མི་ཕམ་ཚངས་ཐིག
ཕྱི་ལོ་༢༠༡༡ལོར་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་དེ་འཇིག་རྟེན་འདི་ནས་ཆོས་ཀྱི་དབྱིངས་སུ་གཤེགས་པ་རེད། རྒྱལ་ཁབ་༣༠ ལྷག་ཏུ་ཡུལ་གྱལ་དུ་སྡོད་ཡོད་པའི་བོད་མི་སེམས་ཤུགས་དང་ལ་རྒྱས་ཕྱུག་པ་ཀུན་གྱིས་མི་ལོ་༦༠ མ་ཟིན་ཙམ་གྱི་རེ་སྨོན་དང་རྨི་ལམ་དེ་ཚེ་ལས་འདས་པའི་ཚོར་སྣང་བྱུང་བ་རེད། བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཚེ་སྲོག་སོང་བ་ཀུན་གྱི་རྣམ་ཤེས་དག་གིས་ངུ་འབོད་བྱས་པའི་ཚོར་གདུང་ཞིག་རང་བཞིན་ངང་གིས་བྱུང་། ལྷག་བསམ་དང་ལ་རྒྱ་ཡིས་ཕྱུག་པའི་གངས་རིའི་ལྕམ་སྲིང་ཀུན་གྱིས་ཁྲག་དང་མིག་ཆུ་ནི་དྲྭ་རྒྱ་ཁག་མ་གཏོགས་ཕྱི་ས་གཞན་ཞིག་གང་ན་ཡོད། དེའི་སྐབས་ཀྱི་ཆབ་སྲིད་མི་སྣས་བབ་ཅོལ་དང་ནང་འགལ་གྱི་གསུང་བཤད་མང་དུ་གནང་སྟེ། ཉོག་རིང་བསྐྱར་ཟློས་ཟད་མེད་ཀྱི་ལབ་བརྡོལ་ལོ་ངོ་ཕྱེད་གཉིས་རིང་མ་རྫོགས་ཀྱང་དོན་འབབ་ས་ཞིག་མེད་པ་གཟུར་གནས་བློ་ལྡན་ཀུན་གྱིས་ཤེས་གསལ་རེད། དུས་དང་ནུས་པ་ཆུད་ཟོས་ཀྱི་ཉོག་གཏམ་དེ་རེ་ཞིག་རྫོགས་ནས་ཉན་མཁན་རྣམས་ལོ་ངོ་ཕྱེད་ཙམ་ལ་ཁོ་ཆད་རྣ་འཇམ་དུ་བསྡད་པ་ལོས་ཡིན། ངོ་མཚར་དགོས་པ་ཞིག་ནི། ཉེ་ཆར་ལ་དྭགས་དང་ཨེ་ཊ་ལིའུ་སོགས་ནས་རང་ཅག་བོད་མིའི་༧སྐྱབས་མགོན་རྒྱལ་དབང་མཆོག་གིས་ཡང་བསྐྱར་དེའི་སྐོར་ལ་གླེང་སློང་ཤུགས་ཆེར་གནང་འདུག་པ་དེར་དགོས་པ་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་བླུན་པོ་ཕྲན་ལ་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་གི་ཟབ་གསང་གིས་ཀྱང་དེ་སྔོན་གྱི་དོན་གནད་དེ་དག་ད་དུང་གསལ་བོར་ཆགས་མ་སོང་། དེའི་ཕྱིར་ཕྲན་གྱིས་འདིར་གཟུར་གནས་བློ་ལྡན་བོད་མི་སུ་ཡིན་རྣམས་ལ་དྲི་བ་སྟབས་བདེ་ཞིག་འདྲི་ཆོག་པར་ཞུ།
རང་རེའི་བཙན་བྱོལ་བོད་མི་རྣམས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་གཞུང་དེའི་མིང་ལ་དབྱིན་ཡིག་གིས་Government ཞེས་གཏན་ནས་འདོགས་མི་རུང་བར་གསུང་བ་དང་། གལ་ཏེ་བཏགས་ན་དཀའ་ངལ་འཕྲད་རྒྱུ་ཡིན་པར་དམ་བཅའ་བ་བདེན་པའི་དབང་དུ་ཐོང་། ཡིན་ཡང་བོད་ཡིག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཟེར་བ་དེ་བཞག་ན། དེ་ལ་སུ་ཞིག་གིས་དཀའ་ངལ་སྤྲོད་རྒྱུ་ཡིན་པ་ཕྲན་གྱིས་ནི་ཤིན་ཏུ་རྟོགས་དཀའ། གཞུང་ཟེར་བ་དེ་ང་ཚོའི་བོད་པ་རང་སྐད་དུ་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་ལ་གོ་བ་སྒྲུབ་མི་ཐུབ་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་ན། སྐད་ཡིག་གཞན་སྨྲ་མཁན་ཞིག་གིས་དེ་རྒྱལ་ཁབ་ཅིག་གི་གོ་དོན་དུ་སྒྲུབ་ནས་དཀའ་ངལ་སྤྲོད་ཐུབ་པ་ཞིག་ཡོད་ཚུལ་ཕྲན་གྱིས་ནི་མི་རྟོགས་གི གལ་ཏེ་སུ་ཞིག་གིས་མཁྱེན་ན་ཕྲན་དང་ཕྲན་འདྲ་བའི་བླུན་པོ་ཀུན་ལ་གསལ་བཤད་ ཅིག་གནང་རོགས་ཞུ། ཕྱི་ལོ་༢༠༡༡ ལོའི་སྐུའི་འཁྲུངས་སྐར་ཉིན། ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་དུ་། ༸གོང་ས་མཆོག་སྐུ་ཉིད་ཀྱིས།༼དེ་ག་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེད་པ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས་དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབས་བསྡད་ པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད།༽ ཞེས་གསུངས་གནང་འདུག་པ་དེ་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་ཀར་རྒྱང་བསྲིངས་བྱས་བ་ད་དུང་དྲྭ་ ལམ་ནས་གཟིགས་ན་༸གོང་ས་མཆོག་གིས་བོད་སྐད་དང་བོད་ཡིག་ཐོག་ཏུ་བོད་གཞུང་ཞེས་པ་ འདོགས་རུང་བར་གསུང་བ་ལས་གོ་བ་གཞན་ཞིག་མི་ལོན་གི མདོར་བསྡུས་ནས་དྲི་བ་དྲིས་ན། བོད་ཡིག་གི་ཐོག་ཏུ་བོད་གཞུང་ཞེས་བརྗོད་མི་རུང་བའི་རྒྱུ་མཚན་ཅི་རེད་དམ།
ཡང་སྤྱི་ལོ་༢༠༡༢ ལོ་ཕྱི་ཟླ་༦ ཚེས་༢༨ ལ་ཡང་བསྐྱར་ཨེའུ་ཁྲི་ལིར་བོད་མི་སེར་སྐྱ་མང་ཚོགས་ལ་བསྩལ་པའི་བཀའ་སློབ་ཏུ། ༼་“གྷ་ཝར་མན་ཌ་” (Government) བརྗོད་དུས་དེ་ནི་མིང་ཚིག་ཟུར་གསལ་ཞིག་རེད། ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང། བླ་བྲང་གཞུང་རྐྱང། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད། དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད། ང་ཚོའི་བོད་སྐད་ནང་གཞུང་ཟེར་བ་འདི་འཇུག་ཡུལ་རྒྱ་ཆེན་པོ་ཞིག་ཡོད། དབྱིན་ཇིའི་སྐད་ནང་ “གྷ་ཝར་མན་ཌ་” (Government) བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ། ༽ཞེས་སོགས་གསུངས་འདུག བོད་གཞུང་ཟེར་བ་དེ་ཉིད་མཐའ་གཅིག་ཏུ་ Government ཟེར་བའི་རྒྱལ་ཁབ་ཅིག་ལ་གོ་བ་རེད་ཅེས་ནི་གསུང་མི་འདུག དེ་གསུང་མི་སྲིད་པ་ཞིག་མ་རེད་དམ། དེའི་ཕྱིར་བོད་སྐད་དུ་བོད་གཞུང་ཟེར་བ་དེ་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་ལ་གོ་མི་ དགོས་པས། བོད་སྐད་དང་བོད་ཡིག་རང་གི་ཐོག་ཏུ་བཙན་བྱོལ་བོད་གཞུང་ཞེས་བཏགས་ན་དོན་དངོས་ཀྱི་རིན་ཐང་ལྡན་ལ། མ་འོང་པའི་དམིགས་ཡུལ་ཆེ་བ། ཐ་ན་བརྗོད་བདེ་ཞིང་དོན་འདུས། དབྱིན་ཇི་ཐོག་ཏུ་བརྒྱུར་དུས་ Council of Tibet in Exile ཞེས་བཏགས་ན་ཐད་གར་གྱི་དོན་ནི་བོད་མི་ཀུན་གྱི་སྐུ་ཚབ་ཞིག་བཙན་བྱོལ་དུ་ཡོད་པ་ལ་ཐད་གར་གོ་ཐུབ། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞུང་དངོས་ཞིག་ལ་ཡང་འགྲེལ་དགོས་བྱུང་ན་གོ་ཆོག་ལ། ཡང་མཐའ་གཅིག་ཏུ་གོ་མི་དགོས་པར་གཞན་དུ་འགྲེལ་སླ་བ་ཞིག་ཡིན། དེ་ཕྱིར་མཐའ་གཉིས་སུ་མ་སློང་བའི་དགོས་གནད་ཤིན་དུ་ཆེ། ད་ལྟའི་དབྱིན་ཇིའི་ཐོག་ཏུ་ཡོད་པའི་མིང་ Central Tibetan Administration ཟེར་བའི་མིང་དེ་ནི་དབྱིན་སྐད་མ་སྐད་པ་མང་པོ་ཞིག་གིས་ཁེ་མཚར་བོ་དང་། བོད་མིའི་སྐུ་ཚབ་མཚོན་གྱིས་དབུལ་བ་ཞིག་ཏུ་མཐོང་གིན་འདུག་པས། བོད་ལ་བཀྲ་ཤིས་པའི་མ་འོངས་པ་དང་། དོན་འགྲུབ་པའི་མ་འོང་པའི་བོད་མི་རིགས་ཀྱི་བསྟན་སྲིད་ཅིག་དགོས་ན། རྒྱལ་སྤྱིའི་མིག་ལམ་དུ་ངོ་ཚ་མི་དགོས་པའི་མིང་ཞིག་གི་གཞིར་བཟུང་ནས་དོན་ལེགས་པའི་ཕྱོགས་ལ་གོམ་ སྟབས་བསྒྱུར་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། གནས་སྐབས་སུ་མིང་ལ་མི་ཐུག་པ་འདྲ་ཡང་། མིང་དོན་ལྡན་ཞིག་ནི་མ་འོངས་པའི་ཆབ་སྲིད་དང་མི་རབས་གསར་བ་ཚོའི་སྲོག་སྙིང་དུ་འགྱུར་གྱི་ཡིན་པ་མཁྱེན་གལ་ཆེ།
དྲི་བ་གཞན་གཅིག་ནི། ༧གོང་ས་མཆོག་གིས། ༼ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་ སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེངྒེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། མང་ གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་སྲིད་སྐྱོང་ ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་ དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ད་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་རྒྱུ་བྱུང། དེ་འདྲ་ཡིན་དུས་སྲིད་སྐྱོང་ཞེས་བརྗོད་ན་“པོ་ལི་ཀྲི་ཀལ་ལི་ཌར་” (Political Leader) དང་ང་ཚོས་སྲིད་སྐྱོང་ཞེས་བརྗོད་པ་གཉིས་ཏག་ཏག་འགྲོ་གི་འདུག (Prime Minister) བརྗོད་ན་ཚིག་འདི་ཧར་པོ་ཞིག་འདུག༽ ཅེས་པ་སོགས་ཀྱི་ནང་དོན་གཅིག་མཚུངས་སུ། ༧གོང་ས་མཆོག་གིས་ལོ་གཅིག་གི་སྔོན་ནས་གསུངས་ཡོད་མོད། ད་དུང་ང་ཚོས་བཀའ་བློན་ཁྲི་པ་ཞེས་འབོད་ཀྱིན་ཡོད་པ་འདི་ནི། གོང་ན་ཆབ་སྲིད་ཀྱི་རྒྱལ་པོའམ་དཔོན་པོ་ཞིག་མེད་པས་བཀའ་བློན་འབོད་པའི་གཞི་རྩ་ཅུང་ཙམ་ཡང་མེད་བཞིན་དུ་བཀའ་བློན་འབོད་པ་འདི་སུ་ཞིག་གིས་འཆར་གཞི་དང་། གང་ཞིག་གི་དགོས་གནད་ཡིན་པ་ཕྲན་ལྟ་བུའི་བླུན་པོ་ཞིག་གིས་ནི་ཤིན་ཏུ་རྟོགས་དཀའ་བས། མཁྱེན་ལྡན་བྱམས་བརྩེ་ཅན་ཚོས་ཕྲན་དང་ཕྲན་ལྟ་བུ་རྣམས་ལ་གསལ་བཤད་རེ་གནང་ཐུབ་ན་བཀའ་དྲིན་ཤིན་ཏུ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་ཁག་ཅིག་གི་བྱ་སྤྱོད་དང་དམིགས་ཡུལ་ དགོས་གནད་རྣམས་ལ་ཕྲན་ནི་མགོ་རྨོངས་ཤིང་དྲི་བ་སྟོང་ཕྲག་གིས་འདེད་པའི་གནོན་ཤུགས་འོག་ཏུ་ཡོད། འོན་ཀྱང་ང་ཚོར་དྲི་བ་འདྲི་ཡུལ་ཞིག་ཡོད་པ་ནི། སེམས་མེད་གློག་གི་དྲྭ་རྒྱའི་རླབས་ཕྲེང་ཞིག་ལས་མེད་པས་རེ་ཞིག་འདིར་འཇོག་གོ །།
བོད་གཞུང་སྒོ་རྒྱབ་པ་ནི་བྱིས་པའི་རྩེད་མོ་ལྟར་མཐོང་གི་འདུག དེ་ཡིན་ན་ད་ལྟ་བར་དཀའ་ལས་རྒྱབ་ཏེ་བོད་གཞུང་འཛིན་སྐྱོང་བྱས་པ་དོན་མེད་མ་རེད་དམ། མཐའ་མར་ང་ཚོ་བོད་ལ་གང་ཡང་འཛིན་ས་མེད་པ་ཆགས་ངེས་འདུག་
བདེན་པའི་གཏམ་རིན་ཆེན་ཞིག་རེད། དམིགས་བསལ་ཚོགས་ཆེན་ཐོག་ཏུ་འདི་གསུང་དགོས་པར་འདུག
ཁྱེད་རང་ཉིད་གཞུང་ ཞེས་པ་ཚིག་འདི་ལ་གཅིག་ཏུ་འཐམ་དགོས་པ་དགོས་པ་གང་ཡིན་ནམ། ཚིག་ལས་ཀྱང་དོན་ལ་གཅིག་ཏུ་འཐམ་ན་མི་ལེགས་སམ། གལ་ཏེ་གཞུང་ཞེས་འདོགས་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་བདེན་པའི་དབང་དུ་ཐང་ཞེས་ ཁྱེད་ཀྱིས་ཡིད་ཆེས་མ་ནུས་ཀྱང་ལས་ཀ་བྱེད་མྱོང་བ་་ཞིག་ཡིན་ན་ཀུན་གྱིས་གསལ་ པོར་ཤེས་ནུས་ཏེ། རྒྱ་གར་གཞུང་གིས་རྒྱ་ནག་ལ་ཁས་ལེན་གང་བྱེད་ཡོད། རྒྱ་གར་གཞུང་གིས་བོད་གཞུང་དང་ཐ་ན་༸གོང་ས་མཆོག་ལ་ག་རེ་ཞུས་ཡོད་པ་ཁྱེད་ཀྱིས་ ཨེ་ཤེས།
མི་ཕམ་ཚངས་ཐིག་ལགས་ཀྱིས་གསུངས་པ་དེ་བཞིན་ནོ།།
༡༽ མཚོ་མོ་ནས། ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།
སྤྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༤ གི་ཆུ་ཚོད་ ༢ སྐར་མ་ ༡༡
གོང་དུ་མི་ཕམ་ཚངས་པ་ཟེར་བས་གནད་དོན་ཁ་ཤས་ཤིག་གོ་མ་ཚོས་པར་མཁྱེན་ལྡན་ཀློག་པ་པོ་རྣམས་ལ་བཀའ་འདྲི་ཞུས་པ་བཞིན། གུས་མོས་ཀྱང་གཤམ་དུ་ཟུར་བཏོན་བྱེད་པའི་རྒྱལ་བའི་བཀའ་སློབ་འདིའི་དོན་གནད་གོ་དོན་མ་ཤེས་ཕྱིར། མཁྱེན་ལྡན་ག་གེ་མོས་འགྲེལ་བརྗོད་ཅིག་གནང་བའི་སྐྱབས་འཇུག་རེ་བསྐུལ་སྙིང་ནས་ཞུ། གཞན་ངས་གོ་ཐོས་ལྟར་ན་བོད་ནང་གི་གཏེར་ཁ་འདོན་པའི་ལག་རྩལ་དང་འཕྲུལ་ཆས་རྒྱ་ནག་ཁོ་རང་ཚོར་ཡང་མེད་པར། ཕྱི་རྒྱལ་རྒྱལ་ཁབ་ཀྱིས་བསྐོ་ཐོག ཡོང་བབ་བགོ་བཤའ་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་ཐོན་ཁུངས་ཐད་ལ་མ་རྩ་འཛུགས་ཆེ་ཤོས་རྒྱལ་ཁབ་ནི་ཨ་རི་ཡིན་སྐད་ན། འདིའང་དོན་དངོས་ཤིག་ཡིན་མིན་གྱི་གསལ་བཤད་ཅིག་གནང་རོགས་གནོང་། ཐུགས་རྗེ་ཆེ།
(བོད་ནང་དུ་ཡོད་པའི་བོད་པ་ཁག་གཅིག་གིས་ཨ་རི་དང་ཕྱི་རྒྱལ་ལ་འགྲོ་རྒྱུའི་དོན་དུ་རྒྱ་གར་ནང་ཡོང་། དེ་ནས་དངུལ་སྤྲད་དེ་ཕྱི་རྒྱལ་ལ་འགྲོ་གི་ཡོད། དེ་ལྟར་བོད་མི་སྟོང་ཕྲག་འགའ་ཤས་ཁྲིམས་འགལ་གྱི་ཐོག་ནས་ཨ་རི་དང་ཁེ་ན་ཌ་སོགས་ལ་འགྲོ་བཞིན་ཡོད། ཁོང་ཚོ་ཆོས་དོན་དུ་གཉེར་ནས་འགྲོ་གི་མེད་པར་དངུལ་དང་ཌོ་ལར་ལ་ཆགས་ནས་འགྲོ་གི་ཡོད་པ་རེད། དེར་བརྟེན་བོད་པ་ཚོ་ལ་དངུལ་དང་དཔལ་འབྱོར་དགོས་ཀྱི་ཡོད། དངུལ་དང་དཔལ་འབྱོར་དགོས་ཀྱི་ཡོད་ན། དངོས་པོ་ཡར་རྒྱས་དང་འཛུགས་སྐྲུན་དེ་ཙམ་མེད་པའི་བོད་ལུང་པ་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་ནས་འཛུགས་སྐྲུན་བྱེད་སྒོ་རྣམས་རྒྱ་ནག་གཞུང་བྱེད་དུ་བཅུག བོད་ཀྱི་ས་གཏེར་སྔོག་པའི་ཁེ་འབབ་ནས་མ་མཐའ་ཡང་ཕྱེད་ཀ་ང་ཚོ་བོད་པར་ཡོད་པ་ཞིག་བྱུང་ན། ལུང་པ་ཡར་རྒྱས་འགྲོ་ཤུགས་ཆེ་བ་ཡོང་རྒྱུ་རེད། )
འོ་ན་་་་་་་་་དབྱིན་ཇིའི་སྐད་ནང་ “གྷ་ཝར་མན་ཌ་” (Government) ཟེར་བ་འདི་བོད་ཡིག་ལ་བསྒྱུར་ན་ཅི་ཟེར་གི་ཡིན་ནམ་། གཞུང་དང་། ཡང་ན་་་སྲིད་གཞུང་ཟེར་བ་གཞན་ཅི་ཞིག་ཡོད་དམ།
གསུང་གསལ་བོ་གློག་འདྲ་བོ། །
གསུང་ཟབ་མོ་མཚོ་འདྲ་བོ། །
གསུང་རྣོན་པོ་ཁབ་འདྲ་བོ། །
གསུང་ལྕིད་པོ་བྲག་འདྲ་བོ། །
མངོན་པར་བསྟོད་ཏོ།
དབྱིན་ཇིའི་སྐད་ནང་ “གྷ་ཝར་མན་ཌ་” (Government) ཟེར་བ་འདི་བོད་ཡིག་ལ་ཅི་ཟེར་ནས་བསྒྱུར་གི་ཡིན་ནམ
མི་ཕམ་ཚངས་ཐིག་གིས་བཤད་པར་རྒྱབ་སྐྱོར་ཡོད།
བོད་གཞུང་དགའ་ལྡན་ཕོ་བྲང་ཕྱིར་བསྡུའི་སྔ་རྗེས་ཀྱི་༸བཀའ་མོལ་མང་པོའི་ནང་ནས་ངེས་དགོས་པའི་གནད་དོན་ཅིག་ནི་དབྱིན་སྐད་དུ་དེ་ལྟར་འབོད་མི་དགོས་པའི་རྒྱུ་མཚན་གསལ་བཤད་དང་།
རང་རེའི་སྐད་ཡིག་གཞུང་ཞེས་པར་སྐབས་སྟོབས་ཀྱི་གོ་རྒྱུ་མང་པོ་ཡོད་པའི་དངོས་ཡོད་ལ་བལྟས་ན། བོད་སྐད་དུ་བཙན་བྱོལ་བོད་གཞུང་ཞེས་མུ་སྤྱད་ན་མི་འོས་པ་དེ་འདྲ་གང་ཡང་མེད། གྲོས་ཚོགས་ཀྱི་ཚོགས་དུས་རྟག་པར་འདིའི་སྐོར་གླེང་མི་དགོས་པར་ད་ནས་སྔར་བཞིན་སོར་བཞག་གིས་བཀའ་ཤག་གི་ལོ་དུས་རེརེ་མིང་བྱང་རེ་བརྗེ་མི་དགོས་པར་གནང་འོས།
ཆབ་སྲིད་ཀྱི་དུས་མཚམས་གལ་པོ་ཆེ་འདིའི་ཆ་ཙམ་ལས་དངོས་དོན་ར་མ་འཕྲོད་པའམ། འཕྲོད་ཀྱང་དགོས་དབང་གིས་སྤྱོད་མཁན་མང་པོ་ཞིག་ཡོད་ཀྱང་། ཕྱི་མ་ནི་རང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་ནས་ཡིན་གྱི་རེད། དེ་ལ་འདིར་ཤོད་མི་དགོས་པར། གཙོ་བོ་ནི་སྔ་མ་རྣམས་ཀྱི་ཆེད་སྣེ་མོར་་གཏོགས་པ་ཚོས་ཐོག་མར་རང་ཉིད་ཀྱིས་ཤེས་རྟོགས་དང་དེ་ནས་གཞན་ལ་དངོས་དོན་གསལ་བཤད་བྱ་རྒྱུ་ནི་ད་ལྟའི་སྐབས་འདིར་གལ་པོ་ཆེར་མཐོང་།
དེ་བཞིན་བཀའ་བློན་གྱི་ཚབ་ཏུའང་སྲིད་སྐྱོང་ཞེས་སྤྱོད་དགོས་པའི་དགེ་མཚན་དང་རྒྱུ་མཚན་མང་པོ་ཞིག་ཉེ་དུས་གསུང་བཤད་དེ་ཚོའི་ནང་ནས་གསལ་རྟོགས་འོང་གི་མི་འདུག་གམ།
ངས་བལྟས་ན་ད་རེས་སླར་ཡང་གྲོས་ཚོགས་ཀྱིས་མིག་སྔར་ལ་དྭགས་དང་ཨེ་ཌ་ལིར་གནང་བའི་དེའི་སྐོར་གྱི་གསུང་བཤད་དག་ལ་སློབ་སྦྱོང་མཐིལ་ཕྱིན་པ་གནང་སྟེ། མ་འོངས་པར་འདིའི་སྐོར་ལ་གྲོས་ཚོགས་ཀྱི་དུས་ཚོད་སྐྱེལ་མི་དགོས་པར་བྱ་དགོས་སྙམ།
དུས་ཆོག་གི་ཆར་པ་ཞེས་པ་ལྟར་རྩོམ་ཡིག་འདིའང་དུས་ཐོག་གི་གཏམ་དུ་འཁུམས་སོ།།
Govermentཞེས་པ་འདིར་བོད་སྐད་དུ་སྲིད་གཞུང་དང་གཞུང་ག་རེ་ལབ་ཀྱང་ཆོག འོན་ཏེ། ང་ཚོའི་གཞུང་གིས་གཞུང་འབྲེལ་ཡིག་ཚང་གང་དུའང་དབྱིན་སྐད་ཀྱི་ཚིག་དེ་སྤྱོད་ཀྱི་མེད།
