བསྟན་འཛིན་ཟླ་བ།
ང་རང་བོད་མི་དཀྱུས་མ་ཞིག་ཡིན། ངའི་འོས་འགན་ནི་རང་གི་ནུས་ཚོད་ཀྱིས་དཔེ་དེབ་རེ་ྐློག་རྒྱུ་དང་ཁོམ་པ་ནམ་ཡོད་ལ་རྩོམ་རེ་འབྲི་རྒྱུ་ སྤྱི་ཚོགས་ཟེར་བའི་རྭ་བ་དེའི་ནང་དུ་བསྡད་དེ་མི་ཚེའི་མདུན་ལམ་དང་ཕུགས་བསམ་ལ་བསམ་བློ་གཏོང་རྒྱུ་བཅས་ཡིན། ངས་ནམ་ཡང་བློས་གཏོང་མི་ཐུབ་པ་ནི་དེབ་དང་ཁ་བྲལ་རྒྱུ་དེ་རེད། ཁོམ་པ་ནམ་ཡོད་ལ་དཔེ་དེབ་ྐློག་རྒྱུ་ནི་ངའི་གཤིས་ཀའི་ངོས་ཀྱི་བག་ཆགས་ཆེ་ཤོས་དེ་ཡིན། ངས་བྐླགས་ཚར་བའི་དེབ་དང་བྐླག་བྱའི་དེབ། ྐློག་བཞིན་པའི་དེབ་བཅས་ནི་སྐད་ཡིག་གི་དབང་དུ་བྱས་ན། བོད་ཡིག་དང་དབྱིན་ཡིག་གཉིས་ཡིན། ད་ལྟ་བར་དུ་ངས་དབྱིན་ཡིག་ལས་བོད་ཡིག་གི་དེབ་མང་ཙམ་བྐླགས། འོན་ཀྱང་། དབྱིན་ཡིག་གི་དེབ་མ་བྐླགས་པ་མིན། བོད་ཡིག་དང་བསྡུར་ན་གྲངས་ཚད་ཀྱི་ངོས་ནས་ཉུང་ཙམ་ཡིན། ང་ྐློག་གོམས་སུ་སོང་བའི་བོད་ཡིག་གི་དེབ་ལ་མཚོན་ན་མང་ཆེ་བ་༧གོང་ས་མཆོག་གི་གསུང་རྩོམ་ཁག་རེད། ད་ལྟ་ངའི་བློ་ངོར་ཡོད་པ་ནི། ནང་པའི་ལྟ་སྤྱོད་ཀུན་བཏུས།
སེམས་ཀྱི་ཞི་བདེ། གངས་ལྗོངས་ཀྱི་ཁྱད་ནོར། ལེགས་བཤད་བློ་གསར་མིག་འབྱེད། བྱམས་བརྩེའི་ནུས་སྟོབས། མི་ཚེའི་མདུན་ལམ། ཤེས་ཡོན་ལམ་སྟོན་། ཆབ་སྲིད་ལམ་སྟོན།
གཞིས་ཆགས་ཁག་དང་དགོན་སྡེ་ཁག། སློབ་གྲ་ཁག གཞན་གྲོས་ཚོགས་དང་འཛིན་སྐྱོང་། གཞུང་ཞབས་ལས་བྱེད་བཅས་ལ་གནང་བའི་བཀའ་སློབ་ཕྱོགས་སྒྲིག་དག་རེད། འོན་ཀྱང་།
༧གོང་ས་མཆོག་གི་ཕྱག་དཔེའི་གྲངས་འབོར་གྱི་ངོས་ནས་གླེང་ན། བོད་ཀྱི་སྐད་ཡིག་གི་ནང་ལ་ཉུང་ཙམ་དང་དབྱིན་ཇིའི་སྐད་ཡིག་གི་ནང་ལ་མང་ཙམ་རེད།
