ཞིང་པའི་བུ།
སྤྱིར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བཀའ་ཟུར་བཀྲ་ཤིས་དབང་འདུད་གཉིས་ཆར་ལ་དེ་སྔོན་ཕན་ཆོད་ལོ་མང་རིང་བོད་སྤྱི་པའི་ཕྱག་ལས་རབས་དང་རིམ་པར་གནང་བ་ཙམ་མ་ཚད་འཛིན་སྐྱོང་གི་ཉམས་མྱོང་གི་ཆུ་ཚད་མཐོན་པོར་ཡོད་པ་དང་། དེ་བཞིན་དུ་མི་གཤིས་དང་ཀུན་སྤྱོད་སོགས་གང་ཅིའི་ཐད་དེ་སྔོན་ཕན་ཆད་ཟེར་རྒྱུ་གཏམ་རྒྱུ་གང་ཡང་མེད་པའི་འོས་མི་གཉིས་ཡིན་པར་ཡིད་ཆེས་ཡོད། དེ་བཞིན་དུ་དེང་སང་ཁོང་གཉིས་ལ་སྐྱོན་བརྗོད་མང་དག་གཅིག་བྱེད་ཀྱི་འདུག་ཀྱང་ཚང་མ་གཞི་མེད་སྐུར་འདེབས་རང་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།
འོན་ཀྱང་ཁོ་བོས་ནི་དབང་བརྟུལ་གཞན་ཟེར་རྗེས་བརྗོད་ཀྱིས་རྗེས་སུ་མ་མི་འབྲངས་པར་དབང་རྣོན་ཆོས་ཀྱིས་རྗེས་སུ་འབྲངས་ནས་རྟོག་དཔྱོད་ཞིབ་འཇུག་ཚད་ལྡན་ཚུལ་མཐུན་གཏིང་སླེབས་པ་ཞིག་བྱས་པའི་གྲུབ་དོན་དུ། གཤམ་གསལ་གྱི་གནད་དོན་འདི་དག་ཐོག་ནས་རང་ལ་དབང་བའི་འོས་གཅིག་ཡོད་པ་དེ་མཁས་དབང་བློ་བཟང་སེང་གེ་ལ་འབུལ་རྒྱུའི་ཆོད་སེམས་བརྟན་པོར་ཡོད།
༡༽ དེ་སྔོན་མང་ཚོགས་ཀྱིས་བཀའ་ཁྲི་སྐབས་གཉིས་པ་འདེམས་སྐབས་༧གོང་ས་མཆོག་གིས་ད་ལན་གྱི་བཀའ་ཁྲི་དེ་གཞོན་སྐྱེས་ནང་ནས་ཤེས་འཇོན་གཉིས་ལྡན་ཞིག་བྱུང་ན་བསམ་སོང་། ཞེས་བཀའ་གནང་བ་དེ་ཉིད་དང་།
༢༽ སྔ་མར་ཀོ་ལི་སྒར་རྫོགས་ཆེན་དགོན་ལྷ་ཁང་མཛད་སྒོའི་སྐབས་རྒས་པོ་རྒས་མོ་རྣམས་ཀྱིས་གཞས་དང་། དེ་ནས་ལོ་གཞོན་རྣམས་ཀྱིས་གཞས། དེ་ནས་བྱིས་པ་རྣམས་ཀྱིས་གཞས་བཏང་ཟིན་པའི་རྗེས་སུ་༧གོང་ས་མཆོག་གིས་བཀའ་སློབ་གསུངས་དོན། ད་མི་ཐོག་རྒན་པ་རྣམས་ཀྱིས་ལས་རིམ་འདྲ་པོ་དེ་རྫོགས་ནས་གཞོན་སྐྱེས་རྣམས་ཀྱི་འགོ་ཚུགས་ཡོད་པ་དང་། དེ་ནས་རིམ་བཞིན་བྱིས་པ་ཚོ་ནར་སོན་ནས་ང་ཚོའི་འཐབ་རྩོད་དེ་མི་ཐོག་གཅིག་གིས་འཐབ་རྩོད་མིན་པར་མི་རིགས་གཅིག་གིས་འཐབ་རྩོད་ཡིན་པས་དེ་རིང་དེ་འདྲ་ཞིག་རང་བཞིན་གྱིས་མཐོང་གི་འདུག་ལ་དེ་འདྲ་བྱས་ནས་མུ་མཐུད་དགོས་ཞེས་ ཐུགས་ཧ་ཅང་དགྱེས་པའི་ངང་གསུངས་པ་གཅིག་དྲན་སོས་ཀྱི་འདུག
༣༽ དེ་བཞིན་དུ་རྡ་ས་ནང་ཆོས་ངོ་སྤྲོད་སྐབས་སུའང་༧ཁོང་དང་ན་མཉམ་རྣམས་དུས་རབས་ཉི་ཤུ་པའི་ཁོངས་གཏོགས་ཡིན་པ་དང་། ནུས་པ་དང་འཇོན་ཐང་ཡོད་དོ་ལྕོགས་དུས་རབས་ཉི་ཤུ་པའི་ནང་བཏོན་ཟིན་པས་བྱུང་ནའང་འདྲ་མ་བྱུང་ནའང་དུས་ཚོད་ཕལ་ཆེར་རྫོགས་ཟིན་པ་ཡིན་། འདིར་འདུས་པའི་སློབ་ཕྲུག་རྣམས་དུས་རབས་ཉེར་གཅིག་པའི་ཁོངས་སུ་གཏོགས་ཤིང་ཁྱོད་ཚོས་ནུས་པ་དང་འཇོན་ཐང་ཡོད་ཚད་དུས་རབས་ཉེར་གཅིག་པའི་ནང་འདོན་པའི་དུས་ཡིན་པས་ཤུགས་བརྒྱག་དགོས་པའི་བཀའ་སློབ་གཅིག་ཀྱང་གནང་ཡོད་པ་ཞིག་དྲན་སོས་ཀྱིས་འདུག
ད་དུང་དེ་འདྲ་བའི་བཀའ་སློབ་མང་དག་གཅིག་ཡོད་ཀྱང་ཉན་ན་གཅིག་གིས་ཆོག་པ་དང་མ་ཉན་བརྒྱ་དང་སྟོང་གིས་ཀྱང་ཕན་པར་དཀའ་བས་འདིར་དྲངས་པའི་ངལ་བ་མ་བྱས།
གང་ལྟར་ང་ཚོས་དུས་དང་རྣམས་པ་ཀུན་ཏུ་གཞིས་བྱེས་བོད་མི་ས་ཡ་དྲུག་གིས་ཁ་ཁོག་གཉིས་མེད་ཀྱིས་ཐོག་ནས་ལས་དོན་ཆེ་ཕྲ་གང་འདྲ་ཞིག་ཡིན་ཡང་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དགོངས་བཞེད་ཇི་ལྟར་ཡོད་པའི་ཐོག་ཤར་སྤྱོད་བྱེད་རྒྱུའི་ཆོད་སེམས་བརྟན་པོར་ཡོད་པར་མ་ཎི་བགྲངས་བགྲངས་བྱེད་བཞིན་ཡོད་ལ། དེ་བཞིན་དུ་གྲོས་ཚོགས་ངོས་ནས་དང་བཀའ་ཤག་ངོས་ནས་ཀྱང་སྙན་ཞུ་བམ་ཆགས་བམ་ཆགས་ཕུལ་དང་འབུལ་བཞིན་པ་ཞིག་ཡིན།
གལ་ཏེ་ང་ཚོའི་བཀའ་ཁྲི་དེ་ལ་ཉམས་མྱོང་དང་གཞུང་གི་ཕྱག་ལས་ལོ་མང་བྱས་པ་ཞིག་ངེས་པར་དུ་དགོས་ན། བཀའ་ཁྲི་སྐབས་གཉིས་པའི་སྐབས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་སླར་ཡང་འདེམས་ཐོན་བྱུང་པ་ལ་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོ་ཐོག་བསྔགས་བརྗོད་གནང་འོས་པ་ཞིག་ལས་གོང་གསལ་བཀའ་ལུང་ཟབ་མོ་དེ་འདྲ་གསུངས་དོན་རྩ་བ་ནས་མེད་པར་ཞིག་རེད། གང་ཡིན་ཞེ་ན་ཉམས་མྱོང་དང་ཕྱག་ལས་ཡུན་རིང་གནང་པ་ཞིག་དགོས་ན་ཁོང་ལས་ལྷག་བཙན་བྱོལ་ནང་མེད་པ་ཞིག་ཡིན།
དེས་ན་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་༧གོང་ས་མཆོག་གིས་དགོངས་བཞེད་ཇི་ལྟར་ཡོད་པ་དང་བཀའ་གང་གནང་པ་རང་ནུས་གང་ལྕོགས་ཀྱིས་སྒྲུབ་རྒྱུ་ཡིན་ཞེས་ཁ་ནས་མ་ཎི་འདོན་འདོན་བྱེད་བཞིན་དུ། ཁོག་ནས་རང་འདོད་དང་མ་མཐུན་པར་བྱུང་ཚེ་༧གོང་ས་མཆོག་གིས་གང་གསུངས་པ་དེ་སྦས་ཅི་ཐུབ་དང་འགེབས་ཅི་ཐུབ་བྱས་ན་འགྲིགས་སམ།
༧གོང་ས་མཆོག་གིས་དགོངས་བཞེད་མཐར་ཐུག་ནི་མི་ལོ་ལྔ་བཅུ་ལྷག་རིང་སྐུ་བགྲེས་རྣམས་པས་སྐུ་ངལ་འཛེམས་མེད་ཐོག་ཕྱག་ལས་གནང་བཞག་པ་དེ་ཉིད་མི་ཐོག་གསར་པའི་ལག་ཏུ་བརྩིས་སྤྲོད་བྱེད་འདོད་པ་དེ་ཉིད་ཡིན་ལ།
དེ་བརྩིས་སྤྲོད་སྟངས་དེ་ཉིད་གཞོན་སྐྱེས་ནང་ནས་དེང་དུས་ཀྱིས་སྤྱི་ཚོགས་དང་འཁོར་ཡུག་སོགས་ལ་ལྟོས་པའི་ཤེས་འཇོན་གཉིས་ལྡན་གྱི་གཞོན་སྐྱེས་ཞིག་བཀའ་ཁྲི་བྱུང་ན་དགོངས་པ་འདི་ཁོ་ན་ཡིན།
ངས་དྲན་གསོ་གཏོང་བ་ཙམ་ལས་དེ་ཉིད་བསྒྲུབ་མ་བསྒྲུབ་འོས་འཕེན་པ་སོ་སོའི་ལག་ཏུ་ཡོད་པ་ལས་གཞན་ངས་འདི་ན་འབོད་བསྐུལ་ལྷག་པོ་གང་ཡང་བྱེད་འདོད་མེད།
ཞིང་པའི་བུས། འོས་མི་རྒན་པ་གཉིས་ལ། ཡ་རབས་ཆེ་བསྟོད་དང་། འོས་མི་གསར་པར། རྒྱབ་སྐྱོར་ཕེབས་བསུ་ཞུས་འདུག་པས། རྒྱབ་སྐྱོར་ཞུ་སྟངས་འདི་ནི། ཤིན་ཏུ་ལེགས་སོ། །
ཉེ་དུས་ཤིག་ལ་༧གོང་ས་མཆོག་གིས་སུ་གཅིག་ལ་རྒྱབ་སྐྱོར་མེད། རྒྱལ་བ་རིན་པོའི་བཀའ་དགོངས་རེད་ཟེར་ནས་ཁྱེད་ཚོས་གང་བྱུང་མང་བྱུང་བཤད་ནས་མི་མང་གི་རང་དབང་འཕྲོག་ཐབས་མ་བྱེད་ཅེས་གསུངས་པ་དྲན་སོང་ངམ། ༼གསུངས་ཚིག་ཇི་བཞིན་མི་དྲན་ཡང་ནང་དོན་དེ་རེད་འདུག༽ སེང་གེ་འདེམས་ན་ཁོ་རང་ལ་བཀའ་ཁྲིར་དགོས་པའི་ཤེས་འཇོན་གང་ཡོད་རྩལ་དུ་བཏོན་ནས་ངོ་སྤྲོད་བྱེད་དགོས་པ་ལས། རང་གིས་ལན་མི་རྙེད་ས་ཡར་མར་ཚང་མ་༧རྒྱལ་བ་རིན་པོ་ཆེའི་མཚན་སྤྱད་ནས་བསྒྲུབ་ཐབས་བྱེད་བཞིན་པ་འུ་ཐུག་པའི་རྟགས་རེད།
ངས་སེང་གེར་རྒྱབ་སྐྱོར་མི་བྱེད་དོན། དང་པོ། རྒན་གཞོན་གྱི་དབྱེ་བ་ཤུགས་ཆེན་པོ་བཤད་ནས་ཧ་ལམ་གྲལ་རིམ་འཐབ་རྩོད་ཀྱི་ཐོག་ལ་འགྲོ་གི་འདུག ནུས་པ་སུ་ཡོད་ན་དེ་འདེམས་དགོས་པ་ལས་ལོ་ཚོད་གལ་ཆེན་པོ་མ་རེད། ལོ་ཆེ་དྲགས་ནས་ཕྱག་ལས་ལ་གནོད་འགྲོ་བ་དེ་འདྲ་ནི་མ་རེད། གཙོ་བོ་མི་མང་ལ་མགོ་སྐོར་ཆེད་ལོ་རྒན་པ་རེད་ཟེར་ནས་བཤད་ཀི་ཡོད་རེད།
གཉིས་པ། བློ་སེང་གིས་སྐད་ཆ་ཚང་མ་ཉན་དུས་ཁོས་སྐབས་ཐོག་སྐབས་ཐོག་གི་ཁེ་ཕན་ཙམ་ལས། ལྟ་གྲུབ་གཅིག་ལ་གཞི་བཅོལ་ནས་བཀའ་མོལ་གནང་གི་མེད་པ་དངོས་ཡོད་རེད། མི་གཅིག་གི་བཤད་པ་རེད་ལབ་ན་ཡིད་ཆེས་དཀའ་བ་དེ་འདྲ་མང་པོ་བཤད་ཀི་འདུག དཔེར་ན་ཁོས་ཕོ་མོ་དང་ཆོས་ལུགས། ཆོལ་ཁ་དབྱེར་མེད་ཀྱིས་ཆིལ་སྒྲིལ་བྱེད་རྒྱུ་གལ་ཆེ་ཡིན་ལུགས་ཁ་བཤད་ཀྱི་འདུག་མོད། འོན་ཀྱང་བློ་བཟང་གིས་རྒན་གཞོན་བར་དབྱེ་བ་ཆེན་པོ་ཕྱེ་སྟེ། སྐབས་འདི་ནས་བོད་མིའི་སྤྱི་ཚོགས་ནང་གསུབ་ཐབས་བྲལ་བའི་རྒན་གཞོན་གྱི་དབྱེ་བ་དང་རྒན་གཞོན་བར་གྱི་འཐབ་རྩོད་ཆེན་པོ་ཞིག་བཟོས་སོང་། ཆིལ་སྒྲིལ་དགོས་ན་རྒན་གཞོན་དབྱེ་མེད་ཡིན་རྒྱུ་དེའང་ཧ་ཅང་གལ་ཆེན་པ་ཡིན་པ་མ་ཤེས་པའམ། ཤེས་ནའང་འོས་ཤོག་གི་དབང་གིས་རྩིས་མེད་བཏང་བ་གང་ལྟར་ཡང་། ཕ་མ་རྒན་རྒོན་ཚོ་རྩིས་མེད་གཏོང་བའི་གོམས་གཤིས་ངན་པ་དེ་བོད་པའི་སྤྱི་ཚོགས་ནང་ཤུགས་ཆེན་པོ་སྣ་འདྲེན་བྱེད་གཏེ་བློ་བཟང་སེང་གེ་ཆགས་སོང་དྲན་གི།
༣། སེང་གེས་རང་ཉིད་ལ་མིང་གྲགས་ཐབས་ཀྱི་ཐབས་རྩལ་མཆོག་ཏུ་གྱུར་བ་འདུག དཔེར་ན་ཨོ་བྷ་མའི་མིང་སྤྱད་ནས་རང་ཉིད་ཆེན་པོ་བཟོ་ཐབས་བྱས་པ་སོགས་ཕུགས་གཏན་མེད་པའི་བྱབ་ཆུང་གི་ལས་ཀ་མང་པོ་ལས་ཀི་འདུག
ཐོབ་ནའང་གཟི་བརྗིད་ལྡན་པ་དང་ཤོར་ན་གཟི་བརྗིད་ལྡན་པའི་སྒོ་ནས་ངོས་ལེན་བྱེད་རྒྱུའི་བཟང་སྤྱོད་ཀྱི་རྣམ་འགྱུར་དང་སྤོབ་སཔ་དེ་མེད་པར། ངེས་པར་དུ་ཐོབ་དགོས་པ་དང་མ་ཐོབ་ན་སྲོག་ཤོར་གི་ཡོད་པ་ནང་བཞིན་ཤི་འཐབ་རོ་འཐབ་བྱས་ཏེ། འུ་ཐུག་ན་རྫུན་དང་མགོ་སྐོར་སོགས་མི་དྲན་དགུ་དྲན་ཚང་མ་བྱེད་བཞིན་པ་འདིར་རྒྱབ་སྐྱོར་བྱེད་མི་འོས་པར་མཐོང་སོང་།
ཞིང་པའི་བུ་ལགས་ཁྱེད་ཀྱི་བཀའ་ཁྲིའི་འོས་མི་གསུམ་ལ་གུས་བཀུར་ཞུ་བཏང་འདིས་ངའི་ཡིད་རང་དབང་མེད་པ་ཤོར་སོང། དེང་སང་མི་ཁ་ཤས་ཀྱི་ཅིག་ལ་བསྟོད་ན་ཅིག་ལ་སྨོད་གང་ཐུབ་བྱེད་གི་འདུག་པས་དེ་ཡག་པོ་མ་རེད། ཡག་ན་སྡུག་ན་མི་དམངས་གི་འོས་བླུགས་པ་ཡིན་ཙང་རྩི་བཀུར་ཞུ་དགོས་པ་རེད།
དྲང་མོར་ཞུ་ན། འདི་ལ་རྩོམ་ཡིག་གི་རིན་ཐང་མི་ལྡན། སྐད་ཆ་ཡིག་ཐོག་ལ་ཕབ་པའི་གཟོ་འདྲ་འདུག ཁ་བརྡའི་ཐོག་རྩོམ་ཡིག་གི་ཁ་གྲངས་མང་མི་དགོས། བརྗོད་བྱ་དང༌། རྗོད་བྱེད་ཟབ་པ་བྱུང་ན། དེས་ཁ་བརྡ་དྲ་ཚིགས་དང་བོད་ཀྱི་རྩོམ་རིག་གི་ནུས་པ་མཐོར་འདེགས་ལ་གཏོང་ནུས།
སྟག་སྨྱོན་ལགས།
༧གོང་ས་མཆོག་གི་དཀྱེལ་ཡངས་ཀྱིས་དགོངས་བཞེད་ལ་ང་ཚོས་ཚོད་དཔག་དཀའ་ཡང་།
