འཇིགས་བྲལ་བསྟན་འཛིན། སུད་སི།
དེང་སང་སྲིད་སྐྱོང་དང་སྤྱི་འཐུས་འོས་བསྡུ་ཆེན་མོ་སླེབས་ལ་ཉེ་བའི་སྐབས་འདིར་དྲ་རྒྱ་དང་། སྐད་འཕྲིན། ངོ་དེབ་སོགས་མང་ཚོགས་ཀྱིས་བེད་སྤྱོད་གཏོང་བཞིན་པའི་བརྒྱུད་ལམ་ཁག་ཏུ་བཙན་བྱོལ་བོད་མི་མང་ཚོགས་ཀྱིས་བགྲོ་གླེང་ཧ་ཅང་ཤུགས་ཆེར་བྱེད་ཀྱི་ཡོད་པ་ནི་དགའ་འོས་པ་ཞིག་རེད། ཡིན་ནའང་འདི་དང་མཉམ་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་མི་འདུག་ཟེར་བ་དང་། མཚན་སྨད་དང་བསྐུར་འདེབས་ཞུས་སོང་ཟེར་བ། སྐྱོན་བརྗོད་ཞུས་སོང་ཟེར་བ། བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་བ་སོགས་གླེང་མཁན་མང་པོ་འདུག དེ་འདྲའི་དོ་ཁུར་གནང་བ་ཡང་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད་ལ། དོ་ཁུར་གནང་བ་དེ་ཡང་འགན་ཁུར་ལྡན་པའི་ཐོག་ནས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་མིན་ནམ་སྙམ། གང་ཡིན་ཟེར་ན། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་སྐྱེ་བོ་སུ་ཞིག་ནག་པོ་བཟོ་དགོས་ན་བྲིན་ཆེ་ཤོས་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་མེད་རབས་དང་། མཚན་སྨད། བསྐུར་འདེབས། སྐྱོན་བརྗོད་ཞུས་རབས། བཀའ་དྲིན་ལ་བསམ་ཤེས་མེད་རབས་བཅས་ཡིན་པ་དེ་ཚང་མས་ཤེས་གསལ་རེད། དེ་འདྲ་ཡིན་དུས་ད་ལན་གནད་དོན་འདི་ཚོའི་སྐོར་ལ་བསམ་ཚུལ་འགའ་བཤད་ཀྱི་ཡིན།
དང་པོ། ༧གོང་ས་མཆོག་ལ་དད་པ་ཡོད་མེད་དེ་རེད། སྤྱིར་ན་དད་པ་ཟེར་བ་འདི་ཆོས་ཕྱོགས་ཀྱི་སྐད་ཆ་ཞིག་ཡིན་པ་དང་། དེ་ཡང་མི་དེ་ལ་ཆོས་ཕྱོགས་ཀྱི་ཆ་ནས་ནང་བསམ་བློའི་གཏིང་ན་གང་ཞིག་ལ་དད་པ་ཟེར་བའི་བསམ་བློ་ཞིག་ཡོད་མེད་དེ་རེད། དེ་ནི་སྐད་ཆ་ཚིག་རེ་ཟུང་ཞིག་ལ་བརྟེན་ནས་མེད་པ་དང་། ཡོད་པར་ཐག་གཅོད་ནམ་ཡང་ཐུབ་ཀྱི་མ་རེད། མ་གཞི་ནས་དད་པ་ཟེར་བ་འདི་མི་སྒེར་བ་ཞིག་གི་བསམ་བློའི་རང་དབང་གི་འདུ་ཤེས་ཤིག་ཡིན་པས། གང་ལ་དད་པ་ཡོད་དགོས་པ་དང་། ཡང་ན་དད་པ་བྱེད་མི་ཆོག་པར་འདོད་པ་ནི་ཧ་ཅང་རྫབ་ཆེ་བའི་གནད་དོན་ཞིག་སྟེ། མི་སྒེར་གྱི་རང་དབང་ལ་དོ་ཕོག་གཏོང་བ་ཞིག་ཡིན་པས། སྤྱི་ཚོགས་ལ་འགན་ཁུར་ཡོད་པའི་བསམ་སྤྱོད་ཅིག་ཏུ་ནམ་ཡང་ངོས་འཛིན་ཐུབ་པ་ཞིག་རེད་བསམ་གྱི་མེད།
སྤྱིར་བཏང་སྤྱི་ཚོགས་ཤིག་ལ་མཚོན་ན། ནང་པ་དང་། ཧིན་རྡུ། ཁ་ཆེ། ཡེ་ཤུ། བོན་པོ། ཇུ་ཝི་ཤུ། དེ་བཞིན་ཆོས་ཁས་མི་ལེན་པའི་སྐྱེ་བོ་བཅས་ཡོད་པ་ཞིག་དང་། ཡོད་དགོས་པ་ཞིག་རེད་ལ། ང་ཚོ་བོད་པའི་སྤྱི་ཚོགས་འདི་ལ་ཡང་ནང་པ་དང་། བོན་པོ། ཡེ་ཤུ། ཁ་ཆེ། དེ་བཞིན་ཆོས་ཁས་མི་ལེན་པའི་རིགས་བཅས་ལས་གྲུབ་པ་ཞིག་རེད། དེ་འདྲ་ཡིན་དུས་དད་པ་ཟེར་བའི་བསམ་བློ་དེ་ཡོད་མེད་ལ་བལྟས་ནས་མི་དེ་བཟང་ངན་དབྱེ་བ་འབྱེད་པ་ནི་ཧ་ཅང་འཇིགས་སུ་རུང་བའི་དབྱེ་འབྱེད་ཅིག་རེད་བསམ་གྱི་ཡོད། དེར་བརྟེན་བསམ་བློ་དེ་འདྲ་ཞིག་གཞི་ལ་བཞག་ནས་ཆབ་སྲིད་ཀྱི་འགོ་ཁྲིད་འོས་བསྡུ་བྱེད་པ་ནི་ཆོས་ལུགས་ཐལ་སྤྱོད་པའི་བྱེད་སྟངས་ཤིག་ཏུ་ངོས་འཛིན་རྒྱུ་ལས། འགན་ཁུར་ལྡན་པའི་སྤྱི་མང་གི་ལས་དོན་བྱེད་ཕྱོགས་ཤིག་ཡིན་པར་ངོས་འཛིན་ཐུབ་ཀྱི་མ་རེད་བསམ་གྱི་ཡོད།
གཉིས་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུས་དང་མ་ཞུས་ཀྱི་སྐད་ཆ་དེ་རེད། ཚིག་འདི་ཕལ་སྐད་ཀྱི་ཐོག་ནས་ཞུས་ན་གཞི་ཡོད་མེད་ཇི་ལྟར་ཡང་སྨད་ར་བཏང་བར་གོ་དགོས་ཀྱི་མེད་དམ་སྙམ། དེ་ཡིན་ན། མི་ཞིག་ལ་སྨད་ར་བཏང་ཡོད་མེད་དེ་ཁྲིམས་ཀྱི་ཐོག་ནས་ཐག་གཅོད་དགོས་པའི་གནད་དོན་ཞིག་རེད། མཚན་སྨད་དམ་སྨད་ར་བཏང་བ་ཞིག་ཏུ་ངོས་འཛིན་དགོས་མིན་གྱི་ཚད་ཐིག་ཅིག་ཁྲིམས་ལུགས་ཀྱི་ཐོག་ནས་ཡོད་ཀྱི་རེད་བསམ་གྱི་ཡོད། མ་གཞི་ནས་ང་ཚོས་མི་ག་གེ་མོ་ཞིག་གིས་༧གོང་ས་མཆོག་ལ་མཚན་སྨད་དམ། སྨད་ར་བཏང་སོང་ཟེར་ནས་འུར་གྱི་ཡོད་པ་རེད། ཁྲིམས་ལུགས་མིན་ན་ཡང་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་མཚན་སྨད་དམ་སྨད་ར་བཏང་བ་ཟེར་བ་འདི་ལ་ཚད་ཅིག་ཡོད་ཀྱི་རེད་བསམ་གྱི་འདུག དེ་ཡིན་དུས་མཚན་སྨད་དམ་སྨད་ར་བཏང་བ་ཟེར་བ་འདིའི་ས་མཚམས་སམ་ཚད་དེ་གང་ཡིན་གསལ་པོ་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག དེང་སང་མང་པོ་ཞིག་གིས་གཅིག་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་སོང་། གཉིས་ཀྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་སོང་ཟེར་གྱི་འདུག དེ་འདྲ་ཟེར་གྱི་ཡོད་ཙང་དྲ་ལམ་འགར་མཚན་སྨད་ཟེར་བའི་ས་མཚམས་གང་ལ་འཇོག་དགོས་པ་དང་། དེ་བཞིན་དབུ་མའི་ལམ་འགྲིག་མེད་ལུགས་བཤད་ན་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ་ཆགས་ཀྱི་ཡོད་མེད་ཀྱི་དྲི་བ་ཞུས་པ་ཡིན། ནང་བསྟན་མཚན་ཉིད་ཀྱི་རིགས་པ་སྨྲ་བ་ང་ཡིན་ཟེར་མཁན་དང་། ང་ཆབ་སྲིད་པ་ཡིན་ཟེར་མཁན་དག་ལ་ལན་གསལ་པོ་གང་ཡང་གནང་རྒྱུ་མི་འདུག དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་བཙན་བཤད་ཆོག་གི་ཡོད་པ་བདེན་པ་རེད། ཡིན་ནའང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་རྩོད་པའི་ལམ་དུ་བསྒྱུར་ཐབས་བྱས་ན། ཡང་༧གོང་ས་མཆོག་ལ་ཁ་གཏད་གཅོག་གི་འདུག བོད་མིའི་སྒྲིག་འཛུགས་ལ་ངོ་ལོག་རྒྱག་གི་འདུག ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་ནས་རིག་གནས་གསར་བརྗེའི་སྐབས་ཀྱི་ཞྭ་མོ་དང་མཚུངས་པའི་ཞྭ་མོ་རེ་གཡོགས་ཀྱི་རེད་དང་མ་རེད་ཟེར་ནས་དྲི་བ་ཞུས་པ་ཡིན། ལན་གང་ཡང་མི་འདུག འདི་དག་ཀྱང་བསམ་བློ་གཏོང་དགོས་པའི་དོན་དག་མིན་ནམ་བསམ་གྱི་ཡོད།