དབྱིན་ཇིའི་སྐད་ཡིག་གི་ནང་ལ་ཡོད་པ་དེ་དག་ཀྱང་དེང་རབས་འཛམ་གླིང་གི་མི་རྣམས་ཀྱིས་ཆེས་ཆེར་གླེང་བའི་ཁོར་ཡུག་དང་ཞི་བདེ། རང་དབང་དང་འདྲ་མཉམ། བདེ་འཇགས་བཅས་ཀྱི་བརྗོད་གཞི་ཁག་རེད་ལ་། ལྷག་པར་དུ་ནང་བསྟན་ཤེས་རིག་དང་དེང་རབས་ཚན་རིག་དབར་གྱི་ལྟ་བའི་རྣམ་བཞག་གི་དཔྱད་བསྡུར་དང་མཐུན་ཆ། ཞིབ་འཇུག་གི་གནད་བཅས་རེད། དེ་རིང་སང་ཉིན་ངས་དུས་ཚོད་ནམ་ཡོད་ལ་༧གོང་ས་མཆོག་གི་གསུང་རྩོམ་དབྱིན་ཡིག་གི་ནང་ལ་ཡོད་པ་རྣམས་ྐློག་གིན་ཡོད། དབྱིན་ཡིག་གི་དེབ་དེ་དག་རྩོམ་སྒྲིག་བྱེད་མཁན་ཕལ་ཆེ་བ་ཕྱི་རྒྱལ་གྱི་ཁྱད་མཁས་དག་རེད། དེབ་དེ་དག་གིས་ནུབ་ཕྱོགས་སྤྱི་ཚོགས་ཀྱི་སེམས་པའི་དགོས་མཁོ་མང་ཙམ་བསྐུང་གི་ཡོད་པ་མ་ཟད་བག་ཆགས་ཀྱང་གང་འཚམ་འཇོག་གིན་ཡོད།
ངས་ཆེད་དམིགས་དུས་ཚོད་དབྱེ་བགོས་བྱས་ཏེ་༧གོང་ས་མཆོག་གི་གསུང་རྩོམ་དབྱིན་ཡིག་གི་ནང་ལ་ཡོད་པ་དེ་ཚོ་ྐློག་འགོ་ཚུགས་ ཟླ་བ་གཉིས་ཀྱི་ནང་ཚུན་ལ་ངས་དེབ་གྲགས་མང་ཙམ་བྐླགས་ དེབ་ྐློག་གིན་ྐློག་གིན་། དེབ་རྩོམ་སྒྲིག་བྱེད་ཕྱོགས་ནས་ང་ལ་བསམ་ཚུལ་ཇི་སྙེད་ཅིག་བྱུང་། ངའི་སྣང་ངོར་དེབ་ཁ་ཤས་ཤིག་བྐླག་བྱའི་དགོས་མཁོ་གཙོ་བོ་མ་ཡིན་པར་བཙོང་བྱའི་དམིགས་ཡུལ་གཙོ་བོར་བཟུང་ནས་དཔར་བསྐྲུན་བྱེད་ཀྱིན་འདུག་སྙམ་པའི་ཚོར་བ་སླེབས། དེབ་འདིའི་ནང་དུ་ཡོད་པའི་བརྗོད་གཞི་དེ་དེབ་གཞན་དེའི་ནང་དུ་གཅིག་མཚུངས་སུ་བཀོད།
དེབ་ཕར་ཕྱོགས་ཀྱི་ནང་གི་བརྗོད་གཞི་དེ་དེབ་འདིའི་ཟུར་ལ་སླེབས། དེབ་འདིའི་ནང་གི་བརྗོད་བྱ་དུམ་བུ་ཞིག་བླངས་ཏེ་དེབ་གཞན་དེའི་འགོ་སྔ་གང་རུང་ལ་སྦྱར། དེབ་འདིའི་ནང་གི་བརྗོད་བྱ་དུམ་བུ་གཅིག་དེབ་གཟུགས་ཆུང་ཆུང་ཞིག་ཏུ་བཀོད། དེབ་འདིའི་ནང་གི་བརྗོད་བྱ་གཅིག་དེ་རྗོད་བྱེད་དུམ་བུ་འགར་བཏང་སྟེ་དེབ་གཟུགས་གཞན་ཞིག་བཟོས། འདི་ལྟར་དེབ་ཀྱི་མིང་བྱང་མ་འདྲ་བ་མ་གཏོགས་ནང་གི་བརྗོད་བྱ་རྣམས་ཕར་ལེན་ཚུར་སྦྱར་བྱས་བའི་དབྱིན་ཡིག་གི་དེབ་མང་པོ་ཞིག་དཔར་བསྐྲུན་བྱས་འདུག