བཀའ་ཁྲི་སྐབས་གཉིས་པར་འདེམས་ཐོན་བྱུང་པའི་སྐབས་གསུངས་པའི་ད་ལན་བཀའ་བློན་ཁྲི་པ་དེ་ལ་གཞོན་སྐྱེས་ནང་ནས་དེང་དུས་ཀྱི་ཤེ་འཇོན་གཉིས་ལྡན་ཞིང་འདེམས་ཐོན་བྱུང་ན་བསམ་སོང་ཞེས་པའི་གསུངས་དུམ་བུར་འདི་ལ་ངེས་པར་དུ་གནས་ལུགས་དང་རྒྱུ་མཚན་ཆེན་པོ་ཞིག་གཟིགས་ནས་གསུངས་པ་ཞིག་རེད་མ་གཏོགས་རང་གར་རྩེད་མཚར་དང་འུད་བཤད་ལྟ་བུ་རྩ་བ་ནས་མིན་པ་ཞིག་ང་རང་ངོས་ནས་བསམ་བློ་གཏོང་གི་ཡོད།
ད་ལྟའི་སྐབས་ལའང་༧གོང་ས་མཆོག་གི་དགོངས་པ་དེ་ག་རང་ལས་འགྱུར་བ་ཕྱིན་པའི་རྒྱུ་མཚན་གང་ཡང་རང་གི་ངོས་ནས་རྙེད་ཀྱི་མི་འདུག
མཁས་དབང་བློ་བཟང་སེང་གེ་ལ་གཞི་མེད་སྐུར་འདེབས་བྱས་ན་ང་ཚོར་བོད་མི་རིགས་ལ་གནོད་རྒྱུ་ལས་གཞན་མེད། ཡིན་ནའང་སོ་སོའི་འདོད་པ་རེད།
མི་གཤིས་ལ་རྨ་འབེབས་བྱེད་ཀྱི་མེད། རྡོ་ཆག་བཙན་སྒྲུག་གིས་དཔྱད་བརྗོད་འདི་འདྲ་མ་སྤེལ་ན་བཟང༌། ཡིག་ནོར་ཡང་ཧ་ཅང་མང༌།ནང་དོན་ཡང་དེ་ཙམ་རེད།ཨུ་ཐུག་དུས་ྋགོང་ས་མཆོག་ཁ་གཡོར་ཐབས་བྱེད་པ་འདི་ཡག་པོ་མ་རེད།
སྟག་དམར་ལགས།
སྤྱིར་ང་ཚོ་བོད་མི་སུ་ཞིག་ཡིན་ད་ལྟའི་བཀའ་ཁྲི་འོས་མི་གསུམ་ལ་གུས་བཀུར་ཐོག་ནས་དངོས་ཡོད་
ཀྱི་བསམ་ཚུལ་བརྗེ་ལེན་བྱས་ན་སྤྱི་ཚོགས་ལ་ཕན་ཐོག་པ་ལས་དེ་མིན་དབྱེ་འབྱེད་དང་མི་མཐུན་པའི་
ཕྱོགས་ལ་གཟིགས་པ་མང་དྲག་ན་བོད་མི་སྤྱིའི་མཐུན་སྒྲིལ་ལ་ཉེན་ཁ་མཐོང།
ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་དངོས་ཡོད་བོད་སྤྱི་བ་ལ་ཕན་ཐོགས་མཁན་གྱི་བཀའ་ཁྲི་གཅིག་འདེམས་ཐོན་བྱུང་ན་ཚང་མ་ལ་དགོས་པ་དེ་རེད། གནས་སྐབས་ཀྱི་སོ་སོའི་ཁེ་ཕན་ལ་བསམ་ནས་འདེམས་ན་ནི་བོད་སྤྱི་བའི་རྩ་དོན་ལ་སེམས་འཕྲལ་མེད་པ་ཞིག་རེད། བོད་མི་མི་རེ་ངོ་རེ་ནས་སོ་སོའི་རང་ཚུགས་བཟུང་ནི་རང་གི་འདོད་པ་ཡོད་པ་དེ་འདེམས་ན་ཕྱིས་སུ་ལེགས་པོ་མ་བྱུང་ཀྱང་འགྱོད་པ་མེད་པ་རེད།
ཞིང་པའི་བུ་ནས། གསུང་སྟངས་གཞན་ཁ་ཤས་དང་མི་འདྲ་བར་ཡ་རབས་ཀྱི་རྣམ་པ་ལྡན་ལ་བརྗོད་བྱ་ལ་ཡང་རྒྱུ་མཚན་ཆེ་བས་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་ཞུ།། དངོས་གནས་མཁས་དབང་བློ་བཟང་སེང་གེ་འོས་ཤིང་འཚམ་པར་མཐོང་།།།
ཞིང་པས་འཕྱིང་རྡོ་བཞུ་ཤེས་ཀྱང་ང་ཚོ་མགོ་འཁོར་གྱི་མ་རེད། བརྒྱ་བཤད་སྟོང་ལ་བསྐོར་ཀྱང། ཡོས་ལ་བབ་རྒྱུ་རྩམ་པ། ཞེས་པ་ལྟར་རེད། བློ་སེང་ལ་བཀའ་ཁྲིའི་འོས་བབ་རྩ་བ་ནས་མེད། ཐོད་བརྒལ་ཧམ་ཤེད་ཅན་ལ་ངོ་རྒོལ་ཡོད། འདི་རྩེད་མོ་མ་རེད། མི་རིགས་ཤིག་ཆ་འཇིག་གི་ལས་དོན་ལ་ཐུག་ཡོད། བློ་སེང་ལ་འོས་མང་པོ་ཐོབ་པ་འདི་མི་དམངས་ཐེངས་གཅིག་མགོ་འཁོར་བ་ཙམ་ཞིག་རེད། ད་དུང་༸གོང་ས་མཆོག་གི་མཚན་བེད་སྤྱད་དེ་མི་དམངས་ལ་མགོ་བསྐོར་མ་གཏོང་རོགས།
ཞིང་པའི་བུའི་བྱ་མ་དྲོག་པའི་ཐོག་ནས་གོ་ང་ལེན་པའི་འཐབ་ཤིསདེ་ཡག་པོ་འདུག་
ཞིང་པའི་བུ་ཁྱོད་ཀྱིས་དོན་དང་མཐུན་པའི་རྩོམ་ཡིག་ཞིག་བྲིས་གནང་འདུག་རྗེས་སུ་ཡི་རངས་ཡོད།
༧གོང་ས་མཆོག་གིས་ངའི་ངོས་ནས་མི་སྒེར་སུ་གཅིག་ལ་རྒྱབ་སྐྱོར་མེད་མང་གཙོ་རེད་རང་དབང་རེད་ཁྱེད་རང་ཚོའི་ངོས་ནས་བརྟགས་དཔྱད་བྱས་ནས་གཟེངས་སུ་ཐོན་པ་གཅིག་འདེམས་དགོས་གསུངས་པ་ཞིག་ངས་དྲན་གྱི་འདུག་
ལོ་གཞོན་པ་ཞིག་འདེམས་དགོས་ལོ་རྒན་པ་མ་འདེམས་གསུངས་ཨེ་ཡོད་ན། སོ་སོའི་འོས་དེ་སུ་ལ་བླུག་ན་རང་དབང་རེད། ཡིན ་ན་ཡང་སོ་སོའི་འདོད་བློར་བབས་པའི་མི་དེ་ལ་འོས་ཐོབ་ཆེད་༧གོང་ས་མཆོག་གི་བཀའ་གང་བྱུང་ལག་རྩེད་བརྩེས་རྩེ་ཨེ་་འོས་ན།
ཞིང་བུ་འདི་ང་འདྲ་འབྲོག་ཅིག་རེད་མི་འདུག བཤད་སྟེངས་དང་བསམ་བློ་ཚང་མ་ཐུ་གི་ཡ།
རྒན་གཞོན་བར་དམ་ཚིག་དང་ཆིལ་སྒྲིལ་གཙང་མ་བྱེད་རྒྱུ་གལ་ཆེན་པོ་མ་རེད་དམ། རྒྱ་ནག་གི་ཨོ་བྷ་མ་བྱེད་ཀྱི་ཡིན་ལབ་འདུག་པས་བཙན་བྱོལ་བོད་གཞུང་རྒྱ་ནག་གི་དབུ་ཁྲིད་གསོ་སྐྱོང་བྱེད་ས་རེད་དམ། ཡང་ན་མི་རིགས་ཤིག་གི་འཆི་གསོན་ལ་འབྲེལ་བའི་གལ་ཆེའི་གླེང་སྟེགས་དེ་འདྲ་ཞིག་གི་ཐོག་སྨོན་ལམ་ངན་པའི་རྩེད་མཚར་དགོད་ཁ་སློང་ཐབས་སུ་བཤད་པ་ཡིན་ན་དེ་བས་ཀྱང་མི་འོས་པ་ཞིག་མ་རེད་དམ།
ཞིང་བའི་བུའི་མིང་ཡག་པོ་རང་མི་འདུག་ཏེ་ལན་མ་བཏབ་ཐབས་མེད་རེད་འདུག མོ་ཙེ་ཏུང་གིས་ཞིང་བ་དབུལ་བོ་ཚོ་ཡར་བསླངས་ནས་བོད་རྒྱལ་ཁབ་དང་བཅས་པར་གོད་ཆགས་ཆེན་པོ་བཟོས་པ་རེད། ད་དམ་བཀའ་ཁྲིའི་འོས་མིའི་རྒྱབ་ལའང་ན་གཞོན་ལས་མེད་དང་དབུལ་བོ་དང་ཞིང་བའི་རིགས་ཤུགས་ཆེན་པོ་ལངས་ནས་རྒན་གཞོན་གྲལ་རིམ་འཐབ་རྩོད་ལངས་བྲོ་ལངས་བྲོ་བྱེད་ཀྱི་འདུག
ཞིང་བུས་༧རྒྱལ་བ་རིན་པོ་ཆེས་བློ་བཟང་ལ་ཤུགས་ནས་རྒྱལ་སྐྱོར་ཡོད་མདོག་ཁ་བོ་བཤད་ཨེ་ཐུབ་ལྟ་གི་འདུག འོ་ན་༧གོང་ས་མཆོག་གིས་ཉེ་དུས་སུ་གཅིག་ལ་རྒྱབ་སྐྱོར་མེད་ཅེས་པའི་བཀའ་སློབ་དེ་ཁས་ལེན་བྱེད་ཀྱི་མིན་ནམ། ༧རྒྱལ་བ་རིན་པོ་ཆེའི་མཚན་མ་སྤྱད་ན་སྐད་ཆ་བཤད་སྤྱད་ཀྱི་ལྕེ་དང་བཀའ་ཁྲིར་ལངས་རྒྱུའི་འོས་ཆོས་མི་ཚང་མཁན་ཞིག་གི་རྒྱབ་སྐྱོར་དང་མང་པོ་གླེང་འདོད་མེད།
གཞོན་ནུ་རིགས་པ་གསལ་བོ་དེ་ཚོ་ལ་བཤད་ཡ་འདུག མང་གཙོ་དང་མང་གཙོ་ཟེར་ནས་ཅིག་བཤད་ཡོང་དུས། ༧གོང་ས་མཆོག་གི་སྐུ་དབང་ལ་བསྒྱུར་བཅོས་གཏོང་དགོས་པ་དང་། རྒན་ཡོལ་གནང་དགོས་པ་སོགས་སྣ་མང་བཤད་ཡ་འདུག ཡང་གཅིག་བཤད་ཡོང་དུས་ ༧གོང་ས་མཆོག་གིས་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་བླུག་ཟེར་ཡོད་པ་རེད་ཟེར་ནས་བཀའ་བློན་ཁྲི་བ་དེ་ཡང་ཐད་བསྐོས་བཟོ་འདྲ་བོ་ཞིག་བཤད་ཡོང་གི་འདུག གཞོན་ནུ་ཚོ་ལ་བཤད་ཡ་འདུག་ཀ
རྒྱལ་བ་རིན་པོ་ཆེས་མི་རབས་གསར་པ་ཚོར་རེ་བ་དང་རྒྱབ་སྐྱོར་ཡོད་པ་བཤད་མི་དགོས། སྔོན་མ་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིའི་དམ་བཅའ་འབུལ་སྐབས་ཐུགས་ཅུང་བློ་ཕམ་གྱིས། “ད་རེས་བཀའ་བློན་ན་གཞོན་ཞིག་ཡོང་ཐུབ་ན་བསམ་ནས་རེ་བ་རྒྱབ་པ་ཡིན་པས། རྒད་པོ་མགོ་དཀར་བ་ཞིག་སླེབས་བྱུང་།”གསུངས་པ་རྒྱལ་བ་ཁོང་གི་བཀའ་སློབ་ནང་གསུངས་འདུག
༡༽དྲ་གྲོགས་ཞིང་པའི་བུ་ལགས་ཀྱི་ཞིང་པ་གྲོང་གསེབ་པའི་ལྷད་མེད་ཀྱི་བསམ་པའི་ཐོག་ནས་སེམས་རྟིང་གི་དགོངས་ཚུལ་ལྷུག་བརྗོད་གནང་བར་ཡི་རངས་ཡོད།
༢༽༸གོང་ས་མཆོགམཚན་བེད་སྤྱད་ནས་བཀའ་ཁྲིའི་འོས་ཆོས་སུ་བཀོད་པ་ཐབས་ཤེས་བཟང་པོ་མ་རེད།དེ་བས་བཀའ་ཁྲིའི་འོས་མི་སོའི་འཇོན་ཐང་དང།་ལྷག་བསམ།ཤེས་ཡོན།ཉམས་མྱོང་།གྲུབ་འབྲས།་བྱས་རྗེས་སོགས་ཞིབ་པར་བཀོད་ན་མི་སེམས་ཡིད་དབང་འཕྲོག་ཤུགས་ཆེ་བ་ཡོད།
༣༽༸གོང་ས་མཆོག་གིས་བཀའ་ཁྲིའི་ཐད་ལ་གཟིགས་ཚུལ་སྔ་ལོ་བོད་གཞུང་མང་ཚོགས་ཆེན་གྱི་མཐའ་མའི་བརྟན་བཞུགས་ཉིན་མོ་དེར་སེ་ར་ཚོགས་ཆེན་དུ་གསལ་པོ་གསུངས་ཟིན་པས།ད་དུང་༸གོང་ས་མཆོག་གི་དགོངས་བཞེད་འབྲེལ་བའི་སྐོར་བཤད་ན་བཤད་རྒྱུས་ཕོངས་པ་ལྟ་བུ་མཐོང་།
༤༽ལྷག་པར་རྒྱ་རི་སྒྲོལ་མ་བཀའ་ཁྲིར་ལངས་སྐབས་ཁོ་མོས་བརྗོད་གསལ།༸གོང་ས་མཆོག་གིས་བཀའ་ཁྲི་བུད་མེད་ཅིག་བྱུང་ན་གསུངས་པས་ང་གང་གི་དགོངས་པ་བཞིན་བཀའ་ཁྲིར་ལངས་པ་ཡིན་ཞེས་བཤད་ཡོད།སྐུད་ཉིད་ལྟར་ན་ཡང་སྙིང་༸གོང་ས་མཆོག་གིས་གཞོན་སྐྱེས་ཤིག་གསུངས་ངམ་བུད་མེད་ཅིག་གསུངས་ཡོད་དམ།
༥༽ལར་ནས་གཞོན་སྐྱེས་ཤིག་གསུངས་པའི་དབང་དུ་བཏང་རུང་ངེས་པར་བློ་བཟང་སེང་གེ་ཁོ་ན་ལས་མེད་དམ།
༦༽མི་རབས་ག་དུས་ཡིན་ནའང་བརྗེ་འགྲོ་གི་ཡོད་པ་རེད།་མི་རབས་གསར་པར་དབང་ཆ་ག་དུས་ཡིན་ནའང་རྩིས་སྤྲད་བཞིན་ཡོད་པ་རེད།ད་ལྟའི་བཀའ་བློན་དེ་དག་ཚང་མ་རྒྱ་གར་ནང་འབྲས་རྡལ་བཟས་ནས་ཚར་ལོངས་བྱུང་རྐྱང་ཡིན་པ་ལས་དེ་སྔའི་མི་རྙིང་པ་གཅིག་ཀྱང་མེད།དེ་བཞིན་བཀའ་ཁྲིའི་འོས་མི་བཀྲས་མཐོང་དང་བཀྲས་དབང་གཉིས་ཀྱང་རྒྱ་གར་ནང་ཚར་ལོངས་བའི་མི་རབས་ཤིག་ཆགས་ཀྱི་ཡོད།
༧༽བློ་སེང་ལ་རྒྱབ་སྐྱོར་བྱེད་དུས་༸གོང་ས་མཆོག་གི་མཚན་བེད་སྤྱོད་དང་།་གཞོན་སྐྱེས་ཟེར་བའི་རྒྱུ་མཚན་གཉིས་ག་དུས་ཡིན་ནའང་འཁྱེར་ཡོང་གི་འདུག་དེ་གཉིས་ཀྱི་བཀའ་ཁྲིའི་འོས་ཆོས་མ་རེད།བཀའ་ཁྲིའི་འོས་ཆོས་ངོ་མ་དེ་དག་མ་ཚང་བར་འུ་ཐུག་ཐབས་ཟད་ཀྱི་དེ་འདྲ་བྱས་པ་ལྟ་བུ་མཐོང་ཚུལ་ཡོང་གི་རེད།མ་འོངས་པར་བློ་སེང་ལ་རྒྱབ་སྐྱོར་བྱེད་སྟངས་དེ་འདྲ་མ་རེད།བློ་སེང་གི་ཁྱད་འཕགས་ཀྱི་དགེ་མཚན་གང་མང་བརྗོད་དང་།ད་གཟོད་ང་ཚོས་བསམ་བློ་བཏང་གི་ཡིན།
བཀུར་འོས་དྲ་གྲོགས་ད་དུང་མུ་མཐུད་བཀའ་ཁྲིའི་འོས་མི་སོ་སོར་གནས་ལུགས་རྒྱུ་མཚན་ཡོད་པ་དང་ཁུངས་དང་ལྡན་པའི་དགེ་སྐྱོན་གླེང་ན་རྒྱབ་ཕྱོགས་ཀྱི་གནས་ཚུལ་མང་པོ་ཤེས་རྟོགས་ཡོང་དགེ་མཚན་ཆེན་པོ་ཡོད།
གཤམ་གྱི་འབྲེལ་ཐག་དེ་གཉིས་ལ་གཟིགས་དང་བཀའ་ཁྲིའི་སྐོར་གྱི་གལ་ཆེའི་གནས་ཚུལ་གསར་པ་མང་པོ་ཞིག་ཤེས་རྟོག་ཡོང་གི་རེད།
http://www.scribd.com/doc/47635961/katri-news-paper
http://www.facebook.com/photo.php?fbid=121635411243739&set=o.177086528983541
ལ་རྒྱ་འབྲོ་མ་འགྲོ་ཨང་། ད་དུང་ཡོད། ༢༠༠༨ལོར་རྒྱལ་སྤྱིའི་དམིགས་བསལ་གྱི་ཚོགས་འདུ་ཞིག་གི་ཐོག་གོང་ས་མཆོག་གིས་ཡང་བསྐྱར། བཀའ་བློན་ཁྲི་པར་མི་རབས་གསར་པ་ཞིག་ཡོང་ཐུབ་ན་སྙམས་པའི་རེ་བ་ཡོད་གསུངས་པ་འདིས་ངོ་མ་རྒྱལ་བ་རིན་པོ་ཆེར་དགོས་རྒྱུར་བཀའ་ཁྲི་ན་གཞོན་ཤེས་ཡོན་ཅན་ཞིག་ཡིན་པ་གསལ་པོ་རེད། ད་དུང་དགོས་པས།
དྲ་གྲོགས་བསམ་ཤེས་ལགས།
སྐུ་ཉིད་དོན་དམ་པའི་བསམ་ཤེས་ཤིག་ཡིན་རོགས་བྱས་ན་དགའ་བ་ལ་ཨང་།