གསུམ་པ། ༧གོང་ས་མཆོག་ལ་བསྐུར་འདེབས་ཞུས་སོང་ཟེར་བ་དེ་རེད། བསྐུར་འདེབས་ཟེར་བ་འདི་ནི་མ་བྱས་པ་ཞིག་བྱས་སོང་། མ་བཤད་པ་ཞིག་བཤད་སོང་། མ་མཐོང་བ་ཞིག་མཐོང་སོང་། མ་དྲན་པ་ཞིག་དྲན་འདུག་ཟེར་བ། མ་ཡིན་པ་ཞིག་རེད་ཟེར་བ་ཞིག་ལ་གོ་དགོས་ཀྱི་མེད་དམ་སྙམ། དེ་འདྲ་ཡིན་ན་སུ་ཡིས་སུ་ལ་བསྐུར་འདེབས་བྱས་ཡོད་མེད་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད་བསམ་གྱི་ཡོད། དེ་མིན་བོད་མིའི་ཆབ་སྲིད་ཀྱི་ཐོག་ནས་བཤད་ན། དབུ་མའི་ལམ་གྱི་དགོས་འདུན་ཐད་རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་འགྲིག་གི་མི་འདུག་བསམ་གྱི་འདུག་ཟེར་མཁན་འདུག་ན། དེའི་རིགས་ནི་རང་རང་གི་ལྟ་ཕྱོགས་སམ་མཐོང་ཕྱོགས་ཡིན་པས་ཡོད་ཆོག་པ་ཞིག་ལས། བསམ་བློ་འདི་ལྟ་བུའི་རིགས་ནི་བསྐུར་འདེབས་ཡིན་པའི་རྒྱུ་མཚན་ཡང་དག་ཏུ་མ་མཐོང་།
བཞི་པ། ༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་སོང་ཟེར་བའི་སྐོར་དེ་རེད། དེ་ལ་སྤྱིར་སྐྱོན་ཟེར་བ་འདིའི་ངོ་བོ་ཁོ་རང་གནད་དོན་གང་ཞིག་ལ་མ་འགྲིག་པའི་ཆ་ཡོད་པ་ཞིག་ལ་སྐྱོན་ཟེར་བར་གོ་ན་འགྲིག་གི་མེད་དམ་སྙམ། དེ་ཡིན་ན་འགྲོ་བ་མི་རྣམས་ཀྱི་བསམ་ཕྱོགས་དང་། མཐོང་ཕྱོགས་མ་འདྲ་བ་ལ་བརྟེན་ནས་མ་འགྲིག་པའི་ཆ་མཐོང་སྟངས་སྣ་ཚོགས་ཤིག་མཐོང་གི་ཡོད་པ་རེད། དེ་ཡང་མི་སྒེར་བ་ཞིག་གི་བྱེད་སྟངས་ནས་རྒྱལ་ཁབ་ཞིག་སྐྱོང་སྟངས་བར་མ་འགྲིག་པའི་ཆ་སྣ་ཚོགས་ཤིག་མཐོང་མཁན་ཡོད་ཆོག་པ་རེད་ལ། ཡོད་དགོས་པ་རེད། མ་ཟད་རང་རང་སོ་སོའི་བསམ་ཕྱོགས་དང་། མཐོང་ཕྱོགས་ནས་མཐོང་བའི་སྐྱོན་དེ་བཤད་ཆོག་པ་རེད། ཡིན་ནའང་སྐྱོན་གང་བཤད་པ་དེ་ག་རང་བདེན་པ་ཡིན་པའི་ངེས་གཏན་གང་ཡང་ཡོད་མ་རེད། བདེན་པ་མ་ཡིན་པའི་ངེས་པ་ཡང་ཡོད་མ་རེད། དེ་རིང་བདེན་པ་ཡིན་པ་ཞིག་གནད་དོན་གཞན་ཞིག་ལ་བརྟེན་ནས་སང་ཉིན་རྫུན་དུ་འགྱུར་བའི་གནས་སྐབས་ཀྱང་མང་པོ་ཡོད་པ་རེད། དེ་བཞིན་སྐྱོན་གང་བཤད་པ་དེ་ལ་ཁས་ལེན་མིན་ཡང་གནས་དུས་དང་རྒྱུ་མཚན་ལ་ལྟོས་ནས་རང་རང་གིས་ཐག་གཅོད་རྒྱུ་ལས། ཤཱཀྱའི་དགེ་སྦྱོང་༧གོང་ས་མཆོག་གི་དགོངས་པ་དང་མི་འདྲ་བའི་སྐད་ཆ་འགའ་མི་སྐྱ་འགའ་ཞིག་གིས་བཤད་པར་ཧང་སངས་དགོས་པ་གང་ཡང་མཐོང་གི་མི་འདུག
ཡིན་ནའང་གནད་དོན་གལ་ཆེ་བ་ཞིག་ནི། སྐྱེ་བོ་སུ་རུང་ཞིག་གིས་རང་གི་ཁེ་ཕན་ལ་མ་བསམས་པའི་ཐོག་ནས་སྤྱི་ཚོགས་ཀྱི་ཆེད་དུ་བསམ་ཚུལ་མ་འདྲ་བ་ཞིག་བཤད་ཀྱི་འདུག་ན། རང་རང་གི་བསམ་ཕྱོགས་ཀྱི་ཐོག་ནས་ཁས་ལེན་མ་ཐུབ་ན་ཡང་སྤྱི་ཚོགས་ཀྱི་ཆེད་དུ་བཤད་ཀྱི་ཡོད་ཙང་གུས་བཀུར་བྱེད་དགོས་པ་ལས། འབུར་འཇོམས་སུ་གཏོང་བ་འདིའི་རིགས་དེ་སྤྱི་ཚོགས་ཡར་རྒྱས་དང་། མང་གཙོ་གོང་འཕེལ་གྱི་བཀག་རྡོ་ཡིན་པ་ཧ་གོ་དགོས་ཀྱི་འདུག་བསམ་གྱི་ཡོད། གང་ལྟར་ཡང་བརྟག་དཔྱད་ཟེར་བའི་ཚིག་འདི་གནས་སྟངས་འདི་འདྲའི་སྐབས་སུ་བསམ་བློའི་ནང་ཡོད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག
དེ་ནས་ལྷག་པར་གཅིག་སྡུད་དམར་པོའི་རིང་ལུགས་མ་ཡིན་པའི་མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན། འོས་བསྡུ་དང་སྨྲ་བརྗོད་རང་དབང་ནི་མང་གཙོའི་སྲོག་ཤིང་ཡིན་པས། སྐྱོན་བརྗོད་ཟེར་བ་འདི་མང་གཙོའི་ཆ་ཤས་གལ་ཆེ་ཤོས་དེ་ཡིན་པར་ངོས་ལེན་གཏིང་ཟབ་ཡོད་དགོས། མང་གཙོ་ཡིན་ཟེར་བའི་སྤྱི་ཚོགས་ཤིག་ལ་མཚོན་ན། སྐྱོན་བརྗོད་འགྲོ་ས་མེད་པའི་ཉིན་མོར། སྤྱི་ཚོགས་དེ་མང་གཙོ་ཡིན་ཟེར་ཡང་དོན་ལ་མང་གཙོ་མ་ཡིན་པར་རྨོངས་གཙོ་རང་རེད་ཅེས་བརྗོད་ཐུབ་པ་ཞིག་ཡིན།
གཞན་ཡང་ང་ཚོ་བཙན་བྱོལ་བོད་མི་ཚོས་ཁ་ནས་ག་དུས་ཡིན་ནའང་རྒྱ་ནག་གི་བོད་ལ་རང་དབང་མེད་པ་བཟོས་སོང་། བོད་དང་བོད་མིའི་ཆེད་དུ་བོད་ནང་གི་བོད་མི་ཚོར་རང་གི་བསམ་ཚུལ་དང་བདེ་སྡུག་གི་གནས་སྟངས་ཐད་སྐད་ཆ་ཙམ་བཤད་པར་རང་དབང་མི་འདུག དེ་འདྲ་སོང་ཙང་བོད་ལ་རང་དབང་ཡོང་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་ཟེར་གྱི་ཡོད་པ་རེད། མ་ཟད་དེང་སང་བོད་ལ་རང་དབང་དགོས་ཟེར་བ་ནི་ཚང་མའི་ཁ་ལ་འབྱར་བསྡད་ཡོད་པའི་འབོད་ཚིག་ཅིག་རེད། ཡིན་ནའང་ང་རང་ཚོ་སྡོད་སའི་ཁོར་ཡུག་ཆུང་ཆུང་འདིར་སྒེར་དོན་མ་ཡིན་པའི་སྤྱི་དོན་ཐོག་བསམ་ཚུལ་མི་འདྲ་བ་ཏོག་ཙམ་བཤད་མཁན་བྱུང་བ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་མི་འདུག་ཟེར་བ་དང་། མཚན་སྨད་དང་བསྐུར་འདེབས་ཞུས་སོང་། སྐྱོན་བརྗོད་ཞུས་སོང་། བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་ནས་གནོན་ཤུགས་འདྲ་མིན་སྤྲོད་བཞིན་པ་འདི་ཚོ་བོད་ཀྱི་མང་གཙོའི་ཡབ་ཆེན་༧གོང་ས་མཆོག་ལ་ཤིན་ཏུ་ནས་མ་གུས་པ་ཆེན་པོ་དང་། གསོལ་བསྩལ་གནང་བའི་མང་གཙོ་འདི་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཚད་ཐིག་ཨང་དང་པོར་ངོས་འཛིན་མི་བྱེད་ཐབས་མེད་བྱུང་།
ལྔ་པ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་མི་འདུག་ཟེར་བ་དེ་རེད། ད་བར་བོད་པའི་ནང་ནས་དོལ་རྒྱལ་ཚོགས་པའི་མི་ངན་རྒྱ་གཞུང་གི་རྒྱུགས་ཁྱི་དེ་ཚོ་མ་གཏོགས། དེ་མིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་བཀའ་དྲིན་ཆེན་པོ་མིན་ཟེར་མཁན་སུ་འདུག དེ་འདྲ་ཡིན་དུས་བོད་དང་བོད་མིའི་བདེ་སྡུག་ལ་བསམས་ནས་བསམ་བློ་བཏང་། དཱ་འགྲིག་གི་མི་འདུག་བསམས་ནས་བོད་སྤྱི་པའི་ཆེད་དུ་འཆར་སྣང་ལྡན་པའི་བསམ་ཚུལ་བཤད། གཞིས་བྱེས་གཉིས་སུ་ལས་འགུལ་སྤེལ་བ་དེ་ཚོ། ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་དང་། བཀའ་དགོངས་སྒྲུབ་པ་མིན་ན་གང་རེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན་ཡིན་གཅིག་དབུ་མའི་ལམ་ལ་ཡང་དག་ཏུ་མཐོང་དགོས་རེད་པས། དེ་མ་གཏོགས་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་སྟངས་མེད་པ་རེད་པས། རྩ་བ་ནས་མ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་༧གོང་ས་མཆོག་གི་བཀའ་དྲིན་ལ་བསམ་ཤེས་ཡོད་ན། ༧གོང་ས་མཆོག་གིས་༼ང་མེད་པ་ནང་བཞིན་ལས་ཀ་བྱོས་ཤོག་༽གསུངས་པ་དེ་སྙིང་ལ་བཅངས་ནས། ༧གོང་ས་མཆོག་ལ་ཁ་འཕངས་ལག་ཕྱིས་བྱས་ནས་སྐྱིད་ཉལ་རྒྱབ་ནས་མི་སྡོད་པར། བོད་སྤྱི་པའི་དོན་ལ་ག་རེ་བྱས་ན་དགའ་བ་འདུག ག་རེ་བྱས་ན་དྲག་པ་འདུག གང་འདྲ་བྱས་ན་ཡོང་བ་འདུག གང་འདྲ་བྱས་ནས་བྱེད་དགོས་ཀྱི་འདུག་སོགས་བོད་དོན་དགག་སྒྲུབ་གཉིས་ཀྱི་ཐོག་ནས་བསམ་བློ་གཏོང་དགོས་པའི་གནད་དོན་དེ་ཚོ་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་མིན་ནམ་བསམ་གྱི་འདུག
མཐའ་དོན་ང་ཚོས་རྒྱ་ནག་དམར་པོའི་གཞུང་ལ་བསམ་ཤེས་དང་། གུ་བཤངས་བྱེད་ཀྱི་ཡིན། སྐད་ཆ་བཤད་ཀྱི་ཡིན་ཟེར་ནས་འཛམ་བུ་གླིང་ལ་སྒྲོག་བཞིན་པའི་དུས་འདིར། བོད་པ་ནང་ཁུལ་བོད་དོན་ཆེད་བསམ་བློ་མ་མཐུན་པ་ཏོག་ཙམ་བྱུང་བ་དང་། ༧གོང་ས་མཆོག་གི་མཚན་རྩ་ཆེན་པོ་དེ་ཐབ་ཕྱིས་ནང་བཞིན་བེད་སྤྱད་ནས་རང་དང་མི་མཐུན་པ་རྩ་མེད་བཟོ་ཐབས་བྱེད་པའི་ངོ་ཚ་ཁྲེལ་མེད་ཀྱི་ལས་ཀ་འདི་རིགས་མཚམས་འཇོག་བྱས་ན་ཡག་པོ་མེད་དམ་སྙམ།།
ང་ཚོས་རྒྱལ་བ་རིན་པོ་ཆེ་ཚང་ལ་བླ་མ་ཁྱེད་ཀྱི་གནང་ན་གནང་པ་རེད་མ་གཏོགས་ང་ཚོ་ལ་ཁྱེད་ལས་ལྷག་ཅིག་འཇོན་ཡ་མེད་ཟེར་བ་དེ་གཅིག་བྱས་གུས་བརྩུ་ཡིན་སྲིད་ལ་ཡིད་ཆེས་ཀྱང་ཡིན་སྲིད་། ཡིན་ན་ཡང་། རང་དབང་རང་བཙན་གྱི་འཐབ་རྩོད་ལོ་རྒྱུས་ལ་ལྟོས་པ་ཡིན་ན་རྒྱལ་བ་རིན་པོ་ཆེ་ལས་ལྷག་གཅིག་བྱེད་རྒྱུ་མེད་ཟེར་མཁན་དེ་དག་གིས་ལོ་རྒྱུས་ཀྱི་འོས་འགན་ལ་གཡོལ་ཐབས་བྱས་པ་དང་མི་རིགས་ཀྱི་འཐབ་རྩོད་ལ་འགན་མ་ཁུར་བ་རེད། ༼རང་བཙན་འཐབ་རྩོད་པ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཀྱི་གཏམ་བཤད་ཞིག་ལས་བཤུས། ༽
འཇིགས་བྲལ་བའི་ཡག་པོ་བཤད་འདུག ཚང་མ་ལ་གོ་རྟོགས་འདི་འདྲ་བྱུང་ན་བོད་མི་རིགས་འགྲོ་བ་མིའི་རིོགས་ཀྱི་གྲལ་མཐའ་ནས་ལང་ཐུབ་པའི་རེ་བ་ཡོད།
རེད་ད། དཔེ་ཡག་མོ་བྲིས་འདུག གཏམ་འདི་སྤྱི་འཐུས་སྤེན་པ་ཚེ་རིང་གི་ཞིབ་ཕྲ་ཉན་ནས་ལག་ལེན་ལ་འཁེལ་ན་ཡག་པོ་འདུག་དྲན་མ་གཏོགས་གཞན་་་་་་་ད་མི་བཤད་ཡ་་་་་་དེ་ནས་མཚམས་བཅས་དུས་ལ་བབ་ཚེ་འབྲི་རྒྱུ་ཡིན་འདའ།
སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཉིན་དེར་སྐད་ཆ་གལ་ཆེན་པོ་མང་པོ་བཤད་ཡོད་ཀྱང་། ཁྱེད་ཚོས་དུམ་བུར་སྒྲུག་ནས་ས་བསྒྲགས་གནམ་བསྒྲགས་བྱས་བ་དེའི་དམིགས་ཡུལ་གང་ཡིན་མི་ཤེས་བ་ཡོད་མ་རེད། ཀླུ་མཁར་བྱམས་ཡར་བཅག སྤེན་པ་ཚེ་རིང་མར་ལ་གཡུག དོན་དངོས་ཐོག་སྤེན་པ་ཚེ་རིང་ལ་ཉེས་བ་ག་རེ་ཡོད་དམ། རང་གི་རྩ་བའི་བླ་མར་དད་པ་བྱས་བ་ནོར་བ་རེད་དམ། སྔོན་ཆད་ཟམ་གདོང་རིན་པོ་ཆེ་ལའང་ཁྱེད་ཚོའི་ཕྱོགས་གཏོགས་ཀྱིས་སྐྱོན་འཛུགས་ག་ཚོད་བྱས་མེད་པ་རེད་དམ། ཡང་སྙིང་འདིའི་ནང་དུ་སྙིང་ནད་ཅི་ཞིག་ཡོད་དམ། སྐད་ཆ་མ་གསང་བར་དྲང་མོར་བཤད་ན་ཟམ་གདོང་རིན་པོ་ཆེ་དང་སྤེན་པ་ཚེ་རིང་གཉིས་ཀྱིས་༧གོང་ས་མཆོག་གི་གང་གསུངས་བ་མཆོད་པས་མཉེས་པར་བྱས་བ་དེར་མ་འདོད་པ་མིན་ནམ། ཁྱེད་ཚོའི་ཕྱོགས་གཏོགས་ཀྱིས་མི་མངོན་པའི་སྒོ་ནས་ངོ་རྒོལ་བྱེད་ས་ནི་༧གོང་ས་མཆོག་ཡིན་པ་ང་ཚོས་མི་ཤེས་བ་མ་རེད། དེ་མ་གཏོགས་ཁྱེད་ཚོའི་དཀའ་ངལ་ནི་རང་བཙན་མ་རེད་ལ་དབུ་མའི་ལམ་ཡང་མ་རེད། ཀླུ་མཁར་བྱམས་དང་པོར་རང་བཙན་ཟེར་ནས་ལངས་སྐབས་མི་མང་པོས་རྒྱབ་སྐྱོར་བྱེད་གི་ཡོད་ཀྱང་། ད་སྐབས་ཀླུ་མཁར་བྱམས་ནི་ཁྱེད་ཚོའི་ཕྱོགས་གཏོགས་ཀྱི་ལག་ཆ་ཞིག་ཡིན་པ་ཇེ་གསལ་ལ་འགྲོ་གི་འདུག