འདི་ནི་རྒྱུ་མཚན་གཞན་མི་ཡང་མ་ཡིན་པར་ཚོང་ལས་ཀྱི་དམིགས་བགོ་འབའ་ཞིག་གི་ཆེད་དུ་རེད་སྙམ། དེས་ན། ང་ཚོའི་ངོས་ནས་འགན་ཏུ་འཁྲི་བ་ནི་ཁྱད་མཁས་ཡིན་མིན་དང་དཔར་བསྐྲུན་ཁང་གྲགས་ཆེན་ཡིན་མིན་ལ་མ་བལྟོས་པར་༧གོང་ས་མཆོག་གི་གསུང་རྩོམ་རྣམས་ཀྱི་བརྗོད་བྱའི་ཐད་བསྐྱར་བསྡུས་དང་འདྲ་བཤུས་ཀྱི་རིགས་མེད་པ་བཟོ་རྒྱུ་ནི་ང་ཚོའི་ཁྲོད་ཀྱི་ཤེས་ཡོན་པའི་ཐ་སྙད་ཐོགས་མཁན་ཚོའི་འོས་འགན་ཏུ་མཐོང་།
གནའ་དེང་གི་བོད་པ།
གྲགས་ན་མི་ཉན་ས་སྟེང་ན་མུན་པ་ཡི་རང་བཞིན།།
བསྡད་ན་མི་བདེ་སེམས་འདི་ཉོན་རྨོངས་ཀྱི་གྲོགས་པོ།།
བཤད་ན་མི་རུང་ཁ་འདི་ཚེར་མ་ཡི་དུག་ནག།
བགད་ན་མི་མཛེས་མི་སེམས་གཏུབ་བྱེད་ཀྱི་སྤུ་གྲི།
ཤི་ན་མི་ཡོང་ཚེ་འདི་ཡུན་ཐུང་གི་འགྲུལ་བ།།
གསོན་ན་དཀའ་བ་འཚོ་བའི་མངར་སྐྱུར་ནི་མོད་པ།།
རྒས་ན་མི་གཟོད་ལུས་འདི་ལན་ཆགས་ཀྱི་འཁུར་རོ།།
གཞོན་ན་མི་བྲིན་ང་རྒྱལ་འཁང་སེམས་ཀྱི་ཚོར་འདུ།།
ཡག་ན་མི་འགྲིག་ཚང་མའི་སེམས་ཁོང་དེ་དཀྲུགས་བྱེད།།
བཙོག་ན་མི་བཟང་མི་ཀུན་འཕྱ་དམོད་ཀྱི་གཞི་མ།།
དུངས་ན་མ་རེད་མི་ཚོས་ཁྲེལ་དགོད་ཀྱི་དཀའ་ཚེགས།།
རྒུད་ན་མི་འགྲོ་ཀུན་གྱིས་རྗེས་ལུས་སུ་ལྟ་ངེས།།
དར་ན་མི་རྣམས་ཕྲག་དོག་གི་འཚེ་ཡོང་།།
མཁས་ན་མི་རྣམས་ཕྱོགས་ཞེན་གྱི་བསླུས་འགྲོ།
བླུན་ན་མི་རྣམས་འཕྱ་དམོད་ཀྱི་འཐིམ་ངེས།།
མི་ཉན་མི་རུང་སྣ་དགུ་ཡི་གོམ་གཤིས།།
གནའ་དང་དེང་གི་བོད་པ་ཚོས་བྱེད་སྟངས།།
འགྱུར་བའི་ཕྱོགས་ཀྱི་ཐབས་ཤེས་ཤིག་བྱུང་ཉིན།།
དྲ་ཐོག་འདི་རུ་བགྲོ་གླེང་གི་རྣམ་པ།།
ཕུན་སུམ་ཚོགས་པའི་ཡན་ལག་དུ་ཨེ་འགྲོ།
དེ་མིན་སེམས་ཅན་མི་མང་གི་ཁ་ན།།
ཆིག་སྒྲིལ་ཕྱོགས་ཀྱི་གཏམ་བཟང་རེ་ཡོད་ཀྱང་།།
དོན་དངོས་ནང་གི་འཐེན་འཁྱེར་ནི་མི་ཆད།།
དགེ་འདུན་རབ་གསལ་ལགས། རྩོམ་ཡིག་འདི་ཁ་བརྡའི་ལེ་ཚན་ནང་དུ་འཇོག་ཐུབ་པ་ཡིན་ན་འཇོག་རོགས་ཞུ། གལ་སྲིད་སྟབས་བདེ་མིན་ན་ནི་མ་བཞག་ན་ཡང་འགྲིག
དྲ་གྲོགས་བོད། ལྷ་ྐླུ་གཉན་གསུམ་ལགས།
ཉིད་ཀྱི་རྩོམ་དེ་དྲ་ངོས་སུ་བཞག་ཡོད། དེ་དོན་དགོངས་འཇགས་ཡོད་པ་ཞུ།
