བདེ་སྐྱིད།
ཉེ་ཆར་ཨ་རིའི་གྲོང་འཁྱེར་ཀ་ལི་ཧྤུ་ནི་ཡར་དོལ་རྒྱལ་ཚོགས་པའི་མགོ་སེར་བུད་མེད་ཅིག་གིས་༸གོང་ས་མཆོག་གི་སྐུ་འགྲམ་དུ་ངོ་རྒོལ་རྣམ་པའི་ཐོག་ནས་“ཁྱོད་རང་གིས་རྫུན་མ་ཤོད། ང་ཚོར་རང་དབང་དགོས་”ཞེས་ཟེར་བ་སོགས་ཧམ་བཤད་བྱས་པའི་བརྙན་འཕྲིན་དེ་སྐད་འཕྲིན་ནང་དུ་ཁྱབ་བརྡལ་ཆེན་པོ་ཕྱིན་འདུག་པས། རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་སེམས་པ་སྐྱིད་པོ་གཏན་ནས་མ་བྱུང་ལ། དངངས་འཚབ་དང་། ཞེད་སྣང་ཆེན་པོ་ཞིག་གིས་སེམས་པ་ལྷོད་ལ་འབབ་དཀའ། མ་འོངས་པར་འདི་འདྲའི་རིགས་རྩ་བ་ནས་མི་ཡོང་བ་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུགས་རེད། སྤྱིར་བོད་མི་མགོ་ནག་རྩམ་ཟན་ཡོངས་དང་། ཡང་སྒོས་ཨ་རིའི་སྐུ་ཚབ་དོན་གཅོད་དང་། ཨ་རིར་གནས་སྡོད་ཀྱི་བོད་མི་རྣམས་ཀྱིས་ངེས་པར་དུ་བསམ་བློ་གཏོང་དགོས་པའི་དོན་ཚན་ལྔ་ནི།
དང་པོ། ༸གོང་ས་མཆོག་ས་ཕྱོགས་ཡུལ་གྲུ་གང་དུ་ཕེབས་ཀྱང་ག་དུས་ཡིན་ཡང་མགྲོན་ཁང་སོགས་བཞུགས་གནས་དང་ཕེབས་ལམ་ཐོག་ཟང་ཟིང་དེ་འདྲའི་རིགས་མི་འབྱུང་བའི་ཐད་སྐུ་ངོ་ཚོས་ཐུགས་སྣང་མ་གནང་བ་གང་ཡིན་ནམ། འབྲེལ་ཡོད་ལས་ཀྱི་སྣེ་མོ་བ་ཚོས་༸གོང་ས་མཆོག་དང་ལྷན་དུ་གཟི་བརྗིད་ངང་བསྐྱོད་རྒྱུར་དགའ་བ་ལས། སྔོན་ཚོད་ནས་མགྲོན་ཁང་སོགས་བཞུགས་གནས་དང་ཕེབས་ལམ་ཐད་གྲ་སྒྲིག་གསལ་བརྟན་ཞིག་གནང་རྒྱུ་དེ་ཁྱེད་རྣམས་ཀྱི་ལས་འགན་གལ་ཆེ་ཤོས་དེ་མ་ཡིན་ནམ།
གཉིས་པ། ད་ལན་ལྟ་བུར་ཆ་མཚོན་ན། ༸རྒྱལ་བ་རིན་པོ་ཆེ་ཟླ་གསུམ་པའི་ཚེས་ཤར་བར་ཨ་རིའི་ནང་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཡོངས་ཁྱབ་ཆགས་ཡོད། འོ་ན། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་ཐོག་སྲིད་སྐྱོང་མཆོག་དང་གང་གིས་སྣེ་ཁྲིད་པའི་བཀའ་ཤག དོན་གཅོད་ལས་བྱེད་གསར་པ་སྐལ་རྡོར་ལགས་ནས་གྲ་སྒྲིག་གང་གནང་ཡོད་དམ།