ཟམ་གདོང་བླ་མ་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་མི་བཏང་མཁན་ཞིག་ཡིན་པར་སྔོན་ནས་ཤེས་པའི་ཐོག་ནས་སྐྱོན་བརྗོད་བྱས་ཡོད་ན་ཡག་པོ་རེད། རྗེས་སུ་ཟམ་གདོང་བླ་མས་བོད་རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་མྱངས་མེད་ཟེར་ནས་བཤད་དུས་ཀྱང་སྔོན་ནས་སྐྱོན་བརྗོད་བྱས་མཁན་རྣམས་ལ་འགྱོད་པ་ཡོད་ཀྱི་མ་རེད། བསམ་བློ་སྔོན་ལ་བཏང་ན་མཁས་པ་ཡིན། འགྱོད་པ་རྗེས་སུ་སྐྱེས་ན་བླུན་པོ་ཡིན་ཟེར་བ་རེད།
སྤེན་ཚེས་རྩ་བའི་བླ་མ་ལ་དད་པ་བྱས་པར་ནོར་བ་མ་རེད། དད་པ་ལོག་སྤྱོད་བྱས་པ་ནོར་བ་རེད། དམངས་གཙོའི་ཆབ་སྲིད་ཀྱི་སྟིངས་ཆའི་སྟེང་དུ་དད་པ་ལོག་སྤྱོད་བྱས་ནས་སྲིད་དབང་སྒེར་གཅོད་བྱེད་བཞིན་ཡོད་པ་དེར་ནོར་བ་རེད། རྩ་བའི་བླ་མ་ལ་དད་པ་བྱེད་མིན་མི་སྒེར་སོ་སོའི་ཐོབ་ཐང་རེད། དད་པ་མི་འདུག་ཟེར་ནས་དབྱེ་འབྱེད་བྱས་པ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ལུགས་དང་འགལ་ཡོད། ཤེས་སོང་ངམ། ཆོས་དད་རང་དབང་རེད་ལ་་་བླ་དད་ཡང་རང་དབང་རེད། ཡིན་གཅིག་དད་པ་དགོས་ཟེར་ན་ཁྲིམས་འགལ་རེད།
རྩོམ་ཡིག་འདིའི་ནང་གནད་འགག་ཁག་ཅིག་བཀོད་འདུག་པས་བློ་སྒོ་འབྱེད་ཐུབ་ས་རེད།
བསྟན་རྣམ། ཁྱོད་ཀྱིས། ཁྱེད་ཚོའི་ཕྱོགས་གཏོགས་ཀྱིས་མི་མངོན་པའི་སྒོ་ནས་ངོ་རྒོལ་བྱེད་ས་ནི་༧གོང་ས་མཆོག་ཡིན་པ་ང་ཚོས་མི་ཤེས་བ་མ་རེད། ཟེར། ཁྱེད་ཚོའི་ཕྱོགས་གཏོགས་ཟེར་བ་དེ་སུ་ལ་གསུང་གི་ཡོད། དང་པོ་དེ་གསལ་པོ་བཟོས་ཤོག དེ་ནས་སྐད་ཆ་བཤད་ཆོག
དཔྱད་གླེང་ཞེ་དྲག་ཡག་པོ་གནང་འདུག། རྟོགས་སེད་པ་ཁྱེད་རྣམ་ཚོར་དགའ་བསུ་དང་རྒྱབ་སྐྱོར་ཡོད། ཟམ་གདོང་དང་སྤེན་ཚེ་ཅན་གྱིས་རྩ་བའི་བླ་མར་དད་པ་དང་དག་སྣང་གི་རང་ཉིད་ཀྱིས་ག་རེ་བྱེད་རྒྱུ་ཡོད་ན་དེར་དགག་བྱ་དགོས་དོན་མེད་ལ། དགག་མཁན་ཡང་ཡོང་ནི་མ་རེད། འོན་ཀྱང་རང་ཉིད་ཀྱིས་དད་པ་དང་དག་སྣང་གཞི་རྩར་བཞག་ནས་མི་གཞན་གྱི་རང་དབང་དང་འདོད་ཕྱོགས་ལ་བཀག་འགོག་བྱེད་པ་ནི་མང་གཙོའི་འགྲོ་སྟངས་དང་ཡོངས་སུ་འགལ་བ་རེད། ལྷག་པར་དུ་མི་ཆེན་དང་བླ་ཆེན་ག་གེ་མོའི་བཀའ་དང་འགལ་ཚུལ། དགོངས་པ་དང་མི་མཐུན་ཚུལ། ཟུར་ཟ་བྱས་ཚུལ། མཚན་སྨོད་བྱས་ཚུལ་བཅས་ཀྱིས་གཞན་ལ་གནོད་ཤུགས་སྤྲད་པ་ནི་སྲིད་དབང་སྒེར་སྤྱོད་ཀྱི་བྱ་ཐབ་ཞིག་ཀྱང་རེད། དད་པ་ལོག་སྤྱོད་ཀྱི་བྱ་བ་ཨ་ན་མ་ན་དེ་དག་རེད། མ་གཞི་ནས་ཆབ་སྲིད་ཀྱི་གླེང་ར་ན་བླ་མ་དང་དད་པ་སོགས་ཀྱི་ཆེ་བ་བཤད་སྡད་པ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་དང་འགལ་སོང་བ་རེད།
མདོར་ན་རང་བཙན་འཐབ་རྩོད་པ་ཡིན་མདོག་བསྟན་མཁན་ཚོ་ཆེས་མི་དགའ་ས་ནི་༧ གོང་ས་མཆོག་དང་ཟམ་གདོང་བླ་མ་དཀོན་མཆོག་གོང་ཕུད་བཞག་པ་དེ་ཡིན་པ་གསར་པོ་རེད། ཆོས་དང་དད་པ་མཉམ་སྲེས་བྱེད་རྒྱུ་མེད་པར་བཤད་པའི་ནང་དོན་ངོ་མ་ནི་ལྷ་མེད་སྨ་བའི་གུང་བྲན་གྱི་ལྟ་བ་ཧ་ཅང་ཡག་པོ་རེད་ཟེར་གྱིན་ཡོད་རེད། ངས་བལྟས་ན་ཁྱོད་ཚོ་ཕར་རིར་སླེ་བོ་དང་ཚུར་རུ་ལྕི་བ་མེད་པའི་ཁ་ཕོ་སྒྲོགས་ཤེས་པ་ཙམ་རྐྱང་པ་རེད་འདུག
ཨེ་་གདོང་ནག་་་ཆོས་དང་དད་པ་མཉམ་སྲེས་བྱེད་ཀྱི་མེད་ཅེས་སུས་བཤད་འདུག་གམ། དང་པོར་ཡག་པོ་ལྟོས། དེ་ནས་ཤོད། གཞན་དོན་མེད་བྷ་བྷ་ཅིག་བཤད་སྡོད། ལྷ་ཡོད་མེད་སྐད་ཆ་ཞིག་སུས་བཤད་འདུག་གམ། སྟོན་གྱི་ཡོད་པེ།
ཕར་རིར་སླེ་བོ་ཡང་མགོ་མ་ཚུད། ཚུར་རིའི་ལྕི་བ་ཡང་མིག་གི་མ་མཐོང་བའི་ལོང་བ་དེ་ཁྱོད་རང་རེད།
ཆོས་དད་དང་ཆབ་སྲིད་ཅེས་བཅོས་རོགས།
མ་གཞི་ཁྱོད་ཚོ་དངོས་གནས་རང་བཙན་འཐབ་རྩོད་པ་ཡིན་ན་བོད་ནང་དུ་སོང་ནས་རྩོད་དགོས་པ་ལས་རྡ་སའི་རི་སྒང་དུ་འབྲས་རྡ་ལིས་གྲོད་པ་རྒྱག་དུས་བོད་མི་སྒྲིག་འཛུགས་ཀྱི་གཞུང་དང་༧ གོང་ས་མཆོག ཟམ་གདོང་བླ་མ། གཞུང་གི་དབུ་ཁྲིད་ཁག་ལ་ཁ་བཏང་ནས་སྣང་བ་དྲན་བྱས་ནས་ཅི་ཕན། ཁ་རོ་ལ་གཏད་ནས་ངུ་ཟུག་རྒྱག་དགོས་པ་ལས་གྱང་ལ་གཏད་ནས་ངུ་ཟུག་རྒྱག་མཁན་ཁྱོད་ཚོ་མིན་་པ་སུ་ཞིག་ཡོད།
རྡ་སའི་རི་སྒང་ནས་སྤྱིའི་རྒྱུ་ལྐོག་ཟ་བྱས་ནས་གྲོད་པ་རྒྱག་པའི་མ་ཚད་ཕག་པའི་གྲོད་པ་འདྲ་ཞིག་ཁུར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གི་རང་སྐྱོང་བརྩད་པ་ལས་བོད་ནང་དུ་འགྲོ་ནས་དབུ་མ་ལམ་མི་བརྩད་དོན་ཅི་རེད་དམ།