ཁྱེད་ཀྱི་རྩོམ་འབྲིའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ།
རིག་འབྱུང་བཀྲ་ཤིས་དོན་འགྲུབ་ལགས་ཐུགས་རྗེ་ཆེ། དེ་ལྟར་དུས་ཐོག་དུ་རྩོམ་ཡིག་ཁ་བརྡའི་དྲ་ཐོག་དུ་བཀོད་པ་ལ་རྗེས་སུ་ཡི་རུང་བྱེད།
སྤུན་མཆེད་དྲན་པའི་སྔ་དགོང་།
འདི་ནས་བཞུར་བའི་ཕ་རོལ་དུ།།
གང་དུ་སོང་བའི་རྐང་རྗེས་སུ།།
དྲན་ཤིང་ལྕི་མོའི་རང་གཟུགས་དེ།།
སེམས་ཀྱི་མཚོ་མོའི་ཁ་རུ་སྐྱོམས།།
མཛའ་བའི་དུངས་ཞེན་ཆེ་བ་ཡི།།
ཐ་སྙད་དང་བསྟུན་སྤུན་མཆེད་དེ།།
རྒྱང་རིང་རྒྱལ་ཁབ་གཞན་ཡུལ་ན།།
བདེ་བར་ཡོད་པ་སྔ་ནས་ཐོས།།
སེམས་ཀྱི་འབྲེལ་ཐག་ཟབ་ས་ནས།།
ཁ་བརྡའི་གླིང་དུ་ཞུགས་འདོད་ཀྱིས།།
ཐེངས་འགར་ཁ་པར་བཏང་ན་ཡང་།།
ཁ་པར་བརྡ་འཕྲིན་སྟེང་དུ་འདུག།
ཡུན་རིང་གཤིབ་པའི་རྒྱ་གར་དུ།།
ཁང་མིག་ཆུང་ཆུང་ནག་ཁུང་དེར།།
ལོ་དང་ཟླ་བའི་འཚོ་བ་ཞིག།
མཉམ་རོལ་བྱས་པ་ལྷག་དུ་དྲན།།
སྲོག་གི་ཉེན་ཁ་ང་ལ་འཕྲད།།
དེ་དུས་ཉིད་ཀྱིས་ཉིན་མཚན་ཀུན།།
ལུས་ཚེགས་གཉིས་ཀྱི་དཀའ་སྡུག་དག།
ཁྱེད་ཉིད་ཁོ་ནའི་དང་དུ་བླངས།།
རྩ་སྐྱ་སྐམ་པོ་འགམ་དགོས་ཀྱང་།།
ཧིན་སྒོར་བཅུ་ལས་མ་བྱུང་རང་།།
སྐྱིད་སྡུག་མཉམ་རོལ་དམ་བཅའི་ཚིག།
བདག་ལ་སྨྲས་པའི་སེམས་པ་བཟི།།
ང་རང་ཕ་ཡུལ་གངས་ལྗོངས་སུ།།
བྱིན་ནས་ཟླ་ངོ་ཁ་ཤས་རྗེས།།
ཉིད་ཀྱིས་བདག་ལ་ཁ་པར་ཁྲོད།།
ཁྱེད་རང་དྲན་བྱུང་ཟེར་ནས་ངུས།།
ཤ་ཁྲག་ཉེ་འབྲེལ་རིགས་སུ་གཏོགས།།
ཡིན་ཡང་སྔོན་ཆད་ཕ་ཡུལ་དུ།།
འདྲིས་ཤིང་གཤིབ་རྒྱུ་མ་བྱུང་རང་།།
ས་མཐའི་འཚོ་བ་མཉམ་རོལ་མྱོང་།།
ད་ལྟ་ཐག་རིང་རྒྱལ་ཁབ་དུ།།
ཨ་རིར་འབོད་པའི་ཕྱི་གླིང་དུ།།
ཚེ་འདིའི་བཟའ་ཚང་ལྷན་གཅིག་དུ།།
འཚོ་བའི་མངར་སྐྱུར་ག་འདྲ་འདུག།
མཚམས་རེར་བདག་གི་རྨི་ལམ་དུ།།
ཁྱེད་དང་འཇལ་བ་རྨིས་ན་ཡང་།།
རྨི་ལས་སད་རྗེས་དེ་ཉིད་ནི།།
བདེན་པར་མིན་པ་གསལ་བོ་རྟོགས།།