གསུམ་པ། ཨ་རིར་དེ་སྔ་ཆིབས་བསྒྱུར་ཧ་ཅང་མང་པོ་བསྐྱངས་གནང་མཛད་ཀྱང་། ད་ལན་ནང་བཞིན་བྱུང་མ་མྱོང་བའི་གནས་ཚུལ་ཐབས་སྡུག་འདི། ཨ་རི་བོད་གཞུང་དོན་གཅོད་ཁང་ནས་ཛ་དྲག་དང་། ཞེད་སྣང་སྐྱེ་དགོས་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།
བཞི་པ། སྔར་མ་བྱུང་བ་ཞིག་ད་ལན་བྱུང་བའི་རྒྱུ་མཚན་གང་ཡིན་ནམ། སྐུ་སྲུང་བ་ ༡༠-༢༠ བར་ཡོད་ཀྱང་དགོས་དུས་གང་དུ་ཡོད་དམ། བོད་ཀྱི་གཏམ་དཔེར་དགོས་སར་ཆད། མི་དགོས་སར་ལྷག་ཅེས་པ་དེ་མ་རེད་དམ།
ལྔ་པ། དོལ་རྒྱལ་ཚོགས་པ་ཨ་རིའི་ནང་ཤུགས་ཆེན་ཡོད་པ་དང་། ཁོང་ཚོས་ག་དུས་ཡིན་ཡང་གོ་སྐབས་འཚོལ་བཞིན་ཡོད་པ་དེ་དོན་གཅོད་ཁང་ནས་མི་ཤེས་སམ། ཨ་རིའི་དོན་གཅོད་ཁང་ནི་ལས་བྱེད་མང་ཤོས་ཀྱི་དོན་གཅོད་ཁང་ཞིག་ཡིན་པས། དོན་གཅོད་གསར་པ་དང་ལས་བྱེད་པ་རྣམས་ཀྱིས་གནད་དོན་གང་གིས་རྐྱེན་པས་འཐུས་ཤོར་ཕྱིན་པ་རེད་དམ།
ཞེས་པ་འདི་ནི་ཉེ་ཆར་༧གོང་ས་མཆོག་གིས་ཨ་རི་རྒྱལ་ཁབ་ནང་མཛད་འཕྲིན་བསྐྱངས་གནང་སྐབས་ཐོན་པའི་གནས་ཚུལ་གྱི་ཐོག་གུས་མོས་ལྷག་བསམ་རྣམ་དག་གིས་བསམ་འཆར་དོགས་འདྲི་ཕུལ་བ་ཞིག་ཡིན་པས་བོད་རིགས་སྤུན་ཟླ་ཡོངས་ནས་དགོངས་པ་གཏིང་ཟབ་བཞེས་ཏེ། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་སྤྱི་སྒེར་གཉིས་ཀས་དོན་དམ་གྱིས་ཡིད་གཟབ་གནང་རོགས།། །།
ཨ་རིའི་ནང་༧གོང་ས་མཆོག་གི་སྐུ་ཆར་ཉེན་ཁ་ཡོད་པ་དེ་སྔོན་ནས་གསུངས་ཚར་བ་རེད། དེའི་ཐད་དོན་གཅོད་ནས་དམིགས་བསལ་གྱི་འགན་དང་། དོ་ཁུར་བྱེད་དགོས་པ་རེད། འོན་ཀྱང་། ལས་དོན་དེ་ཙམ་ཚགས་ཚུད་བྱུང་མེད་པ་འདྲ། དེ་བཞིན་དུ། དེ་སྔོན་༧གོས་ས་མཆོག་ཨ་རིའི་སྐུ་འབུམ་བྱམས་བརྩེ་གླིང་དུ་ཕེབས་སྐབས། དོལ་འདྲེ་ཚོགས་པས་ངོ་རྒོལ་མངོན་གསལ་ཅང་བྱུང་མེད་ཀྱང་། ཁོང་གི་སྐུ་འཕྱའི་ཐད་དེ་ཙམ་གྲ་སྒྲིག་ཡག་པོ་མེད་པ་གསར་འགྱུར་དུ་མཐོན་པ་རེད་ལ་དེར་ཡོད་བོད་རིགས་མང་པོ་ཞིག་ཀྱང་སྐད་ཤོར་བ་རེད། གང་ལྟར། འབྲེལ་ཡོད་ལས་བྱེད་པ་དང་བོད་མི་རེ་རེས་ངེས་པར་དུ་ཁོང་གི་སྐུ་ཕྱའི་ཐད་དགོངས་པ་ཡག་པོ་བཞེས་དགོས་པར་སེམས།
་་་་་་ ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་སྤྱི་སྒེར་གཉིས་ཀས་དོན་དམ་གྱིས་ཡིད་གཟབ་གནང་རོགས།། །། ་་་་་་
བདེ་སྐྱིད།
བདེ་སྐྱིད་དགོས་ན་སྐུ་ཕྱྭ་སོམས།
བདེ་སྐྱིད་དགོས་ན་སྐུ་ཕྱྭར་དྭོགས།
བདེ་སྐྱིད་དགོས་ན་སྐུ་ཕྱྭ་སྲུངས།
བད་སྐྱིད་དགོས་ན་སྐུ་ཕྱྭ་ཤོད།
ཁོང་ནི་བདག་ཅག་རྣམས་ཀྱི་མིག་དང་སྙིང་ལས་ཀྱང་ལྷག་པའི་ངེས་པར་གང་ཟབ་དང་ནན་གཏན་གནང་རོགས་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས།
ཨ་ཅག་ལགས་ཀྱི་བསམ་ཚུལ་འདི་ཁྱེད་ཀྱི་ངོ་དེབ་ནང་ནས་བཀླགས་ཟིན། ༧གོང་ས་མཆོག་གི་སྐུ་ཕྱཱ་ནི་དོལ་ཚོགས་ལས་གཞན་བོད་མི་ཡོད་དོ་ཅོག་ལ་འགན་ཡོད་པས་ཚང་མས་བསམ་ཚུལ་གསུངས་རོགས། རེ་སྐུལ་འདི་ཕུལ་ཐུབ་ན་ཨ་རིའི་དོན་གཅོད་དང་སྲིད་སྐྱོང་སོགས་ལ་ཐད་ཀར་ཕུལ་ནས་ཚ་འདྲི་བྱེད་དགོས་རེད། ཁོང་ཚོའི་སྐད་ཆ་ཅིག་ཉན་འདོད་འདུག
བདེ་སྐྱིད་ལགས་ཀྱིས་ཡག་པོ་གསུངས་འདུག །དོན་དངོས་དོལ་ཆོགས་ཀྱིས་བྱ་སྤྱོད་གང་དང་གང་ཡིན་མི་ཤེས་མཁན་མེད་པ་མིན་ཡང་། མཛད་གཙོ་རྣམས་པ་གུ་ཡངས་ཆེ་དྲག་པས་ལོས་ཡིན། ངས་བྱས་ན་བོད་མི་སྒྲིག་འཛུགས་དང་འབྲེལ་ཡོད་བོད་མི་དག་ལ་༸གོང་ས་མཆོག་གི་སྐུ་ཕྱ་ལས་ལྷག་པར་ཅི་ཞིག་སྒྲུབ་རྒྱུ་ཡོད་དམ་་་་་་
དོལ་ཚོགས་ལ་བཅོས་རོགས་་་་་་་་་་་་་་་་་