གདོང་ནག་པོ་ཕག་པའི་གདོང་འདྲ་བ་དེའི་ཁ་རང་ལ་བསྐོར་ནས་བསམ་བློ་ཐོངས། དབུ་མའི་ལམ་དང་དབུ་མའི་ལམ་ཟེར་ནས་རྡ་སའི་རི་སྒང་ན་འཕག་འཚག་བརྒྱབ་བསྡད་ལས་བོད་ནང་དུ་འགྲོ་མཁན་མི་འདུག་ག རང་བཙན་བརྩད་ན་བོད་ནང་དུ་བརྩད་མཁན་འགྲོ་དགོས་ཡ་དང་རང་སྐྱོང་བརྩད་ན་མི་དགོས་པའི་ཁྱད་པར་ག་རེ་ཡོད་དམ།་་་་ཧཧ
གཞན་ལ་བལྟ་བའི་མིག་ཡོད་ཀྱང་། རང་ཉིད་བལྟ་ན་མེ་དགོས་ཟེར་ལེ་རེད་་་ཀོ་་་་གདོང་ནག
བེ་རེ་གདོང་ནག་ཟེར་བས། ཆོས་དང་ཆབ་སྲིད་མཉམ་སྲེས་བྱེད་རྒྱུ་མེད་པར་བཤད་པའི་ནང་དོན་ངོ་མ་ནི་ལྷ་མེད་སྨ་བའི་གུང་བྲན་གྱི་ལྟ་བ་ཧ་ཅང་ཡག་པོ་རེད་ཟེར་གྱིན་ཡོད་རེད། ཟེར། ཆོས་ནི་ཐར་པ་སྒྲུབ་ཐབས་དང་། སྲིད་ནི་འཁོར་བ་སྒྲུབ་ཐབས་རེད། དེ་ལ་ཐེ་ཚོམ་རྩ་ནས་མེད། དེས་ན་གུང་ཁྲན་གྱི་ལྟ་བ་དེ་ཡང་ཧ་ཅང་སྡུག་ཅག་རང་མིན་པ་འདྲ། དེ་གཉིས་ནི་དམིགས་ཡུལ་མི་འདྲ་བ་གཉིས་ཡིན་པ་དང་། ཐབས་ལམ་ཡང་མི་འདྲ་བ་གཉིས་སོ་སོ་ཡིན་པ་ལ་ཡིན་པར་ཤེས་འདུག་ཨང་།
ངས་ནི་འདིར་དབུ་མ་རང་བཙན་གྱི་རྩོད་པ་གང་ཡང་རྒྱབ་མེད། དེ་ལས་ལྡོག་ནས་དབུ་རང་གཉིས་ཀྱི་བར་དུ་འགྲོ་བཞིན་པའི་མང་གཙོ་གཏོར་བཤིག་གི་ལས་ཀ་འགའ་ངོ་སྤྲོད་ཙམ་བྱས་ཡོད།
ནོར་འདུག་ན་ནོར་བཅོས་གནང་རོགས།
ད་དུང་དྲི་བ་འགའ་ཞུས་ཡོད། ལན་ཡོད་ན་གནང་རོགས།
བོད་རང་བཙན་བརྩད་མཁན་བོད་ནང་དུ་འགྲོ་དགོས་དོན་མེད། བོད་རྒྱལ་ཁབ་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་དེབ་སྐྱེལ་བྱེད་ཐུབ་མིན་ཐུག་ཡོད། བོད་རྒྱལ་ཁབ་ཀྱི་རྒྱལ་དར་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་ཀྱི་རྒྱལ་ཁབ་ཁག་གི་རྒྱལ་དར་གྱི་མཉམ་དུ་སློང་ཐུབ་མིན་ལ་ཐུག་ཡོད། ཤེས་སོང་ངམ།
ལྷག་པ་ཏུ་སྡར་མ་བྲོས་འབྱོར་བ་ང་ཚོ་ལྟ་བུ་བོད་ནང་དུ་རང་བཙན་བརྩད་མཁན་འགྲོ་དགོས་དོན་མེད། རྒྱལ་གཅེས་བོ་དང་དཔའ་མོ་ཁྲི་ཕྲག་མང་པོ་ཡོད། ཁོང་རྣམས་པ་ལས་ལྷག་གི་དཔའ་ངར་ལྡན་པའི་རྒྱལ་གཅེས་པ་ཞིག་བྲོས་འབྱོར་བའི་ནང་དུ་མེད། རྒྱ་དམར་པོའི་མེ་མདའི་འོག་ཏུ་རང་བཙན་བཤད་ས་མེད། བཤད་ན་རང་སྲོག་ཤོར་གྱི་ཡིན།་་་་གདོང་ནག་པོ་ཡིན་པའི་མ་ཚད་སྙིང་ཡང་ནག་པོ་ཡིན་ཟོལ་འདུག་ག
བོད་དར་ཁུར་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་དེབ་སྐྱེལ་བྱེད་དུ་མི་ལོ་ལྔ་བཅུ་ལྷག་གི་རང་ལ་འགྲོ་ཐུབ་མེད་ན། ད་ནི་འགྲོ་འདོད་ཡོད་རུང་ངོ་ཚ་དགོས་ཞིག་མིན་ནམ། མ་མིན་མེད་ཀྱི་དགག་སྒྲ་ཙམ་སྦྱོར་ཤེས་བ་ལས། གཞན་ཆོས་སྲིད་གཉིས་ལ་ཕུག་རྒྱང་མེད་པའི་ཅོལ་གཏམ་ཙམ་ལས་མྱི་འདི་ཚོ་ལ་བཤད་རྒྱུ་མེད།
རྩོམ་ཡིག་འདི་འདྲ་བྲིས་ན་ཕན་ཐོགས་འདུག
རྒྱ་སར་འགྲོ་ངོ་མ་དབུ་ལམ་པ་ཚོ་འགྲོ་དགོས་ནི་རེད། རྒྱ་དམར་དང་མཉམ་འགྲོ་མཉམ་འདུག། རྒྱ་དམར་དང་མཉམ་ཟ་མཉམ་འཐུང་གི་འཚོ་བ་སྐྱེ་རྒྱུ་ཡིན་ལབ་ནི་མ་རེད་དམ། རང་བཙན་པས་ནི་རྒྱ་སར་འགྲོ་རྒྱུ་མིན། རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད་ནི་རེད། རྒྱ་བོད་མཉམའགྲོ་མཉམ་འདུག་མི་ཡོང་། ཟེར་ནི་རེད་དང་། དབུ་ལམ་པ་ཚོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ཏུ་ད་་་་རྒྱུགས་ཤིག། རྒྱ་དམར་གྱིས་ཁྱེད་ཚོར་བསུ་མ་གྲ་སྒྲིགས་ཨ་སར་འདུག་ཟེར་གྱིན།
རྡ་ས་རི་སྒང་གི་འབྲས་དྷར་དེ་ཚང་མ་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་གཅིག་པུའི་ཨེ་ཡིན་ནམ། མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་རོགས་ཚོགས་དང་ནུབ་ཕྱོགས་ཀྱི་སྐྱོབ་གསོ་དེ་ཚོ་ག་པར་ཕྱིན་པ་ཡིན་ནམ། རྒྱལ་ཚོགས་ཀྱི་རོགས་སྐྱོར་དང་ནུབ་ཕྱོགས་ཀྱི་སྐྱོབས་གསོ་ནི་༧ཏཱ་ལའི་བླ་མ་དང་བཙན་བྱོལ་སྒྲིག་འཛུགས་མེད་སའི་འཛམ་གླིང་སྐྱབས་བཅོལ་ཚང་མར་འདྲ་འདྲ་ཐོབ་འདུག་ལ་དེ་ལས་ལྷག་ཅིག་མེད་ན་ཡང་ཉུང་བ་ནི་ཡོད་ཚོད་མི་འདུག། ད་དུང་ཨ་རིས་ལོ་རེར་ཨ་སྒོར་ས་ཡ་ག་ཚོད་འདུག། དགའ་ལྡན་ཕོ་བྲང་བླ་བྲང་རང་ལ་ག་ཚོད་ཕུལ་འདུག། འདི་༧ཏཱ་ལའི་བླ་མ་གཅིག་པུ་དང་བཙན་བྱོལ་སྒྲིག་འཛུགས་གཅིག་པུར་དམིགས་པ་ཞིག་ཨེ་ཡིན་ནམ། འདི་གཞིས་བྱེས་གཉིས་ལ་དམིགས་པ་ཞིག་མིན་ནམ། ད་དུང་ཨ་རིས་ལོ་རེར་ས་ཡ་མང་པོ་སྤྲད་ཀྱིན་དགོས་དམིགས་དེ་ཨ་རིའི་མིག་ནང་གི་ཐལ་རྡུལ་དེའི་ཁ་གཏད་ཀྱི་ལག་ཆ་ཡོད་ན་གཅིག་བོད་རེད། འདི་ནི་དེ་སྔོན་ཨེ་རླུང་སྒེར་གཅོད་ཀྱི་རྙོག་དྲ་དེའི་བྱེད་གཏེ་ཚོར་གྲོས་ཚོགས་རང་གི་མཐུས་མི་ཞིག་གིས་ཁ་གསལ་པོའི་ཐོག་རྒོལ་གཏམ་བཏང་བ་དྲན་གྱི་ཨེ་འདུག། གནས་དོན་འདི་འདྲའི་སྐབས་སུ་འགྲོ་གྲོན་དགོས་དམིགས་ལ་མ་བཏང་བར་ཕྱིན་ཅི་ལོག་ཏུ་བཏང་ན་ག་ལེར་ཆད་འགྲོ་རྒྱུ་གཏན་འཁེལ་རེད། དེས་ན་རྡ་སའི་རི་ངོགས་ཀྱི་འབྲས་དྷར་དཀོན་མཆོག་གསུམ་པོ་གཅིག་པུས་གནང་བ་རེད་ཟེར་ན། འཇིག་རྟེན་བཀོད་པ་པོའི་འདོད་ཚུལ་དང་འདྲ་བས་རྒྱུ་འབྲས་ཀྱི་རྣམ་གཞག་སོ་སོར་ཇི་ལྟར་འགྲེལ་རྩིས་ཡོད་དམ།
