རྨོག་རུ་ཚང་ཤེས་རབ་རྡོ་རྗེ། (རྒྱལ་ས་ལྡི་ལི།)
—–(དཔྱད་བརྗོད་ཐུང་བུ་འདི་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་ཏེ་བགྲང་བྱ་༢༥ འཁོར་བར་ལེགས་སྐྱེས་སུ་ཕུལ་བ་དགེའོ།)
དཀའ་སྡུག་དང་སྙིང་སྟོབས་ཀྱི་དུས་སྐབས།
ཐོག་མར་སྤྱི་ལོ་༡༩༥༩ ལོར་དགྲ་བོ་རྒྱ་དམག་གིས་བོད་ཀྱི་རྒྱལ་ས་ལྷ་ས་བཙན་བཟུང་བྱས་ཏེ། ཕོ་བྲང་པོ་ཏཱ་ལ་དང་བཞུགས་སྒར་ནོར་བུ་གླིང་ཀ་སོགས་དྲག་ཆས་དམག་མིས་བསྐོར། བོད་ཀྱི་ཆབ་སྲིད་གནས་བབ་ནི་ཆེས་མཐའ་མཇུག་གི་ཤི་གསོན་ཐག་གཅོད་ལ་ཐུག་པའི་དུས་དེར། ༧གོང་ས་མཆོག་གིས་རང་ཉིད་ཀྱི་དཀའ་སྡུག་ལ་མ་འཛེམ་པར། སྙིང་སྟོབས་དང་སྤོབས་སེམས་ཆེན་པོས་མ་འོེངས་ཆབ་སྲིད་ཀྱི་ཐུགས་དགོངས་ཡངས་པོར་ཕྱེས་ཏེ། ཆབ་སྲིད་སྐྱབས་བཅོལ་དུ་ཕེབས་རྒྱུའི་ཐུགས་ཐག་གཙང་བཅད་གནང།
དུས་དེ་ནས་བཟུང་དཀའ་སྡུག་གི་ལོ་ཟླ་རིང་མོ་ཞིག་འདི་ལྟར་འགོ་བརྩམས་ཟིན། རིམ་བཞིན་ཞབས་ཐང་དང་། གཡག་ལ་བཅིབས་ཏེ་ཆབ་སྲིད་སྐྱབས་བཅོལ་དུ་ཕེབས་སྐབས། ལམ་བར་གྱི་ཉིན་མཚན་དག་ནི། ཆབ་སྲིད་ཀྱིས་གཉའ་བར་དེད་པའི་སེམས་ཁྲལ་དང་འགན་ཁྲི་སོགས་བསམ་གཞིགས་ཁྲི་ཕྲག་གི་ཐག་གཅོད་ཁྲོད། ཐུགས་ཀྱི་སྙིང་སྟོབས་ཆེ་བར་དགོངས་ཏེ་བོད་རང་བཙན་ཁྱབ་བསྒྲགས་བསྐྱར་དུ་གནང་ཡོད་ལ། དགྲ་བོ་རྒྱ་དམར་དང་། བོད་ཀྱི་ཁྱིམ་མཚོས་རྒྱལ་ཁབ་ཁག་ལ། ༧གོང་ས་མཆོག་གི་ཆབ་སྲིད་ལངས་ཕྱོགས་དང་། བོད་སྤྱིའི་ཆབ་སྲིད་གནས་བབ་ཀྱི་གོ་བརྡ་གསལ་པོ་སྤྲད་ཡོད། རྒྱ་དམར་གྱིས་བོད་བཅིངས་འགྲོལ་བཏང་པ་ཞེས་པའི་ཧམ་སེམས་དེ་ལ་ཡང་། ཡིག་ངག་གཉིས་ཐོག་ནས་རྒྱལ་སྤྱི་རང་བཞིན་ཅན་གྱི་ཆབ་སྲིད་བརྡ་ལན་གསལ་པོ་བཟོས་ཡོད།
དེ་མིན་བོད་སྤྱི་ཚོགས་ལ་མཚོན་ན་འགྱེལ་ས་ནས་བསྐྱར་དུ་ཡར་ལངས་ཏེ། བསྟན་སྲུང་དྭངས་བླང་དམག་མི་རྣམས་དཔའ་སྤོབས་ངང་བློ་སྒྲིག་འཛུགས་གསར་འཛུགས་ཀྱིས་དམག་སྦྱོང་དང་། ཆབ་སྲིད་ནང་མོལ་གནང་སའི་གསང་གནས་ཁག་གང་མང་ཞིག་རྒྱ་བསྐྱེད་གནང་ཐུབ་པ་བྱུང་ཡོད།
