ས་རཱ་བོད་ཀྱི་མཐོ་སློབ་གཞོན་ནུ་རུ་ཁག་གིས་གོ་སྒྲིག་བྱས་པའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་བཞི་པ་འདི་ཕྱི་ལོ་༢༠༡༠ ཟླ་༧ ཚེས་༢༧ ནས་ཚེས་༣༠ ཉིན་དབར་ས་རཱ་མཐོ་སློབ་ཏུ་ཚོགས་ཡོད་པ་རེད། བགྲོ་གླེང་གི་བརྗོད་གཞི་ནི་༼ གོང་ས་མཆོག་གི་དགོངས་དོན་ལ་སློབ་སྦྱོང་བྱེད་པ།༽ ཞེས་པ་འདི་ཡིན་པ་དང། བརྗོད་གཞི་རྒྱ་ཆེན་པོ་འདི་ཡང་བརྗོད་གཞི་ཆུང་ཆུང་ལ་བགོས་ཏེ་ས་གནས་ཁག་བཅུ་གཅིག་ནས་ཕེབས་པའི་སྐུ་ཚབ་ཀྱིས་བགྲོ་གླེང་གནང་ཡོད་པ་རེད། བགྲོ་གླེང་གི་དབུ་འཛུགས་མཛད་སྒོའི་སྟེང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དགེ་བཤེས་བློ་བཟང་ཟླ་བ་ལགས། ས་རཱའི་དགེ་རྒན་བསོད་ནམས་རྒྱལ་མཚན་བཅས་ཕེབས་ཏེ་བཀའ་སློབ་གནང་ཡོད་པ་དང། ཉིན་རྒྱབ་ཏུ་སཾབྷོ་ཌའི་སྤྱི་ཁྱབ་འགན་འཛིན་རྒན་ཀརྨ་ཆུང་བདག་མཆོག་གིས་༼མིའི་རིགས་ཀྱི་སློབ་སྦྱོང་དང་༧གོང་ས་མཆོག་གི་དགོངས་དོན།༽ ཞེས་པའི་བརྗོད་གཞི་དང་རིགས་གཅིག་རྐང་འཛིན་ཉམས་ཞིབ་པ་ཨ་འབྲུག་དཀོན་མཆོག་གིས་༼༧གོང་ས་མཆོག་དང་བོད་མིའི་སྤྱི་ཚོགས་ཀྱི་བར་ཐག༽ ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྟེ་དྲི་བ་དྲི་ལན་ཡང་གནང་ཡོད་པ་རེད།
དེ་ནས་རིམ་བཞིན་ས་རཱ་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་རིན་ཐང་དང་དེང་རབས་ཤེས་ཡོན་གྱི་དགོས་མཁོའི་ཐད་ཀྱི་དགོངས་དོན།༽ དང་༼ཆོས་ཕྱོགས་ཀྱི་དགོངས་དོན།༽ ༼བུད་མེད་ཀྱི་འགན་འཁུར་དང་འབྲེལ་བའི་དགོངས་དོན།༽བཅས་དང། སྨན་རྩིས་ཁང་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼བོད་ཀྱི་གསོ་བ་རིག་པའི་ཐད་ཀྱི་དགོངས་དོན།༽ རྫོང་སར་བཤད་གྲྭའི་སྐུ་ཚབ་ཀྱིས་༼བཤད་གྲྭ་དང་སྒྲུབ་གྲྭ་ཁག་གི་ཐད་ཀྱི་ལམ་སྟོན་དགོངས་དོན།༽ བྷེང་ལོར་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼བོད་ཀྱི་སློབ་གྲྭའི་ཤེས་ཡོན་སློབ་གསོའི་སྐོར་གྱི་ལམ་སྟོན་དགོངས་དོན།༽ ཅིན་ནཡེ་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼ཁོར་ཡུག་སྐོར་གྱི་དགོངས་དོན།༽ ཀིརྟི་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼ཆོས་སྲིད་ཀྱི་འབྲེལ་བ་དང་དེ་ཉིད་ཟུང་འབྲེ་འོས་མིན་ཐད་ཀྱི་དགོངས་དོན།༽ བྷ་རོ་ཌ་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼བོད་རྒྱའི་འབྲེལ་ལམ་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་ཐད་ཀྱི་དགོངས་དོན།༽ ངྷིི་ལིའི་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼སྤྱི་ཚོགས་ཀྱི་ལམ་ལུགས་སྤྱི་དང་བྱེ་བྲག་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཐད་ཀྱི་དགོངས་དོན།༽ ཤེས་རབ་དགའ་ཚལ་སློབ་གླིང་གི་སྐུ་ཚབ་ཀྱིས་༼བོད་མི་སྤྱི་དང་བྱེ་བྲག་ལ་གནང་བའི་བཀའ་སློབ་དགོངས་དོན།༽ འབྲི་གུང་བཀའ་བརྒྱུད་མཐོ་སློབ་ཀྱི་སྐུ་ཚབ་ཀྱིས་༼འཚེ་མེད་ཞི་བའི་ལྟ་གྲུབ་དང་འབྲེལ་བའི་དགོངས་དོན།༽ རྡ་ས་རིགས་སློབ་ཀྱི་སྐུ་ཚབ་ཀྱིས་༼ཚན་རིག་པ་དང་ཉམས་མྱོང་སྤེལ་རེས་ཐད་ཀྱི་དགོངས་དོན།༽ ཞེས་པའི་བརྗོད་གཞིའི་ཐོག་ཏུ་བགྲོ་གླེང་ལྷུག་པར་གནངས་དང་གནང་བཞིན་འདུག སང་ཉིན་ཏེ་ཚེས་༣༠ ཉིན་བགྲོ་གླེང་དངོས་སུ་མཇུག་བསྡུ་རྒྱུ་རེད། གུས་པ་ཟུར་ཉན་པ་ཞིག་གི་ཚུལ་དུ་བགྲོ་གླེང་ལ་བཅར་ཡོད་པས་དྲ་གྲོགས་རྣམས་ལ་ཕན་རེ་ཡོད་པར་བསམ་སྟེ་བྲིས་པ་དགེ་ལེགས་འཕེལ།
ཚོགས་འདུ་ཚོགས་པ་ལེགས། ཡིན་ནའང་། སྤྲེལ་ལད་ལྟ་བུ་མིན་པར། ལེགས་ཉེས་ཚང་མ་ཤོད་ཐུབ་པ་དགོས། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དེ་དག་ལ་བརྡར་ཤ་གཅོད་ནས། ཚང་ཐིག་འདྲེན་ཐུབ་ན་ཤིན་དུ་ལེགས།
གལ་ཏེ་དེ་ལྟར་བྱེད་མ་ཐུབ་ན། སྤྲེལ་ལད་ལ་འགྲོ་འོ། ང་ལ་འདྲི་བ་གཅིག་ཡོད། རྒྱལ་བ་རིན་པོ་ཆེའི་དགོངས་པ་ཚང་མ་སྐྱོན་མེད་རེད་དམ། བརྡར་ཤ་གཅོད་རོགས།
འོ་ཡག་པོ་རེད། མཐོ་རིམ་སློབ་མ་ཚོས་རྐང་འགན་ཁུར་ནས་དོན་དག་གང་ཅིའི་ཐད་བགྲོ་གླེང་དང་བརྡར་ཤ་གཅོད་ཐུབ་ན། བོད་མི་རིགས་ལ་རེ་བ་ཆེན་པོ་ཡོད་རེད།
བགྲོ་གླེང་མཇུག་རྫོགས་ཚར་སོང། གུས་པར་ཕན་ཐོགས་ཆེན་པོ་བྱུང་སོང།
དེ་འདྲའི་ཚོགས་འདུ་ཚོགས་ཐུབ་པར་ང་ཚོའི་གཞོན་ནུ་ཚོར་ཕན་རླབས་ཤིན་ཏུ་ཆེན་པོ་ཡོད་པ་བརྗོད་མི་དགོས་ཞིང། སཱ་ར་མཐོ་སློབ་དགེ་སློབ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་རྒྱལ་ལོ།།
VARANASI???????
རྒྱུ་མཚན་གང་མང་ཞིག་ལ་བརྟེན་ནས་ཝ་ན་མཐོ་སློབ་ནས་སྐུ་ཚབ་སླེབས་མི་འདུག དེ་ལ་ཚང་མས་བློ་ཕམ་བྱས་སོང། རེད་ཡ། དེ་དང་གཅིག་མཚུངས་སུ་ནོར་གླིང་མཐོ་སློབ་དང། མེན་ལོར་མཐོ་སློབ་ཀྱི་སྐུ་ཚབ། མའེ་སོར་མཐོ་སློབ་ཀྱི་སྐུ་ཚབ། ཅན་རྡི་གར་མཐོ་སློབ་ཀྱི་སྐུ་ཚབ་བཅས་སླེབས་མི་འདུག དེ་འདྲ་ཞིག་རེད། ཚང་མར་རྒྱུ་མཚན་རེ་བགྲང་རྒྱུ་འདུག ང་རང་འདོད་པ་རྩ་བ་ཁེངས་མ་སོང། སློབ་ཆེན་པར་མིང་ཆད་ཅིག་ཡོད་ཡོད་པའི་སྒང་ལ། ཁོང་ཚོས་མིང་ཆད་དེའི་སྒང་ལ་ལྷན་པ་ལྟ་བུ་ཞིག་རྒྱབ་སོང།
བགྲོ་གླེང་འདི་ལྟ་བུ་ཨ་རིའི་ནང་དུ་ཚོགས་ཐུབ་ན་ངོ་མ་ཧྲ་གི ངས་བགྲོ་གླེང་འདི་ལྟ་བུ་ཨ་རིའི་ནང་ཚོགས་པའི་ཐུབ་པས་རེ་བ་རྒྱག་བཞིན་ཡོད་ལ་དེའི་ནང་ནས་ནེའུ་ཡོག་ནང་ཚོགས་ཐུབ་ན་བསམ་ཡོད།
ཱཨ་འབྲུག་ལགས་བཀའ་དྲིནཆེ། ཁྱེད་ཀྱིས་ས་རཱ་སློབ་གྲའ་ི་བསམ་བློའི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཐུབ་ཀྱི་ཡོད་པ་ངོ་མ་བཟང་གི། མུ་མཐུད་རོགས།