༸རྒྱལ་བའི་མཚན་ལ་བརྟེན་ནས་བཀའ་ཁྲིའི་འོས་སྐུག་བྱས་པ་ནི་ཐབས་ཤེས་ཟད་པའི་ཐབས་ཤེས་ཤིག་རེད་ཨང་།
ཞིང་པས་བུས༌༌༌༌མི་མང་གིས་བདམས་པའི་བཀའ་ཁྲིའི་འོས་མིར་གུས་བཀུར་བོད་མིའི་ཡ་རབས་ཀྱི་ལུགས་ལྟར་བྱས་པར་སེམས་ཤོར། ཞིང་པའི་བུས༌༌༌༌༌༸རྒྱལ་བའི་བཀའ་སློབ་ལོག་དྲངས་ཀྱིས་མི་མང་སྐུག་ཐབས་བྱས་པ་འདི་ནི་ཞིང་པའི་བུ་རང་དང་འདྲ་་༌༌༌༌ངོ་མ་གླན་ལྐུགས་་རང་རེད། དེང་དུས་ཀྱི་བོད་པའི་ཀླད་པ་ཡར་འཐོན་དུ་གྱུར་དང་འགྱུར་བཞིན་པས། ཆེས་ཐ་ཤལ་གྱི་ཐབས་ཤེས་འདི་འདྲ་བ་ཞིག་གིས་མི་མང་འོབས་ཀྱི་བློ་སེང་ཕྱོགས་སུ་སྐུག་མི་ཉན། མ་གཞི་ནས་བློ་སེང་ལགས་༌༌༌༌༌༌༌འུད་ཆེན་ཞིག་ཡིན་པའི་བཟོ་ནི་དངོས་གནས་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་གདའ། བསམ་བློ་ནན་གྱིས་ཐོངས་ཤིག་བློ་ལྡན་མི་མང་རྣམ་པ། ད་ནི་སྨྱུག་འཛིན་པའི་མི་འཁྱེར་བ་འདི་དག་གིས་ཀྱང་འགན་འཁུར་གྱི་བསམ་གཞིགས་བྱེད་ཀྱིན་མི་འདུག་གོ།
དྲང་པོར་བཤད་པ་ཡིན་ན། བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་ནས་བརྒྱ་ཆ་ལྔ་བཅུ་ཕྱོགས་རིས་ཀྱིས་བྱས་པ་དང་། བརྒྱ་ཆ་བཞི་བཅུ་མགོ་རྨོངས་པ། བརྒྱ་ཆ་བཅུ་ཆབ་སྲིད་ཐོག་གོ་རྟོགས་ཕྲན་བུ་ཡོད་པ་སོགས་རེད། དོན་ལ་འདི་ཧ་ཅང་ཉེན་ཁ་ཆེ་བའི་གདམ་ཁ་ཞིག་རེད། ཁོ་ཚོའི་ཁྲོད་ནས་བརྒྱ་ཆ་དགུ་བཅུས་བོད་ཀྱི་མ་འོངས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་འབྱུང་འབྲས་ལ་བསམ་བློ་རྩ་བ་ནས་གཏོང་ཐུབ་མི་འདུག མ་ཟད་མགོ་བདེ་པོ་ཞིང་པ་རྨོངས་རྒན་སོགས་ཀྱིས་༸གོང་ས་མཆོག་གི་མཚན་ཡང་ལོག་པར་བེད་སྤྱད་དེ་མི་དམངས་མགོ་བོ་རྨོངས་སུ་འཇུག་པ་ལྟ་བུ་རེད། འདི་ཚོས་གང་ཡང་ཤེས་ཀྱི་མི་འདུག གང་ཡིན་ཞེ་ན་གཞོན་སྐྱེས་དང་སློབ་གྲྭ་ཆེན་མོ་ཐོན་པ་ཙམ་གྱིས་གཞན་ལ་མེད་པའི་ནུས་པ་ཞིག་ཡོད་པར་སེམས་བཞིན་ཡོད། འདི་ཚོ་མཐོང་རྒྱ་ཧ་ཅང་ཆུང་བའི་གྲོང་གསེབ་པའི་གྲོང་རྟགས་ཞེས་པ་དེ་རེད། གང་ལྟར་ད་ཆ་བོད་ཀྱི་གནས་བབ་འདི་ཉེན་ཁ་ཧ་ཅང་ཆེ་བའི་རྒྱན་འཛུགས་བྱས་པ་དང་གཅིག་མཚུངས་རེད། གལ་ཏེ་བློ་སེང་ལ་བཀའ་ཁྲི་ཐོབ་པའི་དབང་དུ་བཏང་ནས་ལོ་ཤས་རྗེས་ཆབ་སྲིད་ཐོག་ནས་གྱོང་གུན་ཚབས་ཆེ་ཞིག་བྱུང་བ་ཡིན་ན། དེའི་འགན་སུས་ཁྱེར་ཐུབ་བམ། རང་ཉིད་ཀྱི་མིང་ཙམ་ཡང་འགོད་མི་ནུས་པའི་ཞིང་པ་གླེན་པ་འདི་ལ་སོགས་པ་ང་ཚོས་གང་དུ་འཚོལ་དགོས་པ་ཡིན། སྐབས་དེ་དུས་ཁོ་ཚོ་འཕྱི་བ་བཞིན་དོང་རིམ་པ་དགུའི་ནང་གབ་ནས་ཕྱི་ལ་དོན་ཡོང་གི་མ་རེད། འོན་ཀྱང་བཀྲས་མཐོང་ལ་བཀའ་ཁྲི་ཐོབ་ཚེ་བྱུས་ཉེས་འདྲ་བྱུང་ཚེ་དམའ་མཐའ་ས་ལ་ང་ཚོས་སྐད་ཆ་ཤོད་ས་ཞིག་དང་ལེ་འདའ་བྱེད་ས་ཞིག་ཡོད་པ་རེད། འདི་ཚོ་ལོ་མང་ཆབ་སྲིད་ཀྱི་ཐོག་ལས་ཀ་བྱས་པའི་མྱོང་ཅན་ཤ་སྟག་རེད། འདི་ཚོ་དངོས་སུ་མི་དམངས་ཀྱི་མདུན་ལ་དོན་ནས་གདེངས་སྤོབས་ཆེན་པོའི་ཐོག་ཤོད་ཕོད་མཁན་དེ་འདྲ་རེད། དཔེར་ན། བཀའ་ཁྲི་མཁས་དབང་ཟམ་གདོང་མཆོག་དང་། བཀའ་ཟུར་བསོད་ནམས་སྟོབས་རྒྱས། སྐུ་སྒེར་དྲུང་ཟུར་བློ་བཟང་སྦྱིན་པ་ལགས། གསུང་སྒྱུར་ཐུབ་བསྟན་སྦྱིན་པ་ལགས། སོགས་མང་པོ་ཞིག་མི་འདུག་གམ གང་ལྟར་ཕྱོས་རིས་ཀྱི་ཞ་མོ་ནག་པོའི་འོག་ནས་བོད་ལ་གནོད་མ་སྐྱེལ་རོགས་གནང་།
སུས་ཀྱང་ཡར་དཀྲུགས་མར་དཀྲུགས་དང་ སྐྱོན་མེད་ལ་སྐྱོན་འཛུགས་ཀྱི་ཐབས་ཤེས་ཡོད་དགུ་རྩ་་དྲུག་ཇི་ཙམ་བྱས་ཀྱང་ ངེས་ཚོ་སློབ་གྲོགས་བརྒྱ་སྐོར་ཞིག་གིས་འོས་ཤོག་དེ་མཁས་དབང་སེང་གེ་ལགས་སུ་འབུལ་ལེ་ཡི་མཆོད་སེམས་བརྟན་པོ་ཡོད་པ་དེར་འགྱུར་བ་སྤུ་ཙམ་འགྲོ་མི་སྲིད་། འོན་ཀྱང་བཀའ་ཟུར་བསྟན་རྣམ་ལགས་ལ་ཐོབ་ཀྱང་སྙིང་ཐག་པ་ནས་བཅོས་མིན་གྱི་དགའ་བསུ་ཞུ་ཞི་ཡིན་ ངོ་མ་ཁོང་རྣམས་པ་གཉིས་ཀ་ཡག་པོ་ཀྲ་མ་བདའ་ སུ་ལ་ཐོབ་རུང་དགའ་འོས་པ་གཉིས་རེད་བདའ་།
༡། དྲ་གྲོགས་ཞིང་པའི་བུ་ལ་སྙིང་དབུས་ནས་དགའ་སྤྲོའི་འཚམས་འདྲི་ཞུ་བ་དང་ཁྱེད་ཀྱི་བྲིས་པ་དེ་དངོས་བདེན་ཀྱི་གནས་ཚུལ་ཞིག་ལས་ཕྱོགས་ལྷུང་རྩ་བ་ནས་གནང་མིན་འདུག ངས་ཁྱེད་ལ་ཐ་ཅིག་ཏུ་རྒྱབ་སྐྱོར་ཡོད་དོ།
༢། སྟག་སྨྱོན་ཁྱོད་དངོས་ནས་རི་དྭགས་སྨྱོན་པ་གྲོང་འཁྱམ་བྱེད་མཁན་རང་རེད། ཁྱོད་དེ་འདྲེའི་ལྐུགས་པ་ལ་ཨང་སྐུ་འདུན་གྱིས་སླེབས་ལ་ཉེ་བའི་བཀའ་ཁྲིའི་འོས་གཞིའི་སྐབས་སུ་ང་ལ་བཀའ་ཁྲི་་དེ་འདྲ་ཞིག་དགོས་ཟེ་གསུངས་གི་རེད་དམ། སྐབས་དེར་ཁྱོད་ཀྱིས་ལུང་འདྲེན་བྱས་པའི་བཀའ་མོལ་དེ་འདྲ་ཞིག་གསུངས་དགོས་ངེས་ཆགས་ཡོད་པ་སྟག་སྨྱོན་ཁྱོད་ཀྱིས་མི་ཤེས་སམ་་་་ཧཧ། འོན་ཀྱང་ཁོང་གི་དགོངས་པ་གང་ཡིན་པ་དེ་དེ་སྔ་སྐབས་གཉིས་པའི་བཀའ་ཁྲི་གསར་པ་སླེབས་སྐབས་དམར་དམར་རྗེན་རྗེན་ངང་བཏོན་ཡོད་པ་སུས་བལྟས་ཀྱང་མཐོང་ཐུབ་པ་ཞིག་རེད་དོ་སྟག་སྨྱོན་ལགས།
༣། ལ་རྒྱའི་བདག་པོ་ཞེས་མིང་ཆེན་པོ་དེ་འདྲ་འཁྱེར་ནས་་ངོ་ཚ་བ་ལ་ཨང། གོང་ས་མཆོག་གིས་བེུད་ཞིག་དང་གཞོན་སྐྱེས་ཞིག་གང་སླེབས་པའི་རེ་བ་གནང་གི་ཡོད་པ་དེའང་ཤེས་མ་སོང་ངམ། སྐབས་དེར་ཁོང་གིས། “ངའི་བསམ་པར་བཀའ་ཁྲི་དེ་གཞོན་སྐྱེས་ཞིག་དང་དེའི་ནང་བེུད་ཞིག་་སླེབས་ཀྱི་རེད་བསམ་བྱུང་འོན་ཀྱང་གྲྭ་པ་བླ་རྒན་ཞིག་ཡང་ཀྱར་འདེམས་འདུག” ཞེས་གསལ་པོར་གསུངས་པ་དེ་ནས་ཁོང་གི་རེ་འདོད་གང་ཡོད་པ་དེ་མི་ཤེས་སམ། དེ་ནི་རབ་བྱུང་ན་བེུད་གཞོན་སྐྱེས་དང་དེ་མིན་ན་སྐྱེས་པ་གཞོན་སྐྱེས་ཞིག་ཡིན་པ་གསལ་པོ་རེད། བྱས་ཙང་ཁྱོད་དེ་ལ་ཐུགས་དོགས་གནང་དགོས་མིན་འདུག་སྙམས།
(Kalon Kripa), The president of Tibet is not only for H.H. the candidate must be a representative to Six millions Tibetan. anyhow, every Tibetan take a big responsibility to vote a more effective with honest Kalon as think by your self. the H.H give us qualified democracy early. he never point to someone to be Kalon. ok
སྤུན་གྲོགས་ཞིང་པའི་བུ་ཁྱེད་ཀྱིས་རྩོམ་ཡིག་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཞུ་།
བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེར་བའི་སྐབས་འདི་ལ་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་མང་དག་བྱེད་ཀྱི་ཡོད་པས་སེར་སྐྱ་རྒན་གཞོན་ཚང་མས་ཡིད་གཟབ་གནང་གལ་ཆེ་བ་མཐོང་།མ་ཚད་ཡང་བློན་པོ་ཆུ་སྣ་གང་འཁྲིད་མི་ཡོངས་བའི་རེ་བ་དང་སྨོན་འདུན་ཞུ་།
གུས་པས་རེ་འདུན་བྱས་སའི་མ་འོང་བཀའ་ཁྲི་ནི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་རང་ལས་མ་རྙེད་དོ་་་་དྲ་གྲོགས་ཚོ་།་་
ཞིང་བའི་བུ་ལགས།སྐད་ཆ་བཤད་སྟངས་ཕྲན་བུ་མ་འདྲ་བ་ཡོད་ནའང་དོན་ལ་གཅིག་པ་རེད།རང་གིས་རྒྱབ་སྐྱོར་བྱེད་ཡུལ་དེ་ཡག་པོ་སྟོན་རྒྱུའི་ཆེད་དུ་༧གོང་ས་མཚོག་གི་གསུང་ཡང་མཐའ་གཅིག་ཏུ་ཨུ་ཚུགས་ཀྱིས་རང་གི་ཕྱོགས་སུ་འཐེན་པ་འདི་སྐྱོ་དགོས་པ་ཞིག་རེད།༧གོང་ས་མཆོག་གིས་བོད་རྒྱལ་ཡོངས་ཚོགས་ཆེན་ཐོག་ཏུ་ཁོང་བཀའ་ཁྲིའི་འོས་མི་སུ་ཞིག་ལའང་རྒྱབ་སྐྱོར་མེད་ལ་ཁོང་ལ་བཀའ་ཁྲི་སུ་བསླེབ་ན་ཁྱད་པར་མེད་གསུངས་པ་དེ་ཕ་ཕྱོགས་ནས་ལུང་འདྲེན་བྱས་ཡོང་ན་ཁྱོད་ཀྱིན་ལན་ཅི་ཞིག་རྒྱག་རྒྱུ་ཡིན།
ཞིང་བའི་བུ་ལགས།ཁྱོད་དང་ངེད་གཉིས་ལྟ་བུ་ཕྱོགས་རེས་གོང་བུ་ཞིག་གིས་དོན་དངོས་བཀའ་ཁྲི་སུ་འོས་ཤེས་ཐུབ་ཀྱི་མ་རེད།དང་པོ་ནས་རང་ཉིད་ཕྱོགས་སུ་ལྷུང་ཚར་བའི་མི་ཞིག་གི་སྐད་ཆ་ཚང་མ་ཕྱོགས་ལྷུང་རེད།
དངོས་གནས་སྐད་ཆ་བཤད་མཁན་ཚད་ལྡན་ཞིག་ན་ཕྱོགས་སུ་མ་ལྷུང་པར་ཐད་ཀར་དྲང་མོར་བལྟ་ཐུབ་མཁན་ཞིག་དགོས་ལས་ངེད་གཉིས་འདྲ་བོ་མ་རེད།དེ་ལས་དོན་ཏག་འདི་འདྲའི་རིགས་མི་ཤེས་ཁུར་བྱེད་པ་ལས་ཁ་བཙུམ་ནས་བསྡད་ན་ཡག་གི་རེད།
ཟླ་བ་ཆོས་འཛོམས་ལགས།
ཁྱེད་ཀྱིས་ཁ་བཙུམ་གསུངས་འདུག མང་ཚོ་རྒྱལ་ཁབ་ནང་དུ་དེ་འདྲ་གསུངས་མི་ཉན།
༧གོང་ས་མཆོག་གིས་གང་གསུངས་པ་དེ་ངས་འདི་ན་བསྐྱར་ཟློས་བྱས་པ་ཙམ་ཡིན།
ང་རང་གི་གོ་ཚུལ་དང་ཐག་གཅོད་དེ་ལྟར་ཡིན།
ཁྱེད་རང་ངོས་ནས་གོ་བ་དང་བསམ་ཚུལ་ཇི་ཡོད་ལ་ངེས་ཐེ་གཏོགས་བྱེད་ཀྱི་མེད།
སྤུན་གྲོགས་ཚོའི་གཟིགས་དང་
སྟག་སྨྱོན་དང་bbcཟླ་བ་ཆོས་འཛོམས་སོགས་ཀྱིས་སྔར་ནས་ད་ལྟར་བར་དུ་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེའི་སྐོར་བསམ་ཚུལ་དང་ཟིན་བྲིས་རྩོམ་ཡིག་རེ་ཡོད་ཚེ་མ་ཉེས་སྐྱོན་འཛུག་རེ་མ་བྱེད་ན་སྡོད་མི་ཐུབ་པ་གང་ཡིན་ནམ་།