སྤྱིའི་ཆ་ནས་རྩོམ་འགྲོས་ལེགས་ཙམ་འདུག་ལ་དཔྱད་པ་ཡང་ཉེ་ཆར་དགག་རྩོམ་སྤེལ་རེས་ཀྱི་ནང་ནས་ཅུང་ལེགས་ཙམ་འདུག འོན་ཏེ་དང་ཐོག་ནས་རང་གི་མཐུན་ཕྱོགས་ལ་འཐེན་ཤུགས་ཆེ་བའི་ངར་ལྕགས་ཚ་པོ་ཞིག་འཁྱེར་འདུག་པ་མ་ཟད་འུར་རྒྱག་གི་གཡའ་དྲི་ཡང་གང་མཚམས་འདུག་སྙམ། རྒྱུ་མཚན་ཁྱེད་ཅག་གི་ལྟ་ཕྱོགས་གཅེས་འཛིན་ཅན་ཁག་གཅིག་གིས་ཕྱོགས་གཅིག་ནས་༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་གི་མེད་ཅེས་དག་འབུད་བྱེད་ཁུལ་ཡང་ཕྱོགས་གཞན་ནས་མང་ཚོའི་ལུགས་སྲོལ་ནང་སྐྱོན་བརྗོད་ཞུ་མ་ཆོག་པ་མེད་པའི་རྒྱུ་མཚན་མང་དག་སྒྲོག་མཁན་ཡང་ཁྱེད་ཅག་རེད། ཡང་དད་དམ་སྐྱོང་བའི་སྐྱེ་བོ་ཚོར་མ་འགྲིགས་མ་འཐུས་པ་ས་སྒྲོག་གནམ་སྒྲོག་བྱེད་ཀྱིན་དུ་སོ་སོར་གཞན་གྱི་སྐྱོན་བརྗོད་བྱས་ན་སྡུག་སྐད་ལུང་པ་གང་རྒྱག་མཁན་ཡང་ཁྱེད་ཅག་རེད། ཡང་དབུ་མའི་ལམ་གྱིས་བོད་བཙོངས་པ་རེད། རྒྱ་གུང་ཁྲན་ལ་མགོ་བཏགས་ཞུས་པ་རེད་ཟེར་བ་སོགས་༸གོང་ས་མཆོག་ནས་ལམ་སྟོན་དང་བོད་རྒྱ་ཆེའི་མི་མང་གི་མང་མོས་འོས་ཐོབ་བྱུང་བའི་དབུ་མའི་ལམ་ལ་ཁ་འགུལ་ཚད་ཚང་མར་སྐྱོན་བརྗོད་གང་འདོད་བྱེད་ཆོག་ལ་རང་བཙན་འཐབ་རྩོད་པ་ཚོས་རང་བཙན་རྩོད་ས་དེ་ལ་རྩོད་རོགས་ཞེས་སྐྱོན་བརྗོད་བྱེད་པ་དེ་མང་གཙོའི་ལམ་སྲོལ་དང་མི་འགྲིགས་མི་མཐུན་ཚུལ་ས་རུབ་པ་ནང་བཞིན་བྱེད་མཁན་ཡང་ཁྱེད་ཅག་རེད། དེར་བརྟེན་ཁོ་བོའི་བསམ་པར་སོ་སོའི་འདོད་ཕྱོགས་ལ་གཞན་གྱི་བསམ་ཤེས་དགོས་ན་གཞན་གྱི་འདོད་ཕྱོགས་ལའང་དེ་མཚུངས་་རང་ཉིད་ནས་གུ་ཡངས་དགོས་ངེས་ཡིན། གནའ་མིའི་གཏམ་དཔེར། ཕར་རྡོ་མ་གཞུས་ན། ཚུར་ས་རྒོག་མི་ཡོང་། ཟེར་བ་ལྟར་མ་རེད་པས།།
ཧཧཧཧཧ་་་་་མཆན་བཀོད་ཆེ་གེ་མོ་ཞིག་ནས་རང་བཙན་རྩོད་མཁན་རྣམས་རྒྱ་ནག་ལ་འགྲོ་དགོས་རྒྱུ་དང་དབུ་མའི་ལམ་ནས་བོད་རྒྱ་མཉམ་སྡོད་ལ་ཡུལ་གྱར་སྡོད་ནས་འགྲིག་ཀི་ཡོད་རབས་བཤད་འདུག་་་་་་་ཀི་ཧི་ཧི་་་་་ད་སྨྱོ་ཆང་འཐུང་ནས་སྨྱོ་ལབ་རྒྱག་ཀི་འདུག་ཡ་་་་་་་་
ཆང་གིས་སྨྱོ་ནས་ཡིན་ས་མ་རེད། ཟམ་གདོང་བླ་མའི་དཀོར་ཁུ་ལྡག་མང་སོང་ནས་འདི་འདྲ་བཤད་ཀྱི་ཡོད་ས་རེད། གདོང་ནག་པོ་ཆགས་ནས་ཕག་སྤུ་སྐྱེས་རན་བསྡད་ཡོད་ས་རེད། མི་འདི་ལ་ངོ་ཚ་དང་ལ་རྒྱ་ཟེར་བ་ཤིག་མི་འདུག རང་གཟུགས་དངོས་སུ་སྟོན་ནས་བསླེབས་ན་ལྟད་མོ་དེར་དུས་མཐོང་འོང་གི་རེད། མི་ཚེའི་ལོ་རྒྱུས་ཀྱི་ཐོག་ནས་རྩིས་རྒྱབ་འདོད་ཡོད། ད་དུང་ལྟོས་དང་་་ཟ་ལེ་རྒྱ་ཡི་རྐུབ་ལ་ལྕེ་ལྡག་ཡང་རྒྱབ་བཞིན་འདུག་་་་ཧཧ
བོད་མི་ས་ཡ་དྲུག་ལ་ལམ་སྟོན་དང་རེ་བ་སྤྲོད་མཁན་༧གོང་ས་མཆོག་ལ་མངོན་ལྐོག་གང་རུང་ནས་རྒོལ་བ་བྱེད་བཞིན་ཡོད་ཀྱང་ད་དུང་མེད་ཚུལ་བཤད་པའི་དགོས་པ་རྒྱུ་མཚན་ཅི་ཡིན་ནམ། ཀླུ་མཁར་བྱམས་ཀྱིས་ང་ཚོའི་ཁོག་པའི་ནང་གི་སྙིང་ལྟ་བུའི་བསམ་བློའི་ཚབ་མཚཽན་༧གོང་ས་མཆཽག་ལ་རྡོ་དང་དབྱུག་པས་གཞུས་ན་ང་ཚོས་ཁོས་བྱེད་སྤྱོད་ལ་སྐྱོན་བརྗོད་ཀྱང་བྱས་མི་ཆོག་པ་རེད་དམ། དེས་ན་ང་ཚོའི་སྨྲ་བརྗོད་རང་དབང་གང་དུ་སོང་བ་རེད་དམ། རང་བཙན་རྩོད་མཁན་ཚོས་དབུ་མ་པ་ཚོར་ཁྱི་དང་ཕག་ཟེར་ནས་ཁ་རྡུང་དང་དཀྲོགས་གཏམ་འབྲུག་སྒྲ་ལྡིར་བ་ལྟར་བྱས་ཆོག་ན་ལམ་དབུ་མར་འགྲོ་མཁན་ཚོས་རང་བཙན་རྩོད་མཁན་ཚོར་སྐྱོན་བརྗོད་བྱས་མ་ཆོག་པ་ག་རེ་ཡིན་ནམ། བོད་མི་མང་གིས་ཁྱེད་ཚོ་མི་ཐབས་ཆག་དེ་འདྲར་རེ་བ་རྒྱབ་ནས་ག་རེ་ཡོང་རྒྱུ་ཡོད་དམ། རང་ཁ་ཡང་མི་སོས་མཁན་དང་མི་ཚེའི་ནང་དོན་དག་ཆེན་པོ་གཅིག་ཀྱང་སྒྲུབ་མ་མྱོང་མཁན་དེ་ཚོས་ཚེ་གང་བོར་འཛམ་གླིང་ཀུན་ཏུ་ཞབས་ཀྱི་བཅག་ནས་སློང་མོ་བྱས་ཏེ་དཀའ་ལས་བརྒྱབ་མཁན་ལ་འདི་འགྲིག་མི་འདུག གན་འགྲིག་མི་འདུག་ཟེར་བའི་ཐོབ་ཐང་ཞིག་གང་ནས་སླེབས་པ་རེད། ཀླུ་མཁར་བྱམས་ཟེར་བ་དེར་གཅིག་ལྟོས་དང་། ཁ་འབྲུག་འདྲ་ཞིག་ལྡིར་ལག་ལེན་སྟོང་པ་སྟོང་རྐྱང་ཡིན་པ། ཀླུ་མཁར་བྱམས་ཟེར་བ་དེ་སྲིད་སྐྱོང་ལ་སླེབས་ཚེ་བོད་མི་ནང་ཁུལ་འཐོར་རྒྱུ་ཡིན་པ་ཚིག་ཐག་ཆོད་པའི་བཤད་ཆོག་གི ད་ལྟ་བར་དུ་༧གོང་ས་མཆོག་གི་ནུས་སྟོབས་དེས་ང་ཚོ་རྡོག་ལ་འགྲིལ་ཡོད་པ་ལས་སུ་ལའང་ནུས་པ་དེ་མེད་པ་རེད། ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་བྱེད་མཁན་ཚོས་མཇུག་འབྲས་ལ་བསམ་བློ་གཏོང་དགོས་རེད། གལ་སྲིད་ཁོ་ལྟ་བུ་ཞིག་སླེབས་པ་ཡིན་ན་དང་པོ་གངས་སྐྱིད་ཀྱི་ལས་བྱེད་ཚོའི་ནང་ནས་ངོ་རྒོལ་འབྲུག་འདྲ་ཞིག་ཡོང་རྒྱུ་གཅིག་པུ་མ་ཡིན་པར་གངས་སྐྱིད་ནས་གནས་ཐུབ་རྒྱུ་མིན་པ་ཐག་གིས་ཆོད། ཀླུ་མཁར་བྱམས་ཀྱི་འགན་ཁུར་མེད་པའི་ཁ་བདག་མེད་དེས་མང་ཚོགས་ནང་འཁྲུག་རྐྱེན་སློང་རྒྱུ་མ་ཟད། ངོ་རྒོལ་རིམ་པར་ཡོང་རྒྱུ་རེད། ཁོ་ལྟ་བུ་སྤྱི་ཚོགས་ནང་འཁྱམ་ཉུལ་སྐབས་ཁ་ལ་བདག་པོ་མ་རྒྱག་ཀྱང་མི་ཚོས་མི་སྨྱོན་པ་ཞིག་རེད་ཟེར་ནས་ཡ་ལན་བྱེད་ཀྱི་མེད་ཀྱང་། སྲིད་སྐྱོང་ཞིག་གི་རྐུབ་སྟེབས་ལ་སླེབས་ན་ངོ་བོར་འགྱུར་བ་ཐེབས་ཡོད་རེད། དེའི་དུས་ཁོས་ཁ་བདག་པོ་མ་རྒྱབ་ན་ངོ་ཚ་ཉོ་གི་རེད། ལས་བྱེད་ཚོས་སྲིད་སྐྱོང་ལ་རོ་འདྲ་ཞིག་རྡུང་ཞག་ཟེར་ན་བོད་མིའི་མཚན་ཤས་རེད། དེ་བས་མི་དེ་སྔ་ས་ནས་དངོས་གཞིའི་འོས་མ་ཐུབ་ན་ཡག་གི་རེད། ང་སྒེར་ནས་ཁོང་ལ་རྩོད་དགོས་རྒྱུ་ཅང་མེད་ཀྱང་། སྤྱི་བའི་དོན་ལ་བསམ་བློ་བཏང་ན་འདི་ཚོ་འགྲིག་གི་མེད་པ་རེད།
