གནས་ཚུལ་གཏོང་མཁན། བསྟན་འཛིན།
ཁ་སང་དེ་རིང་མཚོ་ལྷོ་རུ་༧གོང་ས་མཆོག་གི་སྐུ་པར་སྒྲིག་ཤོམ་བྱེད་མི་ཆོག་པའི་འཐབ་རྩོད་འཕྱུར་བཞིན་འདུག དེ་ཡང་དཔེར་ན་བདེ་སྐྱིད་ཐང་དགོན་པར་ཉེན་རྟོག་པ་མང་བོ་འོང་སྟེ་སྔོག་གཤེེར་དང་བཙན་ནོན་བྱེད་བཞིན་ཡོད་པ་དང་། དགེ་འདུན་པ་ཚོར་གལ་སྲིད་བཀའ་དང་ལེན་མི་བྱེད་ན་འཛིན་བཟུང་བྱེད་རྒྱུའི་འཇིགས་སྐུལ་ཡང་བྱེད་བཞིན་འདུག ཁ་སང་ནས་དགོན་པའི་ནང་དུ་སྡོད་གུར་བརྒྱབ་སྟེ་ཉེན་རྟོག་པ་རྣམས་ཤག་འདུག་བྱེད་ཀྱི་ཡོད་འདུག་ལ། གནས་ཚུལ་འགྲེལ་བཤད་ལྟར་ན་དེ་རིང་སྟེ་ཕྱི་ཚེས་ལྔ་ཉིན་རྒྱ་མིའི་པན་ཆེན་ལགས་འོང་གི་ཡོད་པས་ཡིན་པར་བཤད།
ཉེ་བའི་བདུན་ཕྲག་གསུམ་ཙམ་གྱི་གོང་དུ་དགོན་པ་དེ་གར་སྲིད་གཞུང་གི་ལས་བྱེད་པ་ཡོང་སྟེ། ད་ནས་བཟུང་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་བྱེད་ཆོག་ཅེས་བཤད་ཡོད་འདུག
གནས་ཚུལ་འདི་སུས་སྤེལ་མཁན་སུ་ཡིན་ན་ཡང་།་་ང་ལ་འབྲེལ་བ་བྱེད་ས་ཞིག་གནང་རོགས།
པཎ་ཆེན་རྫུན་མ་དེར་འོང་དོན་ག་རེ་ཡིན་ནམ་ཤེས་སོང་ངམ།
ཁོ་ཡོང་ནས་ག་རེ་བྱེད་ཀྱི་ཡོད་དམ།
དེའི་སྐོར་གསུངས་རོགས་གནང་།
ྋགོང་ས་མཆོག་ལ་བསྟོད་པ་མི་ཕྱེད་དད་པའི་རང་སྒྲ།
སྐུའི་འཁྲུངས་སྐར་དུས་ཆེན་ཐེངས་ ༧༨ ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
ལྷ་གཅིག་ཕྱག་ན་པདྨོ་ངུར་སྨྲིག་འཛིན།།
སྐྱབས་གཅིག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེ།།
རྩེ་གཅིག་ཞབས་པད་བསྐལ་བརྒྱར་བརྟེན་པ་ཡི།།
ཁ་གཅིག་ཙམ་མིན་སྙིང་ནས་སྨོན་ལམ་འདེབས།།
ལུགས་གཉིས་ཤེས་བྱའི་རྣམ་གཞག་གང་ལ་ཡང་།།
སྒྲིབ་གཉིས་དྲི་མ་ཙམ་ཡང་མ་གོས་པར།།
རྒྱལ་གཉིས་དབུ་མའི་ལམ་གྱིས་འདུམ་མཛད་པ།།
རྐང་གཉིས་འགྲོ་བའི་ཚུལ་བྱོན་འཇིག་རྟེན་མགོན།།
ཁམས་གསུམ་སྐྱེ་འགྲོ་ཀུན་གྱི་གཉེན་གཅིག་པུ།།
དུས་གསུམ་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།།
ཆོལ་གསུམ་བོད་མིའི་སྐྱབས་མགོན་པད་དཀར་འཆང་།།
སྒོ་གསུམ་གུས་པའི་ཡུལ་དུ་རྟག་བརྟན་ཤོག།།