གངས་ཅན་བོད་མིའི་བདེན་དོན་དང་།།
མཛའ་གྲོགས་ཁྲེལ་ཡོད་ཕྱི་ཐག་སོགས།།
ང་ཡིས་ཁ་ལས་བཤད་པ་ལས།།
ཉིད་ཀྱིས་ལག་ལེན་བྱས་པ་མང་།།
ལུས་གཟུགས་བདེ་ཞིང་ནད་མེད་དུ།།
ཚེ་རིང་དོན་འགྲུབ་ཁ་དྲོའི་ངང་།།
རང་གི་ལས་སུ་བརྩོན་ཞོར་དུ།།
འདོད་པའི་བྱ་བཞག་འགྲུབ་པར་སྨོན།།
མི་རིང་ངེད་གཉིས་ཁ་བརྡའི་ཁྲོད།།
སེམས་ཀྱི་གཏམ་དག་བཤད་པའི་སྐལ།།
ཐོབ་འདོད་རེ་བ་ཆེ་བའི་སྤུན།།
ང་ཡིས་ཁྱེད་དྲན་འཕྲིན་འདི་སྤྲིངས།།
༢།༠༤།༠༩
རིག་འབྱུང་བཀྲ་ཤིས་དོན་འགྲུབ་ལགས། ཁྱེད་རང་ལ་དཀའ་ཚེགས་རེད་དེ་ཡང་བསྐྱར་རྩོམ་ཡིག་འདི་ཁ་བརྡའི་སྙན་རྩོམ་ཁྲོད་དུ་འགོད་རོགས་ཞུ།
དྲ་གྲོགས་བསྟན་འཛིན་ལགས་ཀྱིས་བཤད་པ་དེ་བདེན་པ་རེད།ང་ཚོས་ནན་ཏན་ཀྱིས་གོང་ས་མཆོག་གི་བཀའ་སློབ་ཀློག་སྐབས་དཔར་བསྐྲུན་ཟིན་པའི་དཔེ་དེབ་རྣམས་སུ་སྐབས་དུ་མར་བསྐྱར་ཟློས་ཀྱི་རྣམ་པ་མང་པོ་ཞིག་མཐོང་ཡོང་གི་འདུག།འདི་ནི་སུ་དང་གང་གིས་ལྷག་བསམ་ལ་ནོར་འཁྲུལ་ཤོར་བར་ངོས་འཛིན་བྱེད་ཀྱི་མེད་ནའང།གང་ཞིག་དཔར་བསྐྲུན་བྱེད་པའི་དེབ་རིགས་ཀྱི་བརྗོད་བྱར་མནོ་བསམ་མི་གཏོང་བར་འོད་ཚོད་ཀྱིས་འདི་ནི་རྒྱལ་བའི་བཀའ་སློབ་རེད་ཅེས་དཔར་འགྲེམས་ཞུས་པ་ནི་བསྔགས་འོས་སུ་མ་མཐོང།ངོ་མ་བཤད་ན་ཁ་ཚ་དགོས་གཏུག་གི་ལས་འགན་ཏེ་དཔར་བསྐྲུན་བྱ་ཡུལ་ནི་འདས་པའི་བགྲང་བྱ་དུ་མའི་ནང་གོང་ས་མཆོག་གིས་བརྩམས་གནང་བའི་དབྱིན་ཡིག་གི་ལྗགས་རྩོམ་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་་པར་དུ་བསྐྲུན་རྒྱུ་དེ་་ཡིན་ལ།འདི་ནི་དོན་དམ་པར་བོད་རིགས་མི་མང་ནས་གོང་ས་མཆོག་གང་འདྲ་ཞིག་ཡིན་མིན་སྤྱི་དང་ལྷག་པར་དུ་གང་ཉིད་ཀྱིས་སྤྱི་ཚོགས་དང་ཀུན་སྤྱོད།ཁོར་ཡིག།ཞི་བདེ་སོགས་ཀྱི་གནད་དོན་ཐེ་བའི་དགོངས་གཞི་གང་མང་ཞིག་གི་ཐད་ཇི་འདྲ་ཡིན་མིན་ཐད་གོ་རྟོགས་ཐུབ་རྒྱུར་ཕན་ཁེ་ཆེ་བ་མ་ཟད།ད་དུང་གོང་ས་མཆོག་ཁོང་གི་སེམས་ཚོར་ངོ་མ་གང་ཡིན་ལའང་ཤེས་རྒྱུར་རོགས་འདེགས་ཐུབ་རྒྱུ་དེ་ཡིན།དེས་ན་ཞུ་སྙིང་གང་ལགས་ཞེ་ན།དེ་ནི་གཞུང་དང་ཚོགས་པ།སྒེར་པ་སུ་ཞིག་ཡིན་རུང།སྔོན་ལ་གོང་ས་མཆོག་གིས་བརྩམས་པའི་དབྱིན་ཡིག་གི་གྲགས་ཅན་དཔེ་དེབ་བདུན་བཅུ་ཚང་མ་ཆད་ལྷག་མེད་པར།ལྷག་བསམ་གྱིས་ཀུན་ནས་བསླངས་ཏེ་སྤྱི་ཚོགས་སྟེང་གི་ཤེས་ཡོན་པར་མཐོང་དང་ཆ་འཇོག་བྱས་ཏེ་འགྲོ་སོང་ཕངས་མེད་དུ་བཏང་ནས་གང་མགྱོགས་བོད་བསྒྱུར་ཐུབ་པ་ཡིན་ན།དེ་ནི་རྒྱལ་བ་རྒྱས་པའི་མཆོད་སྤྲིན་དུ་འགྱུར་ལ་བོད་བསྟན་སྲིད་ན་ཕན་ཐོགས་པའང་ཡིན་ནོ།དེ་ལྟར་མིན་པར་སྲོལ་ངན་དང་དམིགས་ཡུལ་གཞན་པའི་དབང་དུ་སོང་ན་ནམ་ཞིག་རང་ཉིད་ཕོངས་བ་ལས་ཐབས་གཞན་མེད་དོ།་བཀའ་དྲིན་ཆེ།
རང་གིས་རང་ལ་སྐྱག་རྫུན་བཤད་པ།
མི་ཚོས་རྫུན་ཟེར་དུས་གཞན་གྱིས་བཤད་པ་ལས་རང་གིས་རང་ལ་རྫུན་བཤད་ཀྱི་ཡོད་མེད་ཐད་དུ་བསམ་བློ་གཏོང་གི་ཡོད་པ་རེད་དམ། འོན་ཀྱང་། ངས་རང་གིས་རང་ལ་རྫུན་བཤད་པའི་བསྐོར་ཞིག་ཤེས་ཀྱི་ཡོད། རྫུན་འདིས་ང་རང་ལ་ཐེངས་ཅི་ཙམ་ལ་མགོ་བསྐོར་བཏང་བ་ཡང་རང་གིས་ཤེས་ཀྱང་ད་དུང་འགྱུར་བ་ཞིག་གཏོང་མ་ཐུབ།
རྫུན་འདི་ཅི་ལྟར་རང་གིས་རང་ལ་བཤད་པ་རེད་ཟེར་ན། ང་རང་ནི་དུས་རྒྱུན་དུ་ཐ་མག་འཐེན་རྒྱུས་གོམ་གཤིས་ངན་པ་ཞིག་ཆགས་ཡོད་པ་དེ་དང་འགྲོག་ནས་བཤད་པ་རེད། ངས་རང་གི་མི་ཚེ་ནང་དུ་ཐ་མག་འཐེན་པའི་གྲངས་ཀ་ནི་གཏན་ནས་རྩིས་ཀྱི་མི་ལོངས་པ་ཡིན་ལ། ངས་ད་ནི་ཐ་མག་གཅོད་མཚམས་འཇོག་དགོས་ཟེར་ནས་རང་གི་རང་ལ་བཤད་པའི་གྲངས་ཀ་ཡང་རང་གི་སེམས་སུ་དྲན་གྱི་མི་འདུག ངས་ཐེངས་མང་བོར་རང་གིས་རང་ལ་འདི་ལྟར་བཤད་པ་ཡིན། ད་ནི་ཁྱེད་རང་གིས་ཐ་མག་འཐེན་མཚམས་བཞག་ན་རེད། གཅིག་ནས་ཁྱེད་རང་གི་འཕྲོད་བརྟེན་ལ་གནོད་ཀྱི་ཡོད་པ་ནི་ཤེས་གསལ་རེད། གཉིས་ནས་ཡོང་བབ་ཉུང་བས་སྐབས་འདི་འདྲ་ཞིག་ལ་ཐ་མག་ཉོ་བྱེད་ཀྱི་དངུལ་གྱང་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད། གསུམ་ནས་ཁྱེད་རང་གིས་ཐ་མག་འཐེན་པ་ལས་ཁ་ལག་ཡག་པོ་རེ་ཟོས་དེ་གཟུགས་པོའི་བདེ་ཐང་ལ་འགན་ལེན་བྱེད་ཐུབ་ན་ག་འདྲའི་ཡག་པོ་མི་འདུག