འདི་ནི་༧གོང་ས་ཏཱ་ལའི་བླ་མས་དཀའ་སྡུག་ལ་གདོང་ལེན་གྱིས། ཞུམ་མེད་སྙིང་སྟོབས་ཀྱི་བོད་བཙན་པོ་དཔུང་དམག་བསྐྱར་དུ་ཡར་ལངས་ཏེ། དཔའ་མཛངས་སྙིང་སྟོབས་ལྡན་པའི་ངང་ནས་བོད་སྤྱི་ལ་བཀོད་འདོམས་ཅི་ནུས་ཀྱིས། སྲིད་འགན་ལེགས་པར་བཞེས་པའི་ལོ་རྒྱུས་ཀྱི་ལེའུ་གསར་བ་ཞིག་བཞེངས་བསྐྲུན་གནང་བ་ཡིན།
སློབ་སྦྱོང་དང་འགྱུར་ལྡོག་གི་དུས་སྐབས།
དེ་ཡང་སྤྱི་ལོ་༡༩༥༩ ནི་བོད་མི་སྐྱབས་བཅོལ་དུ་ཡོང་སའི་རྒྱ་གར་རྒྱལ་ཁབ་ལ་མཚོན་ན་ཡང་། རང་བཙན་བསྐྱར་གསོ་ཐུབ་ནས་ལོ་ངོ་གཉིས་ཙམ་ལས་འགྲོ་མེད་པས། སློབ་གསོ་དང་། འགྲིམ་འགྲིལ། འཕྲུལ་རིགས། ཚན་རྩལ་སོགས། མདོར་ན་ཆབ་དཔལ་རིག་གསུམ་གང་གིས་ཆ་ནས་ཀྱང་། གསར་བ་ཞིག་འགོ་བརྩམས་མ་ཐག་ཡིན་ལ། མི་སེར་སྟོང་ཕྲག་མང་པོའི་ལྟོ་ཆས་ཡང་ཅི་བྱ་གཏོད་མེད་ཀྱི་གནས་སུ་ལྷོང་ཡོད།
འདི་འདྲིའི་ཉག་ཕྲ་བའི་དུས་སྐབས་ཤིག་ལ། ༧གོང་ས་ཏཱ་ལའི་བླ་མས་འཛམ་གླིང་སྤྱིའི་ཆབ་དཔལ་རིག་གསུམ་ལ་སློབ་གཉེར་གནང་ཞོར། བོད་མི་སྐྱབས་བཅོལ་བ་དག་ཡུན་བརྟན་གནས་སའི་ས་ཆ་ཞིག་དགོས་པ་མ་ཟད། དེང་རབས་ཀྱི་འགྱུར་འགྲོས་དང་མཐུན་པའི་སློབ་གསོ་ཞིག་ཀྱང་ངེས་པར་དགོས་པ་སོགས་ཀྱི་ཐུགས་དགོངས་ཟབ་མོ་བཞེས་ཏེ། སྲིད་བློན་ཎེ་རོ་དང་ལྷན་དུ་ཆབ་སྲིད་གྲོས་མོལ་བརྒྱུད། བཙན་བྱོལ་བོད་གཞུང་མ་སུ་རིར་གཏན་འཁེལ་བ་དང་། ཤར་ལྷོ་ནུབ་བྱང་གི་གཞིས་ཆགས་ཁག་ཚང་མ་གཏན་སྡོད་ཀྱི་འཆར་འགོད་གནང་སྟེ། རྒྱ་གར་གཞུང་གི་བཀའ་འཁྲོལ་ལྟར་ཁང་བ་གསར་རྒྱག་དང་། འགྲིམ་འགྲིལ་ལམ་ཁ་སོགས་བོད་མི་རང་ཉིད་ནས་གསར་བསྐྲུན་གནང་ཡོད་པ་རེད།
དེ་བས་ཀྱང་གལ་ཆེ་བ་ནི། བོད་རང་གི་ཡུལ་གོམས་གཤིས་ལུགས་ལྟར་རིག་གཞུང་མ་ལག་ཁག་ལ་བསླབ་པ་སློབ་གཉེར་གནང་སའི་ཤེས་ཡོན་ལྟེ་གནས། བོད་ཕྲུག་ཁྱིམ་སྡེ་གཙོས་བཙན་བྱོལ་གྱི་སློབ་གྲྭ་ཁག་རིམ་བཞིན་དབུ་འཛུགས་ཀྱིས། དེང་རབས་ཀྱི་འགྲོས་དང་མཐུན་པའི་ཤེས་ཡོན་སློབ་གསོའི་ཐད་གང་ཐུབ་ཅི་ཐུབ་ཀྱིས་ལམ་སྟོན་གང་ལེགས་གནང་ཡོད་པ་རེད།