དུས་བཞིར་དབྱེ་བ་མེད་པར་གཞན་དོན་ཆེད།།
ཕྱོགས་བཞིའི་རྒྱལ་ཁམས་ཀུན་ལ་ལེགས་བྱོན་ནས།།
བདེན་བཞིའི་ཆོས་ཀྱི་འཁོར་ཆེན་སྐོར་མཛད་པ།།
སྐུ་བཞིའི་བདག་ཉིད་བསྟན་འཛིན་རྒྱ་མཚོར་འདུད།།
འབྱུང་ལྔའི་ཚ་གྲང་མི་སྙོམས་འཁྲུགས་པ་དང་།།
ཕུང་ལྔའི་འགྲོ་རྣམས་རྒུད་ཚོགས་ཀྱིས་མནར་བའི།།
སྙིགས་ལྔའི་དུས་འདིར་མགོན་པོ་གང་ཉིད་ཀྱིས།།
རྒྱུད་ལྔའི་འགྲོ་བ་རིས་མེད་སྐྱོང་འདི་བསྔགས།།
གདུང་དྲུག་བོད་མིའི་ཤ་ཚུགས་ལེགས་འཛིན་ཅིང་།།
ས་དྲུག་བོད་ཀྱི་དོན་གཉིས་ཐུགས་སུ་བཞེས།།
འགྲོ་དྲུག་སེམས་ཅན་ཀུན་ལ་མ་ལྟར་བརྩེ།།
ཕྱིན་དྲུག་རྒྱལ་སྲས་སྤྱོད་ལ་ཞི་ལྷ་དངོས།།
སྤོང་བ་བདུན་སོགས་རིང་ནས་སྤངས་པ་ཡིས།།
ང་རྒྱལ་བདུན་གྱི་ར་རི་མ་གོས་པར།།
འཕགས་ནོར་བདུན་གྱི་དབང་ཕྱུག་ལྷའི་བླ་མ།།
འཇིག་རྟེན་བདུན་ལས་རྒྱལ་མཛད་རྒྱལ་བའི་མཆོག།
མི་ཁོམ་བརྒྱད་ཀྱི་འཁོར་བའི་བཙོན་ར་འདིའི།།
ཕྱོགས་མཚམས་བརྒྱད་ཀྱི་ཉམ་ཐག་འགྲོ་བའི་ཚོགས།།
སྡུག་བསྔལ་བརྒྱད་ཀྱི་འཇིགས་པ་ཡོངས་སེལ་ཕྱིར།།
འཕགས་ལམ་བརྒྱད་ཀྱི་ལམ་གནད་སྟོན་ལ་དཔའ།།
རིམ་དགུའི་ཐེག་སོགས་རིས་མེད་གྲུབ་མཐའ་དང་།།
མཁས་དགུའི་གདམས་ངག་དཔྱད་ཅིང་ཉམས་སུ་བཞེས།།
འདོད་དགུའི་གཏེར་གྱིས་འགྲོ་རྣམས་ཚིམ་མཛད་པ།།
སྐྱེ་དགུའི་གཙུག་རྒྱན་བསྟན་འཛིན་རྒྱ་མཚོར་འདུད།།
ས་བཅུའི་བདེ་གཤེགས་ཀུན་གྱི་སྙིང་རྗེའི་གཏེར།།
སྟོབས་བཅུའི་ཡོན་ཏན་མ་ལུས་ལེགས་མངའ་བ།།
ཕྱིན་བཅུའི་ལམ་བཟང་དུས་ལྟར་སྟོན་མཛད་པོ།།
ཕྱོགས་བཅུའི་འགྲོ་བའི་མགོན་པོས་རྗེས་གཟུང་ཤོག།
རོང་པོ་སྒང་ནེ་ཡེ་ཤེས་འཇིགས་མེད།
ཧ་ཁ། དཔེར་འདི་བློ་ལ་དྲན་སོང་།
ཟས་ལ་བཅག་བཅག་བྱས་ན་ཞིམ། །
གཏམ་ལ་ཉན་འཇོག་བྱས་ན་སྙན། །
བཟང་པོ་བྱེད་པར་ལོ་གསུམ་དང་། །
ངན་པ་བྱེད་པར་ཞག་གསུམ་ཡིན། །
རོང་པོ་སྒང་ནེ་ཡི་ཤེས་འཇིགས་མེད་ལགས་རྩོམ་ཡིག་ཡག་པོ་བྲིས་འདུག །
ཡིན་ནའང་ཁྱེད་རང་ལ་རྩོམ་ཡིག་ཡོད་ན་ཁ་བརྡ་ཚང་ལ་མྱུར་འཕྲིན་རྒྱུད་ནས་བསྐུར་ན་ཡག་གི
འདིར་མཆན་བུ་སོགས་བཀོད་ས་རེད།
དངོས་གནས་ཐབས་སྐྱོ་བོ་རེད།