དེ་བས་ག་ལ་ཚད། ཁོང་གིས་ཀྱང་དུས་རྟག་དུ་དེང་སང་གཞོན་སྐྱེས་མང་བོ་ཞིག་གིས་ཐ་མག་འཐེན་པ་དང་ཆང་འཐུང་། ཤོ་རྒྱག་པ་སོགས་བྱེད་མཁན་མང་བོ་ཞིག་ཡོད་པ་དེ་དག་ནི་དངོས་ནས་ཡག་པོ་མ་རེད། དེ་ཚོས་རང་གི་འཕྲོད་བརྟེན་དང་འཚོ་བའི་ཁྲོད་དུ་འགན་ལེན་བྱེད་ཕྱོགས་བསྐོར་ལ་འཐུས་ཤོར་གཏོང་བཞིན་ཡོད་པའི་བསྐོར་གྱི་བཀའ་སློབ་ཀྱང་རང་གིས་མང་བོ་ཐོས་མྱོང་ཡོད་པ་རེད། འོན་ཀྱང་། དེ་དག་ཐོས་ཐེངས་རེར་རང་གིས་རང་ལ་ད་ནི་ངས་ཐ་མག་འདི་གཅོད་རྒྱུ་ཡིན་ཟེར་ནས་ཐ་མག་འཐེན་མཚམས་བཞག ཉིན་མ་མང་བོ་ཞིག་འགྲོ་མི་དགོས་པར་སླར་ཡང་ཐ་མག་འཐེན་རྒྱ་ཇེ་མང་དུ་སོང་། དྲིན་ཆེན་ཕ་མས་ཀྱང་ཐ་མག་མ་འཐེན་ཟེར་དུས། ཁྱེད་ཀྱིས་ལགས་སོ་ཟེར་ནས་ཕ་མའི་རིག་ས་ནས་ཐ་མག་གཏན་ནས་མ་འཐེན། ཡིན་ཡང་། ཕ་མས་མི་མཐོང་སར་ཁྱེད་ཀྱིས་ཐ་ཐག་འཐེན་རྒྱུར་མང་དུ་བཏང་། ཐ་མག་ཅི་ཙམ་མང་བོ་འཐེན་པ་དེ་ཙམ་གྱིས་ཁྱེད་རང་གི་རྒྱབ་གཞུང་ལ་ན་ཟུག་ཇེ་མང་དུ་སོང་། ཡིན་ཡང་། ཁྱེད་ཀྱིས་སྣང་མེད་དུ་བཞག སྐབས་དེ་འདྲ་ཞིག་ལ་ཁྱེད་རང་གི་འཚོ་བ་འགྱུར་ལྡོག་སོང་དེ། ཐ་མག་ཞིག་ཉོ་རྒྱུའི་དཀའ་ངལ་མེད་པར་སོང་། དེ་དུས་ཁྱེད་ཀྱིས་རང་གིས་རང་ལ་འདི་ལྟར་བཤད་དེ་ནི་སྒོར་མོའི་གནད་དོན་གཅིག་བུ་མ་རེད། ད་ནི་ངས་དངོས་ནས་ཐ་མག་འཐེན་མཚམས་བཞག་ནས་རང་གི་འཕྲོད་བརྟེན་ལ་འགན་ཞིག་ལེན་ཟེར་ནས་ཐ་མག་འཐེན་མཚམས་བཞག ཟླ་བ་ཁ་ཤས་ཤིག་སོང་། ཡང་ཁྱེད་ཀྱིས་ཐ་མག་རྨི་ལམ་དུ་རྨིས་པ་གྲངས་ཀ་མེད། དེ་ལྟར་ཁྱེད་ཀྱིས་བཟོད་བསྲན་བྱས། ཟླ་ངོ་ཁ་ཤས་ཤིག་གི་རིང་དུ་ཁྱེད་རང་གི་ཐ་མག་བཞག་པས་ཁྱེད་ཀྱིས་གཟུགས་པོའི་འཕྲོད་བརྟེན་ཡང་མངོན་གསལ་དོད་པོའི་ཡག་དུ་སོང་།
