཡང་ནང་ལྟར་ཁོ་རང་གཉིས་ཀྱིས་བྱུས་བཀོད་བྱས་པའི་ལས་ ཀ་རྣམས་ལམ་དུ་འགྲོ་བཞིན་པ་ལ་དགའ་དྲག་སྟེ་ ཁོག་འཛུམས་ཁ་ལ་མ་ཤོང་བར་བསྡད་ཡོད་ཤག་མཐའ་མ་རང་ཉིད་ཀྱིས་ བྱས་པའི་ལས་ཀ་ཛོར་པོ་དེ་ཚོ་རང་མཚང་འགེབ་པའི་ཆེད་དུ་༧རྒྱལ་དབང་ཀརྨ་པའི་དགེ་འདུན་པ་ནག་མེད་སྐྱོན་བྲལ་རྣམས་ བཙན་དབང་གིས་འདུས་སྡེའི་སྤྱི་ཐབ་ནང་དུ་བཙུགས་ཤིང་ དེ་སྐབས་གྲ་ཤག་གསར་བཞེངས་ཀྱི་ལས་འགུལ་བྱེད་སྐབས་ ཁེལ་བས་ ཨར་ལས་ལ་ཉེ་བར་མཁོ་བའི་ཡོ་བྱད་ཐོ་བ་ འབྱར་མ་ འཇོར་ཏོ་ རྡོ་ ས་ཕག་སོགས་ཕྱོགས་གཅིག་ཏུ་ཁོང་རྣམ་ པའི་མདུན་དུ་སྤུངས་ཤིང་ཨར་ལས་ཀྱི་ཅ་ལག་དེ་ཚོ་ ཁོང་རྣམ་པའི་དྲག་སྤྱོད་བྱེད་སྐབས་ཀྱི་ལག་ཆ་ཡིན་རྒྱུར་སྤར་འདེབས་ བྱས་པ་རྣམས་རྗེས་མ་གསར་ཤོག་ཁག་ལ་བཀྲམ་པ་སོགས་མ་རབ་ངན་པའི་ཀུན་སྤྱོད་ཞེ་ཁྲེལ་བའི་ལས་ཀ་འདི་ལས་སྐྱོ་བ་ ནི་ བོད་དུ་རྒྱ་མིས་རིག་གནས་གསར་བརྗེའི་འཐབ་རྩོད་གཏོང་སྐབས་སུའང་མ་བྱུང་བ་ཞིག་ཡིན། ཕྱོགས་གཅིག་ནས་སི་35 ཞེ་ཁྲེལ་བ།
རྒྱལ་གཉིས་ཀྱིས་གདན་སའི་དབུ་ཆོས་རྣམ་པར་བཙན་དབང་གི་ཐོག་ནས་ ཀརྨ་པ་ཨོ་རྒྱན་ཕྲིན་ལས་ལ་ངོས་ལེན་ཡོད་ཞེས་ པའི་ཡིག་ཆར་ལག་རྟགས་འགོད་བཅུག་པ་དང་ ཕྱོགས་གཞན་ཞིག་ནས་ཨོ་རྒྱན་ཕྲིན་ལས་མ་ཡིན་པའི་ཀརྨ་པའི་ཡང་སྲིད་ གཞན་དག་ལ་ངོས་ལེན་མེད་ཞེས་པའི་ཡིག་ཆར་མཚན་རྟགས་འགོད་རྒྱུར་དབང་ཡོད་བཤད་སྐབས་ དབུ་ཆོས་རྣམ་པས་དང་ བླང་མ་བྱས་པར་བརྟེན་ དབུ་ཆོས་དགེ་འདུན་གྱི་སྡེ་བཅས་གནས་དབྱུང་བཙན་བྱོལ་གྱི་ངང་ཚུལ་འཛིན་དགོས་ཁེལ་ནས་ ཀུན་ གཟིགས་ཞྭ་དམར་རིན་པོ་ཆེའི་བཞུགས་གནས་སུ་སྤུངས་སྡོད་གནང་བཞིན་པ་ཡིན། ཐོག་མའི་སྐབས་ བཤད་གྲྭ་བ་ཕལ་ཆེ་བ་ གཡས་གཡོན་གང་དུའང་མ་ཕྱོགས་པར་སློབ་སྦྱོང་ཁོ་ནར་འབད་བརྩོན་གྱིས་གནས་ཐུབ་པ་ཞིག་ཡོང་རེས་རང་འཇག་བསྡད་ ན་ཡང་། ཉིན་གཅིག་སི་ཏུ་པས་ཚོགས་འདུ་ཞིག་ལ་བཤད་གྲྭ་བ་རྣམ་པར་ ཁྱེད་རང་ཚོ། ཞྭ་དམར་པའི་ཕྱོགས་ཡིན་ནམ། ང་ ཚོའི་ཕྱོགས་ཡིན། ཞེས་ཐད་ཀར་དྲི་བ་ཞིག་བཏང་དུས་ བཤད་གྲྭ་བ་རྣམ་པས་ང་ཚོ་སུའི་ཕྱོགས་ལའང་མེད། སློབ་སྦྱོང་བྱེད་ མཁན་ཡིན། ཞེས་ལན་གདབ་འཕྲལ་ སི་ཏུ་པས་ ཁོང་ཁྲོའི་རྣམ་པ་དང་བཅས་དཀྱིལ་ལ་སྡོད་མཁན་ཟེར་བ་དེ་ཡོང་ཡག་ཡོད་ མ་རེད། དཀྱིལ་ལ་བསྡད་ན་ལམ་དགག་མཁན་རེད་པས། མེད་པ་བཟོ་དགོས་རེད། ཅེས་དོན་དུ་བཤད་གྲྭ་བ་ཚོ་སྲོག་ཐོག་ གཏོང་རྒྱུའི་བརྡིག་ར་བསྐུལ་བ་ལ་བརྟེན་ ཁོང་ཚོ་སི་རྒྱལ་གཉིས་ཀྱི་བྱ་སྤྱོད་ལ་ཞེ་གདིང་ནས་ཁྲེལ་ཏེ་གནས་དབྱུང་དུ་བྱོན་རྒྱུ་ ཁེལ་བ་དང་ གཞན་ཡང་ཀརྨ་པའི་དགེ་འདུན་པ་མང་དག་ཅིག་ལ་ཉེས་པ་མེད་བཞིན་དུ་བསྲུང་དམག་རྣམས་བསླུས་ཏེ་བཙོན་ ཁང་དུ་བཅུག་པ་དང་ བརྡུང་བརྡེག་གཏོང་བ། དམའ་འབེབས་མཚང་འདྲུ་བྱེད་པ་བཅས་ནི་སྐབས་དེའི་ སི་རྒྱལ་གཉིས་ཀྱི་ཉིན་ ལྟར་གྱི་ཞལ་འདོན་ལས་ཀྱང་གལ་ཆེ་བའི་མཛད་རིམ་ཞིག་ཆགས་འདུག་ སྔོན་ཆད་འཛམ་བུའི་གླིང་དུ་ཡོངས་སུ་གྲགས་པའི་ བཙན་རྒྱལ་རིང་ལུགས་པ་སུས་ཀྱང་འགྲན་མི་བཟོད་པའི་བཙན་དབང་ཅན་གྱི་བོད་ཀྱི་སྤྲུལ་པའི་སྐུ་ཀརྨ་བཀའ་བརྒྱུད་ཀྱི་ལོ་ རྒྱུས་ནང་དུ་ཐོག་མར་བྱུང་བ་ནི་ སི་ཏུ་དང་རྒྱལ་ཚབ་གཉིས་ཡིན། ཡང་ཁོང་གཉིས་ཀྱིས་ལོ་རྒྱུས་སུ་མ་གྲགས་པའི་ཐོབ་ཐང་ དང་རང་དབང་དམིགས་བསལ་བ་ཞིག་གཞན་ལ་མ་སྤྲད་པ་ཡང་མིན། དེ་གང་ཡིན་ཟེར་ན་ བུད་མེད་རྣམས་ལ་དགེ་འདུན་ གྱི་སྡེ་སྟོར་བཤིག་གཏོང་རྒྱུའི་དབང་ཆ་སྤྲད་པ་དེ་ཡིན་ སྟོན་པ་དོན་ཀུན་གྲུབ་པས་ལུས་ཅན་ཡོངས་ལ་སྙོམས་པའི་སྤྱན་རས་ ཀྱིས་གཟིགས་ནས་ ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་མི་རིགས་ལ་བཟང་ངན་དུ་དབྱེ་བ་དང་། རྟགས་ལ་མཆོག་དམན་དུ་བརྩི་ བའི་སྲ་མཁྲེག་རྡོ་རྗེའི་རང་བཞིན་དུ་གྱུར་པའི་ལྟ་བ་ངན་པ་རྣམས་རྒྱངས་རིང་དུ་དོར་ཟིན་ན་ཡང་ ད་ལྟའི་བར་རྒྱལ་ཁབ་མང་ པོ་ཞིག་གི་ནང་དུ་བུད་མེད་ལ་སྐྱེས་པ་འདྲ་མཚུངས་ཀྱི་ཐོབ་ཐང་མེད་པའི་ཁར་ རྒྱལ་ཁབ་ཁ་ཤས་ཀྱི་ནང་དུ་བུད་མེད་ལ་བརྙས་ བཅོས་ཀྱང་བྱེད་ཀྱི་ཡོད། དོན་ཀུན་གྲུབ་པས་བུད་མེད་རྣམས་ཀྱང་ཆོས་ཀྱི་སྣོད་དུ་རུང་བར་ཞལ་གྱིས་བཞེས་ཤིང་ དགེ་སློང་ མ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཡང་བྱུང་མོད་ བུད་མེད་ཕལ་གྱིས་དགེ་འདུན་གྱི་སྡེ་ལ་དངོས་སུ་ཇུས་ཏོག་བྱེད་རྒྱུར་ངོས་ ལེན་གནང་བའི་ལོ་རྒྱུས་ནི་མ་གྲགས་ལ་ བོད་གངས་ཅན་ལྗོངས་ཀྱི་དགོན་སྡེ་ཆེ་ཕྲ་ག་འདྲ་ཞིག་ལ་ཡང་བུད་མེད་རུ་ཁག་ཞིག་ གིས་དགེ་འདུན་པའི་མཛད་སྤྱོད་ལ་ཐེ་དོག་བྱེད་མཁན་མ་བྱུང་བ་ཁག་ཐེག དེང་སང་འགྲོ་བ་མི་ཡི་ཐོབ་སྟངས་ཀྱི་སྐོར་ལ་དོ་ སྣང་ཤུགས་ཆེ་འབྱུང་བཞིན་པ་སྤྱི་དང་ལྷག་པར་བུད་མེད་ཀྱི་ཐོབ་ཐང་སྐོར་ལ་རྒྱལ་ཁབ་མང་པོས་ནུས་ཤུགས་བཏོན་ཏེ་ འོས་ པ་དང་མི་འོས་པའི་ལས་རིམ་སྤང་བླང་ལ་གོམ་པ་མདུན་སྤོ་བྱེད་བཞིན་ཡོད་པ་ནི་ བསྔགས་འོས་ཚུལ་མཐུན་གྱི་བྱ་བ་ཞིག་ ཡིན་པ་སྨོས་མི་དགོས་ཀྱང་ སི་རྒྱལ་གཉིས་ཀྱིས་ནི་ དེ་ཚོ་ལས་ཀྱང་ལྷག་པའི་བུད་མེད་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་ ཐོབ་ཐང་འཕར་མ་ཞིག་སྤྲད་ཡོད་པ་ དཔེར་ན་ བུད་མེད་ཀྱིས་དགེ་སློང་ལ་འགྲམ་ལྕག་གཏོང་བ། བུད་མེད་ཀྱིས་དགེ་སློང་གི་ མགུལ་ལ་ཐག་པ་བཏགས་པ་ཙམ་དུ་མ་ཟད་ཡར་དྲུད་མར་དྲུད་བྱེད་པ། བུད་མེད་ཀྱིས་དགེ་སློང་ལ་སྡང་བལྟ་བྱེད་པ། བུད་ མེད་ཀྱིས་དགེ་སློང་ལ་མཚང་འདྲུ་བྱེད་པ། བུད་མེད་ཀྱིས་དགེ་སློང་ལ་ཚིག་རྩུབ་སྨྲ་བ། སེར་སྐྱ་འདྲེས་མས་ཤེས་རབ་སྙིང་ པོའི་མདོ་ཀློག་སྐབས་བུད་མེད་རྣམས་ཀྱིས་དགེ་སློང་རྣམས་ལ་སྤང་གདན་གཡབ་མོའི་ཚུལ་དུ་གདབ་པ། དགེ་འདུན་གྱི་སྡེ་ སྟོར་བཤིག་གཏོང་རྒྱུའི་གྲོས་ཚོགས་ཀྱི་ཚོགས་གཙོ་བུད་མེད་ཀྱིས་བྱེད་པ། སི་ཏུ་པ་ཉིད་ཀྱི་གྲོས་ཕུག་བཅོལ་སའང་བུད་མེད་ ལ་བྱེད་པ། བུད་མེད་རུ་ཁག་གིས་ཐག་བཅད་ན་ སི་རྒྱལ་གཉིས་ཀྱིས་ཀྱང་གྲོས་ཆོད་དེ་ལ་བསྒྱུར་བཅོས་བྱེད་ཐབས་མེད་པ། དགོན་པའི་སྐུ་བསྲུང་བུད་མེད་ཀྱིས་བྱེད་པ། སི་རྒྱལ་གཉིས་ཀྱི་སྐུ་བསྲུང་ཡང་བུད་མེད་ཀྱིས་བྱེད་པ། དགེ་འདུན་པ་རྣམས་36 ཞེ་ཁྲེལ་བ།
དབྱར་ཞལ་གྱིས་བཞེས་པའི་གྲས་སུ་བུད་མེད་རྣམས་ཀྱང་ཚོགས་ཆོག་པ། བུད་མེད་མ་བརྟེན་ན་དབྱར་བདག་གམ་དབྱར་ གནས་ཀྱི་མཁན་པོ་བྱེད་མི་ཆོག་པ་བཅས། དངོས་གནས་མཐོང་ཐོས་སུ་གྱུར་པའི་ཐོབ་ཐང་དེ་ཙམ་ཞིག་སྤྲད་ཡོད་ན་ ལྐོག་ གྱུར་གྱི་ཐོབ་ཐང་ནི་ཇི་གནང་དང་ཇི་ཙམ་གནང་ཡོད་སུས་ཤེས། མདོར་ན་མཛེས་མ་རྣམས་ལ་དམིགས་བསལ་གྱི་དབང་ཆ་ མཐུན་པ་མཐོང་ན་མི་མཐུན་པ་མེད་པ་གྲངས་ལས་འདས་པ་ཞིག་གནང་ཡོད། སི་རྒྱལ་རྣམ་གཉིས་ཀྱིས་ བུད་མེད་ཀྱི་ཐོབ་ སྟངས་ཐོག་འབད་བརྩོན་དེ་ག་ཙམ་ཞིག་མཐའ་གཅིག་ཏུ་གནང་བ་ལ་ ཕལ་ཆེར་འཛམ་གླིང་རྒྱལ་སྤྱིས་རྣམ་གཉིས་ལ་དམིགས་ བསལ་གཟེངས་བསྟོད་ཀྱི་དཔའ་དར་བཏགས་མ་ཞིག་ཀྱང་འབུལ་ཡག་གི་ཉན་ཁ་ཆེ་ཙམ་འདུག མ་གཞི་སི་ཏུ་པས་སྔོན་མ་ཞི་ བདེའི་བཏགས་མ་ཐོབ་ཡག་ལ་འབད་བརྩོན་གང་ཆེ་གནང་བ་དེ་ལ་ ལམ་འགྲོ་མ་བྱུང་བའི་ཐོག་ཁ་བསུར་ཡང་ཕྲན་ཙམ་ཞིག་ ཤོར་འདུག་ཀྱང་ ད་རེས་ བུད་མེད་ཀྱི་ཐོབ་ཐང་ལ་འབད་བརྩོན་གནང་བ་འདི་ལ་ངེས་པར་དུ་ཐོབ་ཡག་ཞིག་ཡོང་རེ་འདུག
དགེ་འདུན་པ་རྣམ་པ་ལ་འདི་ལྟ་བུའི་ཆད་པ་བསམས་ན་ཡིད་རྩ་འཁྲུགས་ངེས་ཞིག་ཕོགས་ན་ཡང་ ཁོང་རྣམ་པ་ལ་ཉེས་པ་ནི་ གཏན་ནས་མེད་པ་ཞིག་ཡིན། ཐོག་མར་ཡང་སྲིད་ངོས་འཛིན་གྱི་བཀའ་མོལ་དབུ་བཙུགས་པའི་སྐབས་སུའང་ དགེ་འདུན་པ་ རྣམ་པ་དེའི་ཁོངས་སུ་མེད་པ་མ་ཟད་ ཐུགས་སྲས་རྣམ་པ་བཞི་ལྷན་འཛོམས་ཐོག་ནས་ ཡང་སྲིད་རིན་པོ་ཆེའི་སྐོར་གྱི་མཛད་ སྒོའི་རིགས་སྦྱོར་དངོས་རྗེས་གཙང་གནང་རྒྱུ་ལས་གདན་སའི་དབུ་ལས་སུས་ཀྱང་ཡང་སྲིད་ཀྱི་ལས་འགན་སྐོར་ལ་ཐེ་བྱུས་མི་ དགོས་པའི་གྲོས་ཆོད་གནང་བ་ཞིག་ཡིན། བར་དུ་ཞལ་ཆེམས་མ་ནོར་བ་ཕྱག་ཏུ་སོན་པ་དང་ ཐོབ་ནས་མགུལ་གྭའི་ནང་དུ་སྤོ་ བཞུགས་གནང་བའི་བཀའ་གྲོས་ཀྱི་གྲས་ལའང་དགེ་འདུན་པ་རྣམས་མ་བཞུགས། མཐའ་མ་སྔོན་དུ་རིན་པོ་ཆེ་རྣམ་པ་བཞིས་ ཁྱབ་བསྒྲགས་གནང་བ་དེ་ཞལ་ཆེམས་ངོ་མ་མིན་ལ་ ཞལ་ཆེམས་ངོ་མ་དེ་ ད་རེས་རྙེད་བྱུང་ཞེས་སི་ཏུའི་ཨམ་འཕྲག་ནང་ནས་ ཐོན་པའི་ཞལ་ཆེམས་དེ་ངོམས་སྟོན་གནང་བའི་གྲོས་ཕུག་ལའང་དགེ་འདུན་པ་རྣམ་པ་མེད། མདོ་དོན་ཡང་སྲིད་དང་ཞལ་ ཆེམས་གཉིས་ཀྱི་སྐོར་ལ་དགེ་འདུན་པ་རྣམ་པར་ཐེ་དོག་སྤུ་ཙམ་མེད་ན་ཡང་ སི་རྒྱལ་གཉིས་ཀྱི་ཞེ་ཕུག་ལ་ཨོ་རྒྱན་ཕྲིན་ལས་ ཀརྨ་པ་རྫུས་མ་ཡིན་པའི་སྡུག་གནོང་དེས་ ཉིན་མཚན་འབྲལ་མེད་མནར་གྱི་ཡོད་པར་བརྟེན་ ཡང་སྲིད་ངོ་མ་དེ་ ཀུན་གཟིགས་ ཞྭ་དམར་རིན་པོ་ཆེས་ངོས་འཛིན་བྱེད་རྒྱུ་ཡིན་པ་ལ་ཐེ་ཚོམ་མེད་ཅིང་། དེ་འདྲ་བྱུང་བ་ཡིན་ན་ ཨོ་རྒྱན་ཕྲིན་ལས་ཀྱི་རིན་ཐང་ ཕྱེད་ཀ་ཆགས་ཡོང་སྙམ་པའི་དོགས་པ་ཡང་ལྷག་པར་འཕེལ་བ་བཅས་སྐབས་འདིར་ ཡང་སྲིད་ངོ་མ་ཡོད་པའི་ཡིད་ཆེས་དང་ ། ཡང་སྲིད་རྫུས་མའི་ཟོ་མཐོང་ཆུང་དུ་འགྲོ་འོང་སྙམ་པའི་དོགས་པ་གཉིས་འགྲན་བསྡུར་བྱས་པ་ནང་བཞིན་ སི་ཏུ་པའི་ཡིད་ལ་ འཆར་གྱི་ཡོད་རེད། རྒྱལ་དབང་ཀརྨ་པའི་དབུ་ཆོས་རྣམ་པས་ཨོ་རྒྱན་ཕྲིན་ལས་ཀརྨ་པར་ངོས་ལེན་བྱེད་རྒྱུའི་ཡིག་ཆར་ མཚན་རྟགས་འགོད་རྒྱུ་ཁེལ་ཡང་ ལས་བྱེད་གཞན་པས་ཡིག་ཆ་དེ་ལ་མཚན་རྟགས་བཀོད་མེད་པ་དང་ ཨོ་རྒྱན་ཕྲིན་ལས་མ་ ཡིན་པའི་ཀརྨ་པ་གཞན་པ་ཞིག་ལ་ངོས་ལེན་བྱེད་མི་ཆོག་ཞེས་པའི་ཡིག་ཆར་ནི་དབུ་ཆོས་རྣམ་པས་ཀྱང་མཚན་རྟགས་མ་ བཀོད་པའི་ཁར་ འཇབ་དམག་གི་རུ་དཔོན་གྱི་ལས་སྟངས་དང་འདྲ་བའི་བྱ་སྤྱོད་ཅན་གྱི་སི་རྒྱལ་གཉིས་ལ་སེར་སྐྱ་བསམ་ཡོད་ ཚང་མ་གདིང་ནས་བློ་ཕམ་སྟེ་ ཁ་ཤས་ཀྱིས་ སི་རྒྱལ་གཉིས་ལ་མི་འདོད་པའི་རྣམ་འགྱུར་ཡང་བསྟན་གྱི་ཡོད་པ་སོགས་གང་ བྱས་མཚུར་ཕུ་བླ་བྲང་གི་གནད་ཡོད་མི་སྣ་ཁག་དང་ སེར་སྐྱ་མང་པོ་ཞིག་གིས་ཨོ་རྒྱན་ཕྲིན་ལས་རུམ་བཏེགས་བཤད་སྒྲུབ་ ཆོས་འཁོར་གླིང་དུ་གདན་འདྲེན་བྱེད་རྒྱུར་དགག་ཆ་དང་ གདན་སར་ཕེབས་ཟིན་ན་ཡང་ཚུལ་མཐུན་ངོས་ལེན་བྱེད་ཀྱི་མ་རེད་ སྙམ་པའི་དོགས་པ་ཁོང་སློང་གིས་ གོང་གསལ་ལྟར་དགེ་འདུན་པ་རྣམ་པར་བརྙས་བཅོས་ཚད་མེད་བྱས་པའི་སྒོ་ནས་གནས་ དབྱུང་བཏང་བ་དང་ མི་མང་གི་གྲས་ནས་རྒྱལ་དབང་ཀརྨ་པ་ཁོ་ནའི་སྐུ་དོན་ལ་བསམ་མནོ་གཏོང་མཁན་རྣམས་ལ་མི་ཚང་ ལྔའམ་དྲུག་ཞེས་ངོ་ལོག་པའི་མིང་རྟགས་བཀོད་ཅིང་ རྭ་ཕོ་དཀར་པོ་ལུག་ཁྱུའི་དཔེ་ལྟར་ཟུར་འདོན་ཐོག་ཁྱིམ་ཚང་དེ་ཚོའི་མི་ སྣ་ཁག་ལ་རྟག་པར་མཚང་འདྲུ་དང་གནས་དབྱུང་གཏོང་རྒྱུའི་བརྡིག་ར་ཡང་བྱེད་པ་བཅས་ མདོར་ན་ཨོ་རྒྱན་ཕྲིན་ལས་ལ་ ཀརྨ་པའི་མཚན་གནས་ཆ་ཚང་བ་ཞིག་མ་ཐོབ་ན་ མཚན་གནས་དེ་དང་འབྲེལ་བའི་ཆོས་སྡེ་ཁག་དང་ དབུ་ཞྭ་མཐོང་གྲོལ་ཆེན་ མོས་གཙོས་ སྐུ་གསུང་ཐུགས་རྟེན་སྲིད་ན་འགྲན་ཟླ་བྲལ་བའི་རིགས་རྣམས་དང་ འཛམ་གླིང་ཤར་ནུབ་ཀྱི་ཆོས་ཚོགས་ཁག་ 37 ཞེ་ཁྲེལ་བ།
རྒྱ་བལ་སོགས་སུ་ཡོད་པའི་དགོན་ལག་འདུས་སྡེ་མི་སེར་གྱིས་མཚོན་ རྒྱལ་དབང་ཀརྨ་པའི་མངའ་ཁོངས་སུ་ཆུད་ཚད་ལ་ སི་ རྒྱལ་གཉིས་ཀྱིས་སྒེར་དབང་སྤྱི་ཚོང་བྱེད་ས་རྙེད་རྒྱུ་མ་རེད་སྙམ་པའི་སེམས་ གཡེང་བྱེད་ཐག་ཆོད་ནས་ དྲན་འཚོ་ཡང་མི་ ཟིན་པ་འདྲ་ཞིག་བྱུང་བའི་རྟགས་གསལ་པོ་ཞིག་ལ་ ང་ཚོའི་གཏན་སྐྱབས་རྒྱལ་དབང་ཀརྨ་པ་སྐུ་གོང་མ་བཅུ་དྲུག་པ་རིག་པའི་ རྡོ་རྗེ་མཆོག་གིས་ ཕྱི་ལོ་༡༩༦༡ལོར་འཛུགས་བསྐྲུན་གནང་བའི་ཀརྨ་པ་སྦྱིན་འབྲེལ་བདེན་ཚོགས་ཞེས་པའི་ཁྲིམས་མཐུན་གྱི་ སྤྱི་འཆིང་དེ་ཡང་མེད་པ་བཟོ་རྒྱུའི་བློ་ངན་ཞིག་རྙེད་པ་རེད། ཕྱི་ལོ་༡༩༩༢ཟླ་བ་༡༡ཚེས་༣༠ནས་ཟླ་༡༢ཚེས་༣བར་དཔལ་ ཀརྨ་པའི་གདན་ས་འབྲས་ལྗོངས་རུམ་བཏེགས་བཤད་སྒྲུབ་ཆོས་འཁོར་གླིང་དུ་ སི་རྒྱལ་གཉིས་ཀྱི་མགོ་ཁྲིད་འོག་བཀའ་ བརྒྱུད་རྒྱལ་ཡོངས་ཞེས་པའི་ཚོགས་འདུ་ཞིག་ཚོགས་འདུག་ ཚོགས་འདུ་དེ་ལ་བཀའ་བརྒྱུད་རྒྱལ་ཡོངས་ཚོགས་འདུ་ཞེས་ པའི་མིང་ཆེན་པོ་ཞིག་བཏགས་པ་དེ་ག་རང་གིས་ཚོགས་འདུའི་རང་མདོག་བསྟན་ཚར་བ་ཞིག་ཡིན། བཀའ་བརྒྱུད་རྒྱལ་ ཡོངས་ཞེས་བརྗོད་སྐབས་ བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཡོངས་ཁྱབ་ལ་གོ་དགོས་པ་གཞིར་བཞག་ ཚོགས་འདུ་དེའི་ནང་ ལ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཁྲིམས་མཐུན་ཆོས་ཚོགས་ཀྱི་འཐུས་མི་གཅིག་ཀྱང་མ་འདུས་པའི་ཁར་ རྒྱལ་ཡོངས་ ཞེས་མིང་སྙན་པོ་ཞིག་བཏགས་པ་ཙམ་ལས་ སི་ཏུ་པའི་ཁ་འོག་ལག་འོག་ཏུ་འདུ་བའི་བོད་རིགས་བླ་སྤྲུལ་ཕྱི་རྒྱལ་ཁག་ལ་ བཞུགས་མཁན་ཞེ་གཅིག་ལས་ བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་སོ་སོའི་མི་ངོའམ་ ཡང་ན་བཀའ་བརྒྱུད་སྤྱི་ཁྱབ་ཀྱི་ངོ་བོ་ མཚོན་ནུས་ཁྲིམས་མཐུན་ཕྱི་རྒྱལ་གྱི་མི་སྣ་གཅིག་ཀྱང་ཚོགས་འདུ་དེར་མ་འཁོད་པས་ ཚོགས་འདུ་དེ་ བཀའ་བརྒྱུད་རྒྱལ་ ཡོངས་ཚོགས་འདུར་ཁྲིམས་མཐུན་གྱིས་ངོས་འཛིན་བྱེད་ཐབས་སྤྱིར་མེད་པ་མ་ཟད་ ཚོགས་འདུ་དེར་ཀརྨ་ཀམ་ཚང་གི་བླ་ སྤྲུལ་གནད་ཡོད་ད་དུང་མང་པོ་ཞིག་མ་ཚང་བའི་སྟེང་དུ་ ཆོས་ལུགས་འདྲེས་མའི་མི་སྣ་ཡང་མང་དག་ཅིག་འདུས་པར་བརྟེན་ ཀརྨ་བཀའ་བརྒྱུད་བྱེ་བྲག་པའི་ཚོགས་འདུ་ཞིག་ཀྱང་ཆགས་ཐབས་མེད། དེར་བརྟེན་ཚོགས་འདུའི་ངོ་བོ་དེ་ག་བརླགས་ཚར་ ནས་མེད་པར་ ཚོགས་འདུའི་གྲོས་ཆོད་ལ་ནི་དེ་བས་ཀྱང་ཆ་འཇོག་བྱེད་ཐབས་གར་ཡོད་ དེས་ན་ཁུངས་མེད་ཀྱི་ཚོགས་འདུ་ དེའི་སྐོར་ལ་གཏམ་གླེང་བྱས་ན་སྐད་ཆ་དེ་ཡང་ཆ་མེད་ཆགས་རྒྱུ་འདྲ་ཞིག་འདུག་ཀྱང་ ཚོགས་འདུའི་གྲོས་ཆོད་ཀྱི་དོན་ཚན་དེ་ ཚོ་ཁྱད་མཚར་པོ་ཤ་སྟག་འདུག་པས་ འདིར་ཡང་ཀུ་རེའི་ཚུལ་དུ་དེ་ཚོའི་སྐོར་ལ་ཟུར་ཙམ་འབྲི་འདོད་བྱུང་། ཚོགས་འདུ་འདི་ ལ་གྲོས་གཞི་དོན་ཚན་བརྒྱད་ཙམ་ཡོད་སྐད་ཀྱང་ གྲོས་ཆོད་གཙོ་བོ་ནི་དོན་ཚན་གསུམ་གྱི་ནང་འདུ་གི་ཡོད། དོན་ཚན་ཚང་ མའི་ནང་ནས་གལ་ཆེས་ཤོས་དེ་ནི་ ང་སྟོབས་དགའ་གཡུལ་རྒྱལ་རྒྱལ་དབང་ཀརྨ་པའི་ཕྱག་མཛོད་ཀྱི་གོ་གནས་ཐོག་ནས་ཕབ་ རྒྱུ་དེ་རེད། བཀའ་བརྒྱུད་རྒྱལ་ཡོངས་ཀྱིས་བཀའ་བསྡུར་གནང་ཡག་གི་རྩ་བའི་དོན་ཚན་ནང་ལ་ངའི་མིང་སྐམ་པོ་དེ་ཡང་གལ་ ཆེན་པོ་ཞིག་ཆགས་པ་དེས་ ང་རང་ཡང་སྦོབས་པ་ཅུང་ཟད་མཐོ་རུ་འགྲོ་གི ༼གློ་སེལ་ཞིག་བྱེད༽ང་ཕྱག་མཛོད་ཀྱི་གོ་གནས་ ཐོག་ནས་ཕབ་དགོས་དོན་གྱི་ཉན་འགའ་ཆེན་པོའི་ལས་ཀ་དེ་བཤད་ཙམ་བྱས་ན་ ཕྱི་ལོ་༡༩༩༢ཟླ་བ་༡༡ཚེས་༢༨ཉིན་ངས་སི་ ཏུ་པ་ལ་ ང་ཚོས། རིན་པོ་ཆེ་རྣམ་པས། རྒྱལ་དབང་བཅུ་དྲུག་པ་མཆོག་གི་ཡང་སྲིད་འཁྲུལ་མེད་ལག་ཐོག་ལོན་ངེས་ཞིག་ མཛད་རེས། ལོ་ངོ་བཅུ་གཅིག་གི་རིང་རེ་བསྒུགས་བྱས་པ་རེ་བ་སྟོང་ཟད་དུ་སོང་ཚུལ། ཐོག་མར་རིན་པོ་ཆེ་རྣམ་པས་ཞལ་ ཆེམས་ངོ་མ་ཐོབ་བྱུང་ཞེས་ཁྱབ་བསྒྲགས་བྱས་པ་དེ་ཚོ། ད་ཆ་ཞལ་རྫུན་ཡིན་ཚུལ་གསུང་པ་སོགས། རྒྱལ་དབང་དམ་པ་ མཆོག་གི་དབུ་ཁྲིད་འོག་མཚུར་ཕུ་བླ་བྲང་གི་དབུ་ལས་ཆེ་ཕྲ་རྣམས་ལ་བརྙས་བཅོས་དམའ་འབེབས་གནང་བར་སེམས་ཕམ་ ཆེ་ལུགས། རིན་པོ་ཆེ་རྣམ་པ་རྒྱལ་ཁབ་ཡོངས་ལ་གྲགས་ཤིང་ཁྱབ་པའི་མཚན་སྙན་དེ་ རྒྱལ་མཆོག་གོང་མའི་བཀའ་དྲིན་ལ་ བརྟེན་ནས་བྱུང་བ་ཞིག་ཡིན་ཀྱང་། ད་ལྟ་དྲིན་ལག་རྡོ་བརྡུང་གི་ཕྱག་ལས་འདི་ཚོར་ཞེ་ཁྲེལ་ཚུལ། ཕྱིན་ཆད་བདེན་ཚོགས་ཀྱི་ གྲོས་ཆོད་དང་མ་འབྲེལ་བའི་ལས་ཀ་གང་ཅིར་ངོས་ལེན་མེད་ཐོག ཨོ་རྒྱན་ཕྲིན་ལས་ཀརྨ་པའི་ཡང་སྲིད་ངོ་མ་ཡིན་མིན་ཐག་ ཆོད་མ་བྱུང་བར། གདན་སར་གདན་ཞུ་བྱེད་འོས་མེད་པ་དང་། རྒྱལ་མཆོག་གོང་མའི་གདན་ས་འཛམ་གླིང་ཡོངས་ཀྱིས་བསྟོད་ བསྔགས་ཞུ་བའི་གནས་འདི། རྒྱ་མིའི་སྲིད་མོན་སྨིན་གཞིའི་ཚང་མལ་དུ་བསྒྱུར་བཅོས་མི་གནང་རོག་ཞུ་བ་བཅས་ནང་དོན་དུ་ འཁོད་པའི་ཡི་གེ་ཞིག་བཏང་བ་ཡིན། ང་ཕྱག་མཛོད་ཀྱི་གོ་གནས་ཐོག་ནས་ཕབ་ཡོད་སྙམ་པའི་རེ་སྟོང་དེ་ཡང་ ཡི་གེ་འདི་ལ་ བརྟེན་ནས་སྐྱེས་པ་ཡིན་ཚུལ་བཤད་འདུག ང་རང་གིས་བལྟ་དུས་ གོང་གསལ་ངའི་ཡི་གེའི་ནང་དུ་འཁོད་པའི་ཚིག་དོན་རྣམས་38 ཞེ་ཁྲེལ་བ།
ལ་ སི་ཏུ་པ་དེ་ཙམ་སྙིང་རླུང་ལྡང་ནས་སྨྱོ་ལབ་རྒྱག་དགོས་དོན་མི་འདུག་སྙམ་ གང་ཡིན་ཟེར་ན་ ངས་བཤད་པ་ཚང་མ་བདེན་ པའི་དངོས་ར་འཕྲོད་པ་ཤ་སྟག་ཡིན་པ་ལས་ ཧམ་བཤད་བསྙོན་འཛུགས་བྱས་པ་འབྲུ་གཅིག་ཀྱང་མེད་པ་ དཔེར་ན། ཡང་སྲིད་ མ་བྱོན་ལོ་མང་བསྒུགས་པ། རྣམ་པ་ཚོས་བཤད་གཞི་གཅིག་ལ་བཤད་སྟངས་མི་འདྲ་བ་གཉིས་སྔ་ཕྱིར་གནང་བ། སི་ཏུ་པས་ གདན་སར་ཞབས་འདྲེན་དེ་ལྷག་མེད་པའི་ལས་འགུལ་བྱས་པ་བཅས་ནི་བདེན་དོན་ཡིན་པ་ཚང་མས་མཁྱེན་གསལ་དང་ སྐབས་དེར་ཨོ་རྒྱན་ཕྲིན་ལས་ལ་ཀརྨ་པ་ངོ་མ་ཡིན་པའི་ངོས་ལེན་ཡོད་མེད་གཉིས་ཀ་བཤད་མེད་ཀྱང་ བདེན་རྫུན་མཐའ་ གསལ་མ་བྱུང་བར་གདན་སར་གདན་ཞུ་བྱེད་འོས་མེད་ཅེས་བཤད་པའང་ཡིན་ལ། ཕལ་ཆེར་དེ་ལ་ད་བར་སི་ཏུ་པས་ཆ་ འཇོག་ཀྱང་གནང་བ་འདྲ། དོན་ཚན་མཐའ་མ་གཙང་ཞིང་བསྟོད་བསྔགས་འོས་པའི་དཔལ་ཀརྨ་པའི་གདན་ས་འདི་ སྨད་འོས་ དམར་སྲིད་བཙོག་པའི་ཚང་དུ་མི་བསྒྱུར་རོག་ཀྱིས་ ཟེར་བཤད་པ་ལ་སི་རྒྱལ་གཉིས་འཁོར་ཡང་འཁོར་དང་བཅས་པས་ ཕྱི་ལོ་ ༡༩༩༢ཟླ་ཚེས་མ་འཁོད་པའི་ཉིན་ངའི་མིང་ཐོག་ཡི་གེ་ཞིག་བཏང་འདུག་པའི་ནང་དོན་གཙོ་བོ་ རྒྱལ་དབང་བཅུ་བདུན་པའི་ ཡང་སྲིད་ ཀརྨ་བཀའ་བརྒྱུད་ཀྱི་ཚོགས་འདུས་སྔར་ལམ་བཞིན་ཐག་ཆོད་ཟིན་པ་ལ། ང་སྟོབས་དགའི་བསམ་འཆར་ངོས་ལེན་ བྱེད་ཐབས་མེད་ཟེར་བ་དང་། རྒྱ་མིའི་སྲིད་དོན་གྱི་ལས་འགན་ཁོང་རྣམ་པས་བྱེད་ཀྱི་ཡོད་མེད་ རྒྱལ་ཡོངས་ཀྱིས་མཁྱེན་ གསལ་དང་། ང་སྟོབས་དགས་སྤྱི་ཚོགས་མགོ་སྐོར་གྱིས་དཀྲོགས་རྐྱེན་ཆེད་བཟོ་བྱས་པར། ཁོང་ཚོས་ངོས་ལེན་མེད་ཚུལ་ བཅས། དོན་ཚན་གནམ་ལྕགས་འདྲ་པོ་གཉིས་མི་མེད་ལུང་སྟོང་ནང་ལ་བརྒྱབ་པའི་འུར་སྒྲའི་བྲག་ཆ་རང་འཁོར་དུ་སོང་བའི་ འབྲས་བུར། རྒྱལ་བའི་དབང་པོའི་ཡང་སྲིད་བྱམས་མགོན་སི་ཏུ་དང་ མ་འོངས་པར་མཉམ་དུ་བཞུགས་མཁན་ཞིག་ལུང་བསྟན་ ནང་དུ་གསལ་ཡོད་ཅེས་ཁྱེད་རང་ཚོས་བཤད་ཀྱི་ཡོད་པ་དེ་སྐུ་ཕྲེང་བཅོ་བརྒྱད་པ་ཡིན་རྒྱུ་དང་། དེ་ཡང་སི་རྒྱལ་ཡང་འཁོར་ དང་བཅས་པས་ཐག་གཅོད་བྱེད་རྒྱུའི་རྨི་ལམ་བཏང་འདུག་པས། དེ་ལ་ནི་རྩོད་དོན་ཡང་མེད། སི་ཏུ་པ་ལ་མངོན་ཤེས་མཐའ་ མེད་ཟེར་བ་དེ་མངའ་བས། ཕལ་ཆེར་ཁོང་བར་དོའི་ཁམས་སུ་ཁྲོམ་གཟིགས་ལ་ཕེབས་སྐབས་སྐུ་ཕྲེང་བཅོ་བརྒྱད་པ་དང་སྣང་ མེད་ཀྱིས་གདོང་ཐུག་ཡོང་རྒྱུ་འདྲ། ཡང་ན་ཨོ་རྒྱན་ཕྲིན་ལས་ཀྱི་སྐུ་ཚེ་ལ་བར་ཆད་འདྲ་ཡང་ཡོང་བའི་ལུང་བསྟན་ཡིན་སྲིད་ པས་ ཡང་འཁོར་ཚོས་ སྐུ་རིམ་འདྲ་བསྒྲུབས་ན་ལེགས་སྙམ། ཡང་ན་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་ཐེག་མཆོག་རྡོ་ རྗེ་རབ་བྱུང་བཅུ་བཞི་པའི་ས་འབྲུག་ ༡༨༦༨གནམ་ལོ་གསར་དུ་འཆར་བ་ཙམ་ནས་དགོངས་པ་རྫོགས། རབ་བྱུང་དེའི་ས་ སྦྲུལ༡༨༦༩ལོར་ཐེག་མཆོག་རྡོ་རྗེའི་ཡང་སྲིད་ཞིག་ཡབ་གཞིས་ཟླ་ནང་རང་ལ་འཁྲུངས་ཤིང་ སླར་ཡང་སྲིད་དེ་ལྕགས་རྟ་ ༡༨༥༠ལོ་ཙམ་ལ་དགོངས་པ་རྫོགས། རབ་བྱུང་བཅུ་བཞི་པའི་ལྕགས་ལུག་༡༨༥༡ལོར་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་འཁྲུངས་ པའི་སྐོར་བཅས། གཏེར་ཆེན་ མཆོག་གྱུར་གླིང་པའི་རྣམ་ཐར་བཀྲ་ཤིས་དབྱངས་ཀྱི་ཡན་ལག་ནང་དུ་གསལ་བའི་རྗེས་སུ་ འབྲངས་ཏེ་རྒྱལ་མཆོག་གོང་མ་སྐུ་ཕྲེང་བཅུ་བདུན་པར་བརྩིས་པའི་དབང་དུ་བཏང་ན་ཡང་མ་འགྲིགས་པ་མེད་ཅིང་ དོན་ལ་ ཡང་འབྱོར་བས་ བཀའ་བརྒྱུད་རྒྱལ་ཡོངས་ཚོགས་འདུའི་གྲོས་ཆོད་གོ་རྒྱུ་ཡོད་ངེས་གཅིག་བྱུང་འདུག་པ་ལ་དགའ་བསུ་ཡོད། དེ་མཚུངས་ཨོ་རྒྱན་ཕྲིན་ལས་སྐུ་ཕྲེང་བཅྭོ་བརྒྱད་པར་བརྩིས་ཏེ་ ཁོང་ལ་ངས་ངོས་ལེན་བྱས་མིན་གྱི་སྐད་ཆ་བཤད་ཀྱི་ཡོད་ན་ སྐབས་དོན་དང་འབྲེལ་བའི་གཏམ་ཡིན།