༡༽གཟིགས་དང་ཁ་སང་དེ་རིང་མཚར་པར་དང་དུས་དེབ་དྲ་རྒྱ་སོགས་ནང་།མཁས་དབང་བློ་་བཟང་སེང་གེ་མཆོག་ལ་ཉེས་མེད་ཉེས་འདོགས་བྱེད་མཁན་རྒྱ་དམར་ཀླ་ཀློའི་དཔོན་ངན་འགའ་དང་བཙལ་འབྱོར་གཞུང་གིས་ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོ་ལས་གཞན་ཕལ་ཆེར་མེད་ཟེར་ཆོག་།རྒྱ་དམག་ཀླ་ཀློའི་དཔོན་ངན་ཚོའི་སྔར་ནས་གོང་༸ས་མཆོག་དང་དེའི་ཕྱོགས་ཏོག་མི་རྒན་རེ་གཟུང་རྫོགས་ན་རྩལ་འབྱོར་གཞུང་ལ་གང་ཡང་མེད་བསམ་གྱི་ཡོད་་།ཡིན་ན་ད་ལྟར་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་སེང་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུའི་གྲུབ་འབྲས་རྒྱལ་ཁ་ཆེན་པོ་ཐོབ་པ་ལ་འཇིགས་སྣང་དང་རྔམ་སྐྲག་བྱས་ནས་།ཉེས་མེད་ཉེས་འདོགས་སོགས་བྱེད་ཀྱིས་ཡོད་་།སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་་།ཆང་རང་གི་འཐུང་དུས་ར་གཟི་་།གཞན་གྱིས་འཐུང་དུས་མིག་མཚར་ནས་ཁོ་ཚོའི་ཐབས་ཐང་དབང་ཤུགས་སོགས་སྤྲང་ཕྲུག་ཞིག་ལ་ཤོར་ཉེན་གྱིས་་།མ་ཉེས་བསྐྱོན་འཛུགས་སོགས་མང་དག་བྱེད་ཀྱི་ཡོད་པས་།ཆོལ་གསུམ་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་སྔར་བཞིན་རྒྱབ་སྐྱོར་དང་ཡིད་གཟབ་གནང་གལ་ཆེ་བ་མཐོང་།བོད་འདི་ཤི་གསོན་གྱི་དུས་ངན་འདི་ལ་རང་རྒྱལ་གཞན་ཕམ་སོགས་ཀྱིས་རྩོད་གླེང་བྱས་པ་དགོས་དོན་མེད་།གུས་པ་ནི་སྐུ་དྲག་དང་དཔོན་ངན་འབྱོར་ལྡན་ཚོའི་བྱེད་སྟངས་ལ་ཞེན་པ་གཏིང་ནས་ལོག་སོང་།
༢༽ང་ཚོའི་མ་འོང་བཀའ་ཁྲི་གསར་པའི་སྔོན་འགྲོའི་རྩེ་ཏོག་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཆེན་པོ་འདི་འདྲ་ཞིག་ཐབས་པ་ནི་།ཕྱོགས་རེས་དང་ཐེན་འཁྱེར་སོགས་དོར་ནས་ཆོལ་གསུམ་ཆིལ་བསྒྲིགས་ཀྱིས་ནུས་པ་གསལ་སྟོན་བྱེད་པ་དང་།གཞིས་བྱེས་གཉིས་ཀའི་བློ་མཐུན་གྱིས་གསལ་ཁ་དངོན་པ་རང་ལས་མ་ཏོག་འབར་མ་དང་རྒྱ་ནག་ལྟར་བུའི་འཇིགས་བསྐུལ་དབང་ཤུགས་སོགས་ཀྱིས་ག་ལ་ཡིན་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་བཀའ་ཁྲིའི་གསེར་ཁྲི་བདག་པོ་མེད་།
༣ ༽གཟིགས་དང་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབསའདུག་ཅེས་། གོང་༸ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་ཤོ་བག་རྒྱན་རྩད་ལ་མགོ་ཁོར་ནས་ཤེས་མེད་པ་འདྲ་།
མ་ཚད་ཡང་དེའི་རྗེས་སུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད་། ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་པ་མ་ཚད་བུ་མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་ཅེས་གསུངས་མྱོང་།
འདི་ངན་པར་དུ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་ཤེས་གལ་ཆེ་བ་མ་ཏོག་། སྟག་འཆམས་ས་ཝ་འཆམས་ན་ཝ་མོའི་རྐད་ཚིག་རྙལ་བ་ལས་གཞན་ཕན་ཐོག་གང་ཡང་མ་མཐོང་ལགས་།།
བསྟན་འཕགས་ཞེས་པ་འདིས་དོན་མེད་ཕྱོགས་རིས་ཀྱི་སྐད་ཆ་ཆོ་མེད་པ་ལུང་པ་གང་བཤད་འདུག དོན་ལ་ཁྱེད་རང་ཡོན་ཏན་རྩ་བ་ནས་མེད་པ་ཞིག་རེད་འདུག ཁག་མེད། ཁྱེད་སེམས་ཤུགས་མ་ཆག བོད་ཡིག་ཡག་པོ་སྦྱོང། ད་ལྟ་བོད་ཡིག་ཡག་པོ་ཤེས་ཀྱི་མི་འདུག ཁྱེད་རང་གི་མིག་ནང་བློ་སེང་ཡོན་ཏན་ཆེན་པོ་དང་གྲུབ་འབྲས་སྟོན་རྒྱུ་ྱམེད་པའི་འཇོན་པོ་ཞིག་ཡིན་ཀྱང་། ང་ཚོའི་མིག་ནང་དེ་ལྟར་མ་ཡིན། ལྷག་དོན་རྒྱ་གཞུང་ནས་བློ་སེང་ལ་འཇིགས་སྣང་བྱེད་བཞིན་ཡོད་ཟེར། སྐད་ཆ་འདི་ངོ་མ་དགོད་བྲོ་པོ་ཞིག་འདུག ཁྲོན་པའི་ནང་གི་སྦལ་པའི་རང་རྟགས་ངོ་མ་དེ་མངོན་འདུག ཧཧཧ། རྒྱ་གཞུང་ནས་༸གོང་ས་མཆོག་གི་མཚན་སྙན་ལ་ཅུང་འཇིགས་སྣང་སྐྱེ་བ་ལས། དེ་མིན་བོད་པ་སུ་ཞིག་ལ་མིའི་མཐོངའཇོག་གི་མེད་པ་དེ་ཡོན་ཏན་མེད་པའི་བོད་པ་ཁྱུ་གཅིག་གིས་ད་དུང་ཡང་ཤེས་མི་འདུག སློབ་སྦྱོང་མང་ཙམ་བྱོས། རྒྱལ་སྤྱིར་ཁ་ཕྱོགས་ཏེ་མིག་ཕྱི་ལ་ལྟོས། གླེན་པས་གླེན་པ་མ་འཁྲིད། ཉིན་གཅིག་ཚང་མ་མཉམ་དུ་གཡང་ལ་ཟག་གི་རེད་དོ།།
དྲ་གྲོགས་གཡུལ་རྒྱལ་ལགས།
སྐུ་ཉིད་སྐུ་རླུང་མ་གནང་རོགས།ངས་འདིར་ཤ་རུས་གཅིག་པའི་སྤུན་ཟླ་རྣམས་ཕན་ཚུན་དོན་དམ་གྱི་བགྲོ་གླེང་ཞིག་བྱེད་འདོད་ཡོད།
སྐུ་ཉིད་ཀྱིས་གསུངས་པ་བཞིན་ངས་མ་ཤེས་པར་ངོ་ཚ་ས་མ་རེད།བློ་སེང་ནང་བཞིན་བོད་ཡིག་མ་ཤེས་ཤེས་ཁུལ་བྱས་ནས་སྐྱག་རྫུན་བཤད་ན་ངོ་ཚ་གི་རེད།མཁྱེན་སོང་ངམ།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས།
སྐུ་ཉིད་ཐུགས་ཅུང་ཟད་རྣལ་དུ་གནས་ནས་ལྷོད་ཙམ་གནང་དང།
བཀའ་ཁྲིའི་དངོས་གཞིའི་འོས་བསྔུ་སླེབས་ལ་ཉེ་བའི་སྐབས་འདིར་སྐུ་ཉིད་ཀྱང་སྐུ་རླུང་ཚ་རུ་ཚ་རུ་འགྲོ་གི་འདུགདངོས་སུ་དངོས་གཞིའི་འོས་བསྡུ་ཁྱབ་བསྒྲགས་བྱེད་དུས་སྐུ་ཉིད་རླུང་ནད་ཟིན་ཉེན་ཆེ།
སྐུ་ཉིད་ཀྱིས་ཁ་བརྡའི་རྩོམ་རིག་ར་བ་འདིར་ཕེབས་པའི་ཤ་རུས་གཅིག་པའི་སྤུན་ཟླ་རྣས་ལ་་་་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་ཞེས་གདུག་རྩུབ་ཆེ་བའི་ཚིག་ཚོན་འདེབས་ན་རང་གི་དེ་ཉིད་སྟོན་པ་ལས་ཆུ་ནང་རྟུག་དྲིའི་ནུས་པ་ཡང་མི་ཐོན།
དྲ་གྲོགས་བསྟན་འཛིན་འཕགས་པ་ལགས།
སྐུ་ཉིད་ཐུགས་ཅུང་ཟད་རྣལ་དུ་གནས་ནས་ལྷོད་ཙམ་གནང་དང།
བཀའ་ཁྲིའི་དངོས་གཞིའི་འོས་བསྔུ་སླེབས་ལ་ཉེ་བའི་སྐབས་འདིར་སྐུ་ཉིད་ཀྱང་སྐུ་རླུང་ཚ་རུ་ཚ་རུ་འགྲོ་གི་འདུགདངོས་སུ་དངོས་གཞིའི་འོས་བསྡུ་ཁྱབ་བསྒྲགས་བྱེད་དུས་སྐུ་ཉིད་རླུང་ནད་ཟིན་ཉེན་ཆེ།
སྐུ་ཉིད་ཀྱིས་ཁ་བརྡའི་རྩོམ་རིག་ར་བ་འདིར་ཕེབས་པའི་ཤ་རུས་གཅིག་པའི་སྤུན་ཟླ་རྣས་ལ་་་་ཕྱོགས་ཞེན་ཆེ་བའི་ཀླད་སྟོང་མི་ཉུང་བ་ཞིག་གིས་མི་མང་མགོ་སྐོར་སླུ་འཁྲིད་བྱས་ཐབས་དཀྲོག་གཏམ་དང་ཧམ་བཤད་བརྫུན་གཟོ་སོགས་ཞེས་གདུག་རྩུབ་ཆེ་བའི་ཚིག་ཚོན་འདེབས་ན་རང་གི་དེ་ཉིད་སྟོན་པ་ལས་ཆུ་ནང་རྟུག་དྲིའི་ནུས་པ་ཡང་མི་ཐོན།
༡༽དྲ་གྲོགས་བསྟན་འཛིན་འཕགས་པ་ཟེར་བ་དེ་བློ་རྒྱ་ཆུང་བ་ལ།་བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་རྒྱ་དམར་དང་འདྲ་མཚུངས་བལྟ་ཚུལ་འཛིན་དེར་དངོས་གནས་ཡ་ང་དགོས་པ་ཞིག་འདུག་
༢༽ཨ་མའི་བུ་ལ་བོད་ཡིག་མེད་ན།་བཀའ་ཁྲིའི་གསེར་ཁྲིར་རིན་ཐང་མེད།
༣༽ངས་དག་ཆ་བཟོ་བཅོས་ལས་དེ་མིན་དམིགས་ཡུལ་ངན་པ་གང་ཡང་མེད།ང་ལ་སྐུ་ཉིད་ཀྱིས་ཧམ་བཤད་དང་དཀྲོག་གཏམ།་རྫུན་བཟོ།ཀླད་སྟོང་ཞེས་པའི་ཚིག་མཚོན་གྱི་དུག་མདའ་མ་འཕེན་རོགས།
༤༽སྐུ་ཉིད་ཀྱི་བོད་ཡིག་ཤེས་ཚད་དེར་གཅིག་ལྟོས་དང་།དེ་ལས་ཤེས་ཚད་ལེགས་ཙམ་ཞིག་ཡོད་ན་གནམ་ས་མགོ་རྟིང་རློག་གི་ཡིན་ཟེར་ན་རེད།
༥༽གཤམ་ཁོང་གིས་བྲིས་པའི་མཆན་བུ་༣༡་དེར་གཟིགས་དེར་ངས་དག་བཅོས་བྱེད་ཁུལ་ཡིན་ཡང་དག་ནོར་མང་དྲགས་ནས་རེ་གཉིས་ད་དུང་ལུས་ཡོད་རེས་རེད།
གཟིགས་དང་ཁ་སང་དེ་རིང་མཚར་༼ཚགས་་༽པར་དང་དུས་དེབ་དྲ་རྒྱ་སོགས་ནང་།མཁས་དབང་བློ་་བཟང་སེང་གེ་མཆོག་ལ་ཉེས་མེད་ཉེས་འདོགས་བྱེད་མཁན་རྒྱ་དམར་ཀླ་ཀློའི་དཔོན་ངན་འགའ་དང་བཙལ་༼་བཙན་༽འབྱོར་༼་བྱོལ་༽གཞུང་གིས་༼་གི་༽ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོ་ལས་གཞན་ཕལ་ཆེར་མེད་ཟེར་
༼་ན༽ཆོག་།རྒྱ་དམག་ཀླ་ཀློའི་དཔོན་ངན་ཚོའི་སྔར་ནས་༼་༸་༽གོང་༸ས་མཆོག་དང་དེའི་ཕྱོགས་ཏོག་༼་རྟོགས་༽མི་རྒན་རེ་གཟུང་༼་བཟུང་༽རྫོགས་ན་རྩལ་༼་བཙན་༽འབྱོར་༼་བྱོལ་༽གཞུང་ལ་གང་ཡང་མེད་བསམ་གྱི་ཡོད་་།ཡིན་ན་༼་ཡང་༽ད་ལྟར་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་སེང་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུའི་གྲུབ་འབྲས་༼ལ་་༽རྒྱལ་ཁ་ཆེན་པོ་ཐོབ་པ་ལ་འཇིགས་སྣང་དང་རྔམ་༼དངངས༽སྐྲག་བྱས་ནས་།ཉེས་མེད་ཉེས་འདོགས་སོགས་བྱེད་ཀྱིས་༼་ཀྱི་༽ཡོད་་།སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་་།ཆང་རང་གི་༼་གིས་༽འཐུང་དུས་ར་གཟི་༼་བཟི་༽་།གཞན་གྱིས་འཐུང་དུས་མིག་མཚར་༼ཚ་་༽ནས་ཁོ་ཚོའི་ཐབས་༼ཐོབ་་༽ཐང་༼་དང་༽དབང་ཤུགས་སོགས་སྤྲང་ཕྲུག་ཞིག་ལ་ཤོར་ཉེན་གྱིས་་།མ་ཉེས་བསྐྱོན༼སྐྱོན་༽་འཛུགས་སོགས་མང་དག་བྱེད་ཀྱི་ཡོད་པས་།ཆོལ་གསུམ་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་སྔར་བཞིན་རྒྱབ་སྐྱོར་དང་ཡིད་གཟབ་གནང་གལ་ཆེ་བ་མཐོང་།བོད་འདི་ཤི་གསོན་གྱི་དུས་ངན་འདི་ལ་རང་རྒྱལ་གཞན་ཕམ་སོགས་ཀྱིས་རྩོད་གླེང་བྱས་པ་དགོས་དོན་མེད་།གུས་པ་ནི་སྐུ་དྲག་དང་དཔོན་ངན་འབྱོར་ལྡན་ཚོའི་བྱེད་སྟངས་ལ་ཞེན་པ་གཏིང་ནས་ལོག་སོང་།
༢༽ང་ཚོའི་མ་འོང་༼་འོངས་༽བཀའ་ཁྲི་གསར་པའི་སྔོན་འགྲོའི་རྩེ་ཏོག་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཆེན་པོ་འདི་འདྲ་ཞིག་ཐབས་༼་ཐོབ་༽པ་ནི་།ཕྱོགས་རེས་༼་རིས་༽དང་ཐེན་༼་འཐེན་༽འཁྱེར་སོགས་དོར་ནས་ཆོལ་གསུམ་ཆིལ་༼་ཆིག་༽བསྒྲིགས་༼་སྒྲིལ་༽ཀྱིས་༼་ཀྱི་༽ནུས་པ་གསལ་སྟོན་བྱེད་པ་དང་།གཞིས་བྱེས་གཉིས་ཀའི་བློ་མཐུན་གྱིས་༼་གྱི་༽གསལ་ཁ་དངོན་པ་རང་ལས་མ་ཏོག་༼་གཏོགས་༽འབར་མ་དང་རྒྱ་ནག་ལྟར་༼་ལྟ༽བུའི་འཇིགས་བསྐུལ་༼་སྐུལ་༽དབང་ཤུགས་སོགས་ཀྱིས་ག་ལ་ཡིན་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་བཀའ་ཁྲིའི་གསེར་ཁྲི་བདག་པོ་མེད་།
༣ ༽གཟིགས་དང་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸༼་༸གོང་༽ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་༼་བཀའ་ལན་༽དུ་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབས༼་བདམས་འདུག་༽འདུག་ཅེས་། གོང་༸༼་༸གོང་༽ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་ཤོ་བག་རྒྱན་རྩད་༼་རྩེད་༽ལ་མགོ་ཁོར་༼་འཁོར་༽ནས་༼་བ་༽ཤེས་མེད་པ་འདྲ་།
མ་ཚད་ཡང་དེའི་རྗེས་སུ་གོང་༼་༸གོང་༽ས་མཆོག་གིས་འདི་ལྟར་གསུང་༼་གསུངས་༽ཡོད་། ངས་མ་འོང་༼་འོངས་༽བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་པ་མ་ཚད་བུ་༼་བུད་༽མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་༼བྱེད་༽ཀྱི་ཡོད་ཅེས་གསུངས་མྱོང་།
འདི་ངན་༼ངེས་༽པར་དུ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་ཤེས་གལ་ཆེ་བ་མ་ཏོག་༼གཏོགས་༽། སྟག་འཆམས་༼མཆོངས་༽ས་ཝ་འཆམས་༼མཆོངས་༽ན་ཝ་མོའི་རྐད་༼སྐེད་༽ཚིག་རྙལ་༼རྙལ་ཞེས་པ་བོད་ཀྱི་བརྡ་སྤྲོད་ལ་མེད།ཆགས་ཡིན་གྱི་རེད།༽བ་ལས་གཞན་ཕན་ཐོག་༼ཕན་ཐོགས་༽གང་ཡང་མ་མཐོང་ལགས་།།
ཡ། ད་འོ་ན་ངས་ཀྱང་རོགས་རམ་བྱས་ཆོག ལ་བདག་གིས་ཕལ་ཆེར་བཅོས་འདུག་ཀྱང་ད་དུང་ལྷག་འདུག འཕགས་པ་རང་ལྟོས་ཨང།
སྤུན་གྲོགས་ཚོའི་༼ཚོས།༽གཟིགས་དང་
སྟག་སྨྱོན་དང་bbcཟླ་བ་ཆོས་འཛོམས་སོགས་ཀྱིས་སྔར་ནས་ད་ལྟར་༼ལྟ་༽བར་དུ་སློབ་དཔོན་ཆེན་པོ་༼མོ་༽མཁས་དབང་བློ་བཟང་སེང་གེའི་སྐོར་བསམ་ཚུལ་དང་ཟིན་བྲིས་རྩོམ་ཡིག་རེ་ཡོད་ཚེ་མ་ཉེས་༼ཉེས་མེད་༽སྐྱོན་འཛུག་༼འཛུགས་༽རེ་མ་བྱེད་༼བྱས་༽ན་སྡོད་མི་ཐུབ་པ་གང་ཡིན་ནམ་། གཟིགས་དང་ཁ་སང་དེ་རིང་མཚར་༼ཚགས་༽པར་དང་དུས་དེབ་དྲ་རྒྱ་སོགས་ནང་།མཁས་དབང་བློ་་བཟང་སེང་གེ་མཆོག་ལ་ཉེས་མེད་ཉེས་འདོགས་བྱེད་མཁན་རྒྱ་དམར་ཀླ་ཀློའི་དཔོན་ངན་འགའ་དང་བཙལ་༼བཙན་༽འབྱོར་༼་བྱོལ་༽གཞུང་གིས་༼་གི་༽ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོ་ལས་གཞན་ཕལ་ཆེར་མེད་ཟེར་ཆོག
རྒྱ་དམག་༼དམར་༽ཀླ་ཀློའི་དཔོན་ངན་ཚོའི་༼ཚོས་༽སྔར་ནས་གོང་༸ས་༼༸གོང་ས་༽མཆོག་དང་དེའི་ཕྱོགས་ཏོག་༼གཏོགས་༽མི་རྒན་རེ་གཟུང་༼ཟུང་།༽རྫོགས་ན་རྩལ་༼བཙན།༽འབྱོར་༼བྱོལ་༽གཞུང་ལ་གང་ཡང་མེད་བསམ་གྱི་ཡོད་་།ཡིན་ན་༼ཡང་༽ད་ལྟར་༼ལྟ་༽གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་མཁས་དབང་བློ་སེང་སྔོན་འགྲོའི་བཀའ་ཁྲིའི་འོས་བསྡུའི་གྲུབ་འབྲས་༼ལ་༽རྒྱལ་ཁ་ཆེན་པོ་ཐོབ་པ་ལ་འཇིགས་སྣང་དང་རྔམ་༼དངངས་༽སྐྲག་བྱས་ནས་།ཉེས་མེད་ཉེས་འདོགས་སོགས་བྱེད་ཀྱིས་༼ཀྱི་༽ཡོད་་།སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་་།༼ཚོས་༽ཆང་རང་གི་༼གིས་༽འཐུང་དུས་ར་གཟི་༼བཟི་༽་།གཞན་གྱིས་འཐུང་དུས་མིག་མཚར་༼ཚ་༽ནས་ཁོ་ཚོའི་ཐབས་༼ཐོབ་༽ཐང་༼དང་༽དབང་ཤུགས་སོགས་སྤྲང་ཕྲུག་ཞིག་ལ་ཤོར་ཉེན་གྱིས་་།མ་ཉེས་༼ཉེས་མེད་༽བསྐྱོན༼སྐྱོན་༽འཛུགས་སོགས་མང་དག་བྱེད་ཀྱི་ཡོད་པས་།ཆོལ་གསུམ་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་སྔར་བཞིན་རྒྱབ་སྐྱོར་དང་ཡིད་གཟབ་གནང་གལ་ཆེ་བ་༼བར་༽མཐོང་།བོད་འདི་ཤི་གསོན་གྱི་དུས་ངན་འདི་ལ་རང་རྒྱལ་གཞན་ཕམ་སོགས་ཀྱིས་རྩོད་གླེང་བྱས་པ་༼པར་༽་དགོས་དོན་མེད་།གུས་པ་ནི་སྐུ་དྲག་དང་དཔོན་ངན་འབྱོར་ལྡན་ཚོའི་བྱེད་སྟངས་ལ་ཞེན་པ་གཏིང་ནས་ལོག་སོང་།
༢༽ང་ཚོའི་མ་འོང་༼་འོངས་༽བཀའ་ཁྲི་གསར་པའི་སྔོན་འགྲོའི་རྩེ་ཏོག་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཁ་ཆེན་པོ་འདི་འདྲ་ཞིག་ཐབས་༼ཐོབ་༽པ་ནི་།ཕྱོགས་རེས་༼རིས་༽དང་ཐེན་༼འཐེན་༽འཁྱེར་སོགས་དོར་ནས་ཆོལ་གསུམ་ཆིལ་༼ཆིག་༽བསྒྲིགས་༼སྒྲིལ་༽ཀྱིས་༼གྱི་༽༽ནུས་པ་གསལ་སྟོན་བྱེད་པ་དང་།གཞིས་བྱེས་གཉིས་ཀའི་༼ཀ་༽བློ་མཐུན་གྱིས་༼གྱི་༽གསལ་ཁ་དངོན་པ་རང་ལས་མ་ཏོག་༼གཏོགས་༽འབར་མ་དང་རྒྱ་ནག་ལྟར་༼་ལྟ༽བུའི་འཇིགས་བསྐུལ་༼སྐུལ་༽དབང་ཤུགས་སོགས་ཀྱིས་ག་ལ་ཡིན་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན་བཀའ་ཁྲིའི་གསེར་ཁྲི་༼ཁྲིར་༽བདག་པོ་མེད་།
༣ ༽གཟིགས་དང་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས། གོང་༸༼༸གོང་༽ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་༼བཀའ་ལན་༽དུ་། ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་༼ཞིག་༽ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབས༼བདམས་འདུག་༽འདུག་ཅེས་། གོང་༸༼༸གོང་༽ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་༼ཚོས་༽ཤོ་བག་རྒྱན་རྩད་༼རྩེད་༽ལ་མགོ་ཁོར་༼་འཁོར་༽ནས་ཤེས་མེད་པ་འདྲ།
མ་ཚད་ཡང་དེའི་རྗེས་སུ་གོང་༼༸གོང་༽ས་མཆོག་གིས་འདི་ལྟར་གསུང་༼གསུངས་༽ཡོད་། ངས་མ་འོང་༼འོངས་༽བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་༼བྱེད་༽པ་མ་ཚད་༼ཟད་༽བུ་༼བུད་༽མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་༼བྱེད་༽ཀྱི་ཡོད་ཅེས་གསུངས་མྱོང་།
འདི་ངན་༼ངེས་༽པར་དུ་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་༼ཚོས་༽ཤེས་གལ་ཆེ་བ་མ་ཏོག་༼གཏོགས་༽། སྟག་འཆམས་༼མཆོངས་༽ས་༼སར་༽ཝ་འཆམས་༼མཆོངས་༽ན་ཝ་མོའི་རྐད་༼སྐེད་༽ཚིག་༼ཚིགས་༽རྙལ་༼སྙིལ་༽བ་ལས་གཞན་ཕན་ཐོག་༼ཕན་ཐོགས་༽གང་ཡང་མ་མཐོང་ལགས།། ངས་འཕགས་པར་འཕགས་བཅོས་དང་། ལ་རྒྱར་ལ་བཅོས་བརྒྱབ་ཡོད་དོ། །
མཆན་ཞོག
རྒྱལ་བ་རིན་པོ་ཆེས་ཞལ་རྫུན་ནི་བསྐྱོན་ཀྱི་ཡོད་རྒྱུ་མ་རེད། ཁོང་གིས་སྔ་མོ་ནས་བཀའ་སྤྱི་འོས་འདེམས་ཀྱི་དབང་ཆ་ཆ་ཚང་མང་ཚོགས་ཀྱི་ལག་ཏུ་སྤྲད་ཡོད་པ་རེད ང་ཚོ་བཙན་བྱོལ་གཞུང་དེ་མང་གཙོ་ཡང་དག་པ་ཞིག་རེད་ཅེས་གསུངས་པ་ང་རང་ངོ་མས་གོ་མྱོང་། ད་ཡང་དེ་རིང་བཀའ་ཁྲི་གཞོན་སྐྱེས་ཞིག་དགོས་སྐོར་གསུངས་ཟེར་བ་དོན་ངོ་མར་མང་གཙོ་ཡང་དག་པ་གང་ཞིག་ལ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་མི་ཆོག་པ་ཟེར་བ་དེ་ཡིན་ས་རེད། ད་ཡིན་ན་ཁྲམ་པ་དེ་ཚོས་གོང་ས་མཆོག་ལག་རྩེད་རྩེད་ཀྱིན་འདུག མ་ཟད་བོད་ཡིག་བོད་སྐད་རང་རྐྱ་འཕེལ་བ་ཞིག་མེད་པར་ཇི་ལྟར་ཤེས་ཡོན་གཉིས་ལྡན་ཆགས་པ་རས།
སྤུན་གྲོགས་
སྟག་སྨྱོན་དང་ལག་རྒྱའི་བདག་པོ་bbcབཅས་ལ་གུས་པས་རྩོམ་ཡིག་འདི་ལེགས་པོ་ཞིག་བཀླགས་གནང་བ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཞུ་།
ཁྱེད་ཚོ་ནི་ཕྱོགས་རེས་ཀྱིས་སྨྱོན་པའི་ཀླད་སྟོང་སྐུ་དྲག་དང་འབྱོར་ལྡན་དཔོན་ངན་ཚོའི་རྒྱུག་ཁྱི་ཞིག་ལས་གཞན་གང་ཡང་མ་མཐོང་། རྒྱུ་མཚན་ནི་དྲ་གྲོགས་ཚོས་ཁྱེད་ཚོའིརྩོམ་ཡིག་ཁག་ལ་ལྟས་ནས་ཤེས་སོ།།
གོང་དུ་ཁྱེད་ཚོ་གཅིག་གི་༼ ཁྱི་ལ་ཁྱུ་༽ཞེས་བྲིས་འདུག་ཧཧཧཧཧ
ཕྱོགས་རེས་བ་།།
ད་རྡོ་གྲགས་ཀྱི་ཡིག་ནོར་དི། ཡང་སྐྱ་ཅིག་མ་བྲིས་ན་ཐམས་མི་འདུག ག་ཡིན་ཟེར་ན། ༧ གོང་ས་མཆོག་ལ་བཀའ་ཁྲིའི་སྐབས་ལ་དཀའ་འབྲི་ཞུ་དུས། ༧གོང་ས་མཆོག་གི་ངའི་བསམ་པར་བཀའ་ཁྲི་དི། བཞིན་སྐྱིས་ཤིས་འབྱོན་གཉིས་བདོན་ཅིག་རྡོམ་ཡོད་ཤ་ཡིན་དེ། ཡང་སྐྱ་བླ་དགེ་མགོ་སེར་ཅིག་རྡམ་ཤར་བསངས་ཡོད། དེ་དང་། ཡང་༧གོང་ས་མཆོག་གི་དཀར་བློབ་བཞིན་ཞིག་ནང་། ང་བཀའ་ཁྲིའི་འོས་མི་སུ་གཅིག་ལ་རྒྱམ་སྐྱོང་མིད། མི་དམིངས་གིས་གང་རྡམ་པ་དེ་བཀའ་ཁྲི་རིད་མ་བཏོག་བསིང་ཡོད། དཀར་བློམ་དེ་གཉིས་གིས་ནང་དོན་ཤིས་སོ་ངོ་། དང་པོ་དིས་གིས། ༧གོང་ས་མཆོག་གི་ཐུག་ལ་བཞིན་སྐྱིས་ཤིས་འབྱོན་གཉིས་བདིན་ཅིག་ཡོད་པ་གསར་པོ་བཏོན་ཡོད། གཉིས་པ་དེས། མི་འདི་དང་འདི་ཞིས་པའི་མིའི་མིང་འབོད་ན། མི་འགྲིག་པ་བ་བཏོན་ཡོད། སོ་ཙ། མི་ཚང་མའི་ཁ་ལ་༧གོང་ས་མཆོག་གི་བཀར་བློབ་དང་༧གོང་ས་མཆོག་གི་དཀར་རིད་ཟེར་ཡ་དགར་པོ་འདུག དཀར་བློམ་དེ་ཚང་ཤིས་པའི་ཐོག་ནས། བཀའ་ཁྲི་མ་ནོར་བ་རྡམ་རོག་ཞུ། ཡིག་ནོར་མང་པོ་ཡོད་པའི་དགོང་འགའ་མིད་པ་ཞུ།
ཁ་བརྡ་རླུང་རྟ་ཡར་འགྲོ་རེད་འདུག ཆེད་རྩོམ་ཨ་མ་འདི་དང་མཆན་བུ་ཕལ་ཆེ་བར་ཁ་ངན་ཚིག་ངན་ཉུང་ལ་དོན་ལ་བསམ་བློ་བཏང་འདུག
ཞིང་བུས་བློ་སེང་ལ་རྒྱབ་སྐྱོར་གནང་སྟངས་འདི་ད་བར་གྱི་བློ་སེང་རྒྱབ་སྐྱོར་ཆེད་རྩོམ་ནང་ནས་ཡག་ཤོས་དེ་རེད། རྒྱུ་མཚན་ནི། བཀའ་ཁྲིའི་འོས་མི་གཞན་གཉིས་ལ་གུས་བཀུར་ཆེ་མཐོང་དང་འབྲེལ། བློ་སེང་བཀའ་ཁྲིར་འོས་པའི་རྒྱུ་མཚན་དྲངས་འདུག གཞན་དུ་སྐུ་དྲག རྒས་པོ། སྒོར་བཟས་ཚུལ་སོགས་མང་པོ་བྲིས་པས་དེས་རྐྱེན་གྱིས་བློ་སེང་ལའང་ཡི་ག་ལོག་པ་བཟོས་ཡོང་གིན་འདུག ཁྱེད་ཀྱི་རྩོམ་དེ་ལས་ལོག་པ་རེད་འདུག་པས་འདི་ནི་ལེགས་ཆ་རེད། ཡིན་ནའང་༧གོང་ས་མཆོག་གི་གསུང་རྒྱབ་སྐྱོར་དུ་ཨ་དྲངས་ཡང་དྲངས་མང་པོ་གནང་བ་ནི་མི་ལེགས་ཏེ། དེ་ལྟར་ན་ང་ཚོའི་དམངས་གཙོ་ནི་དམངས་གཙོ་ལྟར་སྣང་བ་ཞིག་དང་། དོན་ལ་༧གོང་ས་མཆོག་གིས་གང་གསུངས་བྱ་རྒྱུ་ལས་མི་མང་ལ་དོན་གྱིས་རང་གི་དབུ་ཁྲིད་གདམ་རྒྱུའི་ཐོབ་དབང་མེད་པའི་སྣང་ཚུལ་ཞིག་ཤུགས་ཀྱིས་འབྱིན། དེས་ན་གོང་དུ་ལ་རྒྱའི་བདག་པོས་བཤད་པ་བཞིན་བློ་སེང་རང་གི་ལྟ་གྲུབ་དང་། འབྱོན་སྟངས་སོགས་བཀའ་ཁྲིར་འོས་པའི་ཆ་རྐྱེན་གཞན་དག་གླེང་ན་འོས།
ཡ་ཡ་ད་ཐིག་རྗེ་ཆེ་ཡིག་ནོར་མང་ཀྱང་ཚོག་མ་རེག་པའི། འོ་ན་ངའི་བསམ་ཚུལ་ཞིག་ཞུ་ཆོག་པ་ཞུ། བཀའ་ཁྲི་བཀའ་ཟེར་རྣམ་པ་གཉིས་གང་རོང་ཞིག་ལ་ཐོབ་ན། ལོ་༥་རྩན་ཕྱོག་བཞོང་དེ་རང་འཇལ་བདད་ཐོབ་ན་ཡ་པོ་རེད་དྲིན་གྱི་ཡོད། ཁང་གཉིས་ཀྱིས་ལོ་མང་རིང་བཞོང་ལ་བསམ་པ་རྣམ་དར་གི་བྱ་ལེན་བནང་ནས་དཀའ་དྲིན་ཆེ་ཡང་། ཡང་སྐྱ་ཁང་རྣམ་པ་གཉིས་གང་རོང་ལ་ཐོབ་པ་ཡིན་ན། སྔོན་ལན་ལྷག་ཅིག་བྱ་ལེན་བནང་ཡ་ཨེ་ཡོད་ན་དྲིན་གྱི་ཡོད། དེ་ལེན་བློ་སེང་ཐོམ་ན་སྔོ་གནས་གི་བཞིན་སྐྱིས་ཤིས་འབྱེན་གཉིས་བདོན་དང་། བརྩན་ཕྱོགས་བཞོངས་ ཤིས་ཡིན་ འཕྲོན་བརྟན ་བཞི་ཆ་ཁ་ལ ་སོགས་པའི་འགྱིར་བ་ཅིག་བཏན་འདོན་དང་འུ་རེད། མ་ཚད་ཕྱི་རྒྱ་ཁ་གི་རྒྱབ་སྐྱོ་ནི་དེ་ལེན་ཀྱང་གད་ཆེ་བའི་མཁན་དབང་བློ་བཟང་སེང་གེ་ལ་གི་འབེད་བརྩེན་ཅེན་ཐོབ། ཡིག་ནོར་མང་ཀྱང་ཐུག་བསམ་བཞིས་རོག
