དགུང་གྲངས་དོན་ལྔ་བཞེས་པར་ཕུལ།
བོད ལྷ་ཀླུ་གཉན་གསུམ།
སྤྱིར་ན་བོད་པ་ཚང་གི་ཡ་ཁོག་ནང་གི་སྙིང་དང་ཡ་ཐོད་ཀྱི་མིག ཚེ་ འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་ངེས་འཛིན་བྱེད་པའི་༧གོང་ས་མཆོག་གི་འཁྲུངས་ སྐར་ལ་ལོ་ལྟར་སྲུང་བརྩི་གཟབ་རྒྱས་གནང་གི་ཡོད་ལ་དེ་ནི་གནང་འོས་པ་ཞིག་ཀྱང་ ཅིས་མ་ཡིན།
རེད་ དེ། འཁྲུངས་སྐར་སྲུང་བརྩི་བྱེད་སྟངས་ཀྱི་རྣམ་པ་ནི་ལོ་ལྟར་འགྱུར་བ་གང་ཡང་བྱུང་ མེད། དེ་ལ་འགྱུར་བ་གཏོང་དགོས་མིན་གྱི་སྐད་ཆ་བཤད་མཁན་ཡང་ད་ལྟའི་བར་དུ་བྱུང་མེད་ ཚོད་རེད། དེ་ཡིན་དུས་ད་ནི་འུ་ཅག་གིས་འགྱུར་བ་གཏོང་དགོས་པ་ཞིག་ཆགས་ཡོད། དེ་ཡང་རྒྱུ་མཚན་ཡོད་པ་ཞིག་ལ་བརྟེན་དགོས།
འཁྲུངས་ སྐར་གྱི་རྣམ་པ་ནི་ལོ་ལྟར་གླུ་ལེན་གར་རྩེད་དང་གཞས་སྣ་འཁྲབ་སྟོན་བྱེད་པ་དང་། ན་གཞོན་མི་ཉུང་བ་ཞིག་གིས་དུས་ཚོད་འདི་དང་བསྟུན་ནས་ཤ་ཆང་ལ་རོལ་བ། མ་ཅང་དང་རྒྱན་རྩེད། གྲོགས་པོ་ཕན་ཚུན་མགྲོན་འབོད་ཀྱིས་གང་བསམ་ཅི་འདོད་ཀྱི་རྒྭད་པའི་ལས་མང་བོ་ ཞིག་བྱེད་ཀྱི་ཡོད་པ་བཅས་རེད།
འཁྲུངས་ སྐར་དང་སྐྱེ་སྐར་ཞེས་ང་ཚོས་བཤད་སྲོལ་དུ་ཕྱི་རྒྱལ་ནས་བོད་དུ་ཕྱིས་སུ་དུས་ རབས་གསར་བའི་ནང་དུ་འགོས་ནད་ཅིག་དང་འདྲ་བར་སླེབས་པར་འདོད་ཀྱི་ཡོད། དེ་ལ་ཡང་གཏན་ནས་བསམ་བློ་གཏོང་ས་མེད་པ་མིན།
གཤམ་ དུ་ང་ཚོས་སྐུའི་འཁྲུངས་སྐར་ལ་འགྱུར་བ་གཏོང་་ཕྱོགས་ངེས་སུ་ཞུ་རྒྱུ་ཡིན། ང་ཚོས་འཁྲུངས་སྐར་ཞུ་སའི་མི་དེ་ནི་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ ཡིན་དུས། ང་ཚོས་༧ཁོང་གི་ཐུགས་བཞེད་ལ་དགའ་བསུ་དང་བརྩི་མཐོང་ཡོད་པ་ཞིག་བྱེད་རྒྱུ་དེ་ ནི་ང་ཚོས་༧ཁོང་གི་སྐུའི་འཁྲུངས་སྐར་ལ་བཟུང་བའི་རྣམ་འགྱུར་ཡིན་དགོས།
འཁྲུངས་ སྐར་གྱི་ཉིན་མོ་འདི་ལ། བོད་མི་ཡོད་དོ་ཅོག་གིས་དམར་ཟས་སྤོང་བ། ཆང་མི་འཐུང་བ། ཤོ་སྤག་མི་རྩེད་པ། ནག་ཚོང་མི་རྒྱག་པ། གཏམ་ངན་མི་ཤོད་པ། ཐ་མག་མི་འཐེན་པ། རྣམ་དཀར་གྱི་ལས་སུ་འབད་འབུངས་བྱེད་པ། རབ་ཡིན་ན། འཁྲུངས་སྐར་དང་བསྟུན་ནས། དམར་ཟས་གཏན་དབང་བྱེད་ཐུབ་ན་རབ་དང་མི་ཐུབ་ཀྱང་། ཚེ་བཟང་དུས་བཟང་ལ་སྤོང་བ། ཆང་གཅོད་པ། ཐ་མག་གཅོད་པ། ཤོ་གཅོད་པ། ནག་ཚོང་མི་རྒྱག་པར་དམ་བཅའ་བ། བོད་མི་ཕན་ཚུན་ལ་དུས་དང་རྣམ་པ་ཀུན་དུ་འཁོན་འཛིང་མི་བྱེད་པར་དམ་བཅའ་བཅས་དུས་ དང་རྣམ་ཀུན་དུ་༧ཁོང་གི་སྐུའི་འཁྲུངས་སྐར་དང་བསྟུན་ནས་རྣམ་དཀར་གྱི་ལས་སུ་ ཞུགས་པར་རང་ངོས་ནས་འགོ་འཛུགས་རྒྱུ་དེ་ཡིན།
དེ་ ནི་ང་ཚོས་དུས་རབས་འདིའི་ནང་གི་ཆེས་དཀོན་པའི་༧སྐྱབས་མགོན་ཁོང་གི་འཁྲུངས་ སྐུར་བསུ་སྟངས་ཀྱི་རྣམ་པ་གསར་བ་ཡིན་ལ། ང་ཚོས་ཀྱང་འདི་དང་བསྟུན་ནས་༧ཁོང་གི་བཀའ་སྲུང་དང་དུ་བླངས་པ་ཡིན། ནམ་ ཡང་རང་ཉིད་བོད་མི་ཞིག་ཡིན་པ་སེམས་སུ་བཟུང་དེ་༧གོང་ས་མཆོག་ལ་གཅེས་པའི་བོད་ མི་རྣལ་མ་ཞིག་བྱེད་པར་ཁ་ཡོད་ལག་ཡོད་ལ་ཞུགས་ཨེ་ཐུབ་བལྟ་རྒྱུ་དེ་ཡིན།
ཁ་ཤས་ཀྱི་ངས་འདི་ལྟར་གླེང་དུས་ང་ཚོ་བོད་མི་ཚང་མ་གྲྭ་བ་བྱེད་རྒྱུ་ཡིན་ནམ། སྐད་ཆ་དེ་འདྲ་བཤད་པ་ནི་ཀློས་གཏམ་རང་རེད་ཟེར་ཤས་ཆེ། དེ་འདྲ་དགོངས་མཁན་དག་ལ་སེམས་གཏིང་ནས་དགོངས་དག་ཞུས་ཆོག ཚིག་རེ་ཟུང་གི་ཕན་ཐོག་བྱུང་མཁན་དེ་དག་ལ་བོད་མི་ཐ་ཆུང་བ་ཞིག་གི་༧སྐུའི་ འཁྲུངས་སྐར་ལ་ཞབས་འདེབས་སུ་ཕུལ་བ་ཡིན།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད། །
༧སྐྱབས་རྗེ་དིལ་གོ་མཁྱེན་བརྩེ་རིན་པོ་ཆེའི་ཞུས་ངོར་༧གོང་ས་མཆོག་ཉིད་ཀྱིས་གསུངས་སོ།།
བསམ་ཚུལ་དང་ཐབས་ཤེས་གཉིས་ཀ་ཡག་གི
ང་ལ་མཚོན་ནལྷ་ཀླུའི་བཅས་ཁྲིམས་དྲུག་པོ་འདིའི་ནང་ན་བསྒྲུབ་ཐུབ་པ་གསུམ་དང་། བསྒྲུབ་དཀའ་བ་གཉིས། རྩ་ནས་བསྒྲུབ་མི་ཐུབ་པ་གཅིག་བཅས་འདུག
༼བསྒྲུབ་ཐུབ་པ་གསུམ།༽
༡ ཤོད་སྦག་རྩེད་མི་ཤེས་ཤིང་རྩེད་མྱོང་ཡང་མེད་པས་གསར་དུ་བསླབ་དགོས་དོན་མི་འདུག་སྙམ།
༢ ནག་ཚོང་ཕར་ཞོག་ཚོང་ཡང་བརྒྱབས་མྱོང་མེད་པས་དེ་དེ་བཞིན་རེད།
༣ ཐ་མག་ལ་ཡང་མི་དགའ་བས་ཨུ་ཚུགས་ཀྱིས་གསར་དུ་མ་སྦྱངས་ཀྱང་ཆོག
༼བསྒྲུབ་དཀའ་བ་གཉིས།༽
༡ དམར་ཟས་བཟའ་རྒྱུ་ཉུང་དུ་གཏོང་ཐུབ་པ་འདུག་ན་ཡང་རྦད་དེ་སྤང་རྒྱུ་ཁེག་སེ་འདུག