དཔེར་ན། བོད་སྐད་བོད་ཡིག་ཤེས་པ་ནས་ཧིན་རྡི་དང་དབྱིན་སྐད་སྨྲ་མཁན་དུ་གྱུར་བ། དེ་ནས་རིམ་བཞིན་ཚན་རིག་ལག་རྩལ་ཐོག་ནུབ་གླིང་གི་རིག་གཞུང་སྟི་གནས་ཁག་ནང་སློབ་སྦྱོང་གི་སྐལ་བཟང་ཐོབ་པ།
མདོར་ན།དུས་སྐབས་འདིར་༧གོང་ས་ཏཱ་ལའི་བླ་མའི་དགོངས་བཞེས་འོག་བཙན་བྱོལ་བོད་མི་རེ་རེ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། འགྱུར་ལྡོག་དེ་ཡང་སློབ་སྦྱོང་དང་འབྲེལ་པའི་བཟང་ཕྱོགས་ཀྱི་འཕོ་འགྱུར་ཞིག་ཡིན་ནོ།
སྙན་གྲགས་དང་རྒྱལ་ཁའི་དུས་སྐབས།
དེ་ཡང་ལྷ་མོ་དོན་འགྲུབ་ཞེས་པའི་ཆེས་སྤྱིར་བཏང་གི་བྱིས་པ་ཞིག ༧གོང་ས་ཏཱ་ལའི་བླ་མ་བཅུ་པ་གསུམ་ཆེན་པོའི་ཡང་སྲིད་དུ་ངོས་འཛིིན་གྱིས། སྟག་མཚེར་སྡེ་བ་ནས་ལམ་ལ་ཆས་དེ་སྐུ་འབུམ་བྱམས་པ་དགོན་དུ་རབས་བྱུང་གི་སྡོམ་པ་བཞེས། རིམ་བཞིན་བོད་ཀྱི་རྒྱལ་ས་ལྷ་སར་གསེར་ཁྲི་མངའ་གསོལ་གནང་། སྐབས་དེར་བོད་ལ་འབྲེལ་འདྲིས་ཡོད་པའི་རྒྱལ་ཁབ་ཅིག་གིས་མ་གཏོགས། བོད་ཞེས་པ་དེ་ངོ་མི་ཤེས་ལ། ཏཱ་ལའི་བླ་མ་ཞེས་པ་དེ་ཡང་ངོ་མི་ཤེས།
ལྷན་སྐྱེས་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ལྡན་པའི་བྱིས་པ་ལྷ་མོ་དོན་འགྲུབ་ཀྱིས། བོད་ཀྱི་རིག་གནས་མ་ལག་ཁག་ལ་སློབ་སྦྱོང་དང་། ལྷག་པར་དུ་ནང་བསྟན་རིག་གནས་ལ་བསླབ་པ་མཐར་སོན་ཏེ་དགོང་ལོ་༢༦ སྟེང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བླངས། རིམ་བཞིན་སློབ་ཞོར་དང་སྦྱང་ཞོར་གྱིས། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་ནས། འཛམ་གླིང་ཞི་བདེ་དེད་དཔོན་ཞེས་འཛམ་གླིང་མི་དམངས་གི་ཆེ་མཐོང་དང་གུས་བརྩི་ཆེན་པོ་ཐོབ་ཡོད།
དེ་བས། ད་ལྟ་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་འཛམ་གླིང་གི་ཡུལ་གྲུ་སོ་སོའི་ལོ་རྒྱུས་གླེགས་བམ་ནང་། གསུབ་ཐུབ་མེད་པའི་བྱོས་རྗེས་རླབས་ཆེ་གྱི་རྒྱལ་སྤྱིའི་དབུ་ཁྲིད་ཞིག་ལ་ངོས་འཛིན་གནང་གིན་ཡོད་ལ། འཛམ་གླིང་ཁྱོན་ཡོངས་ཀྱི་བསམ་བློའི་དབུ་ཁྲིད་ཁྲོད་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་རླབས་ཆེན་ཞིག་ཀྱང་ཆགས་ཡོད།