ཨ་ཁ། བསྟན་འཕགས་འདི་ཉིན་རེ་བཞིན་མ་བསྡད་པར་དབང་པོ་རྟུལ་རུ་འགྲོ་བཞིན་འདུག ད་ཆ་ཁོས་ཁྱུ་དང་ཁྱིའི་ཁྱད་པར་ཡང་ཤེས་ཀྱི་མི་འདུག ད་དུང་གོ་དོན་ལོག་འགྲེལ་བྱེད་ཀྱི་འདུག དྲང་པོར་བཤད་ན་དྲ་ཐོག་མཆན་འདེབས་རྒྱུའི་གནས་ཚད་དེ་ཁྱེད་རང་ལ་འཛོམས་མི་འདུག ཁྱེད་རང་གཞི་ནས་སློབ་གྲར་འགྲོ་དགོས་ས་རེད། ཁྱུ་ཞེས་པ་ནི་མང་པོ་ཕྱོགས་གཅིག་ཏུ་བྱས་པའི་དོན་སྟེ། མི་མང་པོ་ལ་མི་ཁྱུ་དང་། ཕྱུགས་མང་པོ་ལ་ཕྱུགས་ཁྱུ། བྱ་མང་པོ་ལ་བྱ་ཁྱུ་ཞེས་པ་ལྟ་བུ་ཡིན།
བསྟན་འཕགས་ལགས།ལ་རྒྱའི་བདག་པོ་དང་bbc གཉིས་དགེ་རྒན་དུ་བསྟེན་ཏེ་བོད་ཡིག་སུམ་རྟགས་དག་གསུམ་ཡག་པོ་སྦྱོངས།དེ་ཕྲན་བུ་ཡར་རྒྱས་ལ་སོང་ན་གཞི་ནས་མཆན་འབྲི་འགོ་རྩོམས།མཆན་འགོད་མཁན་ཚོའི་གྲས་ནས་ཡིག་ནོར་འབྲི་དགོས་ན་ཁྱོད་རང་ཡག་ཤོས་རེད་འདུག་ལ་ཨང་དང་པོ་འང་ཡིན་ཡིན་པ་རེད།གཞན་ཁྱོད་ཀྱི་ཅི་ཞིག་ཤོད་ཀྱིན་ཡོད་་པ་ཡིག་ནོར་གྱི་གསེབ་ནས་ཤེས་ཐུབ་ཀྱི་མི་འདུག་ལགས།
༡༽བསྟན་འཛིན་འཕགས་པ་ལགས་དང་རྡོ་རྗེ་དགྲ་འདུལ་ལགས།
ཁྱེད་གཉིས་ཀ་ཁའི་གོམས་འགྲོས་ཁྱར་ཁྱོར་ཞིག་སྤོས་རྒྱུ་མེད་པར་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་འགོག་རྐྱེན་བྱེད་པའི་རི་བོ་ཆེན་པོ་ཞིག་ཆགས་རྒྱུའི་ཉེན་ཁ་འདུག
༢༽ཁྱེད་གཉིས་ཀྱིས་དྲ་གྲོགས་རྣམས་ལ་འབྱོར་ལྡན་དང་སྐུ་དྲག་གི་རྒྱུག་ཁྱི་ཞེས་ཐེངས་མང་འབོད་གནང་སོང་།ད་ལྟ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་ཡང་དག་པ་ཞིག་ཡིན་དུས།་དེར་སྐུ་དྲག་གི་དྲི་མ་ཙམ་ཡང་མེད།སྐུ་དྲག་མེད་པར་རྒྱུག་ཁྱི་ཇི་ལྟར་ཡོང་།དེ་མིན་འབྱོར་ལྡན་ཞེས་དགྲ་མཐོང་བ་ལྟར་བྱེད་པ་ནི་ཡ་མཚན་རེད།
༣༽འབྱོར་ལྡན་དང་འབྱོར་མེད་ཅེས་པའི་བསམ་བློའི་རླབས་རྒྱུན་ངན་པ་དེ་དག་གང་ནས་བྱུང་ངམ་ཞེས་ན།དེ་དག་ནི་རྒྱ་དམར་གྱི་རིག་གནས་གསར་བརྗེའི་སྐབས་འབྱོར་ལྡན་དང་འབྱོར་མེད་ཅེས་གྲལ་རིམ་དབྱེ་འབྱེད་ཀྱི་ཤེས་ལྡན་མི་སྣ་དང་བྱས་རྗེས་ཅན་གྱི་མི་སྣར་འབྱོར་ལྡན་ཞེས་འབོད་ནས་རྩ་མེད་བཟོ་བའི་ལས་འགུལ་ཞིག་སྤེལ་བ་དེའི་བསམ་བློའི་ཤུགས་རྐྱེན་དེ་བཙན་བྱོལ་ནང་འཁྱེར་ཡོང་བ་རེད།དེ་མིན་འབྱོར་ལྡན་དགྲ་ལྟར་མཐོང་དགོས་དོན་ཅི་ཡོད།བསམ་བློ་དེ་དག་ནི་རྙིང་གཞེན་མཁྲེག་འཛིན་གྱི་ལམ་ལུགས་རང་རེད།
༤༽བློ་སེང་ལ་རྒྱབ་སྐྱོར་བྱས་ན་ཡང་དག་པ་ཞིག་དང།བཀྲས་མཐོང་དང་བཀྲིས་དབང་འདུས་ལགས་གཉིས་ལ་རྒྱབ་སྐྱོར་བྱས་ན་རྒྱུག་ཁྱི་ཟེར་ན་དོན་ངོ་མའི་ཕྱོགས་རིས་ཅན་དེ་སུ་ཡིན་གསལ་པོ་རེད།
༥༽ཁྱེད་གཉིས་ལོ་ཆེ་ཙམ་ཡིན་རུང་སྔོན་ལ་སློབ་གྲྭ་ཞིག་ལ་བསྐྱོད་ནས་དེ་རྗེས་དྲ་ཐོག་ཡོང་ན་ཨེ་དྲག
དེ་མིན་རྟག་པར་དྲ་ཐོག་ཏུ་བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་གཏོར་བཤིག་གཏོང་བར་ཡོང་ན་ངོ་མི་གནོང་ངམ།
རྩོམ་ཡིག་འདི་བོད་ཀྱི་དུས་བབ་དྲ་གནས་ནས་བླངས་ནས་འདིར་དཔྱད་གཞིའི་ཚུལ་འགོད་སྤེལ་ཞུས་ཡོད།འདིར་གཟིགས་རིན་ཡོད་པ་ཞིག་འདུག་པས་ལན་གཅིག་ཤར་ཀློག་གནང་ནས་སྐུ་ཉིད་ཀྱི་ཚོར་སྣང་ཞིག་གསུངས་དང།
ཤངས་སྟོན་ཚངས་ཐིག – བློ་བཟང་སྦྱིན་པ།
འདོན་སྤེལ། ༢༠༡༡/༠༡/༣༠
རྣམ་སྤེལ་ཚང་དེ་ལྷག་བསམ་དཀར་བ་ཡིས། །འཁོར་འདས་དབྱེ་བའི་ཉེན་བརྡ་ལན་གཅིག་བཏང་། །
༄༅། །ཞྭ་སེར་བསྟན་པའི་གཙུག་ནོར་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་གདན་སའི་སྲོག་ཤིང་མཁན་ལས་ཟུར་ལྷན་རྒྱས་ཀྱི་༸ཞབས་དྲུང་དུ།
ཞུ་ཧམ་སྙན་བསུན་དུ་མ་དགོངས་པར་དཔྲལ་བ་ཞབས་ལ་གཏུགས་ཏེ་ཕྱག་བཅས་ཞུ་གསོལ་འདེབས་སྙིང། ལྷ་དགོངས་སུ་མངལ་གསལ་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་རྣམས་ནི་སྤྱིར་བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་སྤྱི་དང་། ཁྱད་པར་དུ་ཕྱི་རུ་ཉན་ཐོས་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་རིང་ལུགས་འཛིན་པའི་བླ་རབས་རིམ་བྱོན་གྱི་གནས་གཞི་ཡིན་པ་དང་། གདན་ས་ཆེན་པོ་དེ་དག་ཏུ་བསླབ་པ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་རྣམས་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་འཁོར་བའི་བྱ་གཞག་ལ་སྙིང་པོ་མེད་པར་གཟིགས་ཏེ་བསྟན་འགྲོའི་དོན་ཆེན་འཁུར་འགན་བཞེས་མཁན་སྐྱབས་གནས་ཀྱི་ཡུལ་ཞིག་ལ་དད་ལྡན་ཀུན་གྱིས་ངོས་འཛིན་བརྩི་བཀུར་ཞུ་གི་ཡོད་པ་ལྟར། ད་ཕན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་རླབས་ཆེན་གྱི་མཛད་རྗེས་ཁ་ཡོད་ལག་ཡོད་རང་གཞན་སྐྱེ་བོ་ཀུན་གྱི་མིག་གི་སྤྱོད་ཡུལ་དུ་གྱུར་པ་དེར་སུའི་ཕྱོགས་ནས་ཀྱང་སྐྱོན་འདོགས་བྱས་པའི་ལག་ཆར་མ་སོང་བ་དགོས་རྒྱུ་ནི་གནད་ཀྱི་སྙིང་པོ་ཡིན་པ་དེ་ལྟར་ཡང། གནའ་རབས་བོད་ཀྱི་གཏམ་དཔེར། ཆོས་རར་ཆོས་དང་། གཞས་རར་གཞས། ཞེས་བཤད་སྲོལ་ཡོད་པ་བཞིན་ཆོས་སྲིད་ཀྱི་མི་སྣ་གཙོ་བོའི་འགན་ཁུར་ཐ་དད་དུ་ཡོད་རུང་། ད་རེས་སྐབས་འདིའི་བཀའ་ཁྲིའི་འོས་གཞི་དང་འབྲེལ་བའི་གནང་ཕྱོགས་ཐོག་ཆོས་སྒར་ཁག་ནང་དམ་ཆོས་འདུལ་བའི་བཅས་ཁྲིམས་དང་། དགེ་འདུན་གྱི་ནང་ཁྲིམས། འཇིག་རྟེན་ཡ་རབས་ཀྱི་བཟང་སྤྱོད་བཅས་དང་མི་མཐུན་པའི་གནང་ཕྱོགས་ཇི་སྙེད་ཅིག་བྱུང་ཚོད་འདུག་པ་ནང་དོན་མཁྱེན་རྟོགས་སླད་དཔེ་མཚོན་རེ་ཟུང་སྙན་གསེང་ཞུ་རྒྱུར།
གང་ཟག་སོ་སོའི་འོས་ཤོག་སུ་ལ་འཕེན་དང་མི་འཕེན་རང་ཐག་རང་གཅོད་བྱེད་པའི་རང་དབང་དང་ཐོབ་ཐང་རང་ཉིད་ལ་སོ་སོའི་ལག་ཏུ་ཡོང་རུང་། དགོན་གྲྭའི་ནང་འོས་གཞིར་ཡོད་པའི་མི་སྣ་བྱེ་བྲག་པ་ཡོང་དུ་བཅུག་སྟེ་གཏམ་བཤད་ཀྱི་གོ་སྐབས་གནང་ནས་དགོན་སྡེ་གྲྭ་ཚང་སྲིད་དོན་གྱི་ཁྲོམ་ར་ལྟ་བུ་བཙོག་པ་བཟོས་པ་དང་། གདན་སའི་ཁོར་ཡུག་ནང་འོས་གཞིར་ཡོད་པའི་མི་སྣའི་ངོ་སྤྲོད་སྦྱར་འགྲེམས་དང་ཕར་ཕྱོགས་པོའི་ཡིག་ཆ་དབྲལ་བ། གྲྭ་པས་ཁྱིམ་པ་མི་ནག་གི་རྐུབ་གཡོག་རྒྱུགས་ཏེ་གཞིས་ཀེམ་ཁག་གང་སར་རྒྱབ་སྐྱོར་འོས་ཤོག་སྐུལ་སློང་དུ་བསྐྱོད་པ། གྲྭ་པས་འདོད་ཕྱོགས་ཀྱི་བཀའ་ཁྲིའི་འོས་གཞི་བཏོན་པ། འོས་གཞིར་ཡོད་པའི་གང་ཟག་བྱེ་བྲག་པའི་རྒྱབ་སྐྱོར་དུ་གཅིག་བསྟོད་གཅིག་སྨད་ཀྱི་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་བྱས་པ། ཕྱོགས་གཏོགས་དཔུང་བསྒྲིགས་ཀྱིས་ཤུགས་སྣོན་བྱས་པ་སོགས་ཁག་གཅིག་གིས་དེང་དུས་གསར་བརྗེའི་ཁུར་ལེན་ལ་བསྙད་དེ་ཧོལ་རྒྱུགས་ཀྱིས་གནའ་རབས་བཟང་པོའི་བསམ་སྤྱོད་དང་བྲལ་བ། འགའ་ཞིག་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་རྣམ་དཔྱོད་ཀྱིས་མི་ལྡེང་བར་གཞན་ཟེར་རྗེས་སུ་འབྲངས་པ། ཁ་ཤས་ཤེས་བྱའི་གནས་ལ་འཕུར་ལྡིང་གི་གཤོག་རྩལ་མ་སྙོབས་པ། ལ་ལས་རང་རེའི་གནས་སྟངས་ངོ་མ་ངོས་མ་ཟིན་པ་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་མ་རྟོགས་པ་སོགས་ཕྱོགས་རིས་འཐེན་འཁྱེར་གྱི་རྣམ་པ་སྔར་བས་མངོན་གསལ་ཇེ་ཆེར་ཐོན་པར་བརྟེན། མང་ཚོགས་ཀྱི་ཁྲོད་དུ་གདན་ས་ཁག་སུས་ཁ་ལོ་བསྒྱུར་ཐུབ་པའི་འོས་མི་དེར་འོས་འཐོབ་རྒྱུར་ངེས་པ་རེད། ཅེས་ཁ་རྒྱུན་དུ་ཆགས་པ་དང་འབྲེལ། གྲྭ་ཚང་འདི་སྐུ་ངོ་གླང་ཆེན་ལགས་ཀྱི་ཕྱོགས་གཏོགས་རེད། དགོན་པ་འདི་ཨ་ཕོ་སྟག་གི་རྒྱུགས་ཁྱི་རེད། ཁང་ཚན་འདི་ཨ་ལྕེ་ཝ་མོས་བེད་སྤྱོད་བྱེད་ས་རེད། མི་ཚན་འདི་ཨའུ་ནེ་ཙོ་དང་ལག་སྦྲེལ་རེད། ཟེར་བ་ལྟ་བུ་འཕགས་པའི་དགེ་འདུན་གྱི་སྡེ་ཕྱོགས་སུ་ལྷུངས་པའི་ཡུལ་ཞིག་ཏུ་ངོས་འཛིན་བྱེད་པ་འདི་དག་འཕྲལ་ཕུགས་ཀྱི་ཁེ་གྱོང་ཇི་བཞིན་མི་རྟོགས་པའི་མྱོང་རྒྱུས་མེད་པའི་གྲྭ་པ་ཉུང་ཤས་ཀྱིས་ཧོལ་རྒྱུགས་བྱས་པའི་བྱ་ལས་ཤིག་ལས་མ་འདས་ཀྱང་། གདན་ས་སྤྱིར་མཐོང་ཕྱོགས་བཟོས་པ་རེད། ལྷག་བསམ་སེམས་ཁུར་ཅན་གྱི་མི་སྣ་ཕལ་མོ་ཆེས་༸སྐྱབས་མགོན་ཐུགས་རྗེའི་བདག་ཉིད་ཀྱིས་ཐུགས་རེ་དང་བཅས་མང་གཙོ་གསོལ་རས་གནང་བ་དེ་བྱིས་པའི་ལག་ཏུ་མཚོན་ཆ་སྦྱིན་པ་ལྟ་བུ་བྱུང་སོང་སྙམ་པའི་བློ་ཕམ་དང་བཅས་སེམས་འཚབ་ཡོང་གཞིའི་རྒྱུ་དེ་ཆོས་བྱེད་དགེ་འདུན་པར་གཏན་ནས་མ་ཕོག་པ་ཅིས་ཀྱང་དགོས་གལ།
དེ་ཡང། སངས་རྒྱས་ཆོས་དང་དགེ་འདུན་སྡེ། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། སྐྱབས་གནས་དཀོན་མཆོག་གསུམ་ལ་མཚོན་ན། བདག་སོགས་ལས་ཉོན་སྡིག་སྒྲིབ་དབང་གིས་སངས་རྒྱས་མཇལ་བའི་བསོད་ནམས་ནི་མེད། ཆོས་ཀྱི་གོ་རྟོགས་ཉམས་ལེན་བྱེད་པའི་བློ་གྲོས་ཀྱིས་ཕུང། ཟླ་གྲོགས་དགེ་འདུན་པ་ཉེ་རིང་ཆགས་སྡང་དབང་དུ་སོང་ཚེ། ཡར་འདྲེན་སུ་ལ་བཅོལ་དགོས་སམ།