སྤྱིའི་ཆ་ནས་གནད་དོན་འདི་གསལ་བོ་བཟོ་རྒྱུ་གལ་ཆེན་རེད། ཡིན་ན་ཡང་འུ་ཅག་གིས་གནད་དོན་འདིའི་ཐད་དྲ་སྟེང་ནས་གླེང་སློང་གང་མང་བྱས་བ་རེད། ད་བར་དུ་སྲན་མ་སྒྱེ་མོ་གང་གི་གཏིང་བསྔོགས་བ་བཞིན་ལག་ལ་འབབ་རྒྱུ་སྤྱི་འཐུས་གྲོས་ཚོགས་བརྒྱུད་ཟམ་གདོང་བཀའ་ཤག་གི་ཐག་གང་བཅད་པ་དེ་ག་རང་རེད། བྱུང་ན་གནད་དོན་འདིའི་སྐོར་ནས་སྤྱི་འཐུས་འབྲེལ་ཡོད་དང་བཀའ་ཟུར་ལྷན་རྒྱས་ལ་བསྐྱར་ཞིབ་བྱེད་རྒྱུ་དེ་རེད
དྲི་ལན། བོད་གཞུང་ཅེས་པའི་མིང་དེ་སྒྱུར་ནས་གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཞེས་འདོག་མཁན་ ༸གོང་ས་མཆོག་རང་རེད་ལགས།
Central Tibetan Administration
བོད་མིའི་སྒྲིག་འཛུགས།
བདེན་པ་ཉིད་རྒྱལ་འགྱུར་ཅིག །
Central Tibetan Administration
དབུས་བོད་མིའི་སྒྲིག་འཛུགས།
གའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ། །
Central Tibetan Administration
བོད་མིའི་སྒྲིག་འཛུགས།
བདེན་པ་ཉིད་རྒྱལ་འགྱུར་ཅིག
Central Tibetan Administration
དབུས་བོད་མིའི་སྒྲིག་འཛུགས།
སྲིད་སྐྱོང་། བློ་བཟང་སེང་གེ།
Central Tibetan Administration
དབུས་བོད་མིའི་སྒྲིག་འཛུགས།
བདེན་པ་ཉིད་རྒྱལ་འགྱུར་ཅིག །
སྲིད་སྐྱོང་། བློ་བཟང་སེང་གེ།
དབྱིན་ཡིག་ནང་ Government དང་ Prime Minister ཞེས་མ་བཞག་པར་ ༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནངས་པ་ལྟར་འཕྲལ་ཕུགས་ཀྱི་དགོས་པ་དང་རྒྱུ་མཚན་ཆེན་པོ་ཡོད་ངེས་ན་ཡང་། གོང་དུ་ཁོས་བཤད་པ་ལྟར་རང་རེའི་བོད་ཀྱི་སྐད་ཡིག་ནང་བཙན་བྱོལ་བོད་གཞུང་ཞེས་འབྲི་བ་དང་སྲིད་སྐྱོང་ཞེས་འབོད་འོས་ཤིང་། དེ་ལྟར་བཞག་ན་གཞན་གཞུང་སྒེར་སུས་ཀྱང་དགག་བྱ་མི་བྱ་བའམ། གལ་སྲིད་དགག་བྱ་བྱས་ཀྱང་བོད་ཚིག་གི་གཞུང་ཟེར་བ་དོན་མིང་པོར་འཇུག་ཚུལ་ཡོད་པ་གོང་བཞིན་འགྲེལ་ན་ལོས་ཆོག་སྙམ།
རྩོམ་ཡིག་འདི་ལ་གནས་ལུགས་དང་རྒྱུ་མཚན་མང་པོ་ཞིག་ཡོད་པར་མཐོང་པས་ན་རྒྱབ་སྐྱོར་ཡོད།
ཟུར་གནས་བློ་ལྡན་ཚོ་བཀའ་བློན་ཞེས་འབོད་པ་ནི་དགོད་བྲོ་བ་ཞིག་མ་ཡིན་ནམ།
བཀའ་བློན་སུ་ཞིག་གི་བློན་པོ་ཡིན།
དབྱིན་ཡིག་ནང་གི་(goverment) ཞེ་པ་འདི་ནི་རྒྱལ་ཁབ་ཀྱི་གཞུང་ཁོ་ན་ལ་གོ་བ་ལས་གཞན་ལ་མི་གོ་བ་དང་། བོད་ཡིག་གི་གཞུང་ཞེས་པ་འདི་དགོན་པ་གཞུང་དང་བླ་བྲང་གཞུང་སོགས་དོན་མང་པོ་ཞིག་ལ་གོ་ཆོག་པར་གསུང་སྟངས་ལ་བལྟས་ན། ༧གོང་ས་མཆོག་གི་དགོང་པ་ངོ་མ་ནི་དབྱིན་ཡིག་ནང་གི་(goverment) ཞེས་པའི་མིང་ཚིག་འདི་སྒྲིག་འཛུགས་སུ་སྒྱུར་དགོས་ཞེས་པ་ལས། བོད་ཡིག་ནང་གི་བོད་གཞུང་ཞེས་པ་འདི་བོད་མིའི་སྒྲིག་འཛུགས་ལ་སྒྱུར་དགོས་པ་དེ་རེད་མི་འདུག་སྙམས། འོན་ཀྱང་གཤམ་འོག་ནས་དོན་དེ་མ་རྟོགས་པར་བོད་ཡིག་ནང་གི་བོད་གཞུང་དེ་བོད་མིའི་སྒྲིག་འཛུགས་ལ་སྒྱུར་བ་མིན་ནམ། དེས་ན་ང་ཚོ་མི་མང་གི་ངོས་ནས་བོད་གཞུང་ཞེས་བོས་ན་ཡང་གོང་ས་མཆོག་གི་དགོངས་གཞི་དང་མི་མཐུན་པ་ཞིག་མིན་ཚོད་རེད། བློ་བཟང་སེང་གེ་ལགས་ལ་གོང་ས་མཆོག་ནས་སྲིད་སྐྱོང་ཞེས་འབོད་ན་དོན་དང་མཐུན་པ་ཁ་གསལ་པོ་གསུངས་འདུག་པས། ད་ནས་བཟུང་ད་ཚོས་སྲིད་སྐྱོང་ཞེས་འབོད་ན་གང་འདྲ་འདུག
༧གོང་ས་མཆོག་གི་བཀའ་ལ་རྩིས་ན་བློ་སེང་ལ། སྲིད་སྐྱོང་ཞེས་འབོད་དགོས་ངེས་རེད་དེ། ཌྷ་སའི་ཆབ་སྲིད་པ་ཚོས་ཁས་མི་ལེན་པར་སེམས་ཐག་རྦད་ཆོད་རེད། མིག་གིས་མཐོང་བཞིན། རྣ་བས་ཐོས་བཞིན་དུ། ཟམ་གདོང་བླ་མ་དང་། ཁོང་གི་རྗེས་འབྲང་ཚོས་མངོན་སུམ་ལ་སྙོན་འདེབས་པ་འདི། སྔར་ནས་ད་བར་ཁོང་ཚོ་སྐྱག་ལངས་ལ་ཤོར་ཡོད།
ཡང་སྟེང་སྤྲུལ་སྐུ་ལགས།
མི་ཕམ་ཚངས་ཐིག་གིས་་་་་་་གཞུང་དེའི་མིང་ལ་དབྱིན་ཡིག་གིས་Government ཞེས་གཏན་ནས་འདོགས་མི་རུང་བར་གསུང་བ་དང་། གལ་ཏེ་བཏགས་ན་དཀའ་ངལ་འཕྲད་རྒྱུ་ཡིན་པར་དམ་བཅའ་བ་བདེན་པའི་དབང་དུ་ཐོང་།
ཞེས་གསུངས་འདུག་ཁྱེད་ཀྱིས་གོ་བ་ལོག་ལེན་བྱས་ཡོད་ས་རེད། ཁྱེད་ཀྱིས་ཐང་ཞེས་བྲིས་འདུག
གཞན་ཡང་མི་ཕམ་ཚངས་ཐིག་གིས་་་་ཅི་ཞིག་ལ་དཀའ་ངལ་ཡོད་དང་མེད་ཆ་ཚང་ཤེས་ནས་རྩོམ་ཡིག་གསལ་བོ་བྲིས་འདུག་མོད། ཁྱེད་རང་ཉིད་ཀྱིས་མགོ་ཚོས་ཀྱི་མེད་པ་ཤེས་པར་བྱོས།
ངས་ལྟས་ན་གནད་འགག་མི་འདུག ང་ཚོའི་ངོ་བོ་ནི་བཙན་བྱོལ་གྱི་གཞུང་ཞིག་ཡིན་པ་སུས་ཀྱང་དོན་དངོས་ཐོག་ངོས་ལེན་ཡོད་པ་ཞིག་རེད། འོང་ཀྱང་གཞུང་གི་མིང་ལ་བཙན་བྱོལ་གཞུང་བཅས་མིང་འདོག་སྲོལ་མེད་པ་མ་ཚད། དོན་དངོས་ཐོག་ང་ཚོའི་གཞུང་གི་མིང་ལ་དེ་སྔོན་དགལྡན་ཕོ་བྲང་ཟེར་ཞིང་། དེང་རྒྱ་གར་གྱི་ཁྲིམས་སམ་ངོས་ལེན་ཡོད་པའི་མིང་དེར་བསྒྱུར་པའམ་བེད་སྤྱོད་བཏང་བ་ཙམ་ལས། བཙན་བྱོལ་གཞུང་གི་ངོ་བོ་ལ་ཁྱད་པ་གང་ཡང་བྱུང་མེད། ནམ་རྒྱུན་དགལྡན་ཕོ་བྲང་གཞུང་དེ་བཙན་བྱོལ་གྱི་གནས་སྟངས་ཡོད་ཙམ་བོད་མི་ཚོས་ཁ་རྒྱུན་དུ་བཙན་བྱོལ་བོད་གཞུང་བཅས་འབོད་སྲོལ་ཡོད་པ་བཞིན། དེང་སང་དབུས་བོད་མིའི་སྒྲིག་འཛུགས་ལ་ཡང་ངག་ཐོག་དང་ནམ་རྒྱུན་དུ་བཙན་བྱོལ་བོད་གཞུང་བཅས་འབོད་ན་ནོར་འཁྲུལ་སོགས་གང་ཡང་མེད། འོང་ཀྱང་ཁྲིམས་ཐོག་གི་མིང་དེ་ལྟར་མིན་པ་ཡང་ཤེས་དགོས། ཁྱད་པ་དེ་ཙམ་རེད། ཁྱད་པ་དེ་སྔོན་མ་ནས་ཡོད་པ་རེད་མ་གཏོགས་གསར་པ་ཞིག་མ་རེད། མ་འདྲ་བ་ཞིག་ལ་དེ་སྔོན་ངག་རྒྱུན་གྱི་མིང་དེ་གཞུང་འབྲེལ་ཡིག་ཐོག་དུ་བེད་སྤྱོད་བཏང་ནས་རང་གིས་རང་ལ་དཀའ་ངལ་བཟོས་པ་ཙམ་ཞིག་རེད།
རྡ་ས་ལ་ཡོད་པའི་བོད་གཞུང་ཞེས་པ་དེའི་མིང་ངེས་པར་མིང་སྒྱུར་བྱ་དགོས་ན་བོང་མགོ་གཞུང་ཞེས་བརྗོད་ན་མཚམས་ཤོས་རེད། ཡང་སྟེང་སྤྲུལ་སྐུ་ནས་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་གནོད་ཤུགས་ཀྱིས་དབང་གིས་གཞུང་དེ་མིང་སྒྱུར་དགོས་ཚུལ་དང་། དེ་ལྟར་ཡིན་པ་ཁོ་རང་རྡ་སར་བོད་གཞུང་དང་གོང་ས་མཆོག་ལ་རྒྱུད་ཡོད་དང་ཤེས་རྟོགས་བྱུང་བ་བཤད་པ་ཡ་མཚན་རེད། ནམ་ཞིག་རྒྱ་ནག་གཞུང་གིས་བོད་པ་འབོད་མི་ཆོག་ཟེར་ན་དེ་དུས་ཁྱེད་གང་འབོད་གི་ཡིན་ནམ། དེ་དིས་ཁྱེད་ཚོས་བོད་ཅེས་མ་འབོད་པར་བོང་ཞེས་འབོད་ངེས་རེད།
ཡང་སྐྱར་སྟབས་བདེ་ཙམ་བཤད་ན། སྔོན་བོད་གཞུང་གི་མིང་ནི་དགལྡན་ཕོ་བྲང་ཟེར། ཁྲིམས་ཐོག་དེབ་སྐྱེར་བྱས་པ་ནི་དབུས་བོད་མི་སྒྲིག་འཛུགས་ཟེར། ནམ་རྒྱུན་བཙན་བྱོལ་བོད་གཞུང་བཅས་འབོས་སྲོལ་ཡོད་པ་མ་ཚད་དུས་ཚོད་གང་མཚམས་ཞིག་ནས་གཞུང་གི་ཡིག་ཆ་ནང་ཡང་དེ་ལྟར་འབྲི་པའི་ལུགས་སྲོལ་ཆགས།
ད་ལྟའི་གནས་སྟངས་ནི་༧གོང་ས་མཆོག་གིས་ཆབ་སྲིད་འགན་དབང་མི་བཞེས་དུས་གཞུང་གི་མིང་ད་རུང་དགལ་ལྡན་ཕོ་བྲང་བཅས་འདོག་ཐབས་མེད་པར། མིང་དེ་ཁྲིམས་ཐོག་དེབ་སྐྱེལ་བྱས་པའི་མིང་རུ་བསྒྱུར་བ་དང་། ངག་རྒྱུན་དུ་བཙན་བྱོལ་བོད་གཞུང་བཅས་འབོད་སྲོལ་དེ་གཞུང་འབྲེལ་ཡིག་ཐོག་དུ་སླེབས་པའམ་བྱུང་ཡོད་པས་དེ་ཚོ་གཅིག་བསྒྱུར་བཟོས་ནས་དབུས་བོད་མི་སྒ྄ིག་འཛུགས་བཅས་ཆགས་པ་རེད། བྱས་ཙམ་མ་འོངས་པ་ཡིག་ཐོག་དང་ལྷག་པར་གཞུང་འབྲེལ་ཡིག་ཆ་ཁག་ཁྲིམས་ཐོག་གི་ནུས་པ་ལྡན་པ་དགོས་ན་དབུས་བོད་མི་སྒྲིག་འཛུགས་བཅས་འབྲི་དགོས། འོང་ཀྱང་ནམ་རྒྱུན་དང་གཞུང་འབྲེལ་མིན་པའམ་ཁྲིམས་ཐོག་གི་ནུས་པ་བརྩོད་མི་དགོས་པའི་ཡིག་ཆ་ནང་བཙན་བྱོལ་བོད་གཞུང་བཅས་བཤད་པའམ་བྲིས་ན་མི་འགྲིག་རྒྱུ་མེད། གང་ལགས་ཞེ་ན། དབུས་བོད་མི་སྒརིག་འཛུགས་དེ་བོད་གཞུང་རེད། སྒྲིག་འཛུགས་དེ་ད་ལྟ་བཙན་བྱོལ་གྱི་གནས་སྟངས་དུ་གནས་ཡོད་པ་ཡང་དངོས་ཡོད་གནས་ཚུལ་རེད། དེ་ཡང་དཔེ་ན། སྐྱབས་བཅོལ་པ་ཞིག་ལ་མི་འཁྱམ་བཅས་འབོད་ན་མི་འགྲིག་རྒྱུ་མེད་རུང་། དངོས་ཡོད་གནས་ཚུལ་རེད། འོང་ཀྱང་མི་འཁྱམ་ཟེར་བ་དེ་མི་དེའི་གནས་སྟངས་རེད་མ་གཏོགས་མིང་ངོ་མ་དེ་མ་རེད། དེ་མཚུངས། བཙན་བྱོལ་གཞུང་ཟེར་བ་དེ་བོད་གཞུང་གི་གནས་སྟངས་རེད་མ་གཏོགས་མིང་མ་རེད།
