གནས་ཚུལ་མཁོ་གཏོང་བ། ཁྲི་གཡུང་དྲུང་།
ཕྱི་ལོ་༢༠༡༢ཟླ་༡༠ཚེས་༩ཉིན་དབུས་བོད་མིའི་སྒྲིག་འཛུག་གི་ཆོས་རིག་བཀའ་བློན་པད་མ་ཆོས་འབྱོར་ལགས་བོན་གཞིས་སུ་ཆེད་ཕེབས་ཀྱིས་༧དཔལ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་ལ་བརྟན་བཞུགས་མནྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་གྲྭ་ཚང་ལ་མང་ཇ་དང་སྐུ་འགྱེད། གཞན་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ལ་འབྲས་སིལ་དང་གསོལ་ཇ་བཅས་རྒྱས་འབུལ་སོགས་ཞུས་ཡོད་པ་དང་། ཉིན་གུང་ཕྱག་ཚོད་གཉིས་པ་ནས་དཔེ་མཛོད་དང་སྔགས་དགོན་སོགས་ལ་གཟིགས་སྐོར་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།
སད་གྱེར་སྤུངས་ལ་དུན་གུ་ཧྲུན།
གྲངས་མེད་གོང་ནས་བརྩེ་ཆེན་ཐུགས་རྗེའི་ལྕགས་ཀྱུ་ཡིས།།
སྐད་གཅིག་ཡལ་བར་མི་གཏོང་བུ་གཅིག་མ་ལྟར་བརྩེ།།
སྙིང་རྗེའི་མགོན་པོ་རྒྱལ་བ་སྨན་རི་བ།།
ཙི་ཏའི་གུར་ཁང་དབུས་སུ་འབྲལ་མེད་རྟག་ཏུ་རོལ།།
ཞེས་ཕྱོགས་བཅུ་ན་བཞུགས་པའི་རྒྱལ་དང་རྒྱལ་བ་སྲས་བཅས་ཀྱི་ཚོགས་དང། ཁྱད་པར་དུ་རང་ཅག་རྣམས་ཀྱི་འདྲེན་པ་ཆེན་པོ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བའི་སྟ་གོན་སྔོན་དུ་བཏང་སྟེ། བདག་ཅག་རྗེས་སུ་འཇུག་པ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་རྫོགས་པ་དང། གང་གི་གསང་གསུམ་འཕྲིན་ལས་ཀྱི་མི་མཐུན་རྒུད་པའི་ནག་ཕྱོགས་མིང་མེད་དུ་ཞི་ནས། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་ཅིང། ཞབས་པས་བསྐལ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ་བའི་སླད་དུ། དངོས་སུ་འབྱོར་བ་དང་ཏིང་འཛིན་ཡིད་ལས་སྤྲུལ་བའི་མཆོད་པ་བསམ་གྱིས་མི་ཁྱབ་པ་དག་རིན་ཆེན་མཎྜལ་བཟང་པོའི་ངོ་བོར་འབུལ་བའི་བཤད་པ་ཅུང་ཟད་ཅིག་འབུལ་བར་བྱ་བ་ནི། དེ་རིང་གནམ་ལ་ཉི་ཟླའི་ཀླུང་བཟང། ས་ལ་དུས་ཚོད་ཀྱི་བག་བྲོ། གཟའ་སྐར་ཐམས་ཅད་མཐུན་ཤིས། བར་གྱི་བཀོད་རྒྱལ་ཕུན་སུམ་ཚོགས་པའི་དུས་འདིར། ཕུན་སུམ་ཚོགས་པ་ལྔ་དང་ལྡན་ཏེ།
དང་པོ་སྟོན་པ་ཕུན་སུམ་ཚོགས་པ་ནི། འོ་སྐལ་འཇིག་རྟེན་ན་འགྲོ་བ་ལྷ་དང་བཅས་པའི་འཇིག་རྟེན་ཆེ་དགུ་ཀུན་གྱིས་བཀུར་བའི་ཚོགས་གཉིས་ཀྱི་ཞིང་མཆོག་དམ་པར་གྱུར་བ། དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཡེ་ཤེས་ཀྱི་ངོ་བོ་གཅིག་ཏུ་བསྡུས་པའི་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་༧དཔལ་བཟང་པོ་མཆོག གདོད་མའི་ཀློང་ནས་གཉིས་སྒྲིབ་མུན་པའི་ཚོགས་ལས་ཡོངས་སུ་ཞི་བའི་ཞི་བ་ཆེན་པོ། ཀ་དག་བོན་སྐུ་ནམ་མཁའི་ངང་ལས་ཐུགས་ཉིད་གཡོ་བ་མི་མངའ་ཡང། གཞན་སྣང་གདུལ་བྱའི་དཔལ་དུ་ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ་རིགས་ལྔའི་ཞིང་ཁམས་ཀྱི་མཆོད་སྤྲིན་རྒྱ་མཚོའི་རྣམ་པར་ཤར་ཅིང། དག་དང་མ་དག་གི་ཕྱོགས་བཅུའི་ཞིང་ཁམས་ཀུན་ཏུ་ཉི་ཟླའི་ཟེར་དང་ཆུ་ཟླའི་དཀྱིལ་འཁོར་ཇི་བཞིན། གང་ལ་གང་འདུལ་གྱིས་སྤྲུལ་པའི་རྣམ་པར་རོལ་པ། མདོ་སྨད་རྟ་ཡི་ཆོལ་ཁ་ཤར་ཟིང་ཆུ་ཞེས་པར། གནམ་ལས་ཆོ་ཆེ། ས་ལས་འབྲང་རིང་པའི་ཡབ་ཡུམ་ཆོ་འབྲང་རིགས་རུས་ཕུན་སུམ་ཚོགས་པའི་རྒྱུད་དུ། གཟུགས་སྐུ་མཚན་དཔེའི་བཀོད་པ་ལང་ཚོ་གསར་དུ་བཞད་པའི་སྟོན་པ་ཆེན་པོ་ཉིད་མི་འཇིགས་གདོང་ལྔའི་ཁྲི་འཕང་མཐོན་པོར་བརྩེ་ཆེན་འོད་ཟེར་འབུམ་ཕྲག་རྒྱས་པའི་ཟག་མེད་མཚན་དཔེའི་ཡོན་ཏན་རྒྱ་མཚོའི་ཕུང་པོ། རྨད་བྱུང་པད་མའི་གོས་དྲུག་གི་འདབ་མ་ལྷབ་ལྷུབ་ཏུ་གཡོ་བའི་ཁོང་གསེང་དུ། ཀུན་ནས་གང་བ་རྒྱས་པའི་ཞལ་དཀྱིལ་འོད་སྣང་ཕྱོགས་བཅུར་འཕྲོ་ཤིང་སྐུ་གསུམ་གྱི་བདག་ཉིད་དུ་སྐུ་མཆོག་ལྷང་ངེར་བཞུགས་པ་དེ་ཉིད་ཡིན་ཏེ། རྒྱུད་ལས། བོན་སྐུ་ནམ་མཁའ་ལྟ་བུ་ལས། རྫོགས་སྐུ་ཉི་མ་ཤར་བ་འདྲ། སྤྲུལ་སྐུ་ཟེར་དང་ཆུ་ཟླའི་ཚུལ། ཞེས་གསུངས་པ་ལྟར་རོ། དེ་ཡང་གདོད་མའི་ཀློང་ནས་རང་དོན་དུ་དག་པ་གཉིས་ལྡན། གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱི་འགྲོ་དོན་རྒྱ་ཆེན་པོར་མཛད་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་མངའ་དབང་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་བཀོད་པ་མི་ཟད་རྒྱན་གྱི་འཁོར་ལོ་མ་འགག་རང་ལས་བྱུང་བ། ལོངས་སྤྱོད་རྫོགས་པའི་སྐུ་ཡིས་རབ་འབྱམས་རྡུལ་སྙེད་ཀྱི་ཞིང་ཁམས་ཀུན་ཏུ། བཀའ་གསང་ཐེག་པ་ཆེན་པོའི་བཀའ་ཡི་འཁོར་ལོ་བླ་ན་མེད་པ་ཡོངས་སུ་བསྐོར་ཞིང། ཐུགས་རྗེ་ཚད་མེད་པ་སྒྱུ་འཕྲུལ་རབ་འབྱམས་ཀྱི་སྤྲུལ་པའི་རོལ་གར་ཅིར་ཡང་བསྒྱུར་བ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱས་མི་མཇེད་འཇིག་རྟེན་སྟོང་གི། ཞིང་ཁམས་ཀུན་ཏུ་འགྲོ་དོན་མཛད་པའི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་ཚུལ་མཐའ་ཡས་པ་དག་ནི། རྒྱལ་བས་ཀྱང་བརྗོད་པར་མི་ནུས་ན། ཚུར་མཐོང་སོ་སྐྱེས་བདག་ལྟ་བུ་ཡིས་ཇི་བཞིན་བརྗོད་པས་སེམས་པ་ནི། ནམ་མཁའ་འདོམ་གྱིས་གཞལ་བ་དང་མཚུངས་མོད། འོན་ཀྱང་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་ལས་སྣང་བྱེད་ཉི་མའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ལས་འོད་ཟེར་ཡོངས་སུ་འཕྲོ་བ་ལྟར། མཐའ་ཡས་མུ་མེད་པའི་ཞིང་ཁམས། བོན་དབྱིངས་དང་ནམ་མཁའི་མཐའ་ཀླས་པའི་སྙིགས་མའི་དུས་ཀྱི་གདུལ་བྱ་དམུ་ལོང་ཐང་སྟོང་དུ་འཁྱམས་པ་རྒྱ་མཚོའི་སྙེད་དུ། དེ་སྙེད་ལྷུན་གྱིས་གྲུབ་པའི་བརྩེ་ཆེན་ཐུགས་རྗེ་ཆེན་པོ་དང། གདུལ་བྱ་རྣམས་ཀྱི་དགེ་ལེགས་རྣམ་པར་འཕེལ་བའི་མཐུ་ལ་བརྟེན་ནས། སྒྱུ་འཕྲུལ་རབ་འབྱམས་ཀྱི་བཀོད་པ་བསམ་གྱི་མི་ཁྱབ་པ་བྱོན་ནའང། ཐམས་ཅད་མཁྱེན་པ་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོ་ནས་ཉེ་བར་བཟུང་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་གསུམ་ལྡན་ངུར་སྨིག་འཛིན་པའི་མཚན་དཔེའི་གཟུགས་སུ་སྐུ་འཕྲེང་ནོར་བུའི་དོ་ཤལ་ཚར་དུ་དངར་བ་བྱོན་པ་དང། ལྷག་པར་བདག་ཅག་བོན་འབངས་རྣམས་ལ་བླ་ན་མེད་པའི་བདག་རྐྱེན་གནང་བའི་གཏན་ཚིགས་སུ་བྱུང་ཞིང། ཡང་སྒོས་སུ་དེང་གི་དུས་འདིར་གསེར་ཞལ་འཚོ་ཞིང་གཞེས་པ་འཕགས་མཆོག་འཇིག་རྟེན་མགོན་པོ་གངས་ལྗོངས་ལྷ་མིའི་རྣམ་འདྲེན་དམ་པ། སླར་ཡང་བདག་ཅག་ཐུན་མོང་གདུལ་བྱའི་སྣང་ངོར་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ། འཁྲུལ་བྲལ་ལྷ་བླའི་ལུང་བསྟན་རྩེ་མཐུན་གྱིས་གཟུགས་སྐུ་མཚན་དཔེའི་ལང་ཚོ་གསར་དུ་སྐུ་སྐྱེ་བ་བཞེས་ཏེ། ཞབས་སེན་བཀྲ་ཤིས་ཀྱི་རི་མོ་གདན་སུ་སྨན་རིའི་གཞལ་མེད་ཁང་གི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་མངའ་གསོལ་ཞུས་ཏེ། ཡོངས་འཛིན་མཁས་པའི་དབང་པོར་དུ་མ་རིགས་ཀྱི་ཅོད་པན་དུ་བཞེས་ཤིང། གཞི་ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་དཔྱད་པ་གསུམ་གྱི་རིགས་ལམ་ནས་དྲངས་པས། གཞུང་པོད་ཆེན་ལྔ་སོགས་གཞུང་ལུགས་རྒྱ་མཚོར་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཐར་ཕྱིན་པའི་འབྲས་རྟགས་སུ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གྲྭ་སྐོར་གྱི་དམ་བཞེས་མཛད་པར། མཁས་རྣམས་དགྱེས་པའི་དབྱར་གྱི་རྔ་གསང་ལྡིང་བར་བྱས་པ་སོགས། འཆད་རྩོད་རྩོམ་གསུམ་གྱི་མཛད་བཟང་རླབས་པོ་ཆེ་བསྐོར་བར་མཛད། ཡབ་མེས་གོང་མ་རྣམས་ཀྱི་བགོ་སྐལ་དུ་བཞག་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་བསྟི་གནས་བརྒྱ་ཕྲག་བརྒལ་བ་འགྲོ་བའི་བདེ་སྐྱིད་ཀྱི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་ཡི་མེ་རོ་ཤི་ས་ནས་སླར་ཡང་སྤར་བར་མཛད་ཅིང། དེ་ལ་བརྟེན་ནས་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ལས་སོགས་ལྷ་སྡེ་ཇི་སྙེད་དུ་དགེ་སྔགས་བཅུན་གསུམ་དག་གིས། རྒྱལ་བསྟན་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་བྱས་དང་བྱེད་མུས་བཅས། སྐལ་ལྡན་དྭངས་བ་འདྲེན་པའི་ཞིང་ས། འབྱོར་ལྡན་བསོད་ནམས་བསོག་པའི་ཞིང་མཆོག་ཏུ་གྱུར་ཏེ། སྙིགས་མའི་དུས་འདིར་རྒྱ་བསྟན་ནམ་ལང་པ་ལྟ་བུར་བྱང་ཞིང། གཞན་ཡང་དག་སྣང་ཕྱོགས་མེད་དུ་སྦྱངས་ཏེ་ཉམས་ལེན་ཕྱོག་གཅིག་ནས་ལོང། ཅེས། བླ་ཆེན་དྲན་པ་ནམ་མཁས་གསུང་པ་ལྟར། ལྷག་པར་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་བཟང་པོར། སློབ་སྦྱོང་བྱེད་པའི་བསྟི་གནས་སློབ་གྲྭ་གསར་རྒྱག་གིས། མ་འོངས་བོད་ཀྱི་སོན་རྩར་གྱུར་པ་ན་གཞོན་ཤེས་ཡོན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཐོབ་བཞིན་ཡོད་པ་དང། རྒྱལ་སྤྱིའི་ཚོགས་སྡེ་དང་དེ་བཞིན་མཐོ་སློབ་སོགས་བརྒྱ་ཕྲག་མང་པོས་གདན་ཞུས་ཀྱིས། བྱམས་དང་སྙིང་རྗེའི་ཁྲིད་ལས་སོགས། བཀའ་ཡི་འཁོར་ལོ་བསྐོར་བར་དད་ལྡན་གྱི་སློབ་བུ་ཁྲི་ཚོ་མང་པོ་འདི་ལྟ་བུ་སྔོན་གྱི་ལོ་རྒྱུས་ནང་མ་བྱུང་ཞིང། ཕྱིས་ཀྱང་འབྱུང་བར་དཀའ་བའི་ལོ་རྒྱུས་ཡིག་ཚང་ནང་དུ་འཁོད་པར་འོས་ཤིང། མཁས་པ་དང་ཞི་བདེ། ཚན་རིག་དང། སྤྱི་ཚོགས་ཀྱི་ཞབས་ཞུ་ལས་སོགས་སྒོ་གང་ནས་བསྔགས་བརྗོད་ཀྱི་སྙན་པའི་གྲགས་པ་དཀར་པོས་ཀུན་ཏུ་ཁྱབ་པར་མཛད་པ་སོགས། རླབས་ཆེན་གྱི་མཛད་པ་ཞིབ་པར་བརྗོད་པ་ག་ལ་ནུས་ཏེ་མི་ནུས་སོ། མདོར་ན་རྣམ་འདྲེན་དམ་པ་ཁྱེད་ཉིད། བོན་འབངས་ཡོངས་ཀྱི་བདེ་སྐྱིད་ཀྱི་རྩ་བ། རྣམ་དག་འདུལ་བའི་དེད་དཔོན། མཁྱེན་དཔྱོད་རིག་པའི་དཔའ་བོ། བྱམས་བརྩེའི་རང་མདངས་གསལ་བའི་ཉི་མ། བསམ་བཞིན་དུ་སྲིད་པར་བྱོན་པའི་སྟོན་པ་ཆེན་པོ་ཉིད།
གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོའི་གདུལ་ཞིང་ལྷོ་རྒྱལ་འཛམ་བུ་གླིང་གི་ས་ཡི་དམིག སོག་ཁ་བོན་གྱི་འབྱུང་གནས། རི་བོ་གངས་ཅན་པའི་ལྷོ་ཕྱོགས། མཉམ་མེད་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་སེང་གེ་ཐུབ་པའི་དབང་པོས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་སུ་གཏོགས་པའི་རི་བོ་ཧི་མ་ལ་ཡའི་གངས་ཀྱི་ཆབ་རྒྱུན་བཞུར་ཏེ་བསིལ་བའི་རྫི་རླུང་ཀུན་ཏུ་བདལ་ཞིང། དེ་ཡང་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ས་པད་མ་འདབ་བརྒྱད་ཀྱི་སྟེང། སྔ་དྲོ་ཉི་མའི་འོད་ཀྱི་མདངས་ལེན་ཞིང། ཕྱི་དྲོ་རྟ་བདུན་དབང་པོའི་ཟེར་བསྡུ་བ་སོགས་ས་པྲ་ཀུན་ནས་ལེགས་པའི། རི་བོ་རབ་བརྟན་གླང་པོ་ཆེ་ཡི་དྲི་འཛིན་དབང་པོའི་དབྱིབས་ཅན་གྱི་དབུས་སུ། རང་བྱུང་གི་རྐང་འཐུང་སྟེ། བྱང་ཆུབ་ལྗོན་ཤིང་དང་པད་མ་གེ་སར། སྨན་གྱི་མཆོག་གྱུར་ཨ་རུ་བ་རུ་སྐྱུ་རུ་ར་སྟེ་འབྲས་བུ་གསུམ་དང། ལྷ་ཤིང་ཤུག་པ་མེ་ཏོག་ཅན་སེ་འབྲུ་སེང་ལྡེང་རག་ཤ་སྒྲོན་ཤིང་སྟར་ཁ་ཁམ་བུ་ལས་སོགས། འབྲས་བུ་དང་མེ་ཏོག་ཅན་གྱི་འཁྲི་ཤིང་གི་ཚལ་ཆེན་པོས་ཕྱོགས་ཡོངས་ནས་བསྐོར་ཏེ། དུས་དུས་སུ་རླུང་གི་གྲོགས་དང་བཅས་ཏེ་གུས་འབུལ་ཚུལ་དུ། ཤག་ཤག་དང་ཤིག་ཤིག་གི་གསེང་ནས། ཚངས་པའི་དབྱངས་ལ་ཅོ་འདྲི་བའི། ཀུ་ཧུ་དང་ནེ་ཙོ་ལས་སོགས་སྤུ་སྡུག་མཛེས་པའི་འདབ་ལྡན་བྱ་རིགས་ཚོགས་རྣམས། ནམ་ཡང་མི་ཁྲོ་བ་ཕྱོགས་བཞིའི་མགྲོན་རྣམས་ལ་དགའ་བའི་དབྱངས་ཀྱི་བསུ་བ་ཞུ་བ་ལྟ་བུའི་རྣམ་པར་གནས་ཤིང། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མས་བརྒྱན་པའི་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པ་དང་ཁྱད་པར་དུ། ༡༩༨༨ ལོ་དང་ ༢༠༠༧ ལོ་བཅས་ལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཉིད་ཀྱི་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁ་བོན་གཞིས་ཐོབ་རྒྱལ་གསར་པ་འདིར་བཀའ་དྲིན་ཆེ་ཕེབས་ཀྱིས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་གནས་མཆོག་༸དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་བློ་གསལ་དུ་མ་འདུ་ཞིང་འཆད་རྩོད་རྩོམ་པའི་སྒྲ་དབྱངས་ཀུན་ཏུ་སྒྲོགས་པའི་གདན་ས་ཆེན་པོ་འདི་ཉིད་དང།
གསུམ་པ་དུས་ཕུན་སུམ་ཚོགས་པ་ནི། སྤྱིར་བསྐལ་བཟང་སྒྲོན་མེ་ཅན་གྱི་བསྐལ་པ། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ། རྣམ་འདྲེན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་པེའུ་ཙེ་རྣམ་པ་གསུམ་ལས་གསུང་གི་པེའུ་ཙེས་འགྲོ་བ་འདུལ་བའི་སྐལ་པ་བཟང་པོའི་དུས་དང། ཁྱད་པར་དུ་དེང་གི་ཆར་ཡང་འབྱུང་བ་ལྔ་ཡི་ནུས་མཐུ་དང་ལྷ་པོ་ལྔ་ཡི་རྫུ་འཕྲུལ་ལས་སོགས་ཀྱི་རྟེན་འབྲེལ་ལས་རྩི་ཤིང་ལོ་ཏོག་ལ་སོགས་ཏེ་འབྲས་བུ་ཅན་གྱི་ཚོགས་རྣམས་ཀྱིས་འབྲས་དྲུག་གི་སྟོན་མོ་ཕུན་སུམ་ཚོགས་པ་གཡུར་དུ་ཟ་པའི་དགྱེས་སྟོན་ལ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ཀྱིས་ཀྱང་མེ་ཏོག་སིལ་མ་འཐོར་ལ་ཤིས་བརྗོད་རྩོལ་བའི་དུས་ཁྱད་པར་ཅན་དང།