སྤྱིར་བཏང་དགེ་འདུན་པས་ད་མུས་བཞིན་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པ་སྤྱིའི་བདེ་རྩ་དང་འབྲེལ་བའི་ལས་འགུལ་ཞུ་ཕྱོགས་ཐད་། ཞི་ཞིང་དུལ་བའི་ངང་ཚུལ་ཐོག་འཕྱར་གྲུ་མཉམ་འདེགས་ཀྱི་ཐུགས་འགན་མཉམ་ལེན་ཐོག་སྤྱི་ཚོགས་ནང་དྲང་དང་མ་དྲང་། འགོ་འདྲེན་ལྟག་སྒོ་བརྒྱུད་པ། ལྐོག་ཟ་རུལ་སུངས་བྱས་པ། ཆོས་ལུགས་ལུང་ཚན་སྐོར་ལབ་རྙོག སྤྱི་དོན་འཐུས་ཤོར། མཐོ་ལ་སྤྲེལ་ལད་དང་། དམན་ལ་མཐོང་ཆུང་ཐུབ་ཚོད་སོགས་ཚུལ་མིན་གྱི་གནས་ཚུལ་ལྷག་ཚེ། བློ་གཟུ་བོར་གནས་པའི་ཐོག་ནས་ཐེར་འདོན་དང་སྦྲགས་ཁུངས་ལུང་རྒྱུ་མཚན་དང་བཅས་པའི་ཐོག་ནས་དགེ་འདོན་ཡོ་བསྲང་གི་དགོངས་འཆར་ལྷུག་པོ་གནང་བའི་འོས་བབ་སྐྱེ་བོ་ཕལ་པ་ལས་ལྷག་པ་ཡོད། འོན་ཀྱང་ཆོས་མིན་གྱི་བྱ་བྱེད་མང་བའི་རྙོག་འཛིངས་ནང་གསུམ་ལྡན་འདུལ་བ་འཛིན་པས་ཐེ་བྱུས་གནང་དྲགས་ན། སྔར་གྱི་ལོ་རྒྱུས་རིམ་པའི་ནང་གནས་རྙོག་བྱུང་བ་བཞིན་ཕུགས་སུ་བསྟན་པ་དེ་འཛིན་དང་བཅས་པར་ཤིན་ཏུ་གནོད་ཚབས་འབྱུང་དོགས་དང།
ལྷག་དོན་འདི་ལོ་རི་བོ་དགེ་ལུགས་པའི་སྤྱི་འཐུས་ཀྱི་འོས་གཞིའི་ནང་། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་༼ད་ལྟ་བཀའ་བརྒྱུད་སྤྱི་འཐུས་འོས་གཞི་ཨང་གསུམ་པ་ཡིན།༽ དང་། ཆུ་སྒང་ཚོགས་གཙོ་བོན་འཐུས་གཡུང་དྲུང་རྒྱལ་མཚན་༼ད་ལྟ་མདོ་སྟོད་སྤྱི་འཐུས་འོས་གཞི་ཨང་དྲུག་པ་ཡིན།༽ གཉིས་དགེ་འཐུས་འོས་གཞིའི་ཁོངས་ཨང་རིམ་མཐོ་གྲས་སུ་སླེབས་ཡོད་ཚོད་ཀྱང་། དོ་བདག་སོ་སོ་རང་ངོས་ནས་ཕྱིར་འཐེན་གནང་སྐད་འདུག ཆོས་ལུགས་ཀྱི་སྤྱི་འཐུས་ཆོས་ལུགས་དེ་གའི་ཆོས་བྱེད་གྲྭ་བཙུན་གཉིས་ལས། མི་སྐྱས་འོས་འཕེན་བྱེད་པའི་ཐོབ་ཐང་མེད། ཁོང་གཉིས་ཀར་གུས་པ་སྒེར་ངོས་ནས་ཁབ་སྐུད་ཙམ་གྱི་རྩོད་པ་དང་། མི་དགའ་བ་སྡང་ཟུག་བྱེད་པའི་གནས་དོན་ཅི་ཡང་མེད། ཁོང་གཉིས་དགེ་འཐུས་འོས་གཞིར་འདེམས་བསྒྲུགས་བྱས་པ་དེ་ཁོང་གཉིས་ཀྱི་སྐྱོན་ཆ་མིན། འདེམས་བསྒྲུགས་གནང་མཁན་གྱི་བསམ་སྤྱོད་ལ་སྐྱོན་ཞུགས་པའི་རྟགས་རེད། གདན་སའི་ཁོངས་གཏོགས་ཆོས་དང་ཆོས་མིན་གསུང་མཁན་གྱིས་འདི་ལྟའི་གནས་སྟངས་ནི་སྤྱིར་གཞུང་སར་གནས་དུས་ཚོད་རྩིས་ཀྱིས་ཁབ་སྙུང་ནང་འགྲོ་བྱས་པ་དང་། ཡང་སྒོས་དགེ་ལུགས་པའི་བསྟན་པ་དེ་འཛིན་དང་བཅས་པར་ཁྱད་གསོད་ཞབས་འདྲེན་དུ་འགྲོ་གཞིའི་བྱ་སྤྱོད་འདི་རིགས་ཀྱིས་དགེ་ལྡན་བསྟན་ལ་རྨ་འབྱིན་པའི་ཡུལ་ཆགས་ཉེན་ལ་བརྟེན་དམིགས་བསལ་གྱི་ཐུགས་སྣང་ཡོང་བའི་གསོལ་འདེབས་དང་།
དགོངས་གསལ་འདས་པའི་མི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ཡུན་ནང་། བོད་འབངས་ཀྱི་སྤྱི་མཐུན་གྱི་ལས་ངན་སྤྱི་དང་། ལྷག་པར་ཆབ་སྲིད་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་འགའ་ཤས་ཀྱིས་བྱས་ཤིང་བསགས་པའི་རྣམ་སྨིན་ད་ལྟ་གཞིས་བྱེས་བོད་མི་ཡོངས་ཀྱིས་མྱངས་དང་མྱོང་བཞིན་པ་འདི་དང་། ད་ལྟ་རང་ཅག་གི་སྒོ་གསུམ་ཚུལ་མིན་མ་རབས་ཀྱི་བྱ་སྤྱོད་དང་། སྤྱི་མཐུན་གྱི་ལས་གསོག་སྟངས་བཅས་པར་གཞིགས་ན། འབྱུང་འགྱུར་བོད་འབངས་ཀྱི་གནས་སྟངས་གང་འདྲ་ཆགས་ཡོང་སྙམ་པའི་དངངས་སྐྲག་དང་། རང་རེ་རྣམས་ལ་ཀུན་སྙོམས་ཉི་མ་ལྟར་མཛད་མཁན་བླ་ན་མེད་པའི་དབུ་ཁྲིད་འདི་འདྲ་ཞིག་ཡོད་པ་དེ་ཡང་བོད་མིའི་བསོད་ནམས་ཀྱིས་འཆུན་ཨེ་ཡོང་སྙམ་པའི་རི་བོང་གནམ་རྡིབ་ཀྱི་སེམས་ངལ་སྐྱེ་གཞི་ཞར་བྱུང་སྙན་བསྐུལ་དུ་གསོལ་བ་འདི་ཐོག་ལའང་དགོངས་བཞེས་ཟབ་ནན་གནང་སྐྱོང་།
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྐྱོན་མེད་དུ་གནས་སྐབས་སུ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་ལས། བསྟན་པ་ཉམས་དམས་པའི་སྐབས་ལ་ཁྲིམས་སྣེ་གཅིག་བསྲུངས་པ་ཕན་ཡོན་ཆེ་བར་གསུངས་པ་ལྟར། ད་ལྟ་བླ་མ་དགེ་བའི་བཤེས་གཉེན་སྐྱེས་ཆེན་བགྲེས་སོང་མང་པོ་འཚོ་ཞིང་གཞེས་པའི་སྐབས་འདིར་འདས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ། སླད་ཕྱིན་ཁྱབ་ཁོངས་དགོན་སྡེ་ལེ་ལག་དང་བཅས་པར་སྐབས་འཚོལ་བ་ཆབ་སྲིད་འཁྲབ་སྟོན་པ་རྣམས་ཀྱི་འཁྲབ་སྟོན་བེད་སྤྱོད་བྱེད་པའི་སྡིངས་ཆ་ལྟ་བུར་མི་འགྱུར་བ་སྔོན་འགོག་དང་། ཆབ་སྲིད་ལ་དོ་སྣང་བྱེད་པ་དང་། ཆབ་སྲིད་ནང་དངོས་སུ་འཛུལ་ཞུགས་བྱེད་པ་གཉིས་ཀྱི་དབར་ཁྱད་པར་ཆེན་པོ་ཡོད་པས་ཆབ་སྲིད་ནང་འཛུལ་ཞུགས་མི་ཆོག་པ།
གདན་སའི་ཁོར་ཡུག་ལ་གཞུང་འབྲེལ་མིན་པའི་འདུ་འཛོམས་དང་ཡིག་ཆ་སྦྱར་འགྲེམས་གཏན་ནས་མི་ཆོག་པ། མདོར་ན་དགོན་པ་གྲྭ་ཚང་ཁག་ཕར་ཕྱོགས་དང་ཚུར་ཕྱོགས་ཟེར་བའི་དབྱེ་མཚམས་མཐའ་གཉིས་སུ་མ་ལྷུངས་པ་དཀྱིལ་དུ་གཙང་མར་གནས་ཐབས་བཅས་ཀྱི་ཐོག་ནས་ཐུགས་རྒྱུས་མངའི་གནང་ཕྱོགས་སྟངས་འཛིན་ཡོང་བའི་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་འདི་བཞིན། ངག་གཏམ་དྲང་པོར་སྨྲས་ན་ཕལ་ཆེར་ཁྲོ། །སེམས་བཟང་གཏིང་ནས་དཀར་ན་སྐྱོན་དུ་བརྩི། །གསུངས་པ་ལྟར་དངོས་བདེན་གྱི་སྐད་ཆ་སྙན་དབང་དུ་མི་འཇེབས་ཀྱང་། དོན་ལ་ཕན་པའི་ཡིད་ཆེས་དང་བཅས་ཁ་ཚ་དགོས་གཏུགས་ཀྱིས་སྙན་སྐུལ་མི་འབུལ་ཀ་མེད་བྱུང་སོང་བས་དགོངས་འགལ་གྱི་རྣམ་པ་སྐད་ཅིག་ཀྱང་མེད་པ་ཞུ་རྒྱུ་དང་།
དེ་ཡང་གནང་ཕྱོགས་ཐད། འདས་པ་ལས་མ་འོངས་པ་གཙོ་ཆེ་བར་བརྟེན། རིང་མིན་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆ་ཚང་གྲུབ་མཚམས་ཙམ་ནས་གོང་གི་གནས་ཚུལ་ལ་གཞིགས་པའི་ཕྱིས་འབྱུང་གནང་ཕྱོགས་གང་དགའ་ཅི་ལེགས་དགོངས་བཞེས་བཀའ་བསྡུར་གནང་འོས། དེ་མིན་རླུང་རྟ་དང་ལམ་འགྲོ་མེད་དུས་ལྟོ་ལ་མར་བཟས་ཀྱང་། རྐན་ལ་རུས་པ་ཟུག་ཉེན་གྱི་དཔེ་ལྟར་དོན་མེད་བརྒྱུད་སྐུལ་བྱེད་མཁན་ལ་ལན་ཁག་ཕོག་ཉེན་དུ་མངོན།
གོང་དུ་སྙན་གསོལ་ཞུས་པ་འདི་དག་རང་ཉིད་ཀྱིས་དངོས་སུ་མཐོང་བ་མེད་ཀྱང་། ས་ཁུལ་མི་འདྲ་ནས་མི་མི་གཅིག་པའི་བརྒྱུད་ནས་གནས་ཚུལ་ཁག་འགའ་ཐོས་པ་རྩེ་མཐུན་ལྟ་བུ་འདུག་པར་གཞི་བཅོལ་བྱས་ཁུལ་ཡང་ཐག་རིང་གཏམ། ཕྱེད་བདེན། ཕྱེད་མི་བདེན། ཟེར་བ་ལྟར་གལ་ཏེ་བདེན་འབྲེལ་མིན་ཚེ་དམིགས་བསལ་གྱི་དགའ་ཚོར་དཔག་མེད་ཡོང་རྒྱུ། རང་ཉིད་རི་བོ་དགེ་ལུགས་པའི་རྗེས་འཇུག་གྲལ་མཐར་གནས་པ་ཞིག་ཡིན་ཡང་། ཁ་ཕོར་བཙོག་ཀྱང་ཨ་ཕའི་ལྟོ་ཕོར་རེད། ཟེར་ནས་རྨོངས་ཞེན་གྱིས་སྐྱོན་ཆར་མཐོང་ཐོས་རིགས་བཀབ་ན། གནས་སྐབས་རྣ་བར་འཇམ་ཡང་ཕུགས་སུ་རང་དྲིན་རང་ཆུང་དུ་འགྱུར་དོགས་ཀྱིས་རྒྱབ་བཤད་ལྐོག་ལབ་མ་བྱས་པར་ནང་ཚོགས་ཤ་ཚའི་ཚུལ་དུ་གང་བསམ་ནང་སྙན་ཞུས་པ་འདི་བཞིན། གལ་སྲིད་བདག་སྤྲོད་ཆ་འཛིན་གནང་རིན་མཆིས་པ་ཞིག་མ་གཟིགས་ཚེ་དབྲལ་ཏེ་གད་སྙིགས་ནང་གཡུག་པ་ལས་འོས་མེད་པས་དེ་དོན་མཛད་ཕྱོགས་གང་འགབ་དགོངས་རྒྱ་ཆེ་བཞེས་ཡོད་པ་རྣམ་མངའ་མཁྱཻན། ཨ་རི་ནས་སྐྱབས་འོག་པ་གཞུང་ཞབས་བགྲེས་ཡོལ་བ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པས་ ༢༠༡༡ ཟླ་༡ ཚེས་༡ ལ་ཕྱག་བཅས། ཕུལ་བའི་ཞུ་སྙན།
གོང་གི་སྙན་ཞུ་འདི་ལྷག་བསམ་དཀར་ལ་ཕྱོགས་རིས་ཀྱི་དྲི་ནག་གིས་མ་གོས་པ་སྐུ་སྒེར་དྲུང་ཟུར་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་ཆེན་པོ་ཁག་ལ་ཕུལ་བའི་སེམས་གཏམ་བླ་མེད་ཅིག་རེད་འདུག ཚང་མས་དཔྱད་གཞིར་མཛོད།
ཁོང་ཡིད་བཞིན་ནོར་བུ་གྲལ་མགོ་ལ་བཞག་ནས།
བོད་མི་མང་ཡོངས་ཀྱི་དམ་དམ་གཡོ་མེད་ཀྱི་ཐོག་ནས།
མང་གཙོ་དང་བོད་མིའི་ལས་དབང་ལ་གཞིགས་ཏེ།
བཀའ་ཁྲི་གསུམ་པ་འདེམས་རྒྱུར་དྲང་པོ་གནང་རོགས།
རང་གི་འདོད་པའི་སྒྲུབ་ཕྱིར་རྒྱལ་དབང་མཉམ་་ཁྲིད་མ་གནང་།
ཡོད་ཚད་རང་ལ་བསམ་ནས་རྒྱལ་དབང་ལག་ཆར་མ་འཁྱེར།
མི་རིགས་བསྟན་སྲིད་བསམ་ཏེ་བསམ་ཚུལ་སྤེལ་བར་འདོད་ན།
རང་ཉིད་མིང་རྐྱང་འཁྱེར་ནས་དྲ་སྟེང་འདི་ན་ཕེབས་ཤོག
འོད་ཡུག་འཁྱམས་པོ་རྨོངས་པའི་རྒྱ་རུ་ཚུད། །
དྲང་བདེན་གཏམ་ལ་ལོག་པར་འཁུ་བའི་སེམས། །
ཕྱོགས་ལྷུང་མིན་ཀྱང་ཁྲོན་པའི་སྦལ་པ་ཡིས། །
རྒྱ་ྱཚོའི་གཏམ་ཐོས་ལྔ་ལམ་བཞུད་ལ་ལྟོས། །
བདེན་པའི་ལྡོགས་ཏུ་ལངས་པ་གླེན་ལྐུགས་དང་།
ཡོད་ཚད་བདེན་པར་འཛིན་པའི་ཀླད་སྟོང་གི།
རྫུན་རྒྱབ་བརྫུན་གྱིས་བྱ་པོ་དབྱིན་མིང་ཅན།
བསམ་ཤེས་ཡོད་ན་བསམ་པའི་ཚོད་ན་འའདུག །
ཞིང་པའི་བུ་ལ་སྤྲིངས་པའི་བསམ་ཚུལ་ལ།
བློ་སེང་དྲ་རྒྱར་ཚུད་པའི་དབྱིན་མིང་གིས།
རང་སྣོང་རང་གིས་འཁྱེར་ནས་ཤོ་ལོ་ཀ།
འོད་ཡུག་བུ་ལ་སྤྲིངས་པ་ཐུགས་རྗེ།
འོད་ཡུག་འཁྱམས་པོས་བྲིས་པའི་རྣམ་གྲངས་མང་། །
ནོར་བའི་རྣམ་གྲངས་དེ་ལས་ལྡབ་གཅིག་མང་། །
བོད་བརྡའི་གནས་ལ་མི་མཁས་ཕྱག་རིང་གིས། །
འོད་ཡུག་རིགས་སེང་ཞབས་ནས་འདྲེན་འདི་མཚང། །
རང་གི་ནོར་འཁྲུལ་ས་དོང་རིམ་དགུར་འབས།
གཞན་ལ་འཕྱྭ་བའི་མཆེ་སྡེར་བགྲད་པ་ཡི།
དབྱིན་ཇིའི་མགོ་ཅན་མཁས་པར་རློམ་པ་དེས།
རང་གི་སྐྱོན་ཚངས་རང་གི་བཏོན་ལ་བལྟོས།
འོད་ཡུག་འཁྱམས་པོའི་ཡིག་ནོར་མང་དང་གཅིག །
ཡིག་ནོར་གསེབ་ནས་བརྡ་སྤྲོད་འཆོལ་དང་གཉིས། །
མཛུབ་མོས་རི་སྟོན་གནས་ལུགས་མི་ཤེས་གསུམ། །
ང་རྒྱལ་གླེན་རིའི་སྤོ་ལ་འགྱིངས་དང་བཞི། །
ཚད་མའི་མངའ་བདག་འོད་ཡུག་རིགས་སེང་གིས། །
གཟིགས་ཚེ་ཐུགས་སྐྱོའི་དངུད་མོ་རིང་མོ་ཞིག །
བདེན་པའི་བུ་ལ་འཐེན་དང་ཕྱི་མཐའ་འདིར། །
ཞི་བའི་དབྱིངས་ནས་སྤྱན་ཆབ་མི་འཆོར་གྲང་། །ཞེས་ཀྱང་སྨྲས་སོ། །
འོད་ཡུག་པ་ལྷག་བསམ་དཀར་པོས་གདམས། །
ཧ་ཧ། འདི་དངོས་གནས་བདེན་པར་འདུག ངས་ཀྱང་བྲིས་ཆོག ལྟོས་ཨང།