གོང་གསལ་ལྟར་སྐབས་དེར་ངས་ ཨོ་རྒྱན་ཕྲིན་ལས་ཀརྨ་པའི་ཡང་སྲིད་ངོ་མ་ཡིན་པར་ ངོས་ལེན་ཡོད་མེད་ཀྱི་སྐད་ཆ་མ་ བཤད་པ་ཡི་གེ་འབྲུ་མནན་ནས་བཀླགས་ན་ཤེས་རྒྱུ་མ་ཟད་ ད་ཆ་ངོས་ལེན་ཡོད་མེད་ཀྱི་སྐད་ཆ་བཤད་ན་ཡང་དགོས་མེད་ དུ་སོང་བས་ བསྐྱར་བཤད་བྱེད་འདོད་མེད། ཡིག་དོན་གཉིས་པ་ སི་ཏུ་འཁོར་བཅས་ཀྱིས་རྒྱ་ནག་གི་སྲིད་དོན་བྱེད་ཀྱི་མེད་ པ་རྒྱལ་ཡོངས་ཀྱིས་མཁྱེན་གསལ་ཡིན་ཟེར་བ་ལ་ སི་ཏུ་པས་རྒྱ་ནག་སྲིད་དོན་གྱི་ལས་འགུལ་བྱེད་ཀྱི་ཡོད་མེད་ཀྱི་ཁུངས་ འཛམ་གླིང་རྒྱལ་ཡོངས་ཀྱིས་སྐྱེལ་གྱི་ཡོད་ན་དེ་ལྷག་མི་འདུག་ཀྱང་ འཛམ་གླིང་རྒྱལ་ཡོངས་ལ་སི་ཏུ་པས་རྒྱ་གར་ནང་དུ་ སྲིད་ལས་གང་བྱེད་ལ་དོ་སྣང་ཙམ་ཡང་བྱེད་དགོས་པའི་ལས་འགན་ཨེ་ཡོད། རྒྱ་གར་རྒྱལ་ཡོངས་ལ་ནི་སི་ཏུ་པས་སྲིད་དོན་ གྱི་ལས་ཀ་ རྒྱ་གར་ནང་དུ་བྱེད་ཀྱི་ཡོད་པ་ལ་བྱུས་འཁྲི་ལོས་བྱེད། ཐེ་དོག་ཡོད་ཀྱང་ཡོད་རེད་ལ་ཡོད་དོན་བཞིན་དུ་༼སྐྱོན་39 ཞེ་ཁྲེལ་བ།
འཛུགས་ང་སྟོབས་དགའ་གཡུལ་རྒྱལ་གྱིས་བྱས་ན་ཡང་ཁུངས་སྐྱེལ་དེ་རྒྱ་གར་གཞུང་གིས་གནང་མ་སོང་བས། ཧ་ཧ༽ སི་ ཏུ་པ་རྒྱ་གར་རྒྱལ་ཁབ་ནང་ཁུལ་གང་དུའང་གོམ་པ་སྤོ་མི་ཆོག་པ་ཞིག་བཟོས་མ་སོང་ངམ། དེ་འདྲ་བཟོ་དགོས་དོན་ནི་ སི་ཏུ་ པས་ རྒྱལ་དབང་ཀརྨ་པའི་ཡང་སྲིད་སྐོར་ལ་ཞལ་ཆེམས་རྫུས་མ་བཟོས་པ་དེ་མ་རེད་ལ་ སི་ཏུ་པས་ རྒྱལ་དབང་ཀརྨ་པའི་ དགེ་འདུན་པ་རྣམ་པར་ནག་མེད་མནར་གཅོད་བཏང་བའི་ཉེས་པ་ཡང་མ་རེད་ དེ་བཞིན་ང་སྟོབས་དགའ་ཀརྨ་པའི་ཕྱག་མཛོད་ ཀྱི་གོ་གནས་ཐོག་ནས་ཕབ་སྣང་ཤར་བ་ལ་བརྟེན་ནས་བྱུང་བ་ཞིག་ཀྱང་མ་རེད་ ད་འོ་ན་ཉེས་པ་དེ་ག་འདྲ་ཞིག་རེད་ཟེར་ན་ སི་ ཏུ་པས་ཕྱི་རྒྱལ་གྱི་གཞུང་ཞིག་གི་ཉན་འགའ་ལྡན་པའི་གསང་ལས་ཀྱི་སྡེ་ཚན་ནང་དུ་ཞུགས་ནས་ རྒྱལ་ཁབ་དེའི་སྲིད་ཀྱི་སྡོམ་ ཐག་རྒྱ་གར་ཁུལ་ལ་བཀྲམ་མགོ་བཙུགས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་འདྲའི་ཕྱི་རྒྱལ་གྱི་གཞུང་དེ་གང་ལ་ངོས་འཛིན་ ངས་བསམས་ན་རྒྱ་ནག་གི་གཞུང་རང་རེད། གང་བྱས་སི་ཏུ་པ་རྒྱ་གར་ས་གནས་གང་དུའང་ཞབས་སོར་འཁོད་མ་ཆོག་པ་ ཞིག་བཟོས་པ་དེ་ཁོ་རང་གིས་བྱས་པའི་ལས་འཛོལ་ངན་པ་དེ་དང་བསྟུན་ནས་ རྒྱལ་ཁབ་གཞུང་འབྲེལ་ཁྲིམས་མཐུན་གྱི་ཉེས་ ཆད་ རྒྱ་གར་གཞུང་ནང་སྲིད་ཁང་ནས་བཅད་ཁྲ་བཏང་བ་ཞིག་ཡིན་ཙང་ ངས་ཁུངས་སྐྱེལ་ཆེད་དུ་མ་བྱས་ཀྱང་འཐུས་ཚོད་དུ་ མི་གདའམ། སི་ཏུ་པའི་འཁོར་ཡང་འཁོར་དང་བཅས་པར་ངས་རྒྱ་ནག་གི་སྲིད་དོན་པ་རེད་ཅེས་བཤད་རྒྱུ་མ་བྱུང་ཡང་ ད་ཆ་ ཁྱེད་ཚོས་སི་ཏུ་པའི་འགན་ལེན་བྱེད་ཐུབ་ཀྱི་ཡོད་ཙང་ གདོན་གཅིག་ཟིན་གྱི་ནད་པ་ལོས་ཡིན། རྒྱ་ནག་ནི་ ཤིན་ཏུ་སྟོབས་ཆེ་ བའི་རྒྱལ་ཁབ་ཞིག་ཡིན་ལ་ རྒྱལ་ཁབ་ཀྱི་རྒྱ་ཁྱོན་དང་བསྟུན་པའི་སྲིད་ལས་ཀྱང་ཆེ་ཆུང་རིམ་པ་མང་པོ་ཞིག་བརྩམ་སྲིད་ཀྱི་ རེད་ སྲིད་ལས་དེ་ཚོས་སྒེར་དང་སྒེར་ཚོགས་ཁག་ལ་ཕན་པའི་སྐབས་ཀྱང་ཡོང་སྲིད་ཀྱི་རེད་ལ་ གནོད་པའི་གོ་སྐབས་ཀྱང་ འ
མཇུག་དོན། དེབ་འདི་ལྗགས་ཀློག་གནང་མཁན་ཚོར་ཕྲིན། ཡིག་ཆའི་ནང་དུ་བོད་ཁམས་ལྷ་ཐོག་པ་དོན་འགྲུབ་དང་ བློ་དགའ་ ཨོ་རྒྱན་ ཕྲིན་ལས་བཅས་ཀྱི་གནས་ཚུལ་མང་ཙམ་ཞིག་མིང་འདོན་གྱིས་བཀོད་པའང་ ཁོང་ཚོ་སྐབས་དོན་དང་དངོས་སུ་འབྲེལ་བའི་ མི་སྣ་ངོ་མར་སོང་དངོས་མིང་གི་གསལ་ཁ་མི་འགོད་ཐབས་མེད་བྱུང་བ་ལས་ ཁོང་རྣམ་པར་རང་ངོས་ནས་མི་དགའ་བའི་སྒེར་ རྟོག་ངན་པ་མེད་ངེས་ཐོག་ ད་ཆ་ཨོ་རྒྱན་ཕྲིན་ལས་ལ་ཀརྨ་པའི་མཚན་གྱི་བྱིན་རླབས་ཕོག་ཟིན་པས་ ཁོང་གིས་ཀྱང་གཞན་ ཕན་ཚུལ་བཞིན་བགྱི་བའི་ཡིད་སྨོན་འདེབས་པར་འོས། དེ་མཚུངས་ རྒྱ་ནག་སྲིད་གཞུང་སྐོར་ཁ་ཤས་སྨོས་པའང་ བོད་སྲིད་ སྤྱིར་བཏང་གི་བལྟ་ཕྱོགས་ཐོག་ནས་བཤད་པ་ལས་ སྒེར་ནད་ལང་ནས་ད་ལྟའི་སྲིད་གཞུང་ལ་འཁོན་ཆགས་ཀྱི་དངོས་མདོག་ བསྟན་པ་ཞིག་ཀྱང་མིན། ལྷག་པར་དུ། བྱམས་མགོན་ཏཱ་ཡི་སི་ཏུ་དང་གཽ་ཤྲི་རྒྱལ་ཚབ་རིན་པོ་ཆེ་གཉིས་ཀྱི་སྐོར་གླེང་བ་ན་ ཚུལ་མཐུན་ཞེ་སའི་ཚིག་རྣམས་མ་ཐོན་པ་ཡང་ རྣམ་པ་གཉིས་ཀྱིས་ བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་ རྒྱལ་བ་དོན་གྱི་ བདག་པོ་དཔལ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའམ་བཅུ་བདུན་པའི་ཡང་སྲིད་ རྫུན་མ་ཆེད་བཟོ་གནང་ནས་ སོ་སོའི་རྩ་བའི་བླ་ མའི་གསང་བ་གསུམ་གྱི་དམ་ཚིག་རྣམས་ཡལ་བར་དོར་བ་ལ་ མ་གུས་པའི་ཚིག་ཕྲེང་གདུང་བའི་ཤུགས་ཀྱིས་ཐལ་བ་ལས་ རྣམ་པ་གཉིས་ ཕྲན་ལ་ཐུགས་མཉེས་ཀྱི་ཡོད་པ་དང་ མེད་པ་གཉིས་ཀ་གལ་ཆེན་དུ་བརྩི་དགོས་མེད་པས་ དེ་འདྲའི་སེམས་ ཁོང་དོག་པོའི་དཀྱིལ་ནས་ཆེད་དུ་སྐུར་པ་ཞིག་ཀྱང་གཏན་ནས་མིན། དེར་མ་ཟད་ འདིར་བྲིས་ཚད་རང་གི་བསམ་འཆར་ཉག་ གཅིག་མཚོན་པ་མ་གཏོགས་ དཔལ་ཀརྨ་པའི་ཁྱབ་འོག་སྤྱི་འགྲེ་བལྟ་ཞོག་ མཚུར་ཕུ་བླ་བྲང་ངམ་ཀརྨ་པ་སྦྱིན་འབྲེལ་བདེན་ ཚོགས་ཀྱི་འཆར་ལས་ཐོག་ནས་བྲིས་པ་ཞིག་ཀྱང་མིན་པས་ཚང་མའི་ཐུགས་ལ་མངའ་བར་ཞུ། ཞེས་རྒྱལ་དབང་ཀརྨ་པ་རྡོ་རྗེ་ འཆང་བཅུ་དྲུག་པ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེའི་ཞལ་སློབ་ བོད་མདོ་སྨད་འགོ་ལོག་ཁུལ་དུ་སྐྱེས་པའི་གང་ཟག་སྟོབས་ དགའ་གཡུལ་རྒྱལ་ལམ་ ཀརྨ་གྲགས་པ་ཡོངས་འདུར་འབོད་པས་ གོ་བདེའི་ཚིག་རིས་གང་འཁྱོལ་བྱས་ཏེ་ རབ་བྱུང་བཅུ་ བདུན་པའི་ཤིང་ཕག་ ༡༩༩༥ལོར་བྲིས་པའོ།། །།
ཀློང་ཆུང་སོགས་ཀྱིས་སོ་སོའི་ཞེ་འཁོན་ངན་པས་མཁན་ཆེན་བླ་མ་དང་ང་གཅིག་བསམ་ན་འདྲེ་ཤར་དང་ཀླུད་ནུབ་ཏུ་རྫོང་བར་ཡིན་པས་ཤེས་པར་གྱིས། ངོས་ནི་ཏྰ་ལས་བླ་མ་དང་མཁན་ཆེན་བླ་མ་དད་གུས་ཡོད། དེང་དུས་མཁན་ཆེན་བླ་མ་ཁོས་བོན་པོ་བཟང་རབ་བཤད་པ་མཐོང་བས་ཁོ་བྲིས་པ་ཞིག་ངས་དྲ་ཐོག་བཞག་ཡོད། འཇུག་མཐར་ཁ་བརྡ་དྲ་ཞབས་པས་དགོངས་བཞིན་པ་རེད། ཀུན་རྟོགས་རི་མོ་འདིར་བཀོད་པར་བདེན་མི་ཤེས་པར་ཀརྡོ་འདྲ་བ་ཚོ་དབུ་རུལ་ས་ལ་གཙུག་འདུག་པས་ཕན་ཏུ་རེ་ནས་བཀོད་པ་ཡིན་པས་དེ་ལུགས་ཀྱིས། ཀུན་རྟོག་རི་མོ་རྒྱས་པར་ཤེས་འདོད་ན་འདི་ན་བཀོད་ཟིན་འདུག
http://blog.amdotibet.cn/kamala/index.aspx
་་་་་་་ འཇུག་མཐར་ཁ་བརྡ་དྲ་ཞབས་པས་དགོངས་བཞིན་པ་རེད། ཀུན་རྟོགས་རི་མོ་འདིར་བཀོད་པར་བདེན་མི་ཤེས་པར་ཀརྡོ་འདྲ་བ་ཚོ་དབུ་རུལ་ས་ལ་གཙུག་འདུག་པས་ཕན་ཏུ་རེ་ནས་བཀོད་པ་ཡིན་པས་དེ་ལུགས་ཀྱིས། ཀུན་རྟོག་རི་མོ་རྒྱས་པར་ཤེས་འདོད་ན་འདི་ན་བཀོད་ཟིན་འདུག ་་་་་
http://blog.amdotibet.cn/kamala/index.aspx
སྟོབས་དགའ་གཡུལ་རྒྱལ་ལགས་འཁྲུངས་འདས་ཀྱི་ལོ་ཚིག་ཤེས་མཁན་ཡོད་ཚེ་གནང་བར་ཞུ། སྟོབས་དགའ་འདི་ཁམས་འགུ་ལོག་ཨ་སྐྱོང་གོང་མ་ཚང་གི་དཔོན་པོ་མགོན་པོ་ལྷ་ཆེན་ཞུ་བའི་སྲས་རེད། མགོན་ལྷ་དགུང་ལོ་༤༥་ལ་གཤེགས་ཚུལ་མགོ་ལོག་ལོ་རྒྱུས་སུ་གསལ། ཨ་སྐྱོང་དཔོན་རབས་ཕལ་མོ་ཆེ་ལོ་ཆུང་དུས་ནས་གཤེགས་འདུག་པས་མི་རྒྱུད་ཚེ་རིང་ཞིག་མ་རེད། འོན་ཀྱང་ས་གནས་དེར་མགོ་ལོག་དཔོན་ནི་གཉན་པོ་གཡུ་རྩེའི་ཚ་བོ་གཉན་མོ་ཕག་ཐར་བྱ་བའི་བརྒྱུད་པ་ཡིན་པས། དཔའ་རྩལ་དང་རྣམ་དཔྱོད་གྲུབ་རྟགས་ཡོད་པར་འདོད་ཅིང་ས་སྐྱའི་གདུང་བརྒྱུད་བཞིན་ཀུན་གྱིས་དད་མོས་བྱེད་པའི་ཡུལ་དུ་བྱེད་སྐད། མ་ཟད་དཔོན་རབས་མང་པོ་ཞིག་ལུས་མ་སྤངས་པར་གཉན་ཡུལ་དུ་གཤེགས་པའི་ལོ་རྒྱུས་མགོ་ལོག་རིག་གནས་ལོ་རྒྱུས་སུ་བཀོད་འདུག །
་་་་་་་་་་ལུས་མ་སྤངས་པར་གཉན་ཡུལ་དུ་གཤེགས་པའི་ལོ་རྒྱུས་་་་་་་་་་་་་་་་་་ ཨེ།
མདོར་ན་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ལྟ་བུ་དམ་པ་དག་དགོངས་པ་རྫོགས་འགྲོ་བཞིན་པ་རེད། འཇིག་རྟེན་ཁམས་སུ་རྫུན་ཟེར་བ་ཞིག་ཡོད་སྲིད་ན་སི་ཏུས་ཀརྨ་ནག་པོས་ཇུས་ངན་དེ་རེད། ཧང་སང་ཡ་ཞིག་ལ་བོད་བཙན་བྱོལ་དང་ནང་བསྟན་དང་བོན་པོ་ཚོས་ཀྱང་ངོས་ལེན་གནང་བཞིན་པ་འདི་ནི་ཁྱབ་སྲིད་དང་དཔལ་འབྱོར་གྱིས་རྒྱབ་ལྗོངས་ངན་པས་བཙན་གནོན་ཤུགས་རྐྱེན་ངན་པ་ཡིན་པར་གསལ་བོ་རེད། དཔེར་ན་རྒྱ་ནག་གིས་སྐྱག་རྫུན་གྱིས་འཛམ་གླིང་གི་རྩེ་ཆེན་གྲལ་དུ་ཚུད་པ་དང་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་དབྱིན་ཇི་དང་ཡོ་རོབ་དང་ར་ཤན་སོགས་ལག་འབྲེལ་གནང་བ་ནང་བཞིན་རེད། གང་ཞིག་མཚོན་གྱིན་ཡོད་ན་བཟང་པོ་ལས་ངན་པ་འགྲིམས། བདེན་པ་ལས་རྫུན་པ་མོད། ཆོས་ལས་འཇིག་རྟེན་དར། ནང་ཆོས་ལས་ཕྱི་ཆོས་སྤེལ། དཀར་པོ་ལས་ནག་པོ་རྩ་ལག་རྒྱས་པའི་རྟགས་སུ་རེད། འདི་འདྲ་དག་མུ་འཐུད་ན་ང་ཚོ་ལ་དུས་མི་འགྱིང་བར་བོད་བརྒྱུད་ནང་བསྟན་ཚང་མ་ཁ་ཆེ་དང་ཡེ་ཤུ་ལས་ལྟ་སྒོམ་སྤྱོད་འབྲས་མཐོ་མི་སྲིད་པ་འགྱུར་སྲིད་དོ།།