བཞི་པ་འཁོར་ཕུན་སུམ་ཚོགས་པ། རྨད་བྱུང་དྲི་མ་མེད་པའི་བསྟན་མཆོག་ཚུལ་ཁྲིམས་ཀྱི་ལོ་འདབ་གཡོ་བའི་ཁོང་གསེང་ནས་ཏིང་ངེ་འཛིན་གྱི་མེ་ཏོག་བྱུར་བུར་བཞད་ཅིང་ཟབ་གསལ་ཡོན་ཏན་བདུན་དང་ལྡན་པའི་ཤེས་རབ་ཀྱི་ཟེའུ་འབྲུ་ཤིག་ཤིག་ཏུ་འཕྱུར་བའི་རྣམ་པས་ཟབ་རྒྱས་མདོ་སྔགས་སེམས་གསུམ་གྱི་གདམས་པའི་ཟིལ་མངར་རབ་ཏུ་འཛིན་པའི། རབ་བྱུང་ངུར་སྨྲིག་གི་སྡེ་དང། བསྐྱེད་དང་རྫོགས་པའི་རིམ་པར་ཉམས་རྟོགས་བློ་གྲོས་ཀྱི་སྣང་བ་འབར་བའི། གསང་ཆེན་རིག་པ་འཛིན་པའི་སྡེ་དང། ཡིན་སྣང་ཤར་གསུམ་གྱི་ཀློང་ནས། སྣང་བཞི་ཟད་སར་བསྐྱེལ་ཏེ་འཁོར་འདས་བོན་ཀུན་གདོད་མའི་གཞི་ཐོག་ཏུ་ཉམས་སུ་བཞེས་པའི་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་སྡེ་དང། མདོར་ན་མགོན་པོ་གང་ཉིད་ལ་མི་ཕྱེད་པའི་དད་པ་བརྟན་པོ་རིན་ཆེན་དང་པོའི་ལྷུན་པོ་བཞིན་དུ་ནམ་ཡང་འགྱུར་བ་མེད་ཅིང་བཀའ་ཡི་སྩོལ་བ་མཐའ་དག་ལ། འཛུབ་མོ་གར་སྟོན་ཤར། ཅེས་པའི་དཔེ་ལྟར་ཞྭ་དཀར་བསྟན་པའི་གཙུག་རྒྱན། ངེས་པ་དོན་གྱི་བདག་པོ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གི་བཀའ་དང་འགལ་བ་ཅུང་ཟད་ཙམ་ཀྱང་བྱུང་བ་མེད་པ་དང་། འབྱུང་འགྱུར་དུས་ཀྱི་ཆ་ལའང་དད་དམ་ལ་གཡོ་བ་མེད་པར། གང་གི་བཀའ་སློབ་ཟབ་མོ་དག་ལ་ཉམས་ལེན་གྱིས། མགོན་པོ་ཁྱེད་ཉིད་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟ་བུར་དམར་བར་བཅང་པ། གནས་འདིར་འཚོ་བའི་མི་མང་སྟོང་ཚོ་བརྒལ་བ་དག་གིས་དད་གུས་མོས་གསུམ་གྱི་གཞི་བཏིང་ནས་ཟུང་ལྡན་ཡལ་ག་ལྔ་པའི་པད་མ་སྤུངས་པ། འཁོར་ལོ་དང་པོའི་ཀློང་དུ་བཀོད་དེ། སྐྱབས་རྗེ་གང་ཉིད་ཀྱི་སྐྱབས་འོག་ཏུ་གཏོགས་པའི་བདག་ཅག་བོན་འབངས་རྣམས་ལ། མགོན་པོ་གང་ཉིད་ཀྱི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་བསབ་ཕྱིར་གསོལ་འདེབས་ཞུས་པ་དུས་སུ་སྨིན་པར། བདག་ཅག་རྣམས་ལན་གཅིག་དང་པོའི་ས་ཐོབ་གྱུར་མ་ཐག་པའི་སེམས་དཔའི་དགའ་བ་ལྟ་བུ་བརྗོད་པར་མི་ནུས་པའི་དགའ་ཚོར་གྱི་དགྱེས་སྟོན་ཤར་ཏེ། མགོན་པོ་ཁྱེད་ཉིད་ཀྱི་བཀའ་དྲིན་གྱི་ཕུང་པོ་ནི་སྟོང་གསུམ་གྱི་འཇིག་རྟེན་ཆེན་པོ་ཉིད་རིན་ཆེན་དང་པོ་མར་ཞིས་བཀང་སྟེ་ཕུལ་ཀྱང་བཀའ་དྲིན་བསབ་པར་ག་ལ་ནུས། འོན་ཀྱང་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་ཞིག་བསབ་པའི་ཐབས་སུ་གསང་སྔགས་ནས། བླ་མ་མཉེས་པ་དང། བཀའ་ཡི་དྲིན་གསོབ་པ་དང། རང་གི་ཚོགས་བསགས་བསྒྲུབ་པར། མཎྜལ་འབུལ་བ་མཆོག་ཏུ་བསྔགས་པར་གསུངས་པས། དེ་ཡང་རྫོགས་པ་ཆེན་པོ་ལས། སྟོང་གསུམ་གང་པའི་གཏེར་མཆོད་པས། དོན་ལྡན་མཎྜལ་འབུལ་བ་ན། བསོད་ནམས་བརྒྱ་ཡི་ཆར་ཡང་ཉེ་མི་འགྱུར། ཅེས་གསུངས་པ་ལྟར་རོ།།
ལྔ་པ། བཀའ་ཕུན་སུམ་ཚོགས་པ་ནི།
རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྔོན་འགྲོའི་སྟ་བོན་རྡུལ་ཚོན་ ཀྱིལ་འཁོར་དང་ཆོ་གའི་རིམ་པ་རྣམས་སྔོན་དུ་བསྒྲུབས་ནས། སྐབས་འདིར་ལྷག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ཆོ་གའི་སྒོ་ནས་གང་གི་བཀའ་དྲིན་གྱི་ཆ་ཤས་བསབ་པའི་རྟེན་དུ་མཚན་མ་རྫས་ཀྱི་མཌཎལ་དང༌། རྒྱུ་ལུས་མདངས་ཀྱི་མནྚལ། འཇིག་རྟེན་གདོས་དང་ལོངས་སྤྱོད་རྒྱན་གྱི་མཌཎལ། བོན་ཉིད་དོན་གྱི་མཌཎལ་ལ་སོགས་ཇི་སྙེད་ཅིག་ཡོད་པ་ཀུན་ཕྱོགས་གཅིག་ཏུ་བསྡུས་ཏེ། ྋརྣམ་འདྲེན་མགོན་པོ་ཁྱེད་ཉིད་བསྟན་དང་འགྲོ་བའི་དཔལ་དུ་ཞབས་པད་བསྐལ་པ་བརྒྱ་ཡི་བར་དུ་བརྟན་པར་བཞུགས་སུ་གསོལ་བ་འདེབས་པའི་རྟེན་དུ་གང་སྐུ་རྟག་བརྟན་འགྱུར་མེད་གསེར་རི་ལྷུན་པོར་གཡོ་བ་མི་མངའ་ཡང༌། བདག་ཅག་བསོད་ནམས་གསོག་ཕྱིར་དངོས་སུ་འབྱོར་བའི་མཆོད་སྤྲིན་མི་ཟད་རྒྱ་མཚོའི་ཚོགས་དང༌། ཡིད་ཀྱིས་སྤྲུལ་ཞིང་དམིགས་པའི་མཆོད་ཚོགས་བསམ་གྱིས་མི་ཁྱབ་པ་མཆིས་སོ་ཅོག་སྟོང་གསུམ་གང་བར་དམིགས་ཏེ་དད་མོས་དྲག་པོའི་སྒོ་ནས་འབུལ་བ་ལགས་ན། ཐུགས་བརྩེ་བ་ཆེན་པོས་དགོངས་པར་མཁྱེན་མཁྱེན་ཞེས་སོགས་བཤད་པ་རྒྱས་པར་གསུངས་ཡོད་པ་བཅས་སོ།།
གནས་ཚུལ་ཡག་པོ་འདུག གང་ཡིན་ཞེ་ན། བོན་པོའི་བླ་ཆེན་ནི་བོད་ཀྱི་ཆོས་རྒྱུད་ངོ་མའི་བླ་ཆེན་ཡིན་པས་སོ།།
ཨེ་མ་ཧོ།
རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི།
མཁྱེན་བརྩེའི་ཡེ་ཤེས་ངོ་བོ་གཅིག་བསྡུས་པའི།
ཟབ་རྒྱས་གཤེན་བསྟན་སྤེལ་བའི་འཕྲིན་ལས་ཅན།
ལུངས་རྟོགས་བསྟན་པའི་ཉི་མ་རྟག་འཆར་ཤོག
༧ཁོང་སྐུ་ཚེ་བརྟན་པར་ཤོག
༧དཔལ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་སྐུ་ཚེ་ཡུན་བརྟན་ཤོག །
གོང་དུ་མཆན་དང་པོ་དེ་ཀརྨ་པའི་མཚན་བེད་སྤྱད་ནས་རྒྱབ་འདུག་པས་ཁ་བརྡ་ཚང་གི་བཏང་འཛིན་གནང་ནས་མཆན་དེ་བསུབ་ན་ཡག་པོ་རེད། དེ་མིན་བླ་མའི་རྒྱབ་ལ་སློབ་མ་ཡོད་པས་ཡུལ་ཁྲིམས་ལ་གཏུག་རྒྱུ་ལགས་ན་ཁ་བརྡ་ཚང་གི་རྩད་གཅོད་གསལ་བཤད་བྱས་ན་ཡག་ཡོང་། ཆོས་ལུགས་དང་བླ་ཆེན་དབར་དཀྲུག་ཐབས་བྱེད་མཁན་དག་ནི་བོད་མི་རིགས་རྩ་ཐོར་འགྲོ་བའི་གཞི་མ་ཡིན་ནོ།
དཔལ་༧རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་སྐུ་ཚེ་ཞབས་བརྟན་པའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་གོང་གི་མཆན་དང་པོར་༧རྒྱལ་དབང་ཀརྨ་པའི་མཚན་བེད་སྤྱོད་ལོག་པ་གཏོང་མཁན་དེ་ནི་ཀར་བོན་བསྟན་པ་རྣམ་གཉིས་དམ་ཚིག་འོ་ཆུ་གཅིག་འདྲེས་ལ་ཁྲག་དོག་དྲག་པོས་དཀྲུག་ཐབས་བྱེད་མཁན་བཀའ་བོན་བསྟན་པའི་སྒེར་དགྲ་དམ་སྲིའི་གཟུགས་ཅན་གཅིག་ཡིན་པ་བོན་པོའི་ཆོས་གྲོགས་ཤེས་ལྡན་རྣམས་ཀྱི་མཁྱེན་གལ་ཆེ།
ཆོས་ལུགས་རིས་མེད་ནི་རྡོག་རྩ་གཅིག་སྒྲིལ་གྱི་རྨང་གཞི་གལ་ཆེན་ཞིག་ཡིན་སྟབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཕྱོགས་དེར་ཡི་རངས་ཞུ།
ཆོས་ལུགས་རིས་མེད་ནི་རྡོག་རྩ་གཅིག་སྒྲིལ་གྱི་རྩིག་གདན་ཡིན་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་དེ་ལ་ཡི་རངས་ཞུ།
hi hi མངའ་རིགས་འཕྲིན་ལས་ལགས་་
ཀརྨ་མིང་ཡིན་པ་ཙམ་གྱིས་ཀརྨ་པ་ཡིན་པ་སུ་ཤེས་ཀྱི་ཡོད་་་རྗེས་སུ་ལ་༼པ་༽ མེད་ན་བོད་མི་མིང་མང་པོ་ཀརྨ་མིང་ཡོད་པ་རེད་