རིགས་པའི་སེང་གེ་ཞི་བའི་དབྱིངས་སུ་མནལ། །
འཁྱམས་པོའི་ལས་དབང་ས་མཐའི་རླུང་དང་འགྲོགས། །
དུས་རབས་མི་མཚུངས་ལས་དབང་གོ་ལྡོག་ཚུལ། །
རང་རློམས་བྱིས་བློའི་གཤེད་དུ་ཅིས་ཀྱང་མཚར། །
ངན་རྒྱབ་ངན་དུ་ལངས་ཏེ་མཁས་པར་རློམ་པ་ཡི།
འོད་ཡུག་ལྷག་བསམ་དཀར་དང་དབྱིན་མགོ་ཟུང་།
བརྡ་སྤྲོད་གཞུང་ལ་བྱང་ཆ་ཡོད་མདོག་གིས།
གཞན་ལ་སྨད་པར་རྒྱུ་མཚན་མ་ཆིས་ཀྱང་།
སྐབས་བབ་ལན་ཞིག་མེད་ན་མི་ངན་ཚོགས།
ངན་པའི་ལངས་སུ་ཤོར་བས་དུས་རྟག་ཏུ།
ཀུན་སྨད་རང་བསྟོད་བློན་པའི་རང་རྟགས་འདི།
མཚམས་མི་ཆད་པར་སྤེལ་རྒྱུར་གདོན་མི་ཟ།
དེ་ཕྱིར་འོད་ཡུག་འཁྱམས་པོས་གནས་ལུགས་མ་ཤེས་རུང་།
འོད་ཡུག་འཁྱམས་པོས་ཡིག་ནོར་བྲིས་ཀྱང་རུང་།
བློན་པོ་མཁས་པར་རློམ་པའི་ལྐུགས་རྟགས་ལ།
མགོ་བོ་མི་སྒུར་རིགས་སེང་དཔའ་མ་ཞུམ།
མ་མཆིས།
གཞན་ལ་འཕྱ་བའི་ཚིག་མཚོན་གོ་ཆ་གྱོན།
རང་ལ་བསྟོད་པའི་ཚིག་གི་སྒྲོ་གུར་ཕུག
གཞན་སྨད་རང་བསྟོད་ངོ་གདོང་སྲ་བ་ཡི།
འོད་ཡུག་ལྷག་བསམ་རྟག་ཏུ་རྒྱས་པར་ཤོག
རང་ལྟ་མཆོག་འཛིན་གཞན་ལ་ཟུར་ཟ་དང་།
ཚིག་རྩུབ་མཚོན་འདེབས་ཁྱད་གསོད་བྱེད་པོ་སྟེ།
དབྱིན་མགོ་ཅན་དང་ལྷག་བསམ་དཀར་པོ་ཟུང་།
སྐྱོན་དང་ཡོན་ཏན་མི་ཤེས་མཁས་རློམ་ཅན།
དྲ་གྲོགས་རྣམས་ཀྱི་བསུན་སྣང་སྐྱེས་ས་དང་།
དྲ་ཚིགས་ནང་གི་འབུ་སྲིན་དངོས་ཡིན་པས།
ནད་འབུ་སྒོག་པར་དཀའ་བ་མ་ཡིན་ཡང་།
ནད་འབུ་རྒྱུན་མི་ཆད་ལ་འུ་ཐུག་གི།
དྲ་གྲོགས་སྦི་དང་ལྷག་བསམ་འོད་ཡུག་གསུམ།།
རྩོད་གཞི་ཆུང་ལ་རྩོད་པ་རྙོག་རྫིང་ཆེ།།
རྒྱུ་ཆུང་རྐྱེན་ཆེའི་རྩོད་པ་ཕར་དོར་ནས།།
དམ་ཚིག་འོ་ཆུ་ཆིག་སྒྲིལ་ངང་ལ་བརྩོན།།
འོད་ཡུག་འཁྱམས་པོའི་སོར་མོའི་དཔེ་རིང་ལས།
འཁྲུངས་པའི་ཚིགས་འབྱོར་མཐོ་རིས་དགའ་མ་ཡིས།
འདོད་ལྡན་ཁ་བརྡའི་རྗེས་འཇུག་ཡིད་འཕྲོག་སྟེ།
རྩེ་འདོད་ཟུར་མིག་ཆུ་སྐྱེས་འདབ་མ་འཕེན།
༤༩༽ འོད་ཡུག་པའི་འཁྱམས་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༡༠ སྐར་མ་ ༣༤
བདེན་པའི་ལྡོགས་ཏུ་༼ལྡོག་ཟླར་༽ལངས་པ་༼པའི་༽གླེན་ལྐུགས་དང་།
ཡོད་ཚད་བདེན་པར་འཛིན་པའི་ཀླད་སྟོང་གི།
རྫུན་རྒྱབ་བརྫུན་གྱིས་༼གྱི་༽བྱ་༼བྱེད་༽པོ་དབྱིན་མིང་ཅན།
བསམ་ཤེས་ཡོད་ན་བསམ་པའི་ཚོད་ན་འའདུག །
༥༠༽ འོད་ཡུག་པའི་འཁྱམས་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༡༠ སྐར་མ་ ༤༥
ཞིང་པའི་བུ་ལ་སྤྲིངས་པའི་བསམ་ཚུལ་ལ།
བློ་སེང་དྲ་རྒྱར་ཚུད་པའི་དབྱིན་མིང་གིས།
རང་སྣོང་༼གནོང་༽རང་གིས་འཁྱེར་ནས་ཤོ་ལོ་ཀ།
འོད་ཡུག་བུ་ལ་སྤྲིངས་པ་ཐུགས་རྗེ།
༥༢༽ འོད་ཡུག་པའི་འཁྱམས་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༡༡ སྐར་མ་ ༡༤
རང་གི་ནོར་འཁྲུལ་ས་དོང་རིམ་དགུར་འབས།༼སྦས།༽
གཞན་ལ་འཕྱྭ་བའི་མཆེ་སྡེར་བགྲད་པ་ཡི།
དབྱིན་ཇིའི་མགོ་ཅན་མཁས་པར་རློམ་པ་དེས།
རང་གི་སྐྱོན་ཚངས་༼མཚང་༽རང་གི་༼གིས་༽བཏོན་༼སྟོན་༽ལ་བལྟོས།༼ལྟོས།༽
༥༥༽ འོད་ཡུག་པའི་འཁྱམས་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༡༣ སྐར་མ་ ༣༤
ངན་རྒྱབ་ངན་དུ་ལངས་ཏེ་མཁས་པར་རློམ་པ་ཡི།
འོད་ཡུག་ལྷག་བསམ་དཀར་དང་དབྱིན་མགོ་ཟུང་།
བརྡ་སྤྲོད་གཞུང་ལ་བྱང་ཆ་ཡོད་མདོག་གིས།
གཞན་ལ་སྨད་པར་རྒྱུ་མཚན་མ་ཆིས་༼མཆིས་༽ཀྱང་།
སྐབས་བབ་ལན་ཞིག་མེད་ན་མི་ངན་ཚོགས།
ངན་པའི་ལངས་སུ་༼ལང་དུ་༽ཤོར་བས་དུས་རྟག་ཏུ།
ཀུན་སྨད་རང་བསྟོད་བློན་པའི་༼བླུན་པོའི་༽རང་རྟགས་འདི།
མཚམས་མི་ཆད་པར་སྤེལ་རྒྱུར་གདོན་མི་ཟ།
དེ་ཕྱིར་འོད་ཡུག་འཁྱམས་པོས་གནས་ལུགས་མ་ཤེས་རུང་།
འོད་ཡུག་འཁྱམས་པོས་ཡིག་ནོར་བྲིས་ཀྱང་རུང་།
བློན་༼བླུན་༽པོ་མཁས་པར་རློམ་པའི་ལྐུགས་རྟགས་ལ།
མགོ་བོ་མི་སྒུར་རིགས་སེང་དཔའ་མ་ཞུམ།
༥༧༽ འོད་ཡུག་པའི་འཁྱམས་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༡༣ སྐར་མ་ ༤༢
གཞན་ལ་འཕྱ་བའི་ཚིག་མཚོན་གོ་ཆ་གྱོན།
རང་ལ་བསྟོད་པའི་ཚིག་གི་སྒྲོ་གུར་ཕུག༼ཕུབ།༽
གཞན་སྨད་རང་བསྟོད་ངོ་གདོང་སྲ་བ་ཡི།
འོད་ཡུག་ལྷག་བསམ་རྟག་ཏུ་རྒྱས་པར་ཤོག
༥༨༽ འོད་ཡུག་པའི་འཁྱམས་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༡༤ སྐར་མ་ ༠༠
རང་ལྟ་མཆོག་འཛིན་གཞན་ལ་ཟུར་ཟ་དང་།
ཚིག་རྩུབ་མཚོན་འདེབས་ཁྱད་གསོད་བྱེད་པོ་སྟེ།
དབྱིན་མགོ་ཅན་དང་ལྷག་བསམ་དཀར་པོ་ཟུང་།
སྐྱོན་དང་ཡོན་ཏན་མི་ཤེས་མཁས་རློམ་ཅན།
དྲ་གྲོགས་རྣམས་ཀྱི་བསུན་སྣང་སྐྱེས་༼སྐྱེ་༽ས་དང་།
དྲ་ཚིགས་ནང་གི་འབུ་སྲིན་དངོས་ཡིན་པས།
ནད་འབུ་སྒོག་༼འགོག་༽པར་དཀའ་བ་མ་ཡིན་ཡང་།
ནད་འབུ་རྒྱུན་མི་ཆད་ལ་འུ་ཐུག་གི།
༥༩༽ ལ་རྒྱའི་བདག་པོ་ནས།
༦༠༽ འོད་ཡུག་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡ ཚེས་ ༣༠ གི་ཆུ་ཚོད་ ༢༢ སྐར་མ་ ༢༢
འོད་ཡུག་འཁྱམས་པོའི་སོར་མོའི་དཔེ་རིང་༼རིས་༽ལས།
འཁྲུངས་པའི་ཚིགས་༼ཚིག་༽འབྱོར་༼སྦྱོར་༽མཐོ་རིས་དགའ་མ་ཡིས།
འདོད་ལྡན་ཁ་བརྡའི་རྗེས་འཇུག་ཡིད་འཕྲོག་སྟེ།
རྩེ་འདོད་ཟུར་མིག་ཆུ་སྐྱེས་འདབ་མ་འཕེན།
ཡིག་ནོར་བཅོས། སྙན་གཞུང་ནས་བཤད་པའི་སྐྱོན་ཆེ་ཤོས་ཏེ་བརྡ་སྤྲོད་ཉམས་པའི་སྐྱོན་དེ་ཁྱེད་རང་ལ་ཏག་ཏག་ཚང་འདུག སོང་ཙང་རྡོ་ཆག་བཙན་བསྒྲིགས་ཀྱི་ཚིག་བཅད་བཙན་ཐབས་སུ་མ་སྒྲིག་རོགས་གནང་འོད་ཡུག་པ་ལགས། ང་ཚོས་ལྟ་དུས་ངོ་ཚ་གི་འདུག ངོ་མ་ཁྱོད་ཡིད་སྐྱོ་ནི་རེད། སློབ་སྦྲྱོང་མང་ཙམ་བྱེད་ན་འདོད་ཀི། སློབ་གྲར་མུ་མཐུད་འགྲོ་ན་སེམས་ཡོད། རྒན་འཁོགས་ཡིན་པར་ངོ་ཚ་རྒྱུ་ཅང་མེད་ཀི། རྒན་རྒོན་སློབ་གྲྭ་ཡང་ཡོད། དེ་ནས་དྲ་སྟེང་ཕེབས་ཤོག འོད་ཡུག་ལོ་ལོ།
ལེགས་བཤད་ལས། རིག་པ་ནང་པར་འཆི་ཡང་སློབས། གསུངས་པ་ཡང་དྲངས་སོ།། ད་མང་པོ་བཤད་ན་མི་འདོད་ཀི ད་བདེ་མོ། །
གོང་གི་མཆན་དེའི་ཟང་ཟིང་ཞེ་པོ་གཅིག་འདུག
མཆན་རྣམས་ཁམས་གཙང་ཞིག་བྱུང་ན་ཀློག་པ་པོ་རྣམས་དང་བ་འདྲེན་པའི་དགེ་མཚན་ཡོད།
གོང་དུ་མཆན་འགྲེལ་པ་མང་པོ་ཞིག་མགོ་ཐོམས་ནས་བཞུགས་འདུག
༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་རིམ་པ་མང་པོའི་ནང་བོད་ཀྱི་བདེན་དོན་ཐབ་རྩོད་དེ་མི་གསར་པ་ལ་རྩིས་སྤྲོད་རྒྱུའི་དུས་ཚོད་ལ་སླེབས་ཡོད་པའི་ཐུགས་དགོངས་གསལ་པོ་མཚོན་པར་གནང་ཡོད། འོན་ཀྱང་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཡིན་ན་བློ་བཟང་སེང་གེ་ཡིན་དགོས་པར་སྒྲུབ་གིན་ཡོད་མ་རེད། བློ་བཟང་སེངྒེ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཞིག་ཡིན་ཙམ་༧རྒྱལ་བའི་དགོངས་པ་དང་མཐུན་ཚུལ་སྒྲུབ་གིན་ཡོད་རེད། རིག་ལམ་ཏོག་ཙམ་མེད་ན་འཇམ་དབྱངས་ནོར་བུ་ལྟར་སྐད་ཆ་ཡང་ཡག་པོ་གོ་ཤེས་ཀྱི་མ་རེད།
མི་སྒེར་གྱི་འཇོན་ཐང་གང་ནས་བཤད་ན་གཞན་གཉིས་ལས་བློ་བཟང་སེངྒེ་འཇོན་ཐང་ཆེ་བ་ཡོད་པར་དངོས་མཐོང་ལག་ཟིན་རེད། དཔེ་ན་བཀྲས་མཐོང་དང་བློ་སེང་གཉིས་བཀའ་ཁྲིའི་འོས་མི་ལངས་སྟངས་དང་དུས་ཡུན་གཅིག་པ་རེད། འོན་ཀྱང་སུ་གོ་སྐབས་དང་མཚམས་པའི་ལས་དོན་སྒྲུབ་ཕྱོགས་ལ་ལྟས་ན་ཁྱད་པ་ཆེན་པོ་ཡོད་རེད། ལྟོས་དང་བློ་བཟང་སེངྒེ་བཀའ་ཁྲི་འོས་མི་ལངས་པ་དང་ནས་གཞིས་ཆགས་ཁག་གཙོ་པའི་བོད་རིགས་གནས་སྡོད་བྱེད་སའི་རྒྱལ་ཁབ་མི་ཉུང་བ་ཞིག་ལ་བགྲོ་གླེང་གི་འགོ་འཛུགས་པ་རེད། དེ་ནི་ཆེས་གོང་དུ་བཀུར་འོས་པའི་དམངས་གཙོ་རྒྱལ་ཁབ་ཀྱི་འགྲོ་ལུགས་དེ་བོད་པའི་སྤྱི་ཚོགས་ནང་གསར་སྤེལ་གནང་བ་རེད།
བཀྲས་མཐོང་གི་གཞིས་ཆགས་དེ་ཚོ་ད་ལྟ་ཡང་མིག་གིས་རིག་ཡོད་མ་རེད། མ་འོང་པ་ཡང་རིག་གི་མ་རེད། ཤོག་བུ་དཀར་པོ་གང་ནས་བོད་ཀྱི་བདེ་སྡུག་ལྟ་ནས་བསྡད་སྟངས་དེ་སྐུ་དྲག་རིང་ལུགས་ཀྱི་སྲོལ་ངན་ཞིག་རེད། བློ་བཟང་སེང་གེ་རང་གིས་བཤད་པའི་སྐད་ཆ་དེ་རང་གིས་ཐག་ཆོད་པའི་རྣམ་པ་དེ་གསལ་པོ་ཡོད་རེད། བཀྲས་མཐོང་ཁོ་རང་གིས་བཤད་པའི་སྐད་ཆ་ལ་ཁོ་རང་ཡང་ཡིད་ཆེས་མེད་པའི་རྣམ་པ་དེ་གསལ་པོ་ཐོན་ཡོང་གི་འདུག ལོ་སུམ་བཅུ་ཞི་བཅུ་ལས་ཀ་བྱེད་མྱོང་བའི་མི་རྒས་དེ་ཚོས་ད་ལྟ་ཡང་སྐད་ཆ་རང་འགྲོས་འཕེལ་བ་ཞིག་བཤད་ཐུབ་ཀྱི་མི་འདུག བོད་གཞུང་གི་བང་མཛོད་སྟོང་པ་སྟོང་རྐྱང་བཟོ་ནས་བོས་འགྲོ་རེད། ད་ཡང་བོད་གཞུང་ལ་དངུལ་མང་པོ་ཡོད་དུས་ཚུར་ཕེབས་ཡོང་སྟངས་འདི་ཡག་རྟགས་ཆོད་ནས་མ་རེད།
ངས་རང་ཉིད་ཀྱི་འོས་ཤོག་དེ་བློ་སེང་ལ་འཕེན་པར་འདོད་ཀྱང་། ད་ཆ་བསམ་བློ་འགྱུར་སོང་། ལྟོས་དང། གོང་གི་མཆན་བྲི་མཁན་བསམ་མེད་འདི་ལྟ་གུ་ཁྱུ་དང་ཁྱུ་བྱས་ཏེ་མགོ་ལོག་རྩེད་ངེས་རེད་དོ། །
ལྟ་བུ་ཞེས་པར་བཅོས།
བོད་ཕྱི་ནང་གཉིས་ཀར་ཚང་མས་ཐུགས་གནང་གནང་བཞིན་པ་དེ་ད་ལྟ་བཀའ་བློན་ཁྲི་བའི་འོས་འདེམས་འདི་རེད་་་་་འོན་ཀྱང་ངས་འདྲིས་བ་ཞིག་ཡོད།་་་་ང་ཚོ་ད་ལྟ་རང་བཙན་བརྩོད་ཀྱི་ཡོད་རེད་དམ་དབུ་མས་ལམ་བརྩོད་ཀྱི་ཡོད་རེད།་་་་གལ་ཏེ་དབུ་མས་ལམ་བརྩོད་ཀྱིས་ཡོད་ན་འཁྲོམ་འཁོར་བྱེད་པའི་སྐབས་རང་བཙན་དགོས་ཞེས་རྒྱུ་མཚན་ཅི་ཞིག་ཡིན་ནམ་་་་་་་་་་གལ་ཏེ་རང་བཙན་བརྩོད་ཀྱི་ཡོད་ན་༧གོང་ས་མཆོག་གི་བཀའ་ལ་རྩིས་གུས་མེད་པ་རེད་པས།་་་་་་ང་ནི་བོད་གཞུང་ཀྱི་ལས་ཀ་དེ་མངོས་མགོ་ཐོམ་སོང།