༢ ཆང་རག་དེ་ཡང་རྒྱུན་དུ་མ་འཐུང་ཆོག་མོད། རྟགས་སྟོན་དང་སྤྲོ་སྐྱིད་ལ་རྦད་དེ་གཅོད་དཀའ།
༼རྩ་ནས་བསྒྲུབ་མི་ཐུབ་པ་གཅིག༽
༡ གཏམ་ངན་མི་ཤོད་པ་ཟེར་བ་དེའི་རིགས་ཤིན་ཏུ་མང་སྟབས། དགྲ་དང་རང་ཉིད་དབར་ལ་ག་དུས་ཡིན་ན་ཡང་གཏམ་བཟང་ཡོང་རྒྱུ་ཁག་པོ་ཡིན།
ཧ་ཅང་ཡག་པོ་འདུག་ཚང་མ་ཁས་ལེན་གི་ཡིན།
དུས་ཇི་སྲིད་དུ་མ་འཁྱོལ་ཡང་༸སྐུའི་འཁྲུངས་སྐར་ཉིན་དེ་བཞིན་སྒྲུབ་ངའི་ཡིན་ནོ།།
སྙིང་གི་གྲོགས་པོ་བོད་ཤ་ཁྲག་རུས་གསུམ་གྱི་ཕུང་པོ་ལགས། ཆེས་བཀུར་བར་འོས་པའི་ལྷག་བསམ་ཅན་གྱི་སྐྱེས་བུ་ཁྱེད་ཀྱི་བཤད་པ་ཇི་མ་བདེན། དུས་ད་ནས་བཟུང་ང་ཚོས་༧ རྒྱལ་བ་དོན་གྱི་བདག་པོའི་སྐུའི་འཁྲུངས་སྐར་དོན་ལྡན་ཞིག་བྱེད་དགོས །
ཁྱོས་མ་བཤད་གོང་ནས་ངས་ཟ་ཁང་སྒོ་བརྒྱབས་ཏེ་གུང་གསེང་གཏོང་རྒྱུ། འཁྲུངས་སྐར་གྱི་ཉི་མོར་ཤ་མི་ཟ། ཆ་མི་འཐུང་། དུ་བ་མི་འཐེན། ཚིག་ངན་མི་བཤད། ཞོ་དང་འོ་དཀར་ཟས་དཀར་ཆུ་རོལ་ནས་འཁྲུངས་སྐར་སྲུང་བརྩི་བྱེད་རྩིས་ཐག་གཅོད་བྱས་ཡོད། ལས་ཀ་ལས་རོགས་ཚོར་ཡང་དེ་ལྟར་བྱས་ན་བཟང་ལུགས་རྒྱན་ལུགས་བཤད་ཡོད།
དྲ་གྲོགས་བོད་ལྷ་ཀླུ་གཉན་གསུམ་ཁྱོད་ཀྱིས་འདི་འདྲའི་མིང་མི་འདྲ་བ་ཞིག་གི་འོག་ནས་རྩོམ་གཅིག་པ་རྐྱང་སྤེལ་དོན་ཅི་ཡིན། དེ་ལ་དོན་སྙིང་ཅི་ཡང་མེད་པ་འདྲ། སྤྱིར་རྩོམ་ཡིག་གི་བརྗོད་སྙིང་ཤིན་ཏུ་ལེགས་པོ་འདུག དགའ་བསུ་དང་རྒྱབ་སྐྱོར་དུས་གཅིག་ཏུ་ཞུ་གི་ཡོད།
ལས་ངན་མིག་གིས་༧མགོན་པོ་ཁྱེད་ཀྱི་ཕྱག་བཞིའི་འཁོར་ལོར་མ་རིག་ཐལ། །
ལས་ངན་བློ་ཡིས་༧་མགོན་པོ་ཁྱེད་ཀྱི་ཐུགས་དགོངས་མཐའ་དག་མ་རིག་ཐལ། །
ལས་ངན་དད་པས་༧མགོན་པོ་ཁྱེད་ལ་དད་པ་འཇོག་ཚུལ་མ་ཤེས་ཐལ། །
ལས་ངན་ང་ཅག་འགྲོ་བའི་དོན་དུ་ཁྱེད་ཀྱི་སྐུ་ཚེ་བརྟན་གྱུར་ཅིག །
རྩམ་དགའ་ལགས།
ཁྱོད་ལས་ཅན་ནང་གི་ལས་ངན་རེད།།
རྗེ་རྒྱལ་བའི་དགོངས་པ་མ་རྟོགས་ཟིག།
ཁྱོད་ལས་ངན་ནང་གི་ལས་ཅན་རེད།།
རྗེ་རྒྱལ་བའི་གདུལ་བའི་ཞིང་དུ་སྐྱེས།།
ཁྱོད་ལས་ཅན་ནང་གི་ལས་མེད་རེད།།
རྗེ་རྒྱལ་བ་མཇལ་བའི་སྐལ་བ་ཕྲ།།
ཁྱོད་ལས་ངན་ནང་གི་ལས་ཅན་རེད།།
བྱ་ཨ་རི་དག་པའི་ཞིང་ཞིང་དུ་འདུག།