ཀརྨ་མིང་ཡོད་པ་ཕར་ཆེན་ཀརྨ་པའི་སློབ་མ་ཡིན་སྲིད་པ་རེད་། ཀརྨ་མིང་ལ་ཀརྨ་པ་རེད
ཟེར་བ་དེ་དཔེ་ན་་་་་མགོ་མ་མཐོང་གོང་ནས་གདོང་དཀར་པོ་ཟེར་བའི་དཔེ་རེད་་་ཧ་གོ་བ་གྱིས
གཡུང་དྲུང་བོན་གྱིས་བསྟན་པ་དར་བ་ཤོགས།
བསྟན་པ་ལ་ཚང་མ་གཅིག་པ་རེད།ངས་བསྟན་པ་དང་ཁྱེད་བསྟན་པ་ཡོད་མ་རེད་
སེམས་ཅན་ལ་ཕན་འདོག་པའི་བསྟན་པ་རེད་
རིས་མེད་སྐྱེས་ཆེན་ཁོང་གི་སྐུ་ཚེ་ཁྲི་ལོར་ཤོག།
ཇི་སྲིད་ནམ་མཁའ་གནས་པ་དང།
འགྲོ་བ་ཇི་སྲིད་གནས་གྱུར་པ།
དེ་སྲིད་མགོན་ཁྱེད་བཞུགས་གྱུར་དེ།
འགྲོ་བའི་སྡུག་སྔལ་སེལ་བར་ཤོག
ནག་ཕྱོགས་བདུད་གྱི་རིགས་གྱུར་པ།
གཡོ་རྒྱུའི་རྫུན་གྱིས་ཕྲག་དོག་གིས།
དུག་ལྕེ་གཡུག་པའི་ལྕེ་གཉིས་པའི།
གླང་འདིར་མིང་ཙམ་མེད་པར་ཤོགས།
ཀརྨ་སྐལ་བཟང་ལགས་བྱས་ཙང་ཀརྨ་པའི་སློབ་མ་ཡིན་ཕྱིན་མིང་གི་སྔོན་དུ་ཕལ་ཆེར་ཀརྨ་ཡོད་ཡོད་རེད་དཔེར་ན་ཁྱེད་རང་དང་མཚུངས། ཀརྨའི་མིང་ཅན་གྱིས་བེན་བོན་དང་གཞུང་སྒེར་དབར་དཀྲུག་པའི་མཆན་བཏབ་ན་སུ་ལ་གནོད་ཀྱི་རེད་སྒེར་གྱི་མིང་ནི་མིང་རང་རེད་ཁྱོད་ཀྱི་མིང་ཀརྨ་ཡོད་མིན་སུས་ཤེས། མཆན་ལ་བརྟེན་ནས་ཀརྨའི་མིང་གིས་བོན་གྱི་ཆོས་བརྒྱུད་འཛིན་པ་ཚོས་ག་རི་དགོངས་ཀྱི་རེད་དེ་མཁྱེན་དགོས་པ་གལ་ཆེ།
བོན་ཆོས་ནི་བོད་མི་རིགས་ཀྱིས་གདོད་མའི་ཆོས་ལུགས་རེད་ལ་ད་སྐབས་ཡང་བོན་ཆོས་བན་ལ་འདྲེ་ཡོད་ལ་བན་ཆོས་བོན་ལ་འདྲེས་ཡོད། ཕྱོགས་རེས་དང་ཐེན་འཁྱེར་བྱས་ནས་ཇོ་ནང་བ་ལ་ཆོས་རྒྱུད་ཀྱིས་ཐོབ་ཐང་མ་སྤྲད་པ་གཅིག། བོན་པོ་ལ་ལྟ་སྟངས་འདྲ་མིན་འཛིན་པ་སོགས་ནི་ཆེས་ཐབས་སྡུག་དང་བོད་མི་རིགས་འདིའི་དཀྲུག་ཤིང་ཞིག་རེད། ཚང་མ་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རེད། ད་ང་ཚོའི་དགྲ་བོ་རྒྱ་དམར་ལ་རྒོལ་བ་མི་བྱེད་པར་བོད་ནང་ཁུལ་ལ་ཕྱོགས་རེས་དང་རྩོད་ཉོག་བྱེད་འདུག་ཚོད་ཞིག་འི་རེད། ཕྱིའི་དགྲ་བོ་རྒྱ་དམར་དང་རྒྱལ་ཕྱིའི་གོ་ན་ང་ཚོ་བོད་པ་ཚང་གི་ངོ་ཚ་འི་རེད། རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ན་དེ་ཡིས་འགལ་རྐྱེན་གང་ན་ཡོད་པ་དེ་ངོས་ཟིན་པ་ཅེས་ལ་ངེས་པར་དུ་བླང་དོར་བྱེད་དགོས། རྡོག་རྩ་གཅིག་སྒྲིལ་ཀྱིས་ནུས་ཤུགས་ནི་སུ་དང་གང་གིས་ཀྱང་གཏོར་ཕམ་བྱེད་མི་ཐུབ་པ་དང་རང་ཉིད་རྒྱལ་བའི་མཚོན་ཆ་ཞིག་ཡིན་པ་ངེས་པར་དུ་ཤེས་པར་མཛོད།
མཐར་རྒྱལ་བ་སྨན་རིའི་མཛད་འཕྲིན་ཕྱོགས་ཀུན་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག། བོད་རྒྱལ་ལོ།
ཁ་རྡ་ཚང་ཐུགས་རྗེ་ཆེ་རང་ས་རྒྱ་དམར་ལ་གཤོར་ཡང་༧གོང་ས་མཆོག་གི་དབུས་རིས་མེད་བླ་ཆེན་རྣམས་བོད་སྔ་མའི་ལོ་རྒྱུས་དང་མི་འདྲ་བར་ཐུགས་མཐུན་དམ་ཚིག་འོ་ཆུ་གཅིག་འདྲེས་གནང་བཞིན་པ་ནི་བོད་འབང་ཡོངས་ཀྱི་བསོད་ནམས་རེད། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་གལ་ཆེ་རང་བཞིན་ཞིག་ཡིན་པས་རང་དབང་ལ་ཁ་གཡར་ནས་ཁོང་རྣམས་ལ་གང་བྱུང་ཞུས་ཚེ་དེ་ནི་བོད་མིས་མཐུན་འབ྄ེལ་ལ་གནོད་སྐྱོན་འག྄ོ་གཞི་གཙོ་བོ་གཅིག་ཡིན།
རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཁྱེད་ཀྱིས་སྐུ་ཚེ་ཁྲི་ལོར་བསྟན་པར་ཤོག།
ས་སྟེང་སྐྱེ་འགྲོ་མ་ལས་པ་རྣམས་རང་དབང་དཔལ་ལ་སྤྱོད་པར་ཤོག།
ས་སྟེང་ཞི་བདེའི་དཔལ་ཡོན་མ་ལས་གངས་ལྗོང་ཡུལ་ལ་འཛོམ་པར་ཤོག།
གངས་ཅན་མགོན་པོའི་བཞེད་དགོང་མ་ལས་ད་ལྟ་མངོན་དུ་འགྱུར་བར་ཤོག།
གཡུ་དྲུང་བོན་གྱི་དབུ་འཛིན།
གངས་ཅན་བསྟན་པའི་བདག་པོར།
ནམ་ཞིག་མངའ་སྲོལ་ཐུབ་ན།
བོད་ལ་བདེ་སྐྱིད་ཤར་རོ།
བོད་ཀྱི་ཕ་ཆོས་བོན་པོ།
བོད་མིའི་མངའ་བདག་བོན་པོ།
བོད་ཆོས་སླར་དུ་དར་སྐབས།
བོད་ལྗོངས་མི་དམངས་སྐྱིད་དོ།
བོད་ཡུལ་སྐྱར་གསོ་དགོས་ན།
བོན་ཆོས་དར་བར་འབད་དོ།
བོན་གྱི་འོག་ལ་ཚང་མས།
མཐུན་སྒྲིལ་ཆུ་དར་འོང་ངོ།
ཁྱེད་ལ་འཇོན་ཐང་ཡོད་ན། སྒྲིག་འཛུགས་དམངས་གཙོར་བསྒྱུར་ཡོད།
རང་ལ་ཤེས་འཇོན་ཡོད་ན། འོས་ཤོག་བླུགས་ནས་ཕེབས་ཤོག
ལུས་ལ་ཆོས་གོས་གྱོན་ནས་། སྲིད་ལ་ཇུས་གཏོགས་མ་བྱེད།
རང་གི་སྒོ་གསུམ་དུལ་ནས། ཐར་པ་སྒྲུབ་པར་བརྩོན་ཤིག
གཞན་ཕན་ལྷག་བསམ་ཡོད་ན། དཔོན་གནས་རྩོད་དགོས་ཨེ་ཡོད།
བྱམས་བརྩེའི་སྙིང་སྟོབས་ཡོད་ན། རྒྱ་མིའི་མདུན་དུ་ཐོན་ཤོག
བྱུང་ན་ཡོད་ན་བསམ་པས། རང་གི་ཆེ་མཐོང་ཉམས་འགྲོ།
དེ་ལས་རང་གི་སྒྲོལ་མ། རང་གི་སྐྱོར་ན་ལེགས་སོ།
སྔོན་གྱི་ལྷ་པ་མོ་པར། འབུལ་ཚན་གཅིག་གི་མགོ་སྐོར།
ད་ཆ་ཚན་རིག་དུས་ལ། བདེན་རྫུན་བདར་ནས་འགྲོ་དོ།
བསྟན་བདག་བསྟན་བདག་ཟེར་བ། ཞབས་ཕྱི་ཞིག་གི་ཚིག་འགྲོས།
དངོས་གནས་བསྟན་པའི་བདག་པོར། ངར་འཛིན་དེ་འདྲ་མེད་དོ།
བོད་ཀྱི་ཕ་ཆོས་བོན་པོ། བོད་ཀྱི་མ་ཆོས་ནང་ཆོས།
བོད་ཀྱི་བདག་པོ་བོད་མི། བོད་ཀྱི་སྲིད་སྐྱོང་སེང་གེ
བོད་རིགས་མི་དམངས་སྐྱིད་པ། བོད་པ་རང་གི་བཟོ་དགོས།
དེང་དུས་ཤེས་ཡོན་སྦྱངས་ནས། རང་དབང་སྐྱར་དུ་ལེན་དགོས།
བོད་ཡུལ་སྐྱར་གསོ་དགོས་པར། བོན་ཆོས་རང་དང་ཨེ་དགོས།
ལྟ་མཁྲེགས་སྐད་ཆ་རྙིང་པ། དངོས་པོའི་གཤིས་དང་མི་མཐུན།
ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་༧དཔལ་བཟང་པོ་མཆོག་ལ་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་འོ་ཅག་བོན་འབངས་ཡོངས་ཀྱི་སེམས་ཀྱི་མགོན་དཔུང་དམ་པར་མི་འགྱུར་གཡུང་དྲུང་གི་ཁྲི་འཕང་མཐོན་པོར་བསྐལ་པ་བརྒྱ་ཡི་བར་དུ་ཅིས་ཀྱང་བཞུགས་པར་མཛད་དུ་གསོལ་ལོ་ཞེས་སྒོ་གསུམ་གུས་པ་ཆེན་པོས་དགའ་དད་མོས་གསུམ་གྱིས་གསོལ་བ་འདེབས་སོ་ཐུགས་རྗེས་གཟུང་དུ་གསོལ། །
༡༥༽ BONPO བོན་པོ་ལགས།
འོ་ཅག་བོན་འབངས་འདི། འུ་ཅག་བོན་འབངས་མིན་ནམ། ལགས།
རྒད་པོ་དེ་འདྲའི་ཧམ་པ། མུན་འཇོམས་ངག་ལ་ཉན་དང་། སོ་སོའི་བསྟན་བདག་སོ་སོ། སྤྱི་ལ་བསྟན་བདག་མི་དགོས།
བོད་ཁ་བ་ཅན་གྱི་བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་པར་ཤོག
དྲྭ་གྲོགས་ཡོངས་ཀྱིས་བརྙན་འཁོར་འདིར་ཅིས་ཀྱང་གཟིགས་པར་འཚལ། ༧གོང་ས་ལྷ་མའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་བོད་ཀྱི་བོན་གྱི་གདན་ས་སྨན་རི་གླིང་དུ་ཞབས་ཕེབས་བཀའ་དྲིན་བསྐྱངས་གནང་མཛད་ནས་དེར་ཡོད་བོན་འབངས་ཡོངས་ལ་བཀའ་སློབ་བཀའ་དྲིན་ཆེ་བའི་བསྐོར་བཅས་འདུག། །