རྡ་ས་ལ་ཡོད་པའི་བོད་གཞུང་ཞེས་པ་དེའི་མིང་ངེས་པར་མིང་སྒྱུར་བྱ་དགོས་ན་བོང་མགོ་གཞུང་ཞེས་བརྗོད་ན་མཚམས་ཤོས་རེད། དེ་མིན་དགའ་ལྡན་ཕོ་བྲང་སོགས་འདོགས་ན་དེ་བས་ཀྱང་མི་འོས་ཏེ། དགའ་ལྡན་ནི་བོད་ཀྱི་ཆོས་བརྒྱུད་གཅིག་གི་མིང་ཡིན་ལ་དེ་བཏགས་ན་ཆོས་བརྒྱུད་གཞན་རྣམས་དེ་ནས་རང་བཞིན་གྱི་འབུད་ངེས་རེད། གཞན་གང་ཡང་མིང་དོན་མཚུངས་པ་ཞིག་སྲིད་ན་རྙེད་པར་དཀའ་བས་བོང་མགོ་གཞུང་དེ་མཚམས་ཤོས་རེད། ཡང་སྟེང་སྤྲུལ་སྐུ་ནས་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་གནོད་ཤུགས་དབང་གིས་གཞུང་དེ་མིང་སྒྱུར་དགོས་ཚུལ་དང་། དེ་ལྟར་ཡིན་པ་ཁོ་རང་རྡ་སར་བོད་གཞུང་དང་གོང་ས་མཆོག་ལ་རྒྱུད་ཡོད་དང་ཤེས་རྟོགས་བྱུང་བ་བཤད་པ་ཡ་མཚན་རེད། ནམ་ཞིག་རྒྱ་ནག་གཞུང་གིས་བོད་པ་འབོད་མི་ཆོག་ཟེར་ན་དེ་དུས་ཁྱེད་གང་འབོད་གི་ཡིན་ནམ། དེ་དུུས་ཁྱེད་ཚོས་བོད་ཅེས་མ་འབོད་པར་བོང་ཞེས་འབོད་ངེས་རེད། ཡང་འགའ་ཤས་ནས་བློ་སེང་ལ་བཀའ་བློན་ཟེར་ན་མི་འགྲིག་པ་གསུངས་འདུག དེ་མི་འགྲིག་པ་གང་ཡང་མེད། དོན་ངོ་མ་ལ་བློ་སེང་བཀའ་ཡི་བློན་པོ་ཞིག་རང་རེད། གོང་ས་མཆོག་གི་བཀའ་ཡི་ཟུར་གཅིག་ཀྱང་ལྡོག་ཏུ་མེད་པ་སྒྲུབ་མཁན་ཞིག་རེད། དེ་ལས་ལྷག་པའི་བཀའ་བློན་གྱི་གོ་དོན་ཞེས་ཨེ་ཡོད། སྲིད་སྐྱོང་དང་སྲིད་འཛིན་སོགས་མིང་འདྲ་མིན་འདོགས་ནས་ངལ་བ་བྱ་དགོས་དེན་མེད་དོ།
ཧ་ཧ་་་རིན་ཆེན་ཟེར་མཁན་འདིའི་དགོད་མོ་ཤོར་ཡ་ཞིག་ལབ་མི་འདུག་གམ། གོང་ས་མཆོག་གི་བཀའ་ཡི་ཟུར་གཅིག་ཀྱང་ལྡོག་ཏུ་མེད་པ་སྒྲུབ་མཁན་ཞིག་རེད། དེ་ལས་ལྷག་པའི་བཀའ་བློན་གྱི་གོ་དོན་ཞེས་ཨེ་ཡོད་ཟེར། དེ་འདྲ་ཡིན་༧གོང་ས་མཆོག་གི་སློབ་མར་འམ་ཡང་ན་ཁོང་གིས་བཀའ་ཆ་ཚང་སྒྲུབ་མཁན་ཆོས་ལུགས་དང་ཆོས་རྒྱུད་ཁག་གི་བླ་མ་གྲྭ་པ་དང་། སློབ་མ་སྐྱ་སེར་ཆ་ཚང་ལ་བཀའ་བློན་ཟེར་དགོས་སམ། སྲིད་སྐྱོང་འབོད་ན་དཀའ་ལས་ཆེན་པོ་ཡོད་ཚུལ་གསལ་འདུག །འོ་ན་དཀའ་ལས་ག་རེ་ཡོད་ན ཁ་གསལ་པོར་ཤོད་དང་། གཅིག་བྱས་ན་ཕྲག་དོགས་ཀྱིས་མྱོས་ནད་མ་ཐེབ་པའི་དཀའ་ངལ་ཡིན་འགྲོ །དེ་མིན་ག་རེ་དཀའ་ལས་ཡོད་དམ།
རིན་ཆེན་ལགས། དགའ་ལྡན་ཕོ་བྲང་ཞེས་པ་ཆོས་བརྒྱུད་ཀྱི་མིང་མ་རེད། བླ་བྲང་གི་མིང་ཞིག་རེད། དཔེར་ན་ས་སྐྱའི་སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་་ལྟ་བུ་རེད། ཕོ་བྲང་རྣམ་གཉིས་ཆོས་བརྒྱུད་སོ་སོ་བ་མ་རེད། དགའ་ལྡན་ཕོ་བྲང་༧ གོང་ས་སྐུ་ཕྲེང་གཉིས་པའི་སྐབས་འབྲས་སྤུངས་སུ་བྱུང་བ་རེད། བཀའ་བློན་འགྲེལ་བཤད་ཀྱི་ལན་དེ་འཇམ་གཅེས་ནས་ཡག་པོ་རྒྱབ་འདུག
གཞུང་ཞེས་པའི་ཚིགས་དེ་རང་ལྡོག་གཅིག་རེད་འདུག དཔེར་ན་ཚད་མ་ཆོས་ཅན། མངོན་སུམ་ཚད་མ་ཡིན་ཡང་ན་རྗེས་དཔག་ཚད་མ་ཡིན་པར་ཐལ། ཞེ་ན། དེ་ནི་ཆོས་ཅན་རང་ལྡོག་ཡིན་པ་བཞིན་དུ། གཞུང་ཞེས་པ་དེ་ཆབ་སྲིད་ཀྱི་གཞུང། དབུས་གཞུང་། མངའ་སྡེའི་གཞུང་། ཆུ་བོའི་གཞུང་། བླ་བྲང་གཞུང་། དགོན་པ་གཞུང་། དཔེ་ཆ་གཞུང་། ཚད་མའི་གཞུང་། དབུ་མའི་གཞུང་སོགས་གཞུང་ཆེན་ཁག་དང་། ཆོ་གའི་གཞུང་སོགས་མང་དུ་འཇུག་པ་ཡིན། གང་ལྟར་བོད་གཞུང་དང་ཆབ་སྲིད་ཀྱི་གཞུང་ལ་government ལ་འཇུག་གི་ཡོད། གཞན་པ་དེ་ཚོ་government ཞེས་པའི་ཚིགས་ལ་འབྲེལ་བ་མེད། གང་ལྟར་གཞུང་ཞེས་པ་དེ་འཇུག་ཡུལ་མང་པོ་འདུག
འཇམ་གཅེས་ལགས་ཞུ་རྒྱུར། གོང་ས་མཆོག་གི་བཀའ་བཞིན་སྒྲུབ་མཁན་གྱི་བླ་མ་དང་གྲྭ་བ་ཡོད་སྲིད།འོན་ཀྱང་དེ་དག་བཀའ་ཡི་བློན་པོ་ཞིག་ག་ནི་ཡིན། བློ་སེང་ནི་དེ་དག་དང་མི་འདྲ་བར་བཀའ་ཡི་ཟུར་གྱི་ལྡོག་ཏུ་མིརུང་བར་སྒྲུབ་མཁན་གྱི་བློན་པོ་ཞིག་ཡིནཔས་བཀའ་བློན་ཞེས་བརྗོད་ཆོག གོང་ས་མཆོག་གི་ཞབས་ཕྱི་རྣམས་ཀྱང་བཀའ་བློན་མིན་པར་ཤེས་དགོས། བློན་པོོའི་གོ་དོན་ཡང་ཤེས་དགོས། དཔེ་ན་ལག་པ་ཡོད་ཚད་ལ་ལག་ལྡན་ཞེས་མི་བསྙད་པ་བཞིན་ནོ། སྲིད་སྐྱོང་ཞེས་པ་ནིསྐབས་འདིར་བོད་ཀྱི་ཆོས་སྲིད་གཉིས་ནང་ནས་སྲིད་དོན་གྱི་ཕྱག་ལས་རྒྱུན་སྐྱོང་བྱེད་མཁན་གྱི་དཔོན་པོ་ཞིག་ལ་གོ་དགོས། བློ་སེང་ནི་དེ་འདྲ་མིན་པར་སྲིད་དོན་གཏོར་བཤིག་གཏོང་མཁན་གྱི་མགོ་དཔོན་ཞིག་རེད་ཟེར་ཆོག ལྷག་པར་དུ་ཡང་སྲིད་སྐྱོང་མཁན་ཞིག་ཡིན་ན་སྲིད་འདི་ཡིན་ཞེས་ངོ་བཟུང་རྒྱུ་ཞིག་དགོས་ལ། ང་ཚོའི་བཙོན་བྱོལ་གཞུང་ལ་སྲིད་འདི་ཡིན་ཞེས་སྟོན་རྒྱུ་མེད་པ་མ་ཟད་ཕྱི་འབྱུང་སྲིད་དོན་གིི་ིབྱ་བ་འདི་འདྲ་ཞིག་བརྩམ་ན་ལེགས་པའི་ཆ་གཞི་ཙམ་ཡང་མེད་པས་སྲིད་སྐྱོང་ག་ནི་གྱུར། བོད་དུ་དཔའ་བོ་དཔའ་མོ་རྣམས་ལ་ལྟད་མོ་ལྟ་ནས་སྡོད་མཁན་ཞིག་ལ་བོད་ཀྱི་སྲིད་སྐྱོང་གི་མིང་ཐོབ་དོན་མེད་དོ།།
ནུབ་ཕྱོགས་གངས་ཕྲུག་ལགས།་་་་་་་་མི་དབང་བཀྲིས་གྲགས་པས་འབྲས་སྤུངས་རྡོ་ཁང་སྔོ་པོ་ཞིག་རྒྱལ་བ་དགེ་འདུན་རྒྱ་མཚོ་ལ་ཕུལ་ནས་མིང་བསྒྱུར་ཏེ་དགའ་ལྡན་ཕོ་བྲང་ཞེས་བཏགས་པ་ཧ་གོ་ཡི་ཡོད། ཕྱི་གོང་ས་ལྔ་པས་བོད་ཀྱི་སྲིད་དབང་བཟུང་སྐབས་མིིང་དེ་ག་བཏགས་ཡོད། འོན་ཀྱང་བླ་བྲང་གི་མིང་ཡིན་པས་དགའ་ལྡན་ཞེས་པ་ཆོས་བརྒྱུད་ཀྱི་ཆ་ནས་བཏགས་པ་མིན་པ་གསལ་བཤད་ཇི་ལྟར་ཐུབ། ས་སྐྱའིཕོ་བྲང་གཉིས་ཀྱི་མིང་བཏགས་པ་དང་རྣམ་པ་ཀུན་ཏུ་མི་མཚུངས་པ་ཁྱོད་ཀྱིས་མཁྱེན་པར་མཛོད་ཅིང་། སྒྲོལ་མ་ཕོ་བྲང་ཞེས་པ་སྒྲོལ་མ་ཇི་འདྲ་ཞིག་བཏགས་རེད་ཅེས་ན་ལན་ཇི་ལྟར་ཡོད།
༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་ནི་དམ་པ་ལྷ་ཆོས་ཀྱི་ཕྱོགས་བཤད་པ་ཡིན་ན། སྟོན་པ་སངས་རྒྱས་ལས་
མཛད་རྗེས་ཆེ་བ་ཞིག་ཡིན་མིན་གང་ལྟར་ཡང་། དེ་ལས་དམའ་བ་ཞིག་གཏན་ནས་མ་རེད་ལ། བོད་གངས་ཅན་ལྗོངས་སུ་ཁོང་ལྟ་བུ་ཐོན་པ་དེ་ཐེངས་དང་བོ་རེད། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་སོ་སོའི་ཐུན་མིན་ལྟ་གྲུབ་སྐོར་རང་རང་གི་བླ་ཆེན་དང་མཁན་པོ་སོགས་དང་གཞུང་ལུགས་ཀྱི་མཁྱེན་རྒྱ་དང་།
ཉམས་བཞེས་ཀྱི་རྟོགས་པ་གང་གི་སྒོ་ནས་དཔུང་བ་མཉམ་གཤིབ་གནང་ཐུབ་མཁན་ཐུབ་ལ། ད་དུང་ཉན་ཐོས་སྡེ་བའི་ཐུན་མིན་གཞུང་ལུགས་སྐོར་ལ་ཡང་མཁྱེན་རྒྱ་ཆེན་པོ་མངའ་མཁན་ཞིག་རེད། དེ་ལས་ཀྱང་ངོ་མཚར་སྐྱེ་དགོས་པ་ཞིག་ནི། འཛམ་གླིང་ཆོས་རྒྱུད་ཁག་ཡོད་ཚད་ཀྱི་བླ་ཆེན་ང་ཡིན་ཁོ་ཡིན་ཟེར་མཁན་ཚང་མས་ཁོང་གི་མདུན་ནས་ལམ་སྟོན་བཀའ་སློབ་ཞུས་དང་ཞུ་བཞིན་པ་རང་ཅག་ཚང་མ་ལ་མངོན་སུམ་དུ་གྲུབ་ཡོད། ཁོང་གིས་ང་ཚོ་འགྲོ་མིའི་རིགས་ལ་ཚེ་རབས་ནས་ཚེ་རབས་བདེ་སྐྱིདསྐྲུན་ཐབས་བརྒྱུད་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བར་དུ་ཇི་ལྟར་བགྲོད་ཐབས་ཀྱི་ལམ་སྟོན་ཉིན་དང་ཉིན། ཟླ་ནས་ཟླ།