ཐ་མག་འཐེན། ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་ཁྱེད་ཀྱིས་རང་གིས་རང་ལ་རྫུན་བཤད་པ་ཤེས་ཀྱང་། མུ་མཐུད་དུ་ཁྱེད་རང་གིས་རང་གིས་རང་ལ་རྫུན་བཤད། ད་ག་ལེར་མཚམས་འཇོག་བྱེད་ཆོག ཐ་མག་གི་རིན་གོང་དེ་དག་བསགས་ནས་བྱ་བ་བཟང་བོ་ཞིག་བྱེད་བསམ་སྐྱེ། དེ་ཡང་བསམ་པ་ཙམ་ལས་དོན་ཐོག་དུ་མ་ཞོག ཡང་སྙིང་རང་གིས་རང་ལ་འདི་ལྟར་རྫུན་བཤད་དེ་རང་གིས་རང་ལ་མགོ་བསྐོར་ཐེངས་ཇི་ཙམ་ལ་བཏང་བ་དེ་ལྟར་དུ། ཁྱེད་རང་གིས་ཐ་མག་འཐེན་པའི་གྲངས་ཀ་མང་དུ་བྱིན། མིས་ཁྱེད་རང་གི་ཐ་མག་མཚམས་འཇོག་བྱེད་ཆོག་ཟེར་ནས་བཤད་ན་ད་སུ་ཡང་ཁྱེད་རང་ལ་ཡིད་ཆེས་བྱེད་མཁན་མེད་པར་གྱུར། རྒྱུ་མཚན་ནི་ཁྱེད་རང་གིས་རང་གིས་རང་ལ་སྐྱག་རྫུན་བཤད་པའི་གྲངས་ཀ་མང་དྲགས་པས་མ་ཡིན་ནམ། ད་དུང་ཡིན་ན་ཡང་། ཁྱེད་ཀྱིས་ཐ་མག་གཅོད་འདོད་ཡོད་ཟེར་ནས་རང་གིས་རང་ལ་བཤད། སྐད་ཆ་དེ་ནི་ཡང་སྙིང་བདེན་པ་ཡིན་ནམ། ཁྱེད་ཀྱིས་རྨི་ལམ་ནང་གི་སྐྱབས་མགོན་ཡང་ངུས་དེ་སྐད་ཆ་གཅིག་གྱང་ཁྱེད་རང་ལ་མ་བཤད་པ་དེ་ག་རེ་ཡིན་ན། ཁྱེད་རང་གིས་རང་གིས་རང་ལ་བཤད་པའི་སྐྱག་རྫུན་བཤད་པ་མང་དྲགས་པས་ཡིན་ནམ། ཨོ་རེད། མཐར་ཐུག་ན། ཁྱེད་རང་གིས་ཐ་མག་གཅོད་མི་ཐུབ་པའི་གནད་འགག་གང་ལ་ཐུག་ཡོད་པ་རེད་དམ། ཡང་ན། ཁྱེད་རང་རྫུན་བཤད་རྒྱུར་དགའ་བའི་མི་ཞིག་ཡིན་ནམ། ད་དུང་། ག་ཚོད་བར་དུ་ཁྱེད་རང་གིས་རང་ལ་སྐྱག་རྫུན་བཤད་སྲིད་དམ། དོན་དངོས་ཐོག་མ་ཐག་གིས་ཁྱེད་རང་ལ་ཕན་ཐོག་ག་རེ་བྱེད་ཀྱི་འདུག་གམ།
རིག་འབྱུང་བཀྲ་ཤིས་དོན་འགྲུབ་ལགས། སྐུ་ཉིད་ལ་དཀའ་ཚེགས་ཤིག་སླར་ཡང་བཟོ་དགོས་བྱུང་སོང་། འདི་ཡང་ཁ་བརྡའི་དྲ་ཐོག་ལ་འགོད་རོགས་ཞུ། གལ་སྲིད་སྟབས་བདེ་མིན་ན་ནི་མ་བཀོད་ཀྱང་འགྲིག་གི་ཡོད།
བཀྲིས་བདེ་ལེགས། དྲྭ་དཔོན་ལགས། འདི་ལ་དག་མཆན་ཐོབ་བྱུང་ན། དེ་ནས་རང་གི་བསམ་ཚུལ་མང་པོ་ཞིག་བརྗོད་ན་འདོད།