https://www.youtube.com/watch?v=IidhgA6oKT4&playnext=1&list=PLF7F8E4253890E4AC&feature=results_main
བདག་པས་གཞན་གཅེས་ཀུན་བཟང་དགོངས་པའི་ཀློང་།།
གང་སྣང་བོན་སྐུར་གྲོལ་བའི་ཐེག་དགུའི་ཉམས།།
ས་ཆེན་མཛེས་པའི་རྒྱལ་བ་སྨན་རི་བ།།
ལུང་རྟོགས་བསྟན་པའི་ཉི་མའི་ཞབས་པད་བརྟན།།
དྲྭ་བདག་ལགས་་་་་གོང་གི་ཁ་བྱང་དུ་་་་སྨན་རིའི་ཁྲི་འཛིན་ཞེས་པའི་་་་་་་་་འཛིན་ཆད་འདུག་་་དེ་བཟོ་བཅོས་གནང་རྒྱུ་མཁྱེན་ཞུ་ལགས།
༧མདོ་སྨད་སྐྱང་གི་གདན་སར་མཚན་དཔེ་བཞད།།
མདོ་དབུས་ཁམས་གཙང་ཀུན་གྱི་སྐྱབས་དང་མགོན།།
མདོ་སྔགས་སེམས་གསུམ་བསྟན་པའི་ལུས་ཡོངས་རྫོགས།།
མདོ་དོན་གཅིག་ཏུ་དྲིལ་ནས་ཉམས་བཞེས་མཛད།།
སྐྱབས་མཆོག་མཆོག་གསུམ་སྲུང་མའི་བདེན་སྟོབས་ཀྱིས།།
སྐུ་ཚེ་ཚེ་མཐའ་ཡས་པའི་ངོ་བོ་རུ།།
ཡོངས་གྲུབ་གྲུབ་པ་རྟག་བརྟན་གཡུང་དྲུང་ཁམས།།
སྐུ་གསུམ་གསུམ་ལྡན་བླ་མར་གསོལ་བ་འདེབས།།
ཆོས་རིག་བཀའ་བློན་གྱིས་ཉེ་སྔོན་གྲོས་ཚོགས་ནང་གསུངས་བ་ལྟར། བླ་ཆེན་རེ་རེར་སར་བཅར། ཞྭ་དམར་རིན་པོ་ཆེར་མཇལ་ནས་ནང་ཁུལ་དམ་ཚིག་འོ་ཆུ་གཅིག་འདྲེས་ཤིག་ཡོང་ཐབས་ལ་ལོ་ལྔའི་རིང་འབད་བརྩོན་བྱེད་བཞིན་པ་དངོས་གནས་དགའ་འོས་པ་ཞིག་རེད། སྤྱིར་ཆོས་ཀྱི་དེ་ཉིད་ངོ་འཕྲོད་པ་ཡིན་ན་འཇིག་རྟེན་གྱི་དངོས་པོས་བསྐྲུན་པའི་སེམས་འགྱུ་ཡོད་ཚད་རྫུན་མ་ཉག་ཅིག་ཏུ་མཐོང་བར་བཞེད་ནའང། ང་ཚོ་ད་དུང་བསྟན་པ་འཛིན་པར་ཁས་འཆེ་བའི་མི་དགོས་པའི་ཞེན་ཁོག་ཅིག་ཡོད་ཡོད་པ་ལྟ་བུ་ཞིག་རེད། ༧གོང་ས་ཆེན་པོའི་རླབས་ཆེན་རིས་མེད་དགོངས་གཞི་དང་ཉམས་ལེན། དེར་ཚུལ་བཞིན་འཇུག་པའི་༧ས་སྐྱ་༧གོང་མ་རིན་པོ་ཆེ་ལྟ་བུའི་བསྟན་འཛིན་སྐྱེས་ཆེན་མང་དག་ཅིག་ད་དུང་བྱོན་དགོས་པར་སྣང་ལ། བྱུང་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྒྲིག་གཞི་གཏན་འབེབས་གནང་ཟིན་པའི་ཆོས་དོན་ལྷན་ཚོགས་ཀྱང་མྱུར་ཏུ་སྒོ་འབྱེད་ཡོང་བར་ལྷག་བསམ་བསྐྱེད་དགོས་པ་དང། དེ་བཞིན་རྒྱལ་བ་ཇོ་ནང་པའང་ཆོས་བརྒྱུད་སྤྱི་མཚུངས་ཀྱི་གནས་བབ་ཐོབ་ནས་ཆོས་ཆོས་དང་མཐུན་པའི་ལམ་དུ་བསྐྱོད་རྒྱུར་ཆོས་པ་ཚད་ལྡན་མང་པོས་ཆོས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཤོག་ཅིག་གུ
གོང་གི་ཁ་བྱང་དུ་སྨན་རིའི་ཁྲི་སོ་གསུམ་པ་ཞེས་པའི་གོ་དོན་དེ་ཁྲི་འཛིན་སོ་གསུམ་པ་ཞེས་པའི་དོན་ཕལ་ཆེར་འདྲ་བོ་མཐོང་བས་ཡིན་ན་ཁ་བརྡ་ནས་དེ་ལྟར་བཀོད་གནང་ན་ཡག་པོ་མཐོང་།
འགྲོ་བ་ལྷ་དང་བཅས་པའི་མ་འདྲེས་པའི་མཛའ་བཤེས་ཆེན་པོ། རྣམ་འདྲེན་རྒྱལ་བ་གཤེན་རབ་མི་བོའི་གདུལ་ཞིང་ལྷོ་རྒྱལ་འཛམ་བུ་གླིང་གི་ས་ཡི་དམིག སོག་ཁ་བོན་གྱི་འབྱུང་གནས། རི་བོ་གངས་ཅན་པའི་ལྷོ་ཕྱོགས། མཉམ་མེད་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་སེང་གེ་ཐུབ་པའི་དབང་པོས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་མཆོག་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་སུ་གཏོགས་པའི་རི་བོ་ཧི་མ་ལ་ཡའི་གངས་ཀྱི་ཆབ་རྒྱུན་བཞུར་ཏེ་བསིལ་བའི་རྫི་རླུང་ཀུན་ཏུ་བདལ་ཞིང། དེ་ཡང་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ས་པད་མ་འདབ་བརྒྱད་ཀྱི་སྟེང། ་་་་སོགས་ཟེར།
་་་་་་ མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་དུ་མས་བརྒྱན་པའི་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པ་དང་ཁྱད་པར་དུ། ༡༩༨༨ ལོ་དང་ ༢༠༠༧ ལོ་བཅས་ལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཉིད་ཀྱི་ཞབས་སེན་བཀྲ་ཤིས་ཀྱི་རེ་ཁ་བོན་གཞིས་ཐོབ་རྒྱལ་གསར་པ་འདིར་བཀའ་དྲིན་ཆེ་ཕེབས་ཀྱིས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་གནས་མཆོག་༸དཔལ་གཤེན་བསྟན་སྨན་རིའི་གླིང་ཞེས་བློ་གསལ་དུ་མ་འདུ་ཞིང་འཆད་རྩོད་རྩོམ་པའི་སྒྲ་དབྱངས་ཀུན་ཏུ་སྒྲོགས་པའི་གདན་ས་ཆེན་པོ་འདི་ཉིད་དང། ་་་་ཟེར།
་་་་་།
རིག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་སྔོན་འགྲོའི་སྟ་བོན་རྡུལ་ཚོན་ ཀྱིལ་འཁོར་དང་ཆོ་གའི་རིམ་པ་རྣམས་སྔོན་དུ་བསྒྲུབས་ནས། སྐབས་འདིར་ལྷག་པའི་ལྷ་མཆོག་ཤེས་རབ་སྨྲ་བའི་སེང་གེའི་ཆོ་གའི་སྒོ་ནས་གང་གི་བཀའ་དྲིན་གྱི་ཆ་ཤས་བསབ་པའི་རྟེན་དུ་མཚན་མ་རྫས་ཀྱི་མཌཎལ་དང༌། རྒྱུ་ལུས་མདངས་ཀྱི་མནྚལ། འཇིག་རྟེན་གདོས་དང་ལོངས་སྤྱོད་རྒྱན་གྱི་མཌཎལ། བོན་ཉིད་དོན་གྱི་མཌཎལ་ལ་སོགས་ཇི་སྙེད་ཅིག་ཡོད་པ་ཀུན་ཕྱོགས་གཅིག་ཏུ་བསྡུས་ཏེ། ་་་་་་ཟེར།
རྒྱལ་དང་འཕགས་པའི་བརྩེ་ཆེན་ཞིང་ཁམས་ནས། རྒྱལ་གཤེན་བསྟན་པའི་མེ་རོ་ངས་གསོ་ཞེས། རྒྱལ་བ་གཉིས་པའི་ཁྲི་ལ་ཞབས་བཀོད་ཅིང་། རྒྱལ་བསྟན་ཕྱོགས་བཅུར་སྤེལ་མཛད་ཁྱེད་ལ་གུས།
ཁུག་རྟས་བཤད་པ་ལྟར་ན་མི་རྗེ་ཆོས་རིགས་བཀའ་བློན་མཆོག་ནས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དང་མཇལ་འཕྲད་ཀྱིས་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་ཐབས་ཤེས་གནང་བཞིན་ཡོད་སྐད་འདུག་པས་ཡི་རངས་བསྔགས་བརྗོད་ཡོད། དེ་བཞིན་རྒྱལ་བ་ཇོ་ནང་པ་ལ་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་སྟངས་སྤྲོད་དགོས་པ་དོན་དུ་གནས། དེ་མིན་ཆོས་དོན་ལྷན་ཚོགས་ཟེར་བ་ནི་མི་དགོས་པའི་ཕྱག་ལས་རེད། ད་ཡོད་ཆོས་དོན་བཀའ་བློན་མཆོག་གི་དབུ་འཁྲིད་པའི་ཆོས་དོན་ལས་ཁུངས་དང་། གྲོས་ཚོགས་སུ་ཆོས་ལུགས་སོ་སོའི་མཐུན་མི་གཉིས་རེ་ཡོད་ཡོད་རེད། དེ་ལས་ལྷག་པའི་ཆོས་དོན་ལྷན་ཚོགས་ཟེར་བ་ཞིག་དང་། ལས་ཀ་གསར་པ་ཞིག་མེད་པ་ཀུན་གསལ་རེད་དེས་ན་རྒྱུ་མཚན་དང་དགོས་པ་དབེན་པའི་ཆོས་དོན་ལྷན་ཚོགས་ནི་ནམ་ཡང་དགོས་པ་མ་མཐོང་ངོ་།
དེ་བཞིན་བོད་འབངས་ཨེས་ལམ་མམ་མུ་སལ་མན་དང་ཨི་ཤུ་ལ་ཡང་སྤྱི་མཐུས་ཁང་དུ་ཞབས་སྟེགས་དགོས་གལ་དུ་མཐོང་།
གཞན་ཡང་གོང་དུ་གཅིག་གིས་བཤད་པ་ལྟར་ཆོས་བརྒྱུད་སོ་སོར་བླ་མ་བླ་ཆེན་ཡོད་ཡོད་པ་རེད་པས་སྤྱི་འཐུས་མི་གཉིས་རེས་ལས་གཞག་རྒྱུ་གང་ཡང་མེད་པ་ས་རིས་ཐང་གསལ་རེད་པས་སྤྱིའཐུས་གཉིས་རེ་དགོས་པ་དང་རྒྱུ་མཚན་གང་ཡང་མཐོང་ངོ་། །
བདག་པས་གཞན་གཅེས་ཀུན་བཟང་དགོངས་པའི་ཀློང་།།
གང་སྣང་བོན་སྐུར་གྲོལ་བའི་ཐེག་དགུའི་ཉམས།།
ས་ཆེན་མཛེས་པའི་རྒྱལ་བ་སྨན་རི་པ།།