ལོ་ནས་ལོ་བསྟུད་ནས་གནང་གིན་ཡོད་ལ། ཡང་རང་ཅག་་མིའི་རིགས་ལ་་མི་རབས་ནས་མི་རབས་བདེ་སྐྱིད་སྐྲུན་ཐབས་ཀྱི་ལམ་སྟོན་བཀའ་སློབ་རྒྱ་ཆེར་གནང་ཡོད། ཁོང་གིས་ཆོས་ལུགས་མཛའ་མཐུན་དང་། ཁྱིམ་ཚང་མཛའ་མཐུན། མི་རིགས་མཛའ་མཐུན། རང་དབང་དང་མང་གཙོ། ཁྲིམས་ལུགས་དྲང་བདེན། འཛམ་གླིང་ཞི་བདེ། བྱམས་བརྩེ་སོགས་མིའི་རིགས་ཀྱི་གཞི་རིམ་བཟང་སྤྱོད་གོང་སྤེལ། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལམ་
སྟོན་བཀའ་སློབ་དེ་དག་ནི་རང་ཅག་རྗེས་འཇུག་པར་རློམ་མཁན་ཚང་བདག་པོ་རྒྱག་ཐུབ་པ་བྱ་རྒྱུ་ཅི་བས་གལ་ཆེ་སྙམ་ལས། བོད་གཞུང་དང་བོད་མིའི་སྒྲིག་འཛུགས་སོགས་ལ་༧གོང་ས་མཆོག་གིས་བཀའ་སློབ་གང་གནང་
བ་དེ་ལས། ཕྲན་བུ་ལྟ་བུ་ཤེས་འཇོན་གཉིས་ཀའི་ཐད་ནས་རང་གི་ཁ་གོག་སྐམ་པོ་འདི་ཡངཡག་པོ་ཞིག་གསོ་མ་ཐུབ་པར། ་སྦྱིན་བདག་ལ་ལག་པ་བཟེད་དགོས་མཁན་ཞིག་གི་ངོས་ནས་གང་ཡང་ཞུ་བཏུབ་བོ། །
ཆད་ལྷག་རེ་གཉིས་ཤོར་ཡོད་ས་རེད་ན་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན།
གོང་གི་རྩོམ་ཡིག་དེའི་ནང་གི་གནད་དོན་གཙོ་བོ་ཞིག་ནི་(དབྱིན་ཇི་ཐོག་ཏུ་བརྒྱུར་དུས་ Council of Tibet in Exile ཞེས་བཏགས་ན་ཐད་གར་གྱི་དོན་ནི་བོད་མི་ཀུན་གྱི་སྐུ་ཚབ་ཞིག་བཙན་བྱོལ་དུ་ཡོད་པ་ལ་ཐད་གར་གོ་ཐུབ། བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞུང་དངོས་ཞིག་ལ་ཡང་འགྲེལ་དགོས་བྱུང་ན་གོ་ཆོག་ལ། ཡང་མཐའ་གཅིག་ཏུ་གོ་མི་དགོས་པར་གཞན་དུ་འགྲེལ་སླ་བ་ཞིག་ཡིན། དེ་ཕྱིར་མཐའ་གཉིས་སུ་མ་སློང་བའི་དགོས་གནད་ཤིན་དུ་ཆེ། ད་ལྟའི་དབྱིན་ཇིའི་ཐོག་ཏུ་ཡོད་པའི་མིང་ Central Tibetan Administration ཟེར་བའི་མིང་དེ་ནི་དབྱིན་སྐད་མ་སྐད་པ་མང་པོ་ཞིག་གིས་ཁེ་མཚར་བོ་དང་། )ཞེས་འཁོད་པ་འདི་ནི་ཧ་ཅང་གི་གནད་འགག་གལ་ཆེན་དོན་ཆེན་ཞིག་རེད། ཨིན་སྐད་ལ་བློ་རྒྱ་ཡང་བ་དང་ཨིན་སྐད་མ་སྐད་དུ་་སྤྱོད་མཁན་གྱི་མཁས་དབང་ཚོར་བཀའ་འདྲི་ཞུས་ན་ད་གཟོད་རྟོགས་ངེས་རེད། ངེས་པར་དུ་ད་ལོའི་འཚོགས་ཆེན་སྟེང་དུ་གླེང་དགོས་པ་ཞིག་ཡིན་ལ། Council of Tibet in Exile ཞེས་བཏགས་དགོས་པ་ཞིག་ཡང་རེད། གཞན་ཡང་སྲིད་བློན་ཞེས་འབོད་དགོས་པ་ནི་བོད་མི་བྱིས་པ་ལོ་བརྒྱད་ཡིན་ན་ཡང་རྟོགས་སླ་བ་ཞིག་ཡིན་མོད། ཅིའི་ཕྱིར་བཀའ་བློན་ཞེས་བརྗོད་ཀྱིན་ཡོད་པ་རེད་དམ།
རྒྱལ་བའི་དགོངས་པ་རྡོག་རྡོག་འདི།
” གཞུང་ཟེར་བའི་ཚིག་དེ་བེད་སྤྱོད་མ་གཏོང་། རྒྱ་གར་གཞུང་གིས་རྙོག་འདྲ་ཤོད་ཀྱི་འདུག། སྔོན་མ་ཡང་ང་ཚོས་བོད་གཞུང་ཟེར་བའི་ཚིག་འདི་བེད་སྤྱོད་བཏང་མེད་ལ། མ་འོངས་པ་ལ་ཡང་དེ་གཏང་ན་རྙོག་འདྲ་རེད། དེ་ལས་སྒྲིག་འཛུགས་ལྟ་བུའི་ཚིག་ཅིག་བེད་སྤྱོད་གཏོང་ན་འཐུས། དབྱིན་ཇིའི་ནང་ལ་ཡང་གྷོ་ཕ་མིན་ཌི་མ་ལབ། དེ་ལ་རྒྱ་གར་གཞུང་གིས་རྙོག་འདྲ་ཤོད་ཀྱི་འདུག
ཡིན་ནའང་བོད་གཞུང་སྒོ་བརྒྱབ་མེད། བོད་མི་དམངས་སྤྱི་འཐུས་དང་། བཀའ་ཤག་ག་པར་ཡོད་ས་དེར་བོད་གཞུང་གནས་ཡོད། ལྷག་པར་དུ་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་གྱུར་ཟིན་པས། མང་མོས་ཀྱིས་བདམ་པའི་བཀའ་བློན་ཁྲི་པ་དེའི་སྒྲིག་འཛུགས་དེ་ལ་གཞུང་ཆག་ཡོད།
ཡིན་ནའང་། མི་ལ་ལས་དེ་ཤེས་བཞིན་དུ་ང་ལ་རྙོག་འདྲ་བཤད་ནས། ཏ་ལའི་བླ་མས་བོད་གཞུང་སྒོ་བརྒྱབ་སོང་ཟེར། དེ་བདེན་པ་མ་རེད། ངས་དགའ་ལྡན་ཕོ་བྲང་བླ་བྲང་ཞིག་གི་མིང་ཐོག་ལ་བོད་དབང་སྒྱུར་བྱེད་པའི་རྟགས་དེ་མེད་པ་བཟོས་ནས། དགའ་ལྡན་ཕོ་བྲང་དེ་བླ་བྲང་ཆུང་ཆུང་ཞིག་ལས། བོད་གཞུང་གི་ཐོག་ལ་དབང་ཆ་མེད་པ་བཟོས་ནས། དབང་ཆ་ཡོངས་རྫོགས་མི་དམངས་ཀྱིས་བདམ་པའི་བཀའ་བློན་ཁྲི་པ་ལ་ཕུལ་བ་ཡིན། ཁོང་ད་སྲིད་སྐྱོང་ངོ་མ་རེད། ”
ད་དེ་རེད།
བོད་གཞུང་སྒོ་རྒྱབ་ཡོད་མ་རེད་ལ་སྒོ་རྒྱབ་དགོས་པ་ཡང་མ་རེད། དེས་ན་བླ་མའི་རིངས་ལུགས་དང་། ཆིག་བསྡུད་དབང་འཛིན་རིངས་ལུགས་སྒོ་རྒྱབ་ཡོད་པ་མཁྱེན་པ་གནོང་།
ཡང་སྟེང་རིན་པོ་ཆེ།ཁྱེད་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ཞིག་ཡིན་པའི་ཆ་ནས་ཕྱི་ནང་གསང་གསུམ་གྱི་དོན་ཡིད་ལ་བཞག་ནས་བཀའ་མོལ་གནང་དགོས་པ་ལས་གང་བྱུང་ཡིད་ལ་ཤར་ཚད་དང་སྙན་དུ་ཐོས་ཚད་ཕྱི་རུ་གསུང་ན་འོས་སམ།གང་ཡིན་ཞེས་ན་རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་སྐུ་སྒེར་ཡིག་ཚང་ནང་རྒྱ་མིའི་གསང་ཉུལ་འདུག་ཞེས་བོད་ཕྱི་ནང་གཉིས་སུ་བརྗོད་ཀྱི་ཡོད་པས་དེ་དོན་ཡིད་གཟབ་བྱ་དགོས།ད་དུང་མུ་མཐུད་རང་སྣང་གང་དྲན་བྱེད་འདོད་ཡོད་ཚེ་ཁྱེད་ཀྱི་ལས་ཁུངས་གཉིས་པ་ཚེ་རིང་མའི་སྐུ་བརྟེན་གྱི་ཤག་ཏུ་མར་སྤོས་ན་མི་ལེགས་སམ།།
བོད་པ་ཚང་ནི་་་་་་དངོས་གནས་སྙིང་རྗེའི་ཡུལ་རང་དུ་ངེས། དོན་དང་ལྡན་པའི་བྱ་བ་གང་ཡང་སྒྲུབ་ཡག་མེད་པ་མ་ཟད་་་་ད་དུང་ལོ་རྒྱུས་ནག་བསུབ་གཏང་གང་ཐུབ་བྱེད་ཀྱི་རེད། ཉིན་མ་གཅིག་ང་ཚོ་བོད་པ་མིན་ལབ་ཀྱི་རེད་གཏན་གཏན་ལབ་ཀྱི་རེད།
གཀའ་གདམས་པའི་གསུངས་སྲོལ་ལྟར་འདུས་བྱས་སོ་ན་མི་གནས་པ་ཡིན་པས། ཨ་རི་དང་ཨིན་ཇི་ནང་བཞིན་ཉིན་མ་གཅིག་ཀླ་ཀློ་ཁོ་ལ་ཡང་ར་རྒན་མའི་བཤའ་ཁ་བབ་ངེས་རེད་ལྟོས་ཤིག བོད་དང་ཀླ་ཀློ་གཉིས་
དར་རེས་དང་རྒུད་རེས་ཡོད་རེད། ཁྱི་རྒན་དེ་ཚོ་དགའ་རྒྱུ་སྔ་དྲགས་པ་རེད། ལྟད་མོ་གཞུ་གུ་ཡོང་།
རིན་ཆེན་ལགས། དགའ་ལྡན་ཞེས་པ་ཆོས་བརྒྱུད་གཅིག་པུར་གོ་བ་མིན་པར་རྗེ་བརྩུན་བྱམས་མགོན་གྱི་གནས་དགའ་ལྡན་ཡིད་དགའ་ཆོས་འཛིན་དང་། ཆོས་བརྒྱུད་དགའ་ལྡན་པའམ་དགེ་ལུགས། བླ་བྲང་དགའ་ལྡན་ཕོ་བྲང་དང་། དགོན་པ་དང་ཆོས་ཚོགས་ཀྱི་མིང་དགའ་ལྡན། གང་ཟག་གི་མིང་དགའ་ལྡན་བཅས་ད་དུང་གཞན་ཡང་མང་པོ་ཡོད་སྲིད།
རྒྱལ་ཁབ་༣༠ ལྷག་ཏུ་ཡུལ་གྱལ་དུ་སྡོད་ཡོད་པའི་བོད་མི་སེམས་ཤུགས་དང་ལ་རྒྱས་ཕྱུག་པ་ཀུན་གྱིས་མི་ལོ་༦༠ མ་ཟིན་ཙམ་གྱི་རེ་སྨོན་དང་རྨི་ལམ་དེ་ཚེ་ལས་འདས་པའི་ཚོར་སྣང་བྱུང་བ་རེད་ཟེར། ༧སྐྱབས་མགོན་པོ་ཆེ་དང་ཟམ་གདོང་རིན་པོ་མཆོག་སྤྱི་འཐུས་ལྷན་ཁང་དང་བཅས་པ་སེམས་ཤུགས་དང་ལ་རྒྱ་མེད་མཁན་རེད་དམ། ཚངས་ཐིག་ལ་ཕར་དྲི་བ་ཞིག་ཞུ་དགོས་ཆགས་ས་རེད། གཞུང་བརྗོད་དགོས་པའི་རྒྱུ་མཚན་ལ་༧སྐྱབས་མགོན་རིན་པོ་ཆེའི་ལུང་འགའ་དྲངས་འདུག་ཀྱང་། བོད་མའི་སྒྲིག་འཛུགས་ཞེས་པའི་མིང་འདི་༧སྐྱབས་མགོན་རིན་པོ་ཆེ་སྐུ་ངོ་མས་བསྩལ་གནང་བ་མ་རེད་དམ། དྲི་བ་དེ་གཉིས་ལ་ལན་རྒྱོབས་དང་། དེ་ནས་རང་གིས་དྲིས་བ་ཚང་མ་ལ་ལན་བརྒྱབ་བཞག་ཡོད་རེད།
རང་དབང་ལགས།
ངས་ཁྱེད་ལ་ལན་རྒྱབ། ཁྱེད་ཀྱིས་༼ ༧སྐྱབས་མགོན་པོ་ཆེ་དང་ཟམ་གདོང་རིན་པོ་མཆོག་སྤྱི་འཐུས་ལྷན་ཁང་དང་བཅས་པ་སེམས་ཤུགས་དང་ལ་རྒྱ་མེད་མཁན་རེད་དམ།༽ ཟེར། ལན་ནི། དེ་དག་ཀུན་སེམ་ཤུགས་ཡོད་མེད་ཀུན་ཡིན་པ་ལས་བརྒྱ་ཆའི་་བརྒྱ་སེམ་ཤུགས་ཡོད་མཁན་ཡིན་ཟེར་སུས་ཀྱང་བཤད་མི་ནུས། ཁྱེད་ཀྱིས་ནུས་སམ། ཡང་ཁྱེད་ཀྱིས། ༼ བོད་མའི་སྒྲིག་འཛུགས་ཞེས་པའི་མིང་འདི་༧སྐྱབས་མགོན་རིན་པོ་ཆེ་སྐུ་ངོ་མས་བསྩལ་གནང་བ་མ་རེད་དམ། ༽ དེའི་ལན་ནི་མ་རེད། ཡིན་པའི་རྰཕྲོད་གང་ཡང་མེད། ཡང་ཁྱེད་ཀྱིས། ༼ དྲི་བ་དེ་གཉིས་ལ་ལན་རྒྱོབས་དང་། དེ་ནས་རང་གིས་དྲིས་བ་ཚང་མ་ལ་ལན་བརྒྱབ་བཞག་ཡོད་རེད།༽ ཟེར། དེས་ངའི་དྲི་བ་རྣམས་ལ་ལན་ཡང་རྒྱབ་མེད། ཡོད་ན་ཡོད་ལུགས་ཤོད་དང་། ད་བར་མཆན་༣༩ འདུག་མོད་ངའི་དྲི་བ་རྣམས་ལ་ལན་གཅིག་ཀྱང་མེད།