འབྲོང་ངུར་བསྟན་འཛིན་ལམ་བཟང་མཆོག་ལ་ཞུ་བ། བདག་གིས་གོང་དུ་བྲིས་པ་དེ་ནི་དེ་ལྟ་བུའི་ལོ་རྒྱུས་བྲིས་པ་ལས་སུ་ལ་ཡང་ཆགས་པ་དང་སྡང་བ་ཞིག་ཁྱེར་ནས་བྲིས་པ་གཏན་ནས་མ་ཡིན། གཞན་རྣམ་དཔྱོད་ཅན་རྣམས་ལ་བལྟོས་ཏེ། བླུན་པོའི་ནང་ནས་བླུན་པོ་དང་། ཆོས་ཀྱང་སྒྲུབ་མཁན་མ་ཡིན། དགེ་ཚུལ་སློང་གི་སྡོམ་པ་ཚུལ་བཞིན་སྲུང་མི་ཐུབ་པས་ཡིན་མདོག་གིས་གྲྭ་ཆས་ཀྱང་མི་གོན། འོན་ཀྱང་ཆུང་དུས་ནས་བོད་རིག་གཞུང་ལ་སློབ་སྦྱོང་བྱེད་འདོད་པ་ཞིག་ཡོད། སློབ་སྦྱོང་ལ་བརྩོན་པས། བོད་དང་། རྒྱ་གར། ཨ་རི་སློབ་དཔོན་རྣམས་ཀྱིས་སྤྱན་གྱི་འབྲས་བུ་ལྟར་བསྐྱངས། ལུས་ལ་ནད་མེད་ཀྱིས་སློབ་འཁྲིད་སོགས་བྱེད་བཞིན་པ་ཡིན།
༡༩༥༨ལོར་ལ་དྭགས་ནས་བོད་དུ་སློབ་གཉེར་དུ་ལོག་འགྲོ་བའི་སྐབས་སུ། བོད་ཀྱི་གནས་སྟངས་ཀྱིས་བོད་དུ་འགྲོ་མ་ཐུབ་་པར་སྒང་ཏོག་ཏུ་མ་སླེབས་མཚམས་ནས་རྒྱ་གར་དུ་ལོག་དགོས་བྱུང་།
ཝཱ་རཱ་ན་སཱིའི་ལེགས་སྦྱར་སློབ་གྲྭ་ཆེན་མོའི་སློབ་གཉེར་པ་ཡིན་སྐབས། ༡༩༦༠པའི་དུས་སུ། དགོངས་དྲོ་ཝཱ་རཱ་ཎ་སཱིའི་མེ་འཁོར་འབབས་ཚུགས་སུ་བོད་རིགས་སྐྱབས་བཅོལ་པ་ཀུན་ལ་དང་བླངས་ཀྱིས་གང་ཐུབ་གྲོགས་བྱེད་པ་དང་། ལྷག་པར་དུ། ཝཱ་རཱ་ཎ་སཱིར་བོད་མཐོ་རིམ་སློབ་གྲྭར་འཛུགས་པ་ལ་སློབ་ཚན་བཟོས་པ་ཧིནྡཱིའི་ཡི་གེར་འབྲི་དགོས་པ་དང་། ༧གོང་ས་རྒྱལ་བའི་དབང་པོའི་ཞབས་ཀྱིས་གཙོས་བོད་ཀྱི་མཁས་པ་རྣམས་ཀྱི་གསུང་རྒྱ་གར་སྐད་དུ་སྒྱུར་བ་དང་། རྒྱ་གར་པཎྜི་ཏ་རྣམས་ཀྱི་སྐད་བོད་སྐད་དུ་སྒྱུར་བའི་སྐལ་བཟང་ཐོབ།
༧རྒྱལ་དབང་ཕྱག་ན་པདྨས་ཁོར་ཡུག་གཙང་མར་བྱེད་པ་ལ་ཞབས་ཏོག་ཞུ་ཐུབ་ན་གང་ལེགས་ཡིན་ཞེས་པའི་བཀའ་སྤྱི་བོར་བླངས་ཏེ། ཨ་རི་དང་། ལ་དྭགས། ༡༩༨༧ལོར་བོད་བཀྲ་ཤིས་ལྷུན་པོ་དང་། ༢༠༠༦ མདོ་སྨད་ཀྱི་འབིས་མདོ་བདུན་གྱི་གྲས་འབིས་མདོ་གཅིག་གི་སྐྱེད་ཚལ་མ་ཎི་ཆུས་བསྐོར་ཡོད་པའི་ལྕང་རྭ་ཞིག་ཡོད་པར་གད་སྙིགས་ཀྱིས་ཁེངས་པ་ལ་དེ་ཀའི་ཁོར་ཡུག་གཙང་མ་བྱེད་མཁན་གྱི་བུ་དང་མོ་ཚོགས་པ་དང་མཉམ་དུ་དང་བླངས་ཀྱིས་གཙང་མར་བྱེད་པ་ལ་ཞབས་ཏོག་ཕུལ། དིང་སང་སློབ་གྲྭར་འདིར་སྔ་དྲོ་ཆག་མ་ཁྱེར་ནས་ཁོར་ཡུག་གཙང་མ་བྱེད་པར་སྤྲོ་བས་འགྲོ། འབྲུག་ཡུལ་གྱི་གྲྭ་པ་ཞིག་གིས་ཀྱང་འདི་ཀའི་གནས་བརྟན་སྡེ་པའི་དགེ་སློང་རྣམས་དང་ལྷན་དུ་ཆག་མས་ཁོར་ཡུལ་ལྗོངས་ལ་གད་རྒྱབ་པར་མཐོང་།
མང་ཆེ་བས་བདག་ལ་སློབ་པ་པོ་ཞེས་འབོད། སློབ་གྲྭའི་དབུ་སྐྱོང་དག་གིས་དགེ་བཤེས་ཞེས་འབོད། བཀའ་པོཏ་ལྔ་ལ་སློབ་སྦྱོང་འཐོན་པའི་དགེ་བཤེས་མ་ཡིན་ཀྱང་། བོད་ཀྱི་ས་གནས་གཞན་དག་ལ་བོད་རིག་གཞུང་ལ་སློབ་གཉེར་བྱེད་མཁན་ལྟར་བྱས་ན་ཆོག་ཅེས་གོ་བརྡ་སྤྲོད། རྗེ་དགེ་འདུན་འགྲུབ་དགུང་ལོ་ཕལ་ཆེར་བཅོ་ལྔ་བཅུ་དྲུག་ཡིན་ངེས། སྣར་ཐང་གི་མཁན་པོ་ལས་བྱེད་པ་རྣམས་ཀྱིས་དགེ་བཤེས་འདི་དབུས་ལ་སློབ་སྦྱོང་ལ་འགྲོ་ཟེར་ཞེས་ཕན་ཚུན་གླེང་མོལ་བྱེད་པ་གང་གི་རྣམ་ཐར་ན་གསལ།
“ལན་འགར་ཆགས་སྡང་གི་དུག་ཆུས་བཟི་བའི་ལབ་རྡོལ་ཅན་པ་ཞིག་ཡིན་བསམ་བསམ་ཞིག་ཏུ་མཐོང་།”
་
རང་སྐྱོན་རྡུལ་ཕྲན་བཞིན་དུ་རྟོགས་པར་དཀའ།
གཞན་སྐྱོན་རི་བ་བཞིན་དུ་མངོན་པར་གསལ།
་
བདག་རང་གི་སྐྱོན་བདག་གིས་མི་མཐོང་བས་ཁྱེད་ཀྱིས་བྲིས་པ་དེ་བཞིན་མ་འོངས་པ་ན། གཟིགས་པ་ན་བདག་ལ་སྟོན་གྲོགས་མཛོད། ཅེས་ཞུ་བ་ལགས་པར་མ་ཟད་སྔོན་བྱུང་དེའི་འདྲའི་རིགས་ཁྱེད་ལ་ཐུགས་དྲན་ཡོད་ན། འབྲི་བར་མཛོད།
་
ཡོན་ཏན་ཀུན་ལྡན་དཀོན་པ་ལྟར།
ཡོན་ཏན་ཅི་ཡང་མེད་པ་དཀོན།
སྐྱོན་དང་ཡོན་ཏན་འདྲེས་པ་ལས།
ཡོན་ཏན་གཙོ་ཆེ་མཁས་པས་བསྟེན།། ས་སྐྱ་ལེགས་བཤད། ༦ ། ༢༠
ཁོར་ཡུལ་ལྗོངས། ཞེས་པ། ཁོར་ཡུག་ལྗོངས། ཞེས་བཅོས་སོ།
ཞྭ་དམར་རིན་པོ་ཆེ་ལ་སྐྱོན་དང་ཡོན་ཏན་གཉིས་ཆ་ཡོད།
ཡོན་ཏན་ནི། རང་གི་རྩ་བའི་བླ་མ་ཀརྨ་པ་བཅུ་དྲུག་པའི་དགོངས་པ་བཞིན་ཕྱག་ལས་གནང་བ།
མི་གཤིས་དྲང་པོ་དང་ཤེས་འཇོན་གཉིས་འཛོམས།
རྒྱ་ནག་དང་དོལ་རྒྱལ་བའི་འབྲེལ་བ་ཞུས་ཀྱང་ངོས་ལེན་མ་གནང་ནས་རང་ཚུགས་གནས་པ།
ཆོས་མ་གཏོགས་ཆབ་སྲིད་ལ་འབྲེལ་བ་མེད་པ།
ཀརྨ་བཀའ་བརྒྱུད་པའི་མཛད་འགན་ཐུགས་འཁུར་ཆེན་པོ་གནང་བ་སོགས་ཡིན།
སྐྱོན་ནི།
ཁ་རི་ཁ་གཏུགས་དང་བཀའ་སྐྱོན་མང་བ།
ན་བཟའ་ཆོས་འདུལ་བ་དང་མི་མཐུན་པ་ཕུར་ཡོད་དང་མཚམས་རེ་སྐྱ་ཆས་བཞེས་པ།
བོད་པའི་བླ་གན་གཞན་དང་མི་འདྲ་བ་སྤྲོ་སེང་དང་གླུ་དབྱངས་རོལ་མོར་གཡེང་བ་།
ཕྱི་རྒྱལ་ཆོས་ཚོགས་ག་བར་ཕེབས་ན་སྦྱིན་བདག་འབྱོར་ལྡན་དང་མི་དྲག་མ་གཏོགས་དཀྱུས་མར་འབྲེལ་བ་ཉུང་བ།
དགེ་སློང་རྣམ་དག་ཡིན་མིན་དཔྱད་གཞི་ཡོད་པ་བཅས་འདི་དག་ནི་ང་རང་གི་བསམ་ཚུལ་ཡིན།
ངས་ཞྭ་དམར་ལ་སྐྱོན་འདོགས་ཆེ་ཤོས་ནི། མཐའ་ཡས་རྡོ་རྗེ་ཀརྨ་པའི་ཡང་སྲིད་མ་ཡིན་པ་རང་གིས་ཤེས་བཞིན་དུ། ཨུ་ཚུགས་མཐར་བསྐྱལ་གྱིས། ཕྱི་རྒྱལ་དགེ་ཕྲུག་ཚོའི་ཁ་ལ་ཉན་ནས། མི་ཚེ་མ་རྫོགས་བར་དུ་ངོས་འཛིན་བྱས་པ་དེ་ཡིན། གཞན་པ་ནི། ཁོང་གི་སྐྱོན་ཡང་མི་ཤེས། ཡོན་ཏན་ཡང་མི་ཤེས་སོ།། །།