ལུང་རྟོགས་བསྟན་པའི་ཉི་མའི་ཞབས་བརྟན་ཅིག །
སྐུ་གཤེགས་ཇིནེ་སྨིཐ། འཇམ་དབྱངས་རྣམ་རྒྱལ་སོགས་ཀྱི་མཛད་སྒོ་ཞིག་ལ་འཇམ་དབྱངས་རྣམ་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཀྱི་དར་དཀར་སྒྲོན་སྐབས་སུ། དཔལ་ལྡན་བོན་གྱི་བླ་མ་ཞིག་བཞུགས་པ་དེ། སྐྱབས་མགོན་སྨན་རི་པ་ཡིན་ངེས། བདག་ལ་ཤིམ་ལར་ཤོག་གསུངས་པ་དྲན། གཞན་ཡང་། བདག་ཝཱ་ཎ་ལེགས་སྦྱར་སློབ་གྲྭ་ཆེན་མོར་ཡོད་སྐབས་སུ། ཐུབ་བསྟན་མཆོག་གྲུབ། ཅེས་པ་འབྲས་སྤུངས་དགོན་པའི་གྲྭ་པ། ཕ་ཡུལ་ཁམས་དུ་བོན་གྱི་དགོན་པ་ཞིག་གི་གྲྭ་པ་ཡིན་པ། རིག་པ་རྣོན་པོ་ཡིན་པས། སྐྱབས་མགོན་༧གོང་ས་མཆོག་གི་གསུང་སྒྱུར་ཧིནྡ་སྐད་དུ་བྱེད་ཐུབ་པ། ད་ལྟ་སྐུ་གཤེགས་ནས་ལོ་བཅུ་ཕྲག་ཟིན་ངེས། ཁོང་གི་རྩར་ཨིན་ཡུལ་དུ་བཞུགས་པ་བོན་གྱི་བླ་མ་ཞིག་མཇལ། གཅིག་ན་དེ་ཉིད་སྐྱབས་མགོན་སྨན་རི་པ་མཆོག་ཡིན་ངེས་ཞེས་སེམས་ལ་ཤར་ཏོ།།
སྔ་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་འགས་བོད་འདིར་གཅིག་མེད་གཉིས་མེད་གསུམ་མེད་བཞི་མེད་སོགས་གྲུབ་མཐའི་ཕྱོགས་ཞེན་དབང་གིས་བོད་ཁམས་འདི་ཆབ་དཔལ་རིག་གསུམ་གང་ཡང་མེད་པའི་མེད་མཐའ་ལ་བཞག་ཅང་་་དེང་སྐབས་དེ་ལས་ལྡོག་སྟེ་མེད་མཐའ་ལས་གྲོལ་ཞིང་ཡོད་མཐའ་ཇེ་གསལ་དུ་འགྲོ་བཞིན་པའི་དུས་སྐབས་འདིར་ད་དུང་འགའ་ཞིག་ལོང་བ་གླང་འཇུག་གི་དཔེ་ལྟར་མི་རྨོངས་པར་དོན་དངོས་ལ་ཁ་ཕྱོགས་ན་དུས་རབས་འདིའི་མི་བུ་ཞིག་ཆགས་པར་ངེས།་་དེ་མིན་དེང་སྐབས་ཀུན་གྱིས་ཁ་དབྱངས་སུ་གྱེར་བའི་རིས་མེད་ཅེས་པའི་ཚིག་ལྡོག་འདི་ཅི་འདྲའི་སྙན་པ་ལ་་་་་་་་་གཟིགས་དང་་ཧ་ཧ་་་་་
ཆོས་ལུགས་དང་ཆོལ་ཁ་མཐུན་སྒྲིལ་དགོས་པ་གལ་ཆེན་ཡིན་པས་དེ་དག་ཕན་ཚུན་གུས་བརྩི་བྱེད་དགོས་པ་དངོས་བདེན་རེད། འོན་ཀྱང་ང་ཚོས་བོད་པ་ཚོས་ཆོས་རྒྱུད་སོ་སོས་རང་རང་གི་བླ་ཆེན་ཚོར་ཆེ་བསྟོད་བྱེད་སྐབས་རང་རང་གི་ཆོས་ལུགས་ལ་ཞེན་ལྐུགས་ཀྱིས་ཧ་ཅང་གི་ཚད་ལས་བརྒལ་བའི་སྒྲོ་བཏགས་ཀྱིས་ཡོན་ཏན་བརྗོད་ཁུལ་བྱེད་བཞིན་པ་འདི་དག་ནི་ཆོ་མེད་དང་དགོད་བྲོ་བ་ཞིག་ཏུ་མཐོང་། རན་ཚད་གཅིག་དང་དཔེ་ཚད་ཅིག་དོན་དངོས་དང་མཐུན་པ་ཞིག་བཤད་ན་མི་འགྲིག་པ་ཅི་ཞིག་ཡོད་དམ། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བསྒྲུབས་ཟེར་བའི་གནའ་བོའི་བོད་ཀྱི་གཏམ་དཔེ་ཞིག་ཀྱང་ཡོད། ཆོས་ལུགས་གཅིག་ལ་ཞུས་པ་མིན་པ་བོད་ཀྱི་ཆོས་རྒྱུད་ཚང་མ་དེ་རང་ཐོག་གནས་ཡོད། ཆོས་རྒྱུད་སོ་སོའི་བླ་ཆེན་རྣམས་གོང་དུ་ཆེ་བསྟོད་བྱས་པ་བཞིན་གདོད་མ་ནས་ཀ་དག་ཆོས་སྐུ་འམ་བོན་སྐུའི་དབྱིངས་སུ་གཤེགས་ཟིན་ཀྱང་མ་དག་འཇིག་རྟེན་གྱི་ཁམས་འདིར་གདུལ་བྱ་སེམས་ཅན་གྱི་དོན་དུ་གཟུགས་སྐུའི་བཀོད་པ་ཞིག་གིས་མཛད་འཕྲིན་གནང་བཞིན་པ་དོན་དངོས་ཡིན་ན་ས་ཐོབ་ཀྱི་སེམས་དཔའ་ཆེན་པོ་འམ་ཡང་ན་རྫོགས་པའི་སངས་རྒྱས་ཤིག་ལས་མ་འདས་པས་དེ་ལྟར་ན་བྱང་སེམས་ས་དང་པོ་བ་ཡན་ཆད་ལ་འཛམ་བུ་གླིང་ལ་དབང་བསྒྱུར་བའི་ནུས་པ་ཡོད་དགོས་པ་མདོ་རྒྱུད་ཀུན་ལས་གསུངས་པས་ཁོང་རྣམ་པ་ཚོ་ལའང་དེ་འདྲ་ནུས་པ་ཡོད་པ་གདོན་མི་ཟ་བས་ད་ལྟ་དགོས་པའི་དུས་སུ་རྒྱ་ནག་ཙམ་ལ་ཡང་དབང་བསྒྱུར་བྱས་མ་ཐུབ་པ་མགོ་བོར་ཆོས་ཞྭ་ཡིས་བཀབས་ཏེ་རང་ཡུལ་ཤོར་ནས་གཞན་ཡུལ་དུ་སྐྱབས་བཅོལ་དུ་ཚང་མ་ཁྱད་པ་མེད་པ་འཚང་ཀ་ཪུག་རུག་ཕེབས་དགོས་པར་དེ་ཅི་ཞིག་ལ་ཐུག་པ་ཡིན་ནམ། དེར་བརྟེན་ང་ཚོས་སྔོན་སྲོལ་ལྟར་རྨོངས་དད་ཀྱི་འཆིང་རྒྱ་ལས་གྲོལ་ནས་དོན་དངོས་དང་མཐུན་པའི་ཆེ་བསྟོད་བྱེད་ན་ནང་བསྟན་ཆོ་མེད་དུ་མི་འགྲོ་བ་དང་དངོས་ཡོད་ཀྱི་རིན་ཐང་ཞིག་མུ་གནས་ཡོང་རྒྱུར་དགེ་མཚན་ཆེ་བ་མཐོང་། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བཞག་དགོས་པ་གོ་དགོས་པ་ལས་གོང་དུ་ཟིན་བྲིས་པས་བཤད་པ་ལྟར་དོན་དངོས་ཡིན་མདོག་མདོག་ཀྱིས་རྩོམ་འབྲི་དེ་ལྟར་བྱས་པ་རྣམས་སྙིང་པོ་མི་འདུག་ཅེས་བཤད་འདོད་པ་ཡིན། ཁ་སྡིག་ཆེ་ཡང་གོ་རྒྱུ་ཕྲན་བུ་ཡོད།
མུན་འཇོམས་ལགས་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་བོད་འདི་མི་ཆེན་བླ་ཆེན་འགའ་ཡི་དབང་བརྒྱུར་འོག་མ་ཚུད་པའི་དམངས་གཙོའི་དུས་རབས་ས་ཞིག་གང་གི་དུས་ལ་ཡོད་ཧཧཧཧཧཧཧད་དུང་དམངས་གཙོ་ག་རེའི་དམངས་གཙོ་གཞོན་ནུ་ཚོགས་པ་དང་གང་ཟག་སྒེར་པ་ཁ་ཤས་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལྟོས་དང
བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་བོན་ཅན། ཁྱེད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་འཇོག་རུང་སྟེ། ཁྱེད་ཀྱིས་རང་ལ་ལྟོས་ཏེ་སངས་རྒྱས་ཀྱི་མཛད་པ་ལྷག་མེད་དུ་མཛད་པའི་ཕྱིར།
སྙན་དངགས་ཀྱི་ཕུལ་བྱུང་གི་ཉམས་དང་རབ་བཏགས་ཀྱི་ཉམས་སོགས་ཆེས་འུར་བསྟོད་དང་འབྲེལ་བ་དེ་དག་སྙན་དངགས་ཀྱི་རོལ་མྱོང་ཞིག་རེད། སྤྱིར་སྙན་ངག་ནི་འུར་བསྟོད་ཆེ་བ་དང་སེམས་མེད་ལ་སེམས་ལྡན་གྱི་སྒྲོ་བཏགས་པ་སོགས་ཚིག་གི་སྦྱོར་བ་ཁྱད་འཕགས་ཤིག་ཡིན་པས་རྗེ་ཙོང་ཁ་བས་རིན་པོ་ཆེ་གསུམ་གྱི་ཡ་གྱལ་དུ་བགྲངས་ཡོད། ཚངས་བའི་སྲས་མོ་ལ་མཛེས་པ་མ་ལུས་གཅིག་བསྡུས་འདྲ་ལྟ་བུ་སེམས་པའི་འདུ་ཤེས་དང་ཚོར་བ་ལ་ངེས་བཟུང་མེད་པས་སེམས་ཀྱི་ཉམས་སྣང་ལ་སྦྱར་བ་དོན་ལ་འགལ་ཡང་སྙན་དངགས་ལ་འགལ་བ་གང་ཡང་ཡོད་པ་མ་རེད། ཤེས་བྱ་ཐམས་ཅད་ལེབ་ལེབ་ཅིག་ཏུ་མ་བསམ་རོགས།
ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེད་ཀྱིས་བཀོད་གནང་བའི་མཆན་༣༣་དེར་གསལ་བ་ལྟར་བྱས་ན། དཔལ་ལྡན་འབྲས་སྤུངས་དགོན་པར་སློབ་གཉེར་གནང་མྱོང་མཁན་བོན་གྱི་དགོན་པ་ཞིག་གི་གྲྭ་པ་ཡིན་པ་མཁས་དབང་ཐུབ་བསྟན་མཆོག་གྲུབ་ཞུ་བ་དེ། ཁམས་ནག་ཆུ་ཁ་ནས་ཡིན་པ་འདྲ། ཁོང་ཆུང་དུས་མི་རྣམས་ཀྱིས་གད་མོ་གྲྭ་ཆུང་ཟེར་འབོད་སྲོལ་ཡོད་པ་ཤོད། མཁས་དབང་ཁོང་ཧིན་སྐད་དམ་ཡང་ན་སམ་ཀྲི་ཏའི་སྐད་ནས་་་དབང་ཕྱུག་ནག་པོའི་རྒྱུད་་་བོད་སྐད་ཐོག་ཕབས་བསྒྱུར་གནང་མཁན་ཐོག་མ་དེ་ཡིན་པ་གོ་མྱོང། དུས་རྒྱུན་ཁོང་སློབ་དཔོན་གྱི་ཕྱག་ལས་གནང་ནས་བཞུགས་ཀྱི་ཡོད་པ་འདྲ། དོན་གྱི་མཁས་པ་ཞིག་ཡིན་པར་ངེས། །