༧སྐྱབས་མགོན་པོ་ཆེ་དང་ཟམ་གདོང་རིན་པོ་མཆོག་སྤྱི་འཐུས་ཚང་མ་ལྷག་བསམ་དང་སེམ་ཤུགས་ཡོད་མཁན་ཡིན་པར་ངས་བཤད་མི་ནུས། ཁྱེད་ལ་མ་ཡིན་པའི་རྒྱུ་མཚན་ག་རེ་བཤད་རྒྱུ་ཡོད། བོད་མའི་སྒྲིག་འཛུགས་ཞེས་པའི་མིང་འདི་༧སྐྱབས་མགོན་རིན་པོ་ཆེ་སྐུ་ངོ་མས་བསྩལ་གནང་བ་ར་འཕྲོད་མེད་ན། དེ་ནས་ར་འཕྲོད་ཟེར་བ་ས་སྟེང་འདིར་རྩ་བ་ནས་མེད་པའི་རྟགས་རེད། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནང་ཤོག་བུ་དཀར་པོའི་སྒང་ཡི་གེ་ནག་པོ་བྲིས་ཡོད། ཁྱེད་ཀྱིས་༧སྐྱབས་མགོན་རིན་པོ་ཆེས་གཞུང་ཞེས་འབོད་འོས་པ་གསུངས་འདུག སྤྱི་འཐུས་ཚོས་ལག་བསྟར་བྱས་མི་འདུག་ཟེར་བ་མ་རེད་དམ། བོད་མིའི་སྒྲིག་འཛུགས་ཟེར་བ་༧སྐྱབས་མགོན་རིན་པོ་ཆེས་ཕྱག་རང་ནས་མར་བསྩལ་ཡོང་བ་རེད། ༧སྐྱབས་མགོན་པོ་ཆེའི་དགོངས་པ་ག་རེ་ཡིན་ས་རེད། ད་ལན་ཐེབས་འདུག་གམ། མ་གཞི་ཁྱེད་ཀྱི་སྨྱུག་མིང་གཉིས་བེད་སྤྱོད་གཏོང་དགོས་དོན་གང་ཡིན་ནམ།
མདོར་ན་བཤད་དགོས་པ་ནི། ༸གོང་ས་མཆོག་ནས་བོད་མི་སྒྲིག་འཛུགས་ཞེས་བཏགས་ན་ལེགས་པ་དམིགས་བསལ་ཚོགས་ཆེན་གྱི་འཇུག་ཏུ་མཇལ་བཅར་སྐབས་བཀའ་བསྩལ་བ་བདེན། བཀའ་ཁྲི་ལ་སྲིད་སྐྱོང་ཞེས་མཛད་སྒོའི་སྐབས་ཞལ་ནས་དངོས་སུ་གསུངས་པ་ང་ཚོས་ཚང་མས་ཐོས། ༸གོང་ས་མཆོག་ནས་ལམ་དབུ་མ་ཞེས་རྒྱ་བོད་གཉིས་ཕན་གྱི་ལམ་ནས་བོད་དོན་རྩོད་གནང་བ་ཀུན་གྱིས་མཁྱེན། བཀའ་ཟུར་ཟམ་གདོང་རིན་པོའི་སྐབས་ནས་ཀྱང་Prime Minister of Tibetan Government in Exile ཞེས་མི་གསུངས་པའང་ཡོངས་བསྒྲགས་སུ་བཀའ་བསྩལ་བས་༸གོང་ས་མཆོག་གི་དགོངས་པའི་ཕུགས་སོ་གང་ཡིན་ཤིན་ཏུ་མི་གསལ་ལམ། མི་ཕམ་ཚངས་ཐིག་ཅན་ནས་ཇི་ལྟར་བཤད་པ་འདིར་ལྟོས་དང་། ༼ཕྱི་ལོ་༢༠༡༡ལོར་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་དེ་འཇིག་རྟེན་འདི་ནས་ཆོས་ཀྱི་དབྱིངས་སུ་གཤེགས་པ་རེད། རྒྱལ་ཁབ་༣༠ ལྷག་ཏུ་ཡུལ་གྱལ་དུ་སྡོད་ཡོད་པའི་བོད་མི་སེམས་ཤུགས་དང་ལ་རྒྱས་ཕྱུག་པ་ཀུན་གྱིས་མི་ལོ་༦༠ མ་ཟིན་ཙམ་གྱི་རེ་སྨོན་དང་རྨི་ལམ་དེ་ཚེ་ལས་འདས་པའི་ཚོར་སྣང་བྱུང་བ་རེད། བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཚེ་སྲོག་སོང་བ་ཀུན་གྱི་རྣམ་ཤེས་དག་གིས་ངུ་འབོད་བྱས་པའི་ཚོར་གདུང་ཞིག་རང་བཞིན་ངང་གིས་བྱུང་།༽ཞེས་དང་། ༼བོད་ཡིག་གི་ཐོག་ཏུ་བོད་གཞུང་ཞེས་བརྗོད་མི་རུང་བའི་རྒྱུ་མཚན་ཅི་རེད་དམ།༽ཞེས་དང་། ༼ཡིན་ཡང་བོད་ཡིག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཟེར་བ་དེ་བཞག་ན། དེ་ལ་སུ་ཞིག་གིས་དཀའ་ངལ་སྤྲོད་རྒྱུ་ཡིན་པ་ཕྲན་གྱིས་ནི་ཤིན་ཏུ་རྟོགས་དཀའ།༽ཞེས་སོགས་ནས་ཅི་ཞིག་གསལ་བཞིན་འདུག་ལོང་བས་ཀྱང་ཤེས་ནུས་པ་མ་ཡིན་ནམ། ངོས་ནས་བཤད་པ་ནི་མིང་གང་བཏགས་ཀྱང་ཁྱད་པར་དེ་ཙམ་མི་འདུག གཙོ་བོར་དོན་ལ་བལྟ་དགོས་པ་ཡིན།་བོད་མི་མང་གི་སེམས་ནང་༸གོང་ས་མཆོག་དང་ཁོང་གི་ཉེ་མཁྲིས་ཀྱི་བཀའ་བློན་བཅས་གང་དུ་ཡོད་ས་དེར་བོད་མི་མང་གི་གཞུང་ཡིན་པ་ལོ་རྒྱུས་ནས་གཏན་འཁེལ་བྱ་ཡོད། གཞན་ཞིག་ལ། རྩམ་པ་ཅན་སོགས་དྲ་འབུ་འདི་དག་གིས་རང་གི་དངོས་མིང་ཙམ་ཡང་སྨྲ་མི་ནུས་བཞིན་དུ་འགན་འཁུར་མེད་པའི་གཏམ་འཆལ་སྣ་ཚོགས་དང་སྤྱི་དོན་བཤད་སར་སྒེར་དོན་གླེང་བ་ནི་ལན་འདེབས་པའི་འོས་སུ་ག་ལ་མཆིས། །ང་དགའ་ལྡན་ཕོ་བྲང་པའི་ཞབས་གྲས་ཡིན་པ་དང་ཚེ་རིང་མའི་སྐུ་རྟེན་གྱི་ཤག་ཏུ་སྤོ་བར་རྩམ་ཅན་གྱི་སེམས་ནང་ན་ཟུག་རྒྱག་པ་སྙིང་རེ་རྗེ། ད་དུང་ཡང་ན་ཟུག་དེ་ངས་མུ་མཐུད་ནས་རྒྱག་བཅུག་རྒྱུ་ཡིན་པས་རྩམ་ཅན་ཁྱེད་ན་ཟུག་དེས་སྨྱོན་པ་མ་ཆགས་པར་ཤོག ཁྱེད་ལ་ངོས་ནས་གང་བྱུང་མ་བྱུང་བཤད་པའི་གཏམ་གྱི་མཚན་གཞི་གཅིག་སྟོན་རྒྱུ་ཡོད་ན་གབ་ནས་མ་བསྡད་པར་ཁྱེད་ཀྱི་གདོང་དངོས་སུ་སྟོན་ནས་མར་ཤོག་དཱ། ངོས་ནས་བོད་སྤྱི་དོན་ལ་སྨན་པའི་རིན་ཐང་ཅན་གྱི་ལམ་སྟོན་ཞིག་ཁྱེད་དང་ཁྱེད་ལྟ་བུ་ལས་ངན་མ་དྲ་འབུ་སྐོར་གཅིག་ཡོད་པ་དེ་དག་ལ་སྦྱིན་ཆོག་གོ །རང་གི་དངོས་མིང་ཙམ་ཡང་སྨྲ་མ་ནུས་ན་ངོས་དང་ལྷན་ཅིག་ཏུ་གཏམ་བཤད་ཀྱི་འོས་མེད་པས་ཁ་ཕུང་རྒུ་མ་དེ་བཙུམ་ནས་སྡོད་ཅིག །
ངོས་ཀྱིས་རྒྱ་གར་ ནས་རྒྱ་ནག་ལ་ཁས་ལེན་པ་ཞེས་པ་ནི་རྒྱ་གར་ནས་རྒྱ་ནག་ལ་རྒྱ་གར་ས་ཐོག་ཏུ་རྒྱ་ནག་ ལ་གནོད་པའི་ལས་ཀ་གཅིག་ཀྱང་བྱེད་མི་བཅུག་པ་དང་བོད་རྒྱ་ཁོངས་སུ་ཁས་བླངས་པ་དེ་ ཡིན། བོད་གཞུང་དང་ཐ་ན་༸གོང་ས་མཆོག་ལ་ཞུས་པ་ཞེས་པ་ནི། བོད་ཀྱི་རྒྱལ་གླུ་གཏོང་མི་ཆོག་པ་དང་བོད་གཞུང་ཞེས་འཁོད་པའི་སྙན་ཞུ་ལ་ངོས་ ལེན་མེད་པར་བཤད་པ་དང་། སྲིད་བློན་ནེ་རུས་༸གོང་ས་མཆོག་བོད་ནས་ཕེབས་མ་ཐག་བོད་གཞུང་ངོས་ལེན་མེད་ཅེས་ ཞུས་པ་སོགས་དེ་དག་ཡིན། དེ་དག་ཐམས་ཅད་༸གོང་ས་མཆོག་ནས་ཡོངས་བསྒྲགས་སུ་གསུངས་ཟིན་པ་ཤ་སྟག་རེད། ནེ་རུས་དེ་ལྟར་གསུངས་པ་ཉེ་ཆར་ལ་དྭགས་སུའང་བཀའ་བསྩལ་ཡོད། དེ་དག་མ་ གཏོགས་ངོས་ནས་བཤད་མེད་པས་ཁྱེད་ཀྱིས་སྐྱོན་བརྗོད་འདོད་པ་དེ་ངོས་ཀྱི་བཤད་པ་ དེ་མ་ཡིན་པར་ཁྱེད་རང་ཉིད་ཀྱི་སེམས་ནང་ཕྲག་དོག་གམ་དོགས་པའམ་མི་ཤེས་པ་ཡང་ན་ སྐུ་རྟེན་ལ་མ་དགའ་བས་དེ་དང་འབྲེལ་ཡོད་ཚང་མ་ཁྱེད་ཀྱི་མིག་ནང་ཚེར་མ་གྱུར་པ་ ལས་མ་འདས་སོ། །རྩམ་མིང་ཅན་ཁྱོད་རང་ཉིད་ཀྱང་དགའ་ལྡན་ཕོ་བྲང་པའི་ཁོངས་ཡིན་བཞིན་དུ་དགའ་ལྡན་ ཕོ་བྲང་ལ་གསང་རྒྱུ་སྦས་རྒྱུ་མང་པོ་ཡོད་མདོག་བྱས་པ་རང་ལ་གསང་རྒྱུ་ཡོད་ནའང་ང་ ལ་གསང་རྒྱུ་ཡོད་ཅེས་ཁྲོམ་བསྒྲགས་སུ་བྲིས་པ་ཁྱེད་རང་ཉིད་ནས་ང་ཤིན་ཏུ་བླུན་ པའོ་ཞེས་བསྒྲགས་པ་མ་ཡིན་ནམ། དགའ་ལྡན་ཕོ་བྲང་ལ་གསང་རྒྱུ་དང་སྦས་རྒྱུ་གང་ཡང་མེད་པར་ཕྱི་གསལ་ནང་གསལ་ཡིན་ལ། ༸གོང་ས་མཆོག་གི་བཞེངས་ཕྱོགས་དང་། གངས་སྐྱིད་དང་མཁས་དབང་ཟམ་གདོང་རིན་པོ་ཆེའིའང་ལངས་ཕྱོགས་ཀྱང་དེ་ཡིན་ནོ། །ལར་ངོས་ཀྱི་བྱེད་ཕྱོགས་འགས་ཁྱེད་ལ་མ་བདེ་བ་བྱུང་འདུག་ཀྱང་ངོས་ནས་ཆེད་དུ་ བསམ་ནས་མིན་པས་དེ་ལུགས་ཀྱིས་བསམ་ཤེས་དང་། སླད་དངོས་མིང་མ་འགོད་པའི་རྩོམ་འཆལ་ལ་ལན་འབྲི་བའི་ངལ་བ་བསྟེན་པར་མི་འདོད་དོ། །
ཡང་སྟེང་སྤྲུལ་སྐུ་་་་་་ཁྱོད་རང་གིས་དགའ་ལྡན་ཕོ་བྲང་ལ་གསང་རྒྱུ་དང་སྦས་རྒྱུ་གང་ཡང་མེད་པ་ཕྱི་གསལ་ནང་གསལ་རེད་ཟེར། ཨ་ཁུ་ཁྱོད་སྙིང་རྗེ། ཁྱོད་ལ་དགའ་ལྡན་ཕོ་བྲང་པ་རྒྱུས་ཡོད་འདོག་ལ། ཁྱོད་རང་དེང་སང་སྐུ་སྒེར་གྱི་ཞབས་གྲས་སུ་ཚུད་ནས་ལོ་ཤས་སོང་བས་ཡིན་རྒྱུ་རེད། ངས་ལྟས་ན་དུད་ཚང་ཞིག་གིས་ཁྱི་ཕྲུག་དམར་པོ་ཞིག་གསོ་གཉེར་བྱས་པ་དང་གཅིག་མཚུངས་ལས་དགའ་ལྡན་ཕོ་བྲང་པའི་གསང་བའི་གནད་དོན་གལ་ཆེ་རིགས་ཁྱོད་ལ་བཤད་རྒྱུ་ཕར་ཟད་རེད། བླ་སྨྱོན་ངས་ཞུ་ཡ་ལ། ང་ནི་བླ་མ་སྨྱོན་པ་རང་ཡིན། བླ་ནི་་མིང་དོན་མི་མཚུངས་པའི་མིང་ཞིག་བཏགས་པ་དང་སྨྱོན་ནི་གང་ས་ལ་འཁྱམ་པའི་སྨྱོན་པ་འདྲ་ཞིག་ཡིན་པས་ན་བླ་སྨྱོན་གྱི་མིང་དེ་ཐོབ། ཁྱོད་ཀྱི་མིང་གི་ཟུར་དུ་ཡང་སྟེང་ཞེས་པ་ནི་ལུང་པའི་མིང་ཡིན་པ་འདྲ། སྤྲུལ་སྐུ་ནི་གང་གིས་ཀྱང་སྤྲུལ་པའི་སྐུ་མིན་པར་བཤད་མི་དགོས་ལ། སྣྲུལ་སྐུ་ཞེས་མིང་ཡང་ སུ་ཡིས་བཏགས་པ་མིན་པར་ང་སྤྲུལ་སྐུ་ཞིག་ཡིན་རྒྱུ་རེད། གལ་སྲིད་སྤྲུལ་སྐུ་ཞེས་མིང་འདོགས་མཁན་ཞིག་ཡོད་ན་ཤོད་དང་། བཤད་མི་ཕོད་པ་ཞིག་ག་ནས་ཡོད།།