ཀ་རྡོ་ལགས། མཐའ་ཡས་རྡོ་རྗེ་ཀརྨ་པའི་ཡང་སྲིད་ངོ་མ་དང་། ཡང་ན་ཨྱོན་འཕྲིན་ལས་ཀརྨ་པའི་ཡང་སྲིད་ངོ་མ་ཡིན་པ་གཉི་ག་ལ་ཁུངས་བསྐྱེལ་ཡོད་མ་རེད། ལྷག་པར་སི་ཏུའི་མདའ་ཁའི་ཞལ་ཆེམས་རྫུན་མ་རེད། ད་དུང་བོད་པ་ཚང་མ་མགོ་བསྐོར་བའི་ཆེད་དུ་རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བ་རེད་ཅེས་རྫུན་གཏམ་བཤད་པ་རེད།
ཀརྡོ་ལགས་ཁྱེད་མི་གཞན་དང་མ་འདྲ་བ་ཆགས་སྡང་ཆེན་པོ་ཞིག་འདུག་ཕལ་ཆེར་སི་ཏུ་ཕྱོགས་མི་མིན་ནམ་སྙམ་ཡང་ཞྭ་དམར་སྤུར་ཁང་རྡོ་རྒྱག་རན་ཡོད་མ་རེད་དམ
དགེ་བཤེས་ཙ་ཕུ་བ་ལྟ་བུ་ཀརྡོར་ནག་རིལ་གྱིས་མི་ལ་རས་པ་ལྟ་བུ་ཞྭ་དམར་རིན་པོ་ཆེ་འགྲན་འདོད་ཀྱང་རྗེ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེས་གྲུབ་རྟགས་བཞགས་སོང་། སྒྲུབ་བརྒྱུད་གོང་མའི་ཐུགས་སྲས། འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་བདག་པོ་ལ་སི་ཏུ་བོང་བུ་གཟིག་ལྤགས་གྱོན་པས་འགྲན་ཐུབ་མ་སོང་། ད་ཡང་ང་ཚོས་ཀརྡོ་ནག་དང་སི་ཏུ་ཤི་དུས་བལྟ་ཨ། ཧ ཧ ཧ ཁྱི་སྤྱང་རྒད་པོ་འདྲ་མཇེ་ལང་ནས་ཤི་འགྲོ་བ་ཁོ་ཐག་རེད།
རྒྱལ་བ་ཀ་རྨ་པའི་སྤྲུལ་སྐུ་གཉིས་བྱོན་པ་ལ་དགོས་པ་ཞིག་ཡོད་ངེས། དེ་རང་རེ་ཐ་མལ་པ་ང་ལྟ་བུ་ཞིག་གིས་རྟོགས་མི་ཐུབ་པ་ཐག་ཆད། ཇི་སྲིད་བར་དུ། བོད་མི་མངས་ལུགས་ལ་སྤྲུལ་སྐུ་དགོས། རྒྱལ་བ་ཀ་རྨའི་སྐྲུལ་སྐུ་གཉིས་མ་འོངས་པ་ན། བཟློག་མི་ཐུབ་པར་མངོན། རྒྱལ་བ་ཀརྨ་རིན་པོ་ཆེ་ལ་དྭགས་པ་ཡོངས་ཀྱིས་གུས་འདུད་ཞུ། རྒྱ་གར་གཞུང་གིས་ཁྲིམས་འགལ་གྱི་དངུལ་འཐོན་པའི་སྐྱོན་བཙུགས་དུས། ལ་དྭགས་མི་མངས་ཀྱིས་ཁྲོམ་བསྐོར་སྐད་སྒྲོགས་བྱས་ཤིང་། དད་ལྡན་འགའ་རེས་བདག་ཅག་གི་བླ་མ་ལ་མི་འོས་པའི་སྐྱོན་འཛུགས་བྱས་ཟེར་མིག་ཆུ་གཏོང་མཁན་ཡང་ཐོས། དེ་བཞིནརྒྱལ་བ་ཀརྨ་པ་རིན་པོ་ཆེ་གཅིག་ཤོས་ལ་ཡང་མོས་གུས་གཅིག་པ་ཞུ་ངེས་པ་ཐག་ཆོད་དོ།
གང་ཤེས་པ་དང་། གང་ཕན་པ་དེ་སྨྲས་ཟིན་ལ། ད་ནི་དེའི་སྐོར་ལ་སྨྲ་བར་མི་འདོད་ལགས། དྲ་གྲོགས་ཚོ།
བསྟན་པའི་བདག་པོ་ལ་ཆ་རྐྱེན་གང་དགོས་སམ། བཀའ་བརྒྱུད་གསེར་རི་ཕྲེང་ཚོགས་ནས་བརྒྱུད་པའི་དབང་ལུང་མན་ངག་མཐའ་དག་རང་རྒྱུད་ལ་ཉམས་སུ་བླངས། དེ་ནས་གཞན་ལ་མཆེད། རང་གི་ཆོས་བརྒྱུད་རིགས་སུ་གཏོགས་པ་རྣམས་ལ་རོགས་རམ་སོགས་མགོན་སྐྱབས་ཚད་མེད་གནང་དགོས་པ་ལས། དེ་མིན་ཆོས་ཕྱོགས་ཀྱི་ཕྱག་ལས་གང་ཡང་མི་གནང་པར་ང་བསྟན་བདག་ཡིན། ཁོང་བསྟན་བདག་རེད་སོགས་མི་གསུང་པར། བསྟན་དོན་ལ་ཁོ་ནར་ཕྱག་རྗེས་གལ་ཆེན་ཞིག་མེད་མ་དེ་ནི་དངོས་གནས་ང་ཚོ་དང་འདྲ་སེ་མི་འདུག་གམ། བསྟན་དོན་ལ་ཞྭ་དམར་རིན་པོ་ཆེའི་ཕྱག་རྗེས་གང་བཞག་ཡོད་དམ།
དེ་རིང་གུས་པ་དྲྭ་ངོས་སུ་འཆར་ཅན་ལྟར་མིག་ཉུལ་བྱེད་སྐབས། བོད་ཀྱི་རིགས་གནས་ལ་དུང་བ་ཟབ་པའི་དྲན་དབང་ལ་དྭགས་བློ་བཟང་འཇམ་དཔལ་གྱིས་གུས་པའི་མིང་ཐོག་ཏུ་མཆན་བུ་ཞིག་བཏབས་ཡོད་པར་དོ་སྣང་བྱས་རྗེས་ང་ཧང་སང་བྱུང་།
རྒྱུ་མཚན་ངས་ནི་ཁོང་པར་ཅི་ཞིག་ཞུ་མྱོང་མེད་མོད་དེ་ལྟར་ཅི་ཡིན་སྙམ་མཆན་བུ་གོང་མ་དག་ལ་བལྟས་པས་ངའི་མིང་ཐོག་ནས་ཁོང་ལ་རྣོ་ངར་ཅན་གྱིས་ཚིག་མཚོན་འཕངས་ཡོད་པར་ད་གཟོད་ཤེས་རྟོགས་བྱུང་།
ཁོང་གིས་ངས་དེ་འདྲར་ཞུས་ཡིན་ཚོད་སྙམ་པ་ལ་རྒྱུ་མཚན་ལོས་ཡོད་ཀྱང་།
ང་ནི་ཁོང་ལ་དེ་ལྟར་ཞུ་རྒྱུའི་ཀུན་རྟོགས་ངན་པ་ཞིག་གཏན་ནས་བཅང་མེད་པ་དང་འཆང་དགོས་དོན་ཡང་མེད། ངས་འདི་ནས་གསལ་པོར་ཞུ་འདོད་པ་ཞིག་ལ་གོང་གི་ཁྱེད་ཀྱི་མཚན་ཐོག་ཏུ་མཆན་འདེབས་མཁན་དེ་ང་མིན་ལ་ངའི་མིང་ཐོག་ནས་ཁོང་ལ་དེ་ལྟར་བཏབ་པར་བློ་ཕམ་བྱུང་ལ། སུ་ཞིག་ཡིན་མིན་ཤེས་འདོད་ཡོད་པས་ཁ་བརྡའི་རྩོམ་སྒྲིག་གིས་ངའི་མིང་ཐོག་ནས་མཆན་བུ་འདྲ་མིན་འདེབས་མཁན་དེ་སུ་ཞིག་ཡིན་མིན་བརྩད་གཅོད་ཐུབ་ཐབས་གནང་རོགས། གནས་ཚུལ་འདི་རིགས་མ་འོས་པ་དང་། ཧ་ཅང་ཉན་ཁ་ཅན་ཞིག་ཡིན་པས་གཞན་མིང་བེད་སྤྱོད་མ་གནང་རོགས་ཞེས་འབོད་སྐུལ་ཡང་ཞུ་ཡི་ཡོད།
༢༠༡༤ / ༨ / ༡༡ /
འབྲོང་ངུར་བསྟན་འཛིན་ལམ་བཟང་འབོད་པས།
བྱ་ཤ་ཟ་མཁན་གྱི་བྱ་གསུམ་སྐོར།
https://www.youtube.com/watch?v=AT4912b3Tdo
གསང་བའི་ཡི་གེ
https://www.youtube.com/watch?v=anzw8EdLH8I
༸གོང་ས་མཆོག་གི་་་་་་་་་་
https://www.youtube.com/watch?v=onRbwRZP3dA
གཞན་གྱི་མིང་ཁྱེར་ནས། གཞན་ལ་སྐྱོན་བརྗོད་བྱེད་མཁན་སུ་ཡིན་རུང་མི་ཐ་ཤལ་གྱི་ནང་ནས་ཀྱང་ཐ་ཤལ། རང་ཉིད་བོད་རིགས་ཡིན་ཟེར་བ་ལ་ཡང་ངོ་ཚ་དང་། ཁྲེལ་མེད་པ་ཞིག་གོ།
་
འབྲོང་ངུར་བསྟན་འཛིན་ལམ་བཟང་མཆོག་གིས་གསལ་བཤད་མཛད་པར་བཀའ་དྲིན་ཆེའོ།