ཨ་ལས་སྤྱི་པའི་དོན་དག་དེ་དེ་འདྲ་ཞིག་ཡིན་པ་འདྲ། བོད་མི་རིགས་སྤྱི་འབངས་ཀྱི་ལྷན་སྐྱེས་རང་བཞིན་ཐོབ་ཐང་དེ་བརྩད་ན་སྨྱོན་པ་རེད་ཟེར། སྟོང་པ་རེད་ཟེར། བཀའ་བཀའ་དྲིན་ལོག་འཇལ་རེད་ཟེར། ད་འོ་ན་ཀྲུང་གོའི་མི་སེར་བྱེད་རྒྱུ་དེ་སྤྱི་པའི་འོས་འགན་དང་ལས་འགན་ཨེ་རེད།
བགྲོ་གླེང་ཆེད་དུ་འཛུལ་གྱི་ཡོད།
ཞོལ་གཡག་འབྲོང་རྒྱུད་ལགས། ཁྱེད་ཀྱི་ཉོན་ཨ། ངས་ད་བར་དུ་རྒྱལ་སྤྱི་གསར་ལམ་ཁག་ཏུ་བོད་སྐོར་གྱི་གནས་ཚུལ་དོ་སྣང་བྱེད་སྐབས། Tibet དང་Tibetan གཉིས་ལ་ཁྱད་པར་འདུག དཔེར་ན། BBC་, CNN, The Guardian, Financial Times, Time Magazine, Washington Post, New York Times, བཅས་ཀྱི་ནང་དུ་བཀོད་པའི་བོད་སྐོར་གྱི་གསར་འགྱུར་དང་ཨ་རི་དང་། དབྱིན་ཇི། རྒྱ་གར་བཅས་ཀྱི་རྒྱལ་ཁབ་གཞུང་གི་ཡིག་ཚང་རྣམས་རེད། གྲགས་ཆེན་གྱི་གསར་ཤོག་དང་བརྙན་འཕྲིན་ཁང་། རྒྱལ་ཁབ་ཀྱི་ཡིག་ཚང་འདི་དག་གིས་Tibet ལབ་དུས་ཕྱི་ལོ་༢༠༡༢ ནས་༢༠༤༩ བར་གྱི་བོད་དགའ་ལྡན་ཕོ་བྲང་གི་ཐད་ཀར་འཛིན་སྐྱོང་འོག་ན་ཡོད་པའི་ས་ཁུལ་ཁག་ལབ་ཀྱི་ཡོད་པ་དང་། Country Profile ནང་དུ་ཨ་མདོ་ཆ་ཚང་དང་མདོ་སྟོད་ཀྱི་སུམ་ཆའི་གཉིས་ཙམ་གྱི་ས་ཁུལ་དེ་དག་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ནང་དུ་ཟུར་ཙམ་མེད། དེ་མ་ཟད་དེང་སྐབས་ཀྱི་ཁོང་ཚོའི་གསར་འགོད་ནང་དུ་Tibet ཟེར་ན་རྒྱལ་སྤྱིའི་ངོས་འཛཱིན་ཡོད་པའི་བོད་དེ་མ་གཏོགས་ཨ་མདོ་དང་ཁམས་པ་ཚོ་མེད་པ་རེད། ཡིན་ནའང་Tibetan ཟེར་དུས་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་ཨ་མདོ་དང་ཁམས་པ་ཚོར་གོ་གི་ཡོད། དེས་ག་རེ་བཤད་ཀྱི་ཡོད་རེད་ལབ་ན་རྒྱལ་སྤྱིའི་ལོ་རྒྱུས་དང་ཁྲིམས་ཀྱི་ནང་དུ་ཨ་མདོ་དང་ཁམས་པ་ཚོ་རིག་གཞུང་ཁྱབ་ཁོངས་ནང་ཡོད་པ་མ་གཏོགས་ཆབ་སྲིད་ཀྱི་ཆབ་ཁོངས་ནང་མེད་པ་རེད། གསལ་པོར་བཤད་ན་ཨ་མདོ་དང་ཁམས་པ་ཚོ་བོད་ཅེས་པའི་རྒྱལ་ཁབ་ཀྱི་མི་སེར་རམ་ཁོངས་གཏོགས་ནང་མེད་པ་དེ་རེད། མ་འོངས་པར་བོད་ཆོལ་ཁ་གསུམ་རང་དབང་རང་བཙན་ལ་རྒྱ་ནག་གཅིག་པུ་མ་ཡིན་པར་རྒྱལ་སྤྱིའི་ཐོག་ནས་ཀྱང་ནམ་ཡང་ཁས་ལེན་གྱི་མ་རེད། ཁས་ལེན་དགོས་པའི་ལོ་རྒྱུས་དང་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་གཞི་འཛིན་ས་མི་འདུག འདིའི་སྐོར་ལ་སྐུ་ངོ་འཇུ་ཆེན་ཐུབ་བསྟན་གྱིས་རང་བཙན་བརྩད་ན་ཨ་མདོ་དང་ཁམས་པ་མང་ཆེ་ཤོས་ལ་འབྲེལ་བ་གང་ཡང་མེད་པར་གསུངས་པའང་འདི་ལ་ཐུག་གི་ཡོད། ཁྱེད་རང་ཚོས་སྐུ་ངོ་འཇུ་ཆེན་ཐུབ་བསྟན་དང། རྒྱ་རི་རིན་པོ་ཆེ། ཨ་ལགས་འཇིགས་མེད། ཟམ་གདོང་རིན་པོ་ཆེ་སོགས་ཀྱིས་རང་བཙན་རྩོད་དགོས་རེད་ཟེར་བའི་ཚིག་གཅིག་ལུང་འདྲེན་ཨེ་ཐུབ། ད་སྐབས་རྒྱལ་ལོ་དོན་གྲུབ་ཧོན་ལོག་ནས་གཞོན་ནུ་ཚོགས་པར་རང་བཙན་རྩོད་དགོས་རེད་ཟེར་ནས་སྨྱོ་བཤད་རྒྱག་གི་འདུག ད་སྐུ་ངོ་ཧོན་ལོག་པ་འདྲ།
རང་བཙན་རྩོད་མཁན་ཚོས་འདི་དག་ལ་ལན་ཞིག་རྒྱག་ཐུབ་བམ། འཛམ་གླིང་གི་རྒྱལ་ཁབ་སུ་གང་གིས་ཀྱང་ཨ་མདོ་བ་ཚོ་དང་ཁམས་པ་ཚོ་བོད་ཀྱི་རིག་གཞུང་གི་ཁྱབས་ཁོངས་ཤིག་ཡིན་པར་བཤད་ཀྱི་ཡོད་ཀྱང་། ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་དུ་འདུས་བ་ཞིག་སུ་གང་གིས་ཀྱང་ཁས་ལེན་གྱི་མེད། དེར་མ་ཟད་དེང་རབས་འཛམ་གླིང་གི་ས་ཁྲ་གྲགས་ཆེན་དང་། དཔེ་དེབ་གྲགས་ཆེན། གསར་ཁང་གྲགས་ཆེན། རྒྱལ་ཁབ་ཀྱི་ཡིག་མཛོད་གྲགས་ཆེན་གང་དུའང་ས་ཁུལ་འདི་དག་བོད་ཀྱི་རིག་གཞུང་གི་ཁྱབ་ཁོངས་ཤིག་ཡིན་པ་ལས་ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་ཡོད་པ་ཞིག་གསལ་གྱི་མེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་འཇམ་དབྱངས་ནོར་བུས་ལོ་ངོ་དུ་མར་རྒྱལ་སྤྱིའི་ཡིག་ཚང་ཁག་ཏུ་ས་ཁུལ་འདི་དག་བོད་ཀྱི་ཆབ་སྲིད་ཀྱི་ཁོངས་ཡིན་པའི་ཡིག་ཆ་ཤོག་ལྷེ་གཅིག་ཕར་བཞག ཐ་ན་ཚིག་ཕྲེང་ཞིག་ཀྱང་རེག་མེད་པ་རེད། དེ་ལྟར་ཡིན་ཡང་གནའ་བའི་ཡིག་རྙིང་རིགས་ཀྱི་ནང་དུ་ད་སྐབས་ས་ཁུལ་འདི་དག་བོད་བཙན་པའི་ཁྱབ་ཁོངས་ཤིག་ཡིན་པ་བསྟན་མྱོང་ཡོད། དཔེར་ན་ཐང་ཡིག་གསར་རྙིང་གཉིས་རེད། དེབ་དེ་གཉིས་ནང་གི་བརྗོད་དོན་དེ་དག་འདས་པའི་ལོ་རྒྱུས་ཤིག་ཡིན་པ་ལས་དེང་དུས་ཀྱི་འཛམ་གླིང་གི་ཆབ་སྲིད་འཁོར་ཡུག་འདིའི་ནང་དུ་མ་འོངས་པའི་བོད་ཀྱི་འཕེལ་ཕྱོགས་ཤིག་དང་ཐོབ་ཐང་ཞིག་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་ཀྱང་ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད། རྒྱལ་བ་རིན་པོ་ཆེ་དང་། རྒྱ་རི་རིན་པོ་ཆེ། མཁས་དབང་ཟམ་གདོང་རིན་པོ་ཆེ། མཁས་དབང་བློ་བཟང་སེང་གེ སྐུ་ངོ་སྤེན་པ་ཚེ་རིང་སོགས་ཀྱིས་དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་དགོས་པའང་འདི་ལ་ཐུག་ཡོད། ཤེས་མ་ཤེས་བར་ནས་ཉོག་གཏམ་མང་པོ་བཤད་ན་མི་འགྲིག བོད་པ་རང་གི་ལོ་རྒྱུས་ནང་གི་ནོར་འཁྲུལ་དེ་དག་གིས་ད་སྐབས་ང་ཚོར་ཚུར་འགྲེལ་བཤད་རྒྱག་གི་ཡོད་རེད། རང་བཙན་པ་འགོ་ཁྲིད་སུ་གང་གིས་ཀྱང་བོད་ཁམས་ཡོངས་རྫོགས་རང་དབང་རང་བཙན་ལ་ཁྲིད་ཐུབ་པའི་རྒྱུ་མཚན་ཞིག་ད་བར་གསུང་ཐུབ་མེད། སྐད་གྲགས་ཆེ་ཤོས་ནི་འཇམ་དབྱངས་ནོར་བུ་དང་། ལྷ་བཟང་ཚེ་རིང་། ཀླུ་མཁར་བྱམས་སོགས་རེད་ལ། མི་འདི་ཚོས་བོད་མི་མང་ལ་ཆོལ་ཁ་གསུམ་རང་དབང་རང་བཙན་རེག་ཐུབ་པའི་བློ་འགུག་ཅིག་བྱེད་ཐུབ་མེད། ལྷག་པར་དུ་འཇམ་དབྱངས་ནོར་བུའི་རང་དབང་རང་བཙན་གྱི་ཁུངས་སྐྱེལ་དེ་དག་ནི་དགའ་ལྡན་ཕོ་བྲང་རྙིང་པའི་སྐུ་དྲག་ཚོའི་ཀླད་པའི་ནང་གི་བོད་དེ་དང་། དེང་རབས་རྒྱལ་སྤྱི་ཁྲིམས་ལུགས་ནང་གི་བོད་དེ་རེད། དེའི་ནང་དུ་ཆོལ་ཁ་གསུམ་གྱི་བོད་ཟེར་བ་ཞིག་དང་ཁམས་དང། ཨ་མདོ། དབུས་གཙང་། མངའ་རིས་བཅས་གཅིག་བསྡུས་ཀྱི་བོད་རང་བཙན་ཟེར་བ་ཞིག་མེད། ཁྱེད་ཚོས་འཛམ་གླིང་གི་རྒྱལ་ཁབ་གང་རུང་ཞིག་དང་། ཡིག་མཛོད། ས་ཁྲ་གང་ཞིག་གི་ནང་དུ་བོད་ཆོལ་ཁ་གསུམ་གྱི་ས་ཁོངས་གཅིག་འདུས་ཀྱི་རང་བཙན་ཟེར་བ་ཞིག་མཐོང་མྱོང་བ་ཞིག་ཡོད་དམ། རྒྱལ་བ་རིན་པོ་གཙོས་པའི་མི་མང་འབུམ་གཅིག་ལ་ཉེ་བ་ཞིག་ལོ་ངོ་ལྔ་བཅུར་བཙན་བྱོལ་ནང་བསྡད། རྒྱལ་སྤྱིའི་མི་སྣ་དང་ཚོགས་སྒེར་མང་པོ་འབྲེལ་བ་ཆགས། ཞབས་ཀྱིས་བཅག་ནས་ད་བར་དུ་འགོར་ཡང་རྒྱལ་ཁབ་སུ་ཞིག་གིས་ཀྱང་ས་ཁུལ་འདི་དག་ཡོངས་རྫོགས་ཀྱི་བོད་རང་བཙན་ཟེར་བ་ཞིག་རྙེད་མེད། གཅིག་ཡོད་པ་ནི་བོད་རང་གི་ལོ་རྒྱུས་དེ་དག་རེད། ལོ་རྒྱུས་ཀྱི་ཡིག་ཆ་དེ་ཚོར་ཁྲིམས་ཀྱི་ནུས་པ་གང་ཡང་མེད་པ་རེད། བོད་ལ་རང་བཙན་དགོས་ཀྱང་རྒྱལ་སྤྱི་དང་རྒྱལ་ཁབ་གང་རུང་ཞིག་གིས་རྒྱབ་སྐྱོར་དགོས་བ་རེད། ང་ཚོ་གཅིག་པུས་སྣང་བ་གང་དྲན་གྱིས་བོད་ཆོལ་ཁ་གསུམ་རང་བཙན་ཟེར་ནས་ཡོང་རྒྱུ་ཅི་གང་མེད། རང་བཙན་པ་ཚོས་ང་ཚོར་འགྲེལ་བཤད་ཡ་མ་བརླ་ཞིག་བརྒྱབ་ནས་རང་བཙན་ལེན་དགོས་ཟེར་ནས་འུར་རྒྱག་རྒྱུ་བཞག་ནས་བོད་ཆོལ་ཁ་གསུམ་རང་དབང་རང་བཙན་ལེན་ཐུབ་པའི་གདེང་སྤོབས་ཤིག་སྤྲོད་ཐུབ་དགོས་ལ། ཐབས་ཤེས་དང་། ཐབས་ལམ། ཞི་དྲག་ཅི་ཞིག་སྤྱོད་རྒྱུ་དང་ཅི་ལྟར་སྤྱོད་རྒྱུ་ཟེར་བ་སོགས་ཀྱི་ས་ཁྲ་ཞིག་ངེས་པར་དུ་དགོས་བ་རེད་དྲན། ལྷ་བཟང་ཚེ་རིང་རང་བཙན་སྐོར་ལ་ཐེངས་མང་ཉན་ཡང་དོན་དག་རྡོག་རྡོག་ཁོ་རང་གི་སེམས་ཚོར་ཞིག་བཤད་པ་ཞིག་ལས་འཐབ་རྩོད་ཅིག་བཤད་པ་ཞིག་ཚོར་མ་སོང་ལ། འཐབ་རྩོད་ཀྱང་གང་ཡང་བྱས་མྱོང་མེད་པ་རེད། རང་བཙན་རང་བཙན་ཟེར་མཁན་འདི་ཚོ་མི་ཐལ་ཆག་རྐྱང་རྐྱང་འདུག
ངས་གཅིག་བརྗེད་འདུག དབུས་གཙང་བ་ཚོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཏེ་༧གོང་ས་མཆོག་གི་ལམ་སྟོན་བཞིན་དུ་བསྐྱོད་པ་དང། ཨ་མདོ་བ་འགའ་ཤས་དང་ཁམས་པ་མང་པོ་ཞིག་གིས་རང་བཙན་ཟེར་ནས་སྐད་ངན་བརྒྱབ། འདི་ལ་བལྟས་ཡོང་ན་ཡ་མཚན་ཞིག་མི་སྐྱེས་སམ། མ་གཞི་ནས་རང་བཙན་ཟེར་མཁན་འདི་ཚོ་ཁ་ཞེ་གཉིས་མེད་ཐོག་ནས་བོད་མི་རིགས་དང་རྒྱལ་ཁབ་ལ་སྙིང་ནས་དགའ་ཞེན་ཡོད་པ་ཞིག་མཚོན་ཐུབ་བམ། ད་སྐབས་རང་བཙན་ཟེར་བ་དེའང་སྤྱི་ཚོགས་ནང་དུ་རང་ཉིད་རྒྱལ་ཞེན་པ་ཞིག་ཡིན་པའི་སྣང་བརྙན་བསྐྲུན་བྱེད་ཀྱི་གོས་ཐུམ་སྙིང་རྗེ་མོ་ཞིག་ཏུ་འགྱུར་ཉེན་ཆེན་པོ་ཡོད།
བསྟན་རྣམ་ཟེར་བ་འདིའི་ཁོག་པ་ལ་རྒྱ་དམར་གུང་ཁྲན་ཞུགས་འདུག ཚང་མས་གཟབ་རོགས། གུང་ཁྲན་ཏང་གིས་འདོད་པ་ངོ་མ་དེ་འདི་རེད།
༅། །འབེན་ལ་གཟས་ཏེ། །མདའ་མོ་འཕངས་པ། །བྲང་ནས་ཟུགས་ཏེ། །སྙིང་རྩ་བཅད་སོང་། །རིག་པའི་དཔའ་བོ། །རལ་གྲི་སྐོར་ལ། །རིག་ཉོག་རྣམས་ཀྱི། །ཀླད་རྩ་ཆོད་ཅིག །རང་ཚུགས་བརྟན་ལ། །གཟུ་བོར་གནས་པ། །དཔྱོད་རིག་ཡངས་ཤིང་། །མིང་རྒྱང་རིང་པ། །འཇིགས་བྲལ་འདི་ཡིས། །དགའ་བའི་དཔལ་སྟེར། །ཨ་མའི་བུ་ལ། །རེ་བ་འདུག་གོ །
༅། །རྒན་འཇམ་རྡོར་ཟེར་བས། འཇིགས་བྲལ་ལགས་ཀྱི་དཔྱད་བརྗོད་རྩོམ་ཡིག་གི་གོ་བ་ལོན་མི་འདུག ཕྱོགས་སྔའི་ནམ་ལངས་བཞིན་དུ་དགག་པའི་ཉི་མ་ཤར་ཟེར་བ་དེ་འདི་འདྲ་ལ་ཟེར་བ་རེད། བོད་པ་བཙན་བྱོལ་བའི་ཁྲོད་ན། འཇིགས་བྲལ་ལྟར། བློ་གཟུ་བོར་གནས་པ་དང་། ཀླད་པ་དྭངས་མོ་ཡིན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཤིན་ཏུ་ཉུང་ངུ་བས་ཡ་ཁོག་གྲང་ཤར་ཤར།།
ཕྱོགས་སྔའི་ནམ་མ་ལངས་བཞིན་དུ། ཞེས་སུ་བཅོ་བར་བྱ།
སྲིད་སྐྱོང་ཞིག་ཡིན་ན་དབུ་ལམ་ལ་རང་ཉིད་ཤར་སྐྱོད་་ཐུབ་པ་དང་གཞན་ལ་འགྲེལ་བཤད་ཐར་ཕྱིན་པ་ཞིག་ངེས་པར་རྒྱབ་ཐུབ་པ་དགོས་ངེས་ཅན་ཞིག་རེད་
བསྟན་རྣམ་ལགས། ཕྱི་ལོ་༢༠༡༢——༢༠༤༩ བར་བོད་ཀྱི་ལོ་རྒྱུས་དེབ་ཅིག་གང་ན་འདུག་གམ། རྩོམ་པ་པོ་སུ་རེད་དམ། ཁ་གསལ་ཅིག་གསུང་རོགས་ཞུ།།