བླ་སྨྱོན་དང་རྩམ་པ་སོགས་ཁྱེད་ཚོ་མཐའ་དག་སྨྱོན་པ་རང་རེད། ཡང་སྟེང་རིན་པོ་ཆེར་འགྲན་ཁུལ་དང་ཕྲག་དོག་བྱས་པ་སྙིང་རེ་རྗེ། ཡང་སྟེང་རིན་པོ་ཆེའི་རིན་ཐང་ནི་གདན་ས་གསུམ་དུ་གསལ་ཟིན་པས་ཁྱེད་ཚོ་ལྟ་བུ་ས་ཁུག་གི་འབུས་ཅི་བཤད་གང་ལ་ཡིན། གདན་ས་ཆེན་མོར་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་དང་པོ་བླངས། རྒྱུད་སྟོད་པར་སྔགས་ཀྱི་གྲུབ་འབྲས་ཀྱང་ཨང་དང་པོའི་དང་པོ་བཞེས་ཡོད། ང་ཚོ་སེར་སྨད་གྲྭ་ཚང་དུའང་ལོ་ལྟར་རྒྱུགས་སྤྲོད་རྩེ་ཕུད་ཡིན་པས་ཁྱེད་ཚོ་ལྟ་བུ་གང་ཡང་མི་ཤེས་པ་མཁན་ཕྱོགས་རིས་ཆགས་སྡང་གིས་སྨྱོས་ནས་བསྡད་མཁན་མ་རེད། མ་མཐའ་ནས་བཤད་ནའང་ཡང་སྟེང་རིན་པོ་ཆེ་ནི་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཞིག་ལས་རྒྱབ་ལོག་མཁན་ཞིག་མིན། བཀའ་ངལ་ཇི་ལྟར་ཆེ་ཡང་དོལ་རྒྱལ་བའི་རྗེས་སུ་མི་འགྲོ་བར་རང་ཚུགས་བརྟན་པོས་མགོ་བསྟན་སར་ཤར་བསྐྱོད་གནང་མཁན་ཞིག་རེད།
ལྷ་རམ་མཚན་སྙན་དེ་བཞེས་ནས།
དགོན་སྡེ་གྲྭ་ཚང་དེ་གཡུག་པ།
འཆད་ཉན་ཉམས་ལན་དེ་བཞག་ནས།
སྡ་སའི་ཁོར་ཡུག་དུ་མཚང་པ།
ཚེ་སྟོད་ཆོས་སྦྱོང་གི་མདུན་ལམ།
ཚེ་སྨད་ཆབ་སྲིད་ཀྱི་བྱ་བས།
ནམ་ཞིག་གྲྭ་ལོག་གི་དུས་ལ།
འགྱོད་པའི་སྙིང་རྩ་དེ་འདར་ཡོང་།
ཕ་ཡུལ་ཡང་སྟེང་གི་འཁོར་དང་།
ཕ་མ་སྤུན་ཆེད་ཀྱི་བཅས་པ།
ཆུ་མའི་ཐལ་བ་བཞིན་དོརནས།
ཡོང་བའི་དགོས་པ་དེ་འགྲུབ་བམ།
བླ་མ་སྤྲུལ་སྐུ་ཡི་བྱ་བ།
འཆད་རྩོད་རྩམ་གསུམ་ཞིག་མིན་པ།
དམ་པ་གོང་མ་ཡི་གསོལ་བཟང་།
མི་མཐུན་ལོག་ལམ་དེ་སྐྱོ་བ།
ཁོག་ལ་སེམས་པ་ཞིག་ཡོད་ན།
འགྱོད་པའི་ལྷ་ཕྱག་དང་བཅས་ཏེ།
གྲྭ་སར་འཆད་སྤེལ་དེ་གནང་དང་།
ཐར་པའི་་རྒྱལ་ས་དེ་ཟིན་ངེས།
ལྷག་བསམས་བཟང་པོ་ཡི་གཏམ་དེ།
ཡང་སྟེང་སྤྲུལ་སྐུ་ལ་ཕུལ་ཡོད།
ཉན་དང་མ་ཉན་གྱི་འདོད་པ།
སྤྲུལ་སྐུ་ཁྱོད་ཉིད་ཀྱི་བཟིགས་དང་།
རོང་པོ་མཇོ་ལགས་ཀྱིས་ཡག་པོ་བྲིས་འདུག་བདེན་པ་རེད་སྤྲུལ་སྐུ་བྱས་མིང་རྫིག་པོ་སྟེ་བེད་སྤྱོད་བཏང་ནས་ལག་ལེན་ལ་སྤྲུལ་སྐུའི་དངོས་མིང་དང་མི་མཐུན་པའི་དོན་རྐྱེན་དག་གོ་ན་ངོ་མ་ཅན་གྱི་ངོ་ཚ་གི་ཡ་
རྩམ་ཟན་བོད་པ་མིན་པས་བཙན་བྱོལ་བོད་གཞུང་དེ་མིང་བསྒྱུར་ནས་བོད་མིའི་སྒྲིག་འཛུགས་ཞེས་བཏགས་ནས་དུས་ཚོད་མང་པོ་སོང་ཚར་རེད། ད་དུང་དེ་ལ་བསམ་ཞིབ་འདྲ་བྱེད་པ་དེ་དགོས་པ་ཡོད་ན། མིང་བསྒྱུར་པ་དེ་བོད་མི་ཚང་མས་དགོངས་དོན་རྟོགས་ཡོད་རེད། རང་བྲག་གསེབ་ཀྱི་འུག་པ་བཞིན་ག་བ་ལྷག་སོང་། འདིའི་ནང་མཆན་འགའ་ཤས་ཤིག་མི་སྒེ་ཡི་སྐྱོན་བརྗོད་བྱེད་འདོད་པའི་ཀུན་སློང་ལས་མི་རིགས་ལ་རྒྱའི་ཤ་ཞེན་རྩ་བ་ནས་མི་མངོན།
རོང་པ་མཛོ་ནི་མཛོ་རང་རེད་སྤྲུལ་སྐུས་རླབས་ཆེན་གྱི་མཛད་པར་བསྔགས་བརྗོད་བཞག་ནས་དེ་ལས་ལྡོག་དེ་བསླབ་བྱ་གནང་པ་སྙིང་རེ་རྗེ།
འདིའི་ནང་མི་མང་པོ་ཞིག་ལ་ཆབ་སྲིད་དང་ཁྲིམས་ཀྱི་གོ་རྟོགས་མི་འདུག་རྒྱ་གར་དེ་སྤྱིར་བཀའ་དྲིན་ཆེན་པོ་རེད་དེ་ང་ཚོའི་དགྲ་རྒྱ་མིའི་བཀའ་རྒྱ་འགའ་ཤས་ཉན་གྱི་ཡོད་པ་ཡང་ཤེས་དགོས་ཁོང་ཚོས་ཉན་པ་དེ་ཆེད་དུ་བོད་མིར་སྡུག་པོ་བཟོ་ཆེད་མིན་པར་རང་ཉིད་ཀྱི་རྒྱལ་ཁབ་ཆེད་ཡིན་པ་ཡང་ཤེས་དགོས། ཐམས་ཅད་སྲེས་ན་མི་འགྲིག་ཡ། བོད་མིར་ཤ་ཞེན་ཡོད་མཁན་དག་གིས་རྒྱུན་དུ་ཐུགས་ལ་ཞོག
རང་ཉིད་ཀྱི་དངོས་མིང་འབྲི་མཁན་དག་ལ་ངོ་མ་དྲང་བདེན་ཡོད་རེད། མིང་མི་འབྲི་མཁན་དག་ནི་གྲོང་གཞུང་གི་ཁྱི་འཁྱམ་ཟུགས་པ་དང་མཚུངས་པས་དེ་དག་གིས་བཤད་པ་དག་ནི་བདག་པོ་རྒྱག་དགོས་ཡག་མེད། ཁྱི་རྒན་དེ་ཚོས་ག་དུས་ཡིནན་སྐད་རྒྱག་རྒྱག་པ་རེད། དོན་ག་བ་ཡོད། ང་ཚོས་ཤེས་གསལ་རེད་བ།
གོང་དུ་བླ་སྨྱོན་ཟེར་བ་ཞིག་ནས་ཡང་སྟེང་སྤྲུལ་སྐུ་ལ་སྤྲུལ་སྐུ་ཞེས་སུས་བཏགས་པ་རེད་དྲིས་པ་དེ་ལ་ངས་ལན་རྒྱག་ཆོག སྤྲུལ་སྐུ་༸གོང་ས་མཆོག་ནས་བཏགས་པ་རེད། བདག་པོ་རྒྱག་མཁན་བསྟན་སྲུང་དམར་ནག་གཉིས་རེད། དེ་འདྲ་ཡིན་ཙང་ཁོང་ལམ་ལོག་པ་ལ་མ་ལྷུང་བར་༸གོང་ས་མཆོག་གི་ལམ་ལ་སླེབས་ཡོད། ཛེ་སྨད་སྤྲུལ་སྐུ་ཁྲི་བྱང་ཚང་ནས་ཁྱི་ཕྲུག་གསོ་བ་བཞིན་གསོ་ཆོག་ན་༸གོང་ས་མཆོག་ནས་ཡང་སྟེང་སྤྲུལ་སྐུ་གསོ་མི་ཆོག་པ་གང་ཡང་མེད། རོང་པོ་ཇོ་ན་ཟེར་བ་དེ་ཡིས་ཡང་སྟེང་རིན་པོ་ཆེ་རྡ་རམ་ས་ལ་ཡར་འཚང་ནས་ཆབ་སྲིད་མ་བྱོས་ཟེར་བ་དང་བླ་མའི་བྱ་བ་འཆད་རྩོད་གསུམ་བྱེད་དགོས་ཟེར་བ་དངོས་གནས་ངོ་མི་ཚའམ། ༸ཡང་སྟེང་རིན་པོ་ཆེ་ཡར་འཚང་ཀ་རྒྱག་ས་ལ་འགྲོ་མེད། ༸གོང་ས་མཆོག་ནས་ཡར་ཤོག་གསུངས་པ་རེད། འོ་ན་༸གོང་ས་མཆོག་གི་བཀའ་སྒྲུབ་དགོས་མ་རེད་པས། ཁྱེད་ཚོ་རོང་པོ་ཁམས་ཚན་ནམ་རྒྱུན་༸གོང་ས་མཆོག་གི་བཀའ་ཞེ་པོ་སྒྲུབ་པའི་སྐད་ཆ་མ་རེད་པས། ཁྱེད་རང་ཚོའི་བླ་མ་ལ་བསླབ་བྱ་རྒྱག་ནས་འཆད་རྩོད་རྩོམ་གསུམ་བྱེད་ཤེས་མཁན་བཟོ་རྡ། སོ་སོའི་བླ་མ་ལ་བསླབ་སྦྱོང་གང་ཡང་མེད་པར་མི་ལ་བཤད་རྒྱུ་བཞག་ན་ལེགས། རྡ་ས་ལ་བསྡད་ནས་འཆད་རྩོད་རྩོམ་གསུམ་བྱེད་མི་ཆོག་པ་རེད་པས། ཡང་སྟེང་སྤྲུལ་སྐུ་ནས་འཆད་རྩོད་རྩོམ་གསུམ་མ་བྱེད་པར་ག་རེ་བྱས་བསྡད་འདུག ཆབ་སྲིད་ཐོག་ཕྱག་ལས་གང་ཡང་གནང་གིན་མེད། ད་དུང་གྲྭ་པ་ལོག་པའོ་ཉེན་ཁ་ཡོད་རེད་ཟེར་ནས་བསླབ་བྱ་རྒྱག་ཁུལ་བྱས་པར་འོ་ན་ཁྱེད་རང་ཚོའི་བླ་མ་ཡང་ལས་ཀ་གང་ཡང་མི་བྱེད་པར་ཡར་མར་འཁྱམས་ནས་རྡ་རམ་ས་ལ་ཡང་ཡང་འགྲོ་གིན་འདུག་པས་དེ་ལ་གྲྭ་པ་ལོག་པའི་ཉེན་ཁ་ཡོད་མ་རེད་པས། འདི་འདྲ་ལབ་ན་ག་འདྲ་འདུག ད་དངོས་གནས་ང་ཚོ་ཚང་མས་ཚོད་བྱས་ན་ཡག ལབ་ན་ཕར་ལབ་ཚུར་ལབ་རེད། ཡང་སྟེང་སྤྲུལ་སྐུ་ལ་རྒན་དང་ཤག་ཚང་ཆ་ཚང་ཡོད་པས་དོན་མེད་སེམས་ཁྲལ་མ་བྱེད། རྩམ་པ་ཟེར་བ་དེ་ལ་ལབ་ཡས་ལ། སྔར་གྲྭ་སྒོམ་དང་དོལ་རྒྱལ་བ་ཚོ་ནས་རྡ་རམ་ས་ལ་རྣམ་རྒྱལ་གྲྭ་ཚང་ལ་སྡོམ་པ་མེད། ཀིརྟི་གྲྭ་ཚང་ལ་གུང་སེང་མེད། ཚེ་མཆོག་གླིང་ལ་གྲྭ་པ་མེད་ཟེར་དུས་དེ་དུས་ལ་ཁྱེད་ཀྱི་ཁ་ག་རེ་བྱས་པ་རེད། ད་ང་ཚོས་མཚམས་བཞག་ན་བཞག མ་བཞག་ན་བརྩི་ན་ཕུར་བརྩི་ཚུར་བརྩི་དང་། མ་བརྩི་གསེར་ལའང་རིན་ཐང་མེད་ཟེར་བ་དེ་གོ་མྱོང་རྒྱུ་རེད།
སེར་སྨད་འབྲུག་སྐད་ཁྱོད་རང་སྙིང་རྗེའི་ཡུལ།།ཡང་སྟེང་སྤྲུལ་སྐུ་གོང་ས་མཆོག་གིས་བཏགས།།
བདག་པོ་རྒྱག་མཁན་སྲུང་མ་དམར་ནག་གཉིས།།དེ་འདྲ་རྫུན་མ་བཤད་ལ་དགའ་བ་ཅི།།
ཡང་སྟེང་སྤྲུལ་སྐུ་སྔོན་མ་ང་ཡི་གྲོགས།།ཁྱོད་ལས་ང་རང་ཁོང་ནི་རྒྱུས་ཡོད་ཆེ།།
ཁྱོད་ཀྱིས་ཧམ་བཤད་དགད་མོ་ཡང་ཡང་ཤོར།།ཁྲི་བྱང་ཛེ་སྨད་གསོ་གཉེར་བྱས་ཆོག་ན།།
གོང་ས་ཆེན་པོས་ཡང་སྤྲུལ་མི་ཆོག་ཅི།།དེའདྲ་བཤད་ཕོད་ཁྱོད་ཀྱི་ལས་ངན་རེད།།
འོན་ཀྱང་བདག་ལ་ཁྲི་བྱང་ཛེ་སྨད་པ།།གོ་ཐོས་ཙམ་ལས་ཆ་རྒྱུས་གང་ཡང་མེད།།