མཆན་༣༥་བ་ལོག་སྨྲ་ཚར་གཅོད་ལ་རྒྱབ་སྐྱོར་ཡོད་དོན་དངོས་དང་མཐུན་པ་མ་ཟད་ད་ནི་ང་ཚོའི་ངེས་པར་དུ་དེའི་ཐད་ལ་འགྱུར་བ་གཏོང་དགོས། གལ་སྲིད་ང་ཚོ་བོད་པ་ཚང་ལ་དངོས་གནས་བོད་རང་བཙན་འམ་ཡང་ན་རང་སྲིད་རང་སྐྱོང་གང་ཡང་རུང་བ་ཞིག་དགོས་ན། དེའི་ཕྱོགས་ལ་གང་འདྲ་བྱས་ནས་ལས་འགུལ་སྤེལ་དགོས་པའི་ཐད་ལ་བསམ་བློ་གཏོང་ནས་བྱ་སྦྱོད་སྤེལ་དགོས་མ་གཏོགས་ནམ་ཡང་ཆོས་ལུགས་གམ་དཀོན་མཆོག་གིས་ང་ཚོ་མི་སྐྱོབས་པ་ནི་མིག་མཐོང་ལག་ཟིན་རེད། དངོས་ཡོད་དང་སྲིད་དོན་ཕར་བཞག་ནས་བླ་མ་ལ་མཆོད་པ་བྱས་ལྷ་གསོས་ཆོས་བསྒྲུབ་ནས་མི་རབས་ནས་མི་རབས་ཕྱིན་པའི་གྲུབ་འབྲས་ད་ལྟ་ང་ཚོའི་རྒྱལ་ཁབ་ཤོར་ཡོད་པ་དེ་རེད། ཆོས་དང་སྲིད་གཉིས་ནི་ནམ་ཡང་མེ་ཆུ་ལྟ་བུ་ཡིན་པའི་མཐུན་ཐབས་མེད། རྨོངས་དད་མ་བྱེད་བོད་མི་ཚོ་རྨངས་བའི་འབྲས་བུ་རང་ཉིད་འཕུང། དངོས་ཡོད་བཤད་ན་ཁོང་ཁྲོ་མ་ལང་རོགས།
སོ་སོ་བླ་མ་ལ་དད་གུས་ངང་ནས་བསྟོད་ཚིག་དང་སྙན་ཚིག་ག་ཚད་འགོད་ན་དེ་ལ་དགག་ཆ་མེད། ཅི་ཕྱིར་ན། གཅིག་ནི་སྨྲ་བརྗོད་རང་དབང་ཟེར་རྒྱུ་བོ་དེ་གཅིག་རེད། ཆོས་ཕྱོགས་ནས་བཤད་ན་རང་ཉིད་བསོད་ནམས་གསོག་ཡུལ་ཡང་འགྲོ་ངེས་ཡིན། ཡོན་ཏན་སངས་རྒྱས་ཀུན་ན་མཉམ་ནའང་། བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། ཅེས་གསུངས་གསོལ་ཡོད་བཞིན་དེ་ལ་མོས་མཐུན་དག་གུས་བརྩིད་ཡོད། བྱས་དུས་རྒྱལ་བ་བོན་གྱི་བསྟན་བདག་སྨན་རི་ཁྲི་འཛིན་ལ་བོན་གྱི་ཆོས་རྒྱུད་འཛིན་བུ་སློབ་ཚོས་བསྔགས་བརྗོད་སྙན་ཚིག་སོགས་ཕུལ་བལའང་སྙིང་ནས་ཡི་རང་ཞུ་གིས་ཡོད། ལྷན་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་ཞུ།
ཁྱོད་ཚོས་འགྱུར་བ་ཅང་གཏོང་རོག། ལས་འབྲས་ལའང་འགྱུར་གཏོང་རོག་དེའང་ཀླད་རྙིང་དང་། རྨོང་དད་ཡིན་འགྲོ ཁྱོད་ཚོ་ནི་འཐག་ཆོད་ཐུབ་མཁན། རྨ
རྨོང་དད་དང་། མ་རྨོངས་པ་ཤན་འབྱེད་ཐུབ་མཁན་ཡིན་པ་འདྲ། དེ་ལྟར་ཞུ
བོད་ནང་དང་ཕྱི་ཡུལ་ཁག་གི་ནང་བོད་མི་ཆོས་དད་པ་ཚོས་བོད་ཀྱི་ཐོབ་ཐང་རྩོད་པ་མ་གཏོགས། ཆོས་ལ་མི་དད་པ་མཁན་ཚོས་བོད་མིའི་བདེ་སྡུག་གླེང་བ་གོ་མྱོང་ངམ། དཀོན་མཆོག་ལ་ཉེ་རིང་མེད་ལ་དཀོན་མཆོག་ལ་ཆགས་སྡང་མེད། དཀོན་མཆོག་གི་བྱམས་རྩེས་ང་ཚོ་བསྐྱབས་མྱོང་མེད་ཟེར་ན་དེ་ནི་ཁྱེད་ཀྱི་རྨོངས་སྐྱོན་དང་ལྐུགས་རྟགས་རེད། འགྲོ་བ་མི་རྣམས་དུས་རྟག་ཏུ་ཉོན་མོངས་དུག་གསུམ་དང་ཆགས་སྡང་གཞན་དབང་གི་ནང་དུ་འཚོ་བས་དཀོན་མཆོག་ལ་སྐུར་བ་འདེབས་ཅིང་རང་རྒྱལ་གཞན་ཕམ་ཁོ་ནའི་ནང་དུ་འཚོ་བ་ནི་དབང་ཆ་ལོག་པར་བེད་སྤྱོད་པའི་ཆབ་སྲིད་པ་དག་རེད། དེ་འདྲ་བ་ཞིག་ལ་བདེན་པ་ཟེར་བ་ཞིག་དང་ལས་འབྲས་ཀྱི་སྐད་ཆ་བཤད་ས་མེད། ང་ཚོས་བདེན་པ་བཤད་ནས་ཁ་གཏད་གཅོག་དཀའ་བར་མ་ཟད་དཀོན་མཆོག་དངོས་སུ་བྱོན་ཀྱང་བྱ་དཀའ་བ་ཞིག་རེད། ཡིན་ཡང་བདེན་པའི་དོན་དུ་སྲོག་བཏང་བ་ནི་དཀོན་མཆོག་གི་རྗེས་འཇུག་པ་ཡིན། དུས་བབས་གང་འདྲ་ཞིག་གི་ནང་བདེན་དོན་འཚོལ་བ་དང་བདེན་དོན་སྨྲ་བ་ནི་དཀོན་མཆོག་གི་བཀའ་དྲིན་བསམ་ཤེས་ཡིན། དཀོན་མཆོག་ཟེར་ན་ཡང་མཐར་ཐུག་ན་བདེན་དོན་ཞིག་ཡིན། རྫུན་དང་གཡོ་སྒྱུ་སོགས་རྟོག་པའི་འཆར་ཡན་མཐའ་དག་བསལ་ནས་མཐར་གཏུགས་པ་ན་དཀོན་མཆོག་གི་བདེན་དོན་མངོན་འགྱུར་བྱེད་པ་ཡིན། དཀོན་མཆོག་གིས་རང་གི་དགྲ་ལའང་རང་གི་བུ་ལྟར་བརྩེ་ཞིང་དེ་ལ་ཞི་བའི་བཀའ་མོལ་གནང་གི་ཡོད། བདེན་དོན་ནི་རང་གཞན་དང་དབུལ་ཕྱུག་དང་བཙན་གཉོམ་དང་མཁས་བླུན་ལ་དབྱེ་ཁྱད་མེད་པར་འཇིག་རྟེན་ཀུན་ལ་ཁྱབ་པ་དེ་ཡིན། དེ་ནི་སྤྱོད་འཇུག་ལས་གསུངས་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར་ཟེར་བ་དེ་རེད། རང་གི་རྐང་པར་ཚེར་མ་མི་ཟུག་པའི་ཆེད་དུ་ཀོ་བ་གཅིག་གཡོགས་ན་དེ་གས་འགྲིགས་པ་དང་ས་སྟེང་ཡོངས་རྫོགས་ཀོ་བས་གཡོགས་ན་དེ་སྙེད་ཅིག་ཀོ་བས་མི་ལང་པའི་དཔེ་ལྟར། ས་སྟེང་གི་དགྲ་བོ་ཡོད་ཚད་རྩ་མེད་གཏོང་དགོས་ན་སྔོན་ལ་རང་རྒྱུད་ཀྱི་དགྲ་བོ་ཞེ་སྡང་གཅིག་བུ་དེ་འཐུལ་ན་དེ་དག་ཐམས་ཅད་འཐུལ་བ་དང་གཅིག་མཚུངས་ཡིན། དེ་མིན་རང་གི་ལས་ངན་བསགས་པའི་ལན་ངན་དགྲ་བོ་མང་ནས་མང་དུ་འགྲོ་བ་ལས་དགྲ་བོ་རྩ་མེད་གཏོང་མི་ཐུབ། འདི་ནི་དཀོན་མཆོག་གི་བསླབ་བྱ་ཡིན། འདི་ན་དཀོན་མཆོག་གི་ལམ་སྟོན་ཡིན།
དེ་ནི་སྤྱོད་འཇུག་ལས་གསུངས་པའི་འཇིག་རྟེན་ཀུན་ཁྱབ་ཀྱི་སེམས་ཁུར་ཟེར་བ་དེ་རེད། རང་གི་རྐང་པར་ཚེར་མ་མི་ཟུག་པའི་ཆེད་དུ་ཀོ་བ་གཅིག་གཡོགས་ན་དེ་གས་འགྲིགས་པ་དང་ས་སྟེང་ཡོངས་རྫོགས་ཀོ་བས་གཡོགས་ན་དེ་སྙེད་ཅིག་ཀོ་བས་མི་ལང་པའི་དཔེ་ལྟར། ས་སྟེང་གི་དགྲ་བོ་ཡོད་ཚད་རྩ་མེད་གཏོང་དགོས་ན་སྔོན་ལ་རང་རྒྱུད་ཀྱི་དགྲ་བོ་ཞེ་སྡང་གཅིག་བུ་དེ་འཐུལ་ན་དེ་དག་ཐམས་ཅད་འཐུལ་བ་དང་གཅིག་མཚུངས་ཡིན། དེ་མིན་རང་གི་ལས་ངན་བསགས་པའི་ལན་ངན་དགྲ་བོ་མང་ནས་མང་དུ་འགྲོ་བ་ལས་དགྲ་བོ་རྩ་མེད་གཏོང་མི་ཐུབ། འདི་ནི་དཀོན་མཆོག་གི་བསླབ་བྱ་ཡིན། འདི་ན་དཀོན་མཆོག་གི་ལམ་སྟོན་ཡིན། ཟེར།
ཡོན་ཏན་སངས་རྒྱས་ཀུན་༼ན་༽དང་མཉམ་ནའང་། བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པའི་མགོན། ཅེས་གསུངས་གསོལ་ཡོད་བཞིན་དེ་ལ་མོས་མཐུན་དག་གུས་༼བརྩིད་༽རྩི་ཡོད། ཟེར།
ཆོས་དང་སྲིད་གཉིས་ནི་ནམ་ཡང་མེ་ཆུ་ལྟ་བུ་ཡིན་པའི་མཐུན་ཐབས་མེད། རྨོངས་དད་མ་བྱེད་བོད་མི་ཚོ་རྨངས་བའི་འབྲས་བུ་རང་ཉིད་འཕུང། དངོས་ཡོད་བཤད་ན་ཁོང་ཁྲོ་མ་ལང་རོགས། ཟེར།
༣༥༽ ལོག་སྨྲ་ཚར་གཅོད་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༠ གི་ཆུ་ཚོད་ ༡༠ སྐར་མ་ ༣༣
ཆོས་ལུགས་དང་ཆོལ་ཁ་མཐུན་སྒྲིལ་དགོས་པ་གལ་ཆེན་ཡིན་པས་དེ་དག་ཕན་ཚུན་གུས་བརྩི་བྱེད་དགོས་པ་དངོས་བདེན་རེད། ཟེར།
༣༩༽ BONPO ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༡༡ གི་ཆུ་ཚོད་ ༩ སྐར་མ་ ༢༣
ཞང་ཞུང་པ་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ་་་་ཟེར།
༧༽ གཉིས་མེད་སེངྒེ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༩ གི་ཆུ་ཚོད་ ༡༡ སྐར་མ་ ༣༥
ཆོས་ལུགས་རིས་མེད་ནི་རྡོག་རྩ་གཅིག་སྒྲིལ་གྱི་རྨང་གཞི་གལ་ཆེན་ཞིག་ཡིན་སྟབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་ཕྱོགས་དེར་ཡི་རངས་ཞུ།