དེ་མིན་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་མཐུན་སྒྲིལ་དམ་ཚིག་གི་དཔུང་པ་མཉམ་ཞིབ་ཀྱིས། བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་ཐུབ་པ་བྱུང་བ་ནི། ཏཱ་ལའི་བླ་མས་དབུ་ཁྲིད་པའི་བོད་མི་རིགས་ཀྱི་གཟི་བརྗིད་དང་རྒྱལ་ཁ་ཡིན་ལ། འདི་ནི་ང་ཚོའི་ཉེ་རབས་ལོ་རྒྱུས་གླེགས་བམ་ཡིན།
ཕྲན་གྱིས་གླེགས་བམ་འདིར་༼༧གོང་ས་ཏཱ་ལའི་བླ་མའི་ཁྱིམ་གཞི་ཆེན་མོ༽ ཞེས་འབོད་བཞིན་ཡོད་ལ། ང་ཚོ་བོད་མི་ས་ཡ་དྲུག་པོ་རེ་རེའིོ་བཞིན་གླེགས་བམ་འདིས་ཆ་ཤས་བླངས་ཡོད་པས། བཙན་བྱོལ་གྱི་ཚོགས་པ་སྒྲིག་འཛུགས་ག་གེ་མོ་དང་ཡང་ན། ཆབ་སྲིད་མགོ་བདེ་བ་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་བོད་སྤྱི་བའི་འཐབ་རྩོད་ལ་བློ་ཕམ་མ་གནང་བར། མུ་མཐུད་མཐུན་སྒྲིལ་དམ་ཚིག་གི་ལག་རྡང་མཉམ་སྦྲེལ་ཐོག་བོད་དོན་བདེན་མཐའ་སེལ་བར་ནུས་ཤུགས་མཉམ་སྤུངས་བྱེད་རོགས་ཞེས་ཕྲན་གྱི་བརྗོད་དོན་ལེའུ་རེ་ཞིག་འདིར་མཇུག་བསྡུ་བར་བྱའོ།
རྨོག་རུ་ཚང་གི་བུ་རྒོད་ཀྱིས་ད་ཐེངས་ཚིག་ཉུང་དོན་ཟབ་ཀྱི་དཔྱད་བརྗོད་ལེགས་པོ་ཞིག་སྤེལ་འདུག
རྨོག་རུ་བསྟན་པ་ལས་ཆབ་སྲིད་ཀྱི་ཤེས་ཡོན་ཁྱོད་ལ་འདུག ཁྱོད་གཉིས་ཀྱི་གོ་ས་བརྗེ་བོ་རྒྱབ་ན་ཏག་ཏག་རེད།
ཁྱོད་ཀྱི་དཔྱད་བརྗོད་འབྲི་སྟངས་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག
མུ་མཐུད་དང་ལེགས་པོ་ཡོངས་རྒྱུ་ཉག་ཅིག་རེད།
གསར་བུ་ལོ་ཆུང་ཤེས་ཡོན་སྣ་འཛོམས། ངོ་མ་རྒྱབ་སྐྱོར་ཡོད།
ཁོ་རེ་ཤེས་རབ་རྡོ་རྗེ། ད་ཡིན་ན་ཡག་པོ་བྲིས་བྱ། ཁྱེད་རང་གི་མང་པོ་བྲིས་བ་ཡིན་ན་ལེགས་པོ་འདུག
སྔོན་མ་ང་ཚོ་སློབ་གྲྭ་ནང་ལ་ཡོད་དུས། རྒྱ་བོད་དབྱིན་གསུམ་ཚང་མ་ལེགས་པོ་མཁྱེད་མཁན་ཁྱེད་གཅིག་པོ་མ་གཏོགས་མེད། རིག་གནས་ཡོད་པ་དེ་ཚོ་འཕྲོ་བརླག་མ་གནང་རོགས།