དྲང་པོ་བཤད་ན་ཁྲི་བྱང་གོང་ས་མཆོག།གསོ་གཉེར་བྱས་པ་གོ་ཐོས་ཚད་མར་བྱུང་།།
ཡང་སྟེང་སྤྲུལ་སྐུར་དྲི་བ་བཏོན་པ་ན།།ཁྱོད་ཀྱིས་ཁྲི་བྱང་ཛེ་སྨད་གྲྭ་སྒོམ་ལ།།
ཕྱ་སྨོད་བྱས་པ་རྒྱུ་མཚན་ཅི་ཕྱིར་དུ།།ཁྲི་བྱང་ཛེ་སྨད་གྲྭ་སྒོམ་འཚོ་བཞུགས་སྐབས།།
བོད་མི་ཕལ་ཆེར་སྤྱི་བོའི་རྒྱན་དུ་བཀོད།།དགོངས་པ་བཤེགས་རྗེས་མཚན་སྨོད་སྐུར་བཏབ་པ།།
དགད་མོ་ཤོར་བའི་གནས་ཞིག་མེན་ན་ཅི།།ཁྱོད་ཀྱིས་གྲོང་ཁྱིམ་ཕ་རྒན་མ་རྒན་གྱིས།།
རྩོད་པ་རྒྱག་བཞིན་ཚིག་ཚོགས་མང་པོ་ཞིག།མཐོང་བ་ཉིད་ནས་ཀླད་མེད་བུ་ཞིག་བསམས།།
རིན་ཆེན་ལགས་་་་སྐུ་ཉིད་བཀའ་བློན་ཁྲི་པ་ཡིན་ན་བོད་ནང་ནས་བཙན་རྒོལ་རྒྱལ་སྐྱོབས་ཆེད་སྐུ་སྲོག་མེར་བསྲེག་གཏོང་མི་དགོས་པའི་ཆེད་ཕྱག་ལས་གང་དང་གང་གནང་ཐུབ་པ་འདུག་གམ། ད་བར་ཁྱེད་ནས་བོད་མིའི་བདེན་དོན་དང་། ཆོལ་གསུམ་ཆིག་བསྒྲིལ་སོགས་ལ་སྨན་པའི་ལས་དོན་གང་འདྲ་དང་གང་འདྲ་བསྒྲུབས་ཡོད་དམ། མ་འོང་པར་བོད་མི་མང་ལ་སྨན་པའི་ལས་དོན་གང་དང་སྒྲུབས་ཆར་ཡོད་དམ། ཡང་ན་རྒྱ་གུང་བྲན་གྱི་འདོད་དོན་ལྟར་བཙན་བྱོལ་སྒྲིག་འཛུགས་ལ་བོད་མི་རྣམས་ཡིད་ཆེས་མེད་པ་བཟོ་ཐབས་ཀྱི་ལས་དོན་གང་དང་གང་སྒྲུབས་ཆར་ཡོད་དམ། ལས་དོན་དེ་ལམ་ལོངས་ཡོང་རེ་ཆེ་ཆུང་གང་འདྲ་འདུག་གམ།། །།
ཧཧཧཧཧ། བླ་སྨྱོན་ལ་ལྟོས་དང་། ཁྲི་བྱང་ཛེ་སྨད་ལ་གོ་ཐོས་ཙམ་ལས་ཆ་རྒྱུས་གང་ཡང་མེད་ཅེས་ཟེར། ཡང་
དྲང་པོ་བཤད་ན་ཁྲི་བྱང་ནས་གོང་ས་མཆོག་གསོ་གཉེར་བྱས་པ་གོ་ཐོས་ཚད་མར་རེད་ཅེས་ཟེར། ཧཧཧ། མི་འདི་སུ་ཡིན་པ་འདྲ་པོ་འདུག དོལ་རྒྱལ་ང་ཡིན་ཟེར་མཁན་བླུན་རྟགས་གདོང་ལ་བསྟན་ནས་ད་དུང་རང་གིས་ཧ་མི་གོ་བ་ཞིག་རེད་འདུག ཁྲི་བྱང་ཛེ་སྨད་གྲྭ་སྒོམ་འཚོ་བཞུགས་སྐབས་བོད་མི་ཕལ་ཆེར་སྤྱི་བོའི་རྒྱན་དུ་བཀོད་ཅེས་རྒྱུས་ཆེ་མདོག་གི་གཏམ་འདི་བཤད། གོང་དུ་རྒྱུས་མེད་ཟེར། དངོས་གནས་༸གོང་ས་མཆོག་ནས་དོལ་རྒྱལ་བ་ཚོ་གཤིས་ཀ་རྩུབ་པོ་དང་དགའ་ལྡན་ཕོ་བྲང་ལ་སྨོན་ལམ་གཏན་གཏན་ལོག་ཡོད་ཅེས་གསུངས་པ་ཅིས་མི་བདེན། ཁྲི་བྱང་ཛེ་སྨད་གྲྭ་སྒོམ་གསུམ་ལ་བོད་མིས་ཕལ་ཆེར་སྤྱི་བོའི་རྒྱན་དུ་བཀུར་ཟེར། ཧཧཧཧཧཧ བོད་མི་ཕལ་ཆེར་ཕར་ཞོག སྟོད་མངའ་རིས་སྐོར་གསུམ་དང་ཁམས་སྐྱེ་དགུ་མདོ་དང་ཉག་རོང་དང་སྡེ་དགེ་ཉག་ཆུ་ནག་ཆུ་ཨ་མདོ་བཅས་ཀྱི་ཡུལ་དུ་འགྲོ་ནས་ཁྲི་བྱང་ཚང་ངོ་ཨེ་ཤེས་དྲིས་དཱ་དེ་མ་ཐག་ཤེས་པར་འགྱུར་རོ། །རྒྱལ་བའི་ཡོངས་འཛིན་ཞེས་པའི་ཚིག་འདི་སྦྱར་ནས་དྲིས་དཱ་ཡང་ལན་མ་འདྲ་བ་ཞིག་རྒྱག་ངེས། དྲང་པོར་བཤད་ན་ཁྲི་བྱང་ལ་དང་པོར་ཁོ་རང་གི་ལུང་པ་ཆ་ཕྲེང་པས་ཀྱང་བསད་གྲབས་བྱས་ནས་བརྩི་བཀུར་གང་ཡང་མ་ཞུས་པ་ཁོ་རང་གི་ལོ་རྒྱུས་ནང་ཡོད། དེ་ནས་རྒྱལ་བའི་མཚན་ཞབས་བཀོད་ནས་རིམ་པས་སྐད་གྲགས་ཏོག་ཙམ་བྱུང་བ་རེད།་ཕྱིས་རྒྱལ་བའི་ཡོངས་འཛྀན་བཀོད་དུས་དེ་ལས་ཡག་པ་ཡོང་བ་ཁོ་རང་གི་ལོ་རྒྱུས་ནང་ཡོད། ཛེ་སྨད་དང་གྲྭ་སྒོམ་གཉིས་དཱ་ཕར་ཞོག ཛེ་སྨད་རྒྱུད་སྨད་དུ་༸གོང་ས་མཆོག་ནས་ཕུད་པ་རེད། གྲྭ་སྒོམ་མ་ཤི་གོང་༸གོང་ས་མཆོག་ལ་ངོ་ལོག་པ་རེད། མི་འདི་ཚོ་མ་ཤི་གོང་བོད་མི་ཕལ་ཆེས་སྤྱི་བོའི་རྒྱན་དུ་བཀོད་ཟེར་བ་ནི་ཁྲོན་པའི་སྦས་པའི་མཐོང་རྒྱ་རང་རེད། བླ་སྨོན་ཡང་སྟེང་རིན་པོ་ཆེའི་གྲོགས་པོ་ཡིན་ཟེར། སྙིང་རྗེ་བླ་སྨྱོན་དོལ་རྒྱལ་བསྟེན་མཁན་ཡིན་པ་ཐག་ཆོད་དེ། ཡང་སྟེང་རིན་པོ་ཆེའི་གྲོགས་པོའི་ཁོངས་ནས་སྐྱོན་བརྗོད་བྱེད་མཁན་དོལ་རྒྱལ་བ་སྔར་ཡང་སྟེང་རིན་པོ་ཆེ་དང་གྲོགས་པོ་བྱས་མྱོང་མཁན་མ་གཏོགས་མེད་པ་ཀུན་གྱིས་ཤེས་གསལ། བླ་སྨྱོན་གྱི་སྨྱོན་པའི་སྐད་ཆ་ནས་ཀྱང་ཤེས་ཐུབ་པ་དཔྱོད་ལྡན་ཡོངས་ཀྱིས་གཟིགས་པར་འཚལ།
བློ་རིག་མེད་པའི་བླུན་པོའི་རང་རྟགས་གསལ །བཟང་གཤིས་མེད་པའི་གནོད་སེམས་དུག་སྦྲུལ་འདྲ། །གྲགས་པ་སྙན་བཀུར་དགའ་བའི་ཧམ་སེམས་ཅན། །བོད་མི་ཡོངས་ཀྱིས་འདི་རིགས་ཤེས་པར་གྱིས། །ཁྲི་བྱང་ཛེ་སྨད་གོ་ཐོས་རྒྱུས་མེད་པ། །བདེན་པ་རང་ཡིན་འོན་ཀྱང་དེ་གཉིས་ཀྱི། །རང་རྣམ་མཐོང་དུས་བླ་མ་ཚད་ལྡན་ཞིག །སྐྱེ་བོ་བླུན་པ་མིན་ན་རྟོགས་པར་འགྱུར། །གྲྭ་སྒོམ་ཟེར་བ་ཏཱ་ལར་ངོ་ལོག་པ། །བདེན་པ་ཡིན་ན་ཁྱོད་ཀྱིས་རྒྱུ་མཚན་ཤོད། །གོང་ས་མཆོག་དང་ཁྲི་བྱང་རྣམ་པ་གཉིས། །བླ་སློབ་འབྲེལ་བ་ཁྱོད་ཀྱིས་མ་ཤེས་སམ། །བླ་སྨྱོན་ང་ལ་དོལ་རྒྱལ་བསྟེན་མཁན་ཞིག། །ཡིན་པའི་རྒྱུ་མཚན་ཡང་སྟེང་སྤྲུལ་སྐུ་ལ། །སྐྱོན་བརྫོད་བྱས་འདུག་ཟེར་བ་སྙིང་རེ་རྗེ། །སྔྔར་མ་འཆད་ཉན་གནང་བ་ཡིད་རངས་ཡོད། །དེ་རྗེས་དྷ་སར་འཚང་པ་གཏམ་སྙན་ཆེད། །ད་ལྟ་ཕྱི་གླིང་རྒྱུ་བ་དངུལ་གྱི་དོན། །སྤྲུལ་རྫུན་ཆགས་ཞེན་ཅན་ཞིག་མིན་ན་ཅི། །བློ་བཟང་ཁྱོད་ལ་ཡང་སྟེང་སྤྱུལ་སྐུ་ཡིས། །རྔན་དངུལ་ཅུང་ཙམ་རེག་པ་བདེན་མི་ཟ། །གཟབ་གཟབ་བྱོས་ཤིང་རྒྱ་ཟས་ཟ་བར་སླ། །ཞུ་བར་དཀའ་བ་ཁྱོད་ཀྱི་མ་ཚོར་རམ།། །།
ཧཧཧ། ང་ནི་ཡང་སྟེང་སྤྲུལ་སྐུའི་དགེ་ཕྲུག་ཡིན། །ཁྱེད་ཀྱི་ཚིག་ངན་འདི་ལ་བོད་རྣམས་ལྟོས། །གྲྭ་སྒོམ་དངུལ་ལ་ཆགས་ནས་བླ་མར་ལོག །ཛེ་སྨད་རྨོངས་དད་ཆེ་ནས་བླ་མར་ལོག བླ་སྨྱོན་སྨོན་ལམ་ལོག་ནས་བོད་ལ་ལོག །ཛེ་གྲྭ་བླ་མ་ཚད་ལྡན་ཡིན་ཞེས་ཟེར། །ཚད་ལྡན་ཡིན་ན་གདུག་འདྲེ་བསྟེན་མི་སྲིད། །དེ་བས་བླ་མར་ངོ་ལོག་བྱེད་མི་སྲིད། །ཁྱེད་ཚོ་དོལ་ཕྲུག་རྣམས་ནི་གདོན་གྱིས་གཟེར། །བོད་ལ་ངོ་ལོག་༸གོང་སར་མཚན་སྨོས་ཞུས། །རྒྱ་ནག་གཞུང་ལ་མགོ་བཏགས་ལྟས་ངན་རེད། །སྙིང་རྗེའི་ཡུལ་ལོ། །
བླ་སྨྱོན་ནས་བྲིས་པ་ལ་གཟིགས་རོགས།
༼།ཁྲི་བྱང་ཛེ་སྨད་གོ་ཐོས་རྒྱུས་མེད་པ། །བདེན་པ་རང་ཡིན་འོན་ཀྱང་དེ་གཉིས་ཀྱི། །རང་རྣམ་མཐོང་དུས་བླ་མ་ཚད་ལྡན་ཞིག །སྐྱེ་བོ་བླུན་པ་མིན་ན་རྟོགས་པར་འགྱུར། །གྲྭ་སྒོམ་ཟེར་བ་ཏཱ་ལར་ངོ་ལོག་པ། །བདེན་པ་ཡིན་ན་ཁྱོད་ཀྱིས་རྒྱུ་མཚན་ཤོད། ༽ལྷག་པར། ༼གྲྭ་སྒོམ་ཟེར་བ་ཏཱ་ལར་ངོ་ལོག་པ།༽ཞེས་པའི་ཚིག་འདི་ལ་བལྟས་ནས་ཁྱེད་དོལ་རྒྱལ་བ་ཞིག་མིན་ན་ཅི་ཞིག་ཡིན། ང་ཚོའི་རྒན་ཡང་སྟེང་རིན་པོ་ཆེ་༸གོང་ས་མཆོག་གིས་བཀའ་གནང་བ་དང་ཕྱི་རྒྱལ་དང་གང་དུ་ཕེབས་པ་ཚང་མ་ལ་ཁྱེད་དོ་སྣང་ཡོད་སྟངས་དེ་ལ་བལྟས་ན་ཁྱེད་ཀྱི་ཕྲག་དོག་གི་དུག་ཆུ་ཁོལ་འདུག སྙིང་རྗེ་།
ཁྱོད་ནི་ཡང་སྟེང་སྤྲུལ་སྐུའི་དགེ་ཕྲུག་ཞིག །ཡང་སྟེང་སྤྲུལ་སྐུ་སེར་སྨད་སྒོ་སོག་དང་། །རྒྱལ་རོང་མཁན་ཟུར་དགེ་ཕྲུག་ཤེས་གསལ་རེད། །སྒོ་སོག་རྒྱལ་རོང་དོལ་འདྲེ་བསྟེན་མཁན་ཞིག །ཡིན་པ་མ་ཤེས་དེ་འདྲ་ཨ་ཡིན་ནམ། །དོལ་འདྲེ་བསྟེན་ནས་བླ་མར་ལོག་འདོད་ན། །
སྒོ་སོག་རྒྱལ་རོང་ལ་སོགས་བླ་མར་ལོག །ཁྱོད་ཀྱི་འདོད་པ་དེ་འདྲ་བླུན་རྟགས་སོ། །ཡང་ན་ཁྱོད་ཀྱིས་དོལ་རྒྱལ་མི་བསྟེན་པ། །མནའ་བསྐྱལ་ཟིན་པ་རེད་ཅེས་ལབ་ངེས་རེད། །དེ་ལྟ་ཡིན་རུང་བླ་མར་ལོག་པ་ནི། །ཐེ་ཚོམ་དེ་བས་མི་དགོས་ཤེས་ལྡན་མཁྱེན། །ད་ནས་བླུན་པའི་སྨེ་སྔགས་བགྲང་པ་ལས། །རྨོངས་དད་མ་ཎི་བགྲང་ན་མི་ལེགས་སམ།། །།
།ད་ཡིན་ན་དགའ་ལྡན་ཕོ་བྲང་བ་ཞིག་གིས་དགའ་ལྡན་ཕོ་བྲང་གི་རྔོ་ལོ་ཡོད་ཚད་གཤམ་གྱི་འདུག །།