བོན་པོ་ལེགས། མཁས་དབང་ཐུབ་བསྟན་མཆོག་གྲུབ་མཆོག་ཁམས་ནག་ཆུ་ཁ་ན་ཡིན་པ་དང་། ངོ་སྤྲོད་ཕྲན་བུ་བཅས་བསྐུར་པར་བཀའ་དྲིན་ཆེ། ཁོང་གི་དྲན་རྟེན་ཆེད་ཕྲན་བུ་བྲིས་པ་ལགས། ཁོང་དང་གཞན་བོད་མི་བཅུ་གྲངས་ལྷག་ལ་བདག་གིས་དང་པོ་ལེགས་སྦྱར་སྐད་སློབ་ངོ་སྤྲོད་བྱས་པས། རྗེས་སུ་བདག་ལ་གུས་བཀུར་མཛད་པ་དྲན། ཝཱ་ཎ་ལེགས་སྦྱར་འཐོན་ནས་པཅ་མ་ཌྷི་ཞེས་པར་རྒྱ་གར་དམག་མིར་བོད་སྐད་སློབ་པར་ཕེབས། དེ་ནས་སླར་ཝཱ་ཎ་ལེགས་སྦྱར་གྱི་སློབ་གྲྭ་ཆེན་མོར་སངས་རྒྱས་པའི་སློབ་དཔོན་ཆེན་པོའི་གོ་གནས་སུ་ལོ་ཁ་ཤས་ནང་པའི་གཞུང་ཆེན་དག་གི་སློབ་ཁྲིད་མཛད། དེ་ནས་སྐུ་གཤེགས་རྗེས་རང་གི་ཟླ་གྲོགས་མོས་ཁོང་ངའི་བླ་མ་བླ་མ་ཡིན་ཞེས་བཤད་པ་ཐོས། ཁོང་རྣམས་ལ་བུ་མོ་ཞིག་ཡོད་པ་ཅོ་ཀོ་སོ་ལི་ཡ་པ་ཞིག་དང་ཟླ་གྲོགས་བྱས་པ་ཁོང་སྐུ་གཤེགས་ཀར་སླེབས་ཐུབ་མེད་པ་ཐོས།
ཁོང་དང་ལེགས་སྦྱར་སློབ་དཔོན་ཏྲི་པ་ཊྷཱི་གཉིས་ཀྱིས། ༧གོང་ས་མཆོག་གི་བློ་གསལ་མིག་འབྱེད་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྣམ་པར་རིག་པ་ཙམ་དུ་གྲུབ་པ་ཉི་ཤུ་པ་དང་སུམ་ཅུ་པའི་ཚིག་ལེའུར་བྱས་པ་བོད་སྐད་ནས་ཧིནྡ་སྐད་དུ་བསྒྱུར། རྒྱ་གར་སྐད་ནས། དབང་ཕྱུག་ནག་པོས་མཛད་པའི་གྲངས་ཅན་གྱི་ཚིག་ལེའུར་བྱས་པ་དང་། ཁྱབ་འཇུག་སྦས་པས་མཛད་པའི་ཕན་པའི་མན་ངག་ཅེས་པ། རྒྱ་གར་སྐད་ནས། བོད་སྐད་དུ་བསྒྱུར། གྲངས་ཅན་པའི་ཚིག་ལེའུར་བྱས། ཞེས་པར་བདག་གིས་རྟོག་དཔྱོད་བྱས་པ་དང་དེ་ལ་ཁོང་གི་ལན་རྒྱབ་པ་བཅས། རྒྱ་གར་ལྡི་ལིའི་བོད་ཁང་ནས། ལོ་བཅུ་གྲངས་་ལྷག་སྔོན་དུ། ཟ་མ་ཏོག ཅེས་པའི་དུས་དེབ་ཏུ་སྤར། གཞན་ཡང་ཁོང་གིས་རྒྱ་གར་གྱི་ལོ་རྒྱུས་རྒྱས་པ་ཞིག་བོད་སྐད་དུ་བྲིས་པ་རྒྱ་གར་ལྡི་ལིའི་བོད་ཁང་ནས་སྤར་པ་ལགས་སོ།།
ཏི་སི་ཞེས་པའི་སི་དེའི་གོ་དོན་གང་ཡིན་ནམ་་་་གངས་རིན་པོ་ཆེ་ལ་ནི་ཏི་སེ་ཞེས་འབོད་ལ་་་དེ་ཡི་གོ་དོན་ནི་བོན་པོ་ཚང་གིས་གནའ་བོའི་ཞང་སྐད་དུ་་་ཏི་ནི་བྱང་དང་་་སེ་ནི་ལྷ་སྟེ་་་་བྱང་གི་ལྷ་ཞེས་སུ་འགྲེལ་བཤད་གནང་སྲོལ་སྣང་་་་་་
རེད་ཡ་རང་དབང་རེད་དམངས་གཙོ་རེད་མུ་མཐུད་དུ་ཐོབ་རྒྱུ་དང་འགྲུབ་རྒྱུ་གང་ཡང་མེད་ན་ཡང་དཀོམ་མཆོག་ལ་ཡིད་ཆེས་བྱོས་ལྷ་ལ་སྐྱབས་སུ་སོང། དགྲ་བོ་ལ་བྱམས་བརྩེའི་སྐྱོངས་དཀོན་མཆོག་ལ་ཉེ་རིང་མེད་དེའི་རྗེས་སུ་ཁ་མིན་དོན་གྱི་འབྲང་ན་བོད་དོན་རྩོད་པའི་ཅི་ཞིག་བྱེད་རྒྱ་དམར་ལ་ཉེ་རིང་ཡོད་ཆགས་སྡང་ཡོད་རྒྱ་དམར་ལ་བོད་ས་དགོས་འདུག་སྤྲོད་ཅིག་སྙིང་རྗེ། ད་ཕྱིན་ཆད་ང་ཚོ་ཚང་མ་བྱ་བ་བྲལ་ནས་རི་ཁྲོད་དབེན་པའི་གནས་སུ་ཆས་འགྲོ། སྤྱིར་དམངས་གཙོ་དང་རང་དབང་ཟེར་བ་དེ་མི་དམངས་ལ་ཤེས་ཡོན་དང་གོ་རྟོགས་ཡོད་ན་གཟི་བརྗིད་ལྡན་པའི་ལམ་ལུགས་ཞིག་རེད། མ་རྟོགས་རང་དབང་དང་དམངས་གཙོའི་ལམ་ལུགས་ལ་བརྩི་འཇོག་མི་ཤེས་པའི་ལས་བྱེད་པ་དང་མི་རིགས་ཞིག་ལ་མི་མཛའ་བཟང་ངན་ཐམས་ཆད་རང་དབང་གིས་དབང་དུ་བྱས་ན་དེ་ནོར་བ་རེད། ་མཆན་༤༢ཏི་སི གལ་སྲིད་ལས་རྒྱུ་འབྲས་ཀྱི་དོན་གོ་ན་ལས་ཟེར་ན་བྱ་བ་གང་ཞིག་ལ་བྱ་སྦྱོད་སྤེལ་ནས་བྱ་བ་དེ་བྱེད་པ་འམ་དངོས་སུ་ལས་པ་ཡི་དོན། རྒྱུ་ཟེར་ན་བྱ་བ་བྱེད་པའི་རྒྱུ་དེ་ལ་ཟེར་དཔེར་ན་སྲིད་དོན་པ་ཡི་རྒྱལ་ཁབ་དང་མི་རིགས་གིས་ཆེད་དུ་དམག་དོན་འཐབ་འཁྲུག་བྱེད་པ། ཆོས་པ་རྣམས་ཀྱིས་ཆོས་ཡང་དག་པ་འགྲུབ་པའི་ཆེད་དུ་བྱ་བ་བྲལ་ནས་རི་ཁྲོད་འགྲིམ་པ་ཆོས་ཉན་པ་མན་ངག་ཞུ་བ་སོགས་ནི་ཆོས་ཡང་དག་པ་འགྲུབ་པའི་རྒྱུ། ནོར་སྲིད་པ་ཡི་ཚོང་ལས་འདྲ་མིན་སྣ་ཚོགས་བྱེད་པ་དང་ལས་དོན་འདྲ་མིན་བྱེད་པ་ནི་ཕྱུགས་པོའི་ལམ་དུ་སྐྱོད་པའི་རྒྱུ་སོགས། དམིགས་ཡུལ་མི་འདྲ་པ་ལ་རྒྱུ་མི་འདྲ་བ་རེ་ཡོད་དུས་དམིགས་ཡུལ་སྣ་ཚོགས་ལ་རྒྱུ་སྣ་ཚོགས་འབྱུང་སྲིད་པའི་རྒྱུ་གྲངས་ལས་འདས། འབྲས་བུ་ནི་རྒྱུ་གང་བྱས་པ་དེ་ཡི་གྲུབ་འབྲས་ཐོབ་པ་དེ་ལ་ཟེར། མ་གཏོགས་རང་གིས་རེ་བ་དང་དམིགས་ཡུལ་སོགས་ལྷ་ལ་བཅོས་ནས་གསོལ་བ་འདེབས་པ་དང་སྨོན་ལམ་རྒྱག་པ་ཙམ་ལ་ལས་རྒྱུ་འབྲས་ཟེར་གི་མེད། རྒྱུ་མེད་ན་འབྲས་བུ་གང་ནས་འབྱུང་དེར་བརྟེན་རྒྱུ་དང་བྱ་སྦྱོད་མི་དགོས་པའི་རེ་བ་ཐམས་ཆད་ལྷ་དང་སྨོན་ལམ་ལ་བཅོས་པ་རྣམས་ནི་རྨོངས་དད་པ་མིན་ན་སུ་རེད། ང་ཚོ་བོད་པ་ཚང་གིས་དམིགས་ཡུལ་དང་རྒྱུ་གཉིས་མི་མཚུངས་བའི་འབྲས་བུ་ཐོབ་མི་སྲིད། གལ་སྲིད་ང་ཚོ་བོད་པ་ཚང་ལ་བདེ་སྐྱིད་ཅིག་ཐོབ་དགོས་ན་དམིགས་ཡུལ་དང་རྒྱུ་མཐུན་དགོས་དེ་ནས་ལས་བྱེད་ན་འབྲས་བུ་ཐོབ་པ་ཆོས་ཉིད་རེད། ངེའི་བླ་མ་གཅིག་གམ་ཡང་ན་ཆོས་རྒྱུད་གཅིག་ལ་ཟེར་གི་མེད་སྤྱིར་ང་ཚོ་བོད་པ་ཚང་རྨོངས་དད་བྱེད་ཤེས་པ་ཙམ་ལས་དངོས་ཡོད་དང་ཞིབ་འཇུག་ལ་མི་དགའ་གི་ལོ་རྒྱུས་ལ་ཕྱིར་རྟོག་མི་བྱེད་གི། རྨོངས་དད་གླེན་འཛིན་ཆོས་ཀྱི་ཐ་མ་རེད། ནང་ཆོས་མི་ཤེས་ནང་པའི་གྲལ་དུ་ཞུག།
ཏི་ཆུ་དང་སེ་ལྷ་ལ་འཇུག་པ་ཞིག་ཐོས་ཀྱང་། དངོས་གནས་བྱས་ན། ཏི་ཞེས་པ་ཆུ་དང་། སེ་ཞེས་པ་འབྱུང་ཁུངས་ལ་བཞག་ན། འཚམས་པར་མཐོང་སྟེ། ཆུ་བོ་ཆེན་པོ་བཞི་གངས་རིན་པོ་ཆེ་ནས་འབྱུང་བ་མངོན་པ་མཛོད་ཀྱི་འགྲེལ་པ་ཞིག་ན། སྔར་གཞོན་པའི་དུས་ལ་བོད་དུ་བཀླགས་པ་དྲན་ནོ།།
སྨིན་རི་ཁྲི་འཛིན་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
ཏི་སེ་ལགས་གོང་གི་ཁ་བྱང་ལ་གཟིགས་ནས་མཆན་བྲིས་ན་་་་བླ་མའི་མཚན་འབྲི་སྐབས་ཏག་ཏག་མ་ནོར་བ་ཡོང་སྲིད་པ་རེད་དེ་མིན་སྨིན་རིའི་ཁྲི་འཛིན་ཟེར་བ་མ་རེད་སྨན་རིའི་ཁྲི་འཛིན་ཟེར་རེད་ཁོ་རེ་བུ་སྡུག་
ཞང་ཞུང་ཐུགས་ལ་མངའ་ཡང་ཞལ་ནས་དེ་ཙམ་མི་གསུངས་པར་མི་གནང་བའི་་ལ་དྭགས་བློ་བཟང་འཇམ་དཔལ་ལེགས། སྐུ་ཉིད་ནས་མཁས་དབང་ཐུབ་བསྟན་མཆོག་གྲུབ་མཆོག་གི་སྐོར་ལ་ངོ་སྤྲོད་ལེགས་པར་གནང་བར་བཀའ་དྲེན་ཆེ། ཁོང་གིས་མཛད་པའི་རྒྱ་གར་གྱི་ལོ་རྒྱུས་རྒྱས་པ་དེ་མ་འོངས་པར་གཏན་གཏན་ཀློག་གི་ཡིན། དེ་བཞིན་ཁོང་གིས་བསྒྱུར་དཔེ་དེ་ཚོ་ཡང་ཀློག་རྒྱུ་བྱུང་ན་བསམ་པ་ཡོད། ངས་གོ་བ་ལྟར་བྱས་ན་མཁས་དབང་ཁོང་གིས་དུས་རྒྱུན་པར་བོན་གྱི་ཞལ་འདོན་ཁག་ཆགས་གསུངས་ཀྱི་ཡོད་པ་ཐོས། དེ་ནི་དཔལ་ལྡན་འབྲས་སྤུངས་ཀྱི་དགེ་རྒན་ཚོས་ཀྱང་བོན་གྱི་ཞལ་འདོན་ཁག་མ་ཆགས་པར་འདོན་དགོས་པར་གསུངས་སྲོལ་ཡོད་པ་ཞིག་ཀྱང་ཐོས། དེ་རིང་ཁྱེད་ལ་ཞུ་འདོད་པ་ཞིག་ལ། མ་འོངས་པར་ལ་དྭགས་སུ་ཞང་ཞུང་གི་རིག་གནས་སླར་གསོ་ཡོང་བའི་རེ་བ་ཆེན་པོ་ཡོད། ལ་དྭགས་རང་གི་ཡུལ་སྐད་དང་ཡུལ་ལུགས་གོམས་གཤིས་རྣམས་ཁམས་གཙང་མར་རྒྱུན་གནས་ཡོང་བའི་སྨོན་འདུན་ཞུ། །