ད་ལྟ་ང་ཧྤ་རན་སི་ནང་ཡོད། འདིར་འབྲེལ་བ་གནང་རྒྱུ་མ་བརྗེད།
tibet.man@gmail.com
བཀྲ་ཤིས་བདེ་ལེགས།
དྭོགས་གཞི་ཅན་གྱི་དག་ཆ།
གླིང་ཀ་
ཁྱིམ་མཚོས་
བོད་བཅིངས་འགྲོལ་
ལེའུ་གསར་བ་
འགྲིམ་འགྲིལ།
འཕྲུལ་རིགས།
་ཅི་བྱ་གཏོད་མེད་ཀྱི་
གནས་སུ་ལྷོང་ཡོད།
། སྲིད་བློན་ཎེ་རོ་
ར་ཁང་བ་གསར་རྒྱག་དང་།
འགྲིམ་འགྲིལ་
༧གོང་ས་ཏཱ་ལའི་བླ་མ་བཅུ་པ་གསུམ་ཆེན་པོའི་ཡང་སྲིད་
དགོང་ལོ་༢༦ སྟེང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བླངས།
་བོད་སྤྱི་བའི་
རང་ལུགས་ནི།
གླིང་ཁའམ་། གླིང་ག
ཁྱིམ་མཚེས།
བོད་བཅིངས་གྲོལ་ ཡང་ན། ཆིང་གྲོལ། བཅིངས་བཀྲོལ།
ལེའུ་གསར་པ།
འགྲིམ་འགྲུལ།
འཕྲུལ་རིགས། འདིར་འཕྲུལ་རིག
་ཅི་བྱ་གཏོལ་མེད་ཀྱི་
གནས་སུ་ལྷུང་ཡོད།
། སྲིད་བློན་ཎེ་རུ
ར་ཁང་པ་གསར་རྒྱག་དང་།
༧གོང་ས་ཏཱ་ལའི་བླ་མ་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་
དགུང་ལོ་༼༢༤ ༽སྟེང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བླངས་༼བཞེས་༽
་བོད་སྤྱི་པའི་
གསར་བུ་འབྲི་སྟངས་ཡག་པོ་འདུག
ས་གང་ལ་སོང་སློོབ་ལ་བརྩོན་པའི་རེ་བ་ཆེན་པོ་ཡོད།
དེ་མིན་བཙན་བྱོལ་གྱི་ཆབ་སྲིད་མགོ་བདེ་དེ་ཚོ་ནང་འཛུལ་ན་གཟབ་གཟབ་བྱེད་དགོས།
མ་གཞི་ཤེས་ཡོན་པ་ཞིག་ཡོང་བར་རེ་བ་ཡོད།
འདིར་ཕྱོགས་དེབ་འདྲ་དགོས་ན། ང་འབྲེལ་བྱོས།
སྔོན་ཆད་ངོ་དེབ་ཀྱི་གྲོགས་མཆོག
དེའི་རྗེས་ཉལ་ཁྲི་ཡི་དགའ་ལོ།།
རྩོམ་འདི་ཐེངས་གཉིས་ལ་ཀློག་ཡིན།།
ད་ལྟ་སེམས་གཏམ་ཞིག་བཤད་འདོད།།
ཁྱོད་ཀྱི་སང་ག་ཕོར་ནང་བྲིས་པའི་བཤད་རྩོམ་དེ་ཚོ་འདིར་དྲ་གྲོགས་ལྷན་རྒྱས་ལ་གཟིགས་རྒྱུའི་གོ་སྐབས་ཕུལ་ན་ཡག་པོ་མཐོང་སོང་། གཞན་ཉིད་ཀྱི་སློབ་སྦྱོང་དྲང་ཕྱོགས་སུ་བེད་སྤྱོད་གཏོང་རྒྱུ་དཀའ་དྲིན་ཆེ།
ན་ཆུང་གསར་བུའི་སྣང་བ་མཁའ་ལ་ཉམས།།
སྟག་ཤར་གཞོན་ནུའི་སྤོབས་པ་སྤྲིན་ལ་རྒྱུན།།
རྨོག་རུ་ཕོ་བྲང་ངོ་སོ་དགུང་ལ་བསྟོད།།
རྨོག་རུ་ཚང་ནི་ཤེས་བྱའི་མཛོད་བདག་ཡིན།།