ཁྱོད་ལས་ཅན་ནང་གི་ལས་མེད་རེད།།
རྗེ་རྒྱལ་བའི་བཀའ་གསུང་ཐོས་སྐལ་ཕྲ།།
ཁྱོད་ལས་མེད་ནང་གི་ལས་ཅན་རེད།།
སང་འཁྲུངས་སྐར་རྒྱལ་བའི་མདུན་དུ་སྡོད།།
སེམས་མ་སྐྱོ་བུ་ལོ་རྩམ་དགའ་ཁྱོད།།
རྗེ་རྒྱལ་བའི་ཞལ་མཇལ་གསུང་ཐོས་པའི།།
བོད་གངས་ཅན་མི་རུ་སྐྱེས་བ་བླངས།།
དེ་ཡན་གི་ཚེ་འདིར་ཅི་ཞིག་དགོས།།
ཨོ་ཡ་ ད་ཡག་ཤོས་དེ་ རྩ་བཟས་ ཆུ་བཏུང་ ཨབ་ཏོག་དང་ ཐེབ་ལེ་བརྩེས་ གླིང་བུ་བཏང་བསྡད་རྒྱུ་ཡིན་པ་འདྲ་།
བསམ་ཚུལ་དངོས་ནས་ཡག་པོ་དཔེ་གསུངས་འདུག་པས་དགའ་བསུ་དང། བོད་མི་རེ་རེའི་ངོས་ནས་བསམ་གཞིགས་གཏིང་ཟབ་ཅིག་བཏང་སྟེ། གངས་ཅན་པ་ཡོངས་ཀྱི་ཁོག་པའི་སྙིང་ལས་ལྷག་པའི་རྒྱལ་བའི་སྐུའི་འཁྲུངས་སྐར་དོན་ལྡན་ཞིག་བསུ་བསྲུང་བྱེད་ཐུབ་པའི་རེ་སྨོན་ཞུ་བཞིན་ཡོད། འཛམ་གླིང་ཞི་བདེར་འགོད་པའི་ངེས་པ་དོན་གྱི་ཞི་བདེའི་དེད་དཔོན། རྨད་བྱུང་རྒྱལ་སྲས་སྤྱོད་པའི་ཉམས་ལེན་མཐའ་རུ་སོན་པའི་དོན་དམ་གྱི་སེམས་དཔའ་ཆེན་པོ། གངས་ཅན་པ་ཡོངས་ཀྱི་འདི་ཕྱིའི་རེ་བལྟས་ཀྱི་བསླུ་མེད་སྐྱབས་མགོན་དམ་པའི་བཞེད་དགུའི་དོན་རྣམས་འབད་མེད་མྱུར་དུ་འགྲུབ་པ་དང། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་གསོལ་འདེབས།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་མཛོད། །
ལྷ་ཀླུ་གཉན་གསུམ་གྱི་དགོངས་ཚུལ་དཔེ་ཡག་པོ་འདུག་རྗེས་སུ་ཡིད་རངས་ཞུ་ཡི་ཡིན།
༧སྐུའི་འཁྲུངས་སྐར་ལ་བྱུང་ན་དཀར་སྐྱོང་དང་མ་བྱུང་ན་ཡང་༧ཁོང་གི་འགན་འཁུར་གསུམ་པོ་རང་གཞན་གྱི་སེམས་ལ་གང་འཇགས་འཇོག་ཐབས་ལས་འགུལ་ལ་བརྩོན་དགོས་འདུག་སྙམ།
དེ་གསུམ་ཡང་དྲྭ་རྒྱ་ལས།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་ མཆོག་ནས་ཁོང་གི་སྐུ་ཚེའི་ནང་གཡོལ་ཐབས་མེད་པའི་འགན་ཁུར་གསུམ་མམ་ལྷག་བསམ་ སེམས་སྐྱེད་གསུམ་ཡོད་པར་བཞེད་དེ།
དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད།
གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་ མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།
གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་ གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ ཁོང་གི་འགན་ཁུར་ཡིན་པར་བཞེད༎
༧གང་སྐུའི་༧སྐུ་ཚེ་ཡུན་བརྟན་ཤོག །
དེ་ལ྄ྟར་བྱ་ཐུབ་ན་རབ་རེད།
ཚང་མའི་ཁོག་ན་འཆར་གཞི་རེ་ཡོད་ཀྱི་རེད།
དྲ་ཐོག་གི་སྤུན་ཟླ་ཚང་མས་འཁྲུངས་སྐར་གྱི་སྐོར་ལ་ཐུགས་བསམ་བཞེས་པ་དེར་དགའ་ནས་ཡོད། ང་ཚོས་ནམ་རྒྱུན་དུ་རང་ཉིད་ནས་འགོ་འཛུགས་དགོས་པར་བཤད་ཀྱི་ཡོད། ད་ནི་འུ་ཅག་གིས་རང་རང་ས་ནས་སྐུའི་འཁྲུངས་སྐར་དང་བསྟུན་ནས་གང་ཐུབ་ཅི་ཐུབ་བྱེད། དེ་ནི་ང་ཚོས་ཁོང་གི་ཐུགས་བཞེད་ལ་མོས་པ་དང་བརྩི་བཀུར་བྱས་པ་མཚོན་ཐུབ་པ་ཡིན།
བསམ་ཚུལ་ཡག་པོ་གསུངས་འདུག འདི་འདྲ་ཞིག་བསམ་དགོས་པ་རེད་ལ། འདི་འདྲ་ཞིག་བསྒྲུབ་དགོས་པ་རེད། ཉིན་བཟང་སྐར་བཟང་འདི་འདྲ་ཞིག་ལ་གུང་གསེང་འདྲ་བཏང། སྐྱིད་པོ་འདྲ་བཏང་ནས་བསྡད་ན་དོན་སྙིང་ཆེན་པོ་ཡོད་པ་མ་རེད། རང་ཉིད་ནས་མགོ་བརྩམས་ཏེ་ཡག་ཕྱོགས་ཀྱི་ལས་ལ་འབད་དགོས་པ་རེད། བསམ་ཚུལ་གསུང་བར་དགའ་ནས་ཡོད། ང་ཡང་ཁྱེད་ཀྱི་རྗེས་བསྙེགས་ནས་ཡོང་བཞིན་ཡོད།
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །
བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །
དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །
བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་བྱང་ནས། །མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །
གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་གྱུར་ཅིག །
སྟོང་ཉིད་སྙིང་རྗེ་ ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་འགྲོ་བའི་མགོན། །
ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
ཅེས་པ་འདི་བཞིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་གསོལ་འདེབས་ཞུ་བསྐུལ་མཛད་ངོར་༧རྒྱལ་དབང་རྡོ་རྗེ་འཆང་གང་ཉིད་ཀྱི་ཞལ་གསུང་མ་བྱིན་རླབས་ཤིན་ཏུ་ཆེ་བ་ལགས་ན། དད་ལྡན་སེར་སྐྱ་ཚང་མས་ཞལ་འདོན་དུ་མཛད་གལ་ཆེའོ། །