མི་དབང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རང་ཉིད་ཨ་རིར་ཆིབས་བསྒྱུར་གནང་སྐབས་བསྐྱོད་ཡུལ་རྒྱལ་ཁབ་གཞུང་གི་སྐུ་སྲུང་མ་རག་ཚེ། དོན་གཅོད་དང་ས་གནས་བོད་རིགས་ཚོགས་པར་གོ་རྒྱུ་ཡོད་པའི་བརྡ་བསྟན་ཏེ་ཕེབས་བསུ་དྲ་རྒྱས་པོ་བྱེད་དགོས་ཚུལ་གདམས། དེ་མ་ཡོང་ཚེ་གང་ནས་ཡོང་མིན་མི་ཤེས་པའི་རླུང་ཡན་རེ་འགས་ཕ་ཡུལ་གཅིག་པ་ཡིན་ཟེར་པའི་ཕོ་གསར་འགའ་ལྷ་རང་བབས་བརྒྱབས་ཏེ། མི་དབང་སྲིད་སྐྱོང་གདན་ཞུའི་ལས་ཀ་ང་ཚོར་སྤྲོད་རོགས་ཟེར་པ་ལྟ་བུའི་གནས་སྟངས་ཡ་མཚན་ཞིག་སིད་སི་དང་ཨ་རི་སོགས་སུ་གཅིག་མིན་དུ་མར་བྱུང་མྱོང། དེའི་དབང་གིས་དཔལ་ལྡན་བཀའ་ཤག་ལྷན་རྒྱས་ཀྱང་ཐུགས་དོགས་མ་བདེ་བ་ཆགས་ནས་ལྷན་རྒྱས་གནང་སྐབས་བཀའ་མོལ་རྒྱུན་རིང་གནང་འདུག སོང་ཙང། བཀའ་ཤག་ལྷན་རྒྱས་ཀྱིས་མ་མཁྱེན་པ་དང་ཐུགས་སྣང་མ་གནང་བ་ཡོད་མི་སྲིད་ཅིང། ད་ཐེངས་བཀའ་ཤག་ལྷན་རྒྱས་ཀྱིས་གཟབ་གཟབ་མ་བྱས་པའི་རྟགས་གཅིག་འཛམ་གླིང་ཡོངས་གྲགས་ཆགས་པ་འདི་ངོ་ཚ་བའི་ཡུལ་རེད།
མི་དབང་སྲིད་སྐྱོང་གི་ཞབས་ལ་གྲོག་མ་བཏབས་པ་དང། བཀའ་བློན་གཞན་རྣམས་ཀྱི་ཞལ་ལ་རྒྱ་གར་གི་སྒོ་ཟྭ་རྙིང་པ་དེ་གཅིག་ནས་གཉིས། གསུམ་ནས་བཞི་བརྒྱབས་ཡོད་པའི་སྐབས་འདིར། ཞུ་ན་ཞུ་བསམས་པའི་དབུ་ཁྲིད་དང་མགོ་གཅིག་མེད་སྟབས་བཤད་ནས་ཅི་ཕན། བདེ་སྐྱིད་ལགས། ཁ་སང་ནས་ངས་གསལ་བོར་བྲིས་ཟིན། ང་ཚོས་རྒོལ་རྡུང་་ཚ་ནན་གཏོང་བའི་དུས་ལ་བབས་འདུག་ཅེས་འབོད་སྐུལ་ཞུས་པ་ཡིན། ད་ནི་ཚང་མ་འཇམ་ཐང་ཐིང་རེད།
དོལ་རྒྱལ་རྗེས་འབྲངས་པར་རྒོལ་ལན་ནན་པོ་གཏོང་བའི་དུས་ལ་བབ་འདུག
http://www.khabdha.org/?p=56752
སྐྱབས་རྗེ་ཕ་བོང་ཁ་དང་ཁྲི་བྱང་རིན་པོ་ཆེ།
http://www.khabdha.org/?p=57257
འདིར་༸གོང་ས་མཆོག་གི་སྐུ་ཕྱྭ་ཤོད་དུས། # 8 ཤར་ཕྱོགས་ཁུག་རྟས། འདིར་སྲིད་སྐྱོང་གི་སྐུ་སྲུང་དང་། གྲོག་མ་སྐོར་ཤོད་བགྱིད། སྲིད་སྐྱོང་གི་སྐུ་ཕྱྭ་རྒྱ་དང་། དོལ་རྒྱལ་ལས། ཤར་ཁུག་ཉེན་ཆེ་བ་ཡོད་ས་རེད། ང་ལ་དྭོགས་པ་སློང་མཁན་ཡང་། ཤར་ཁུག་ཁོ་རང་རེད་དོ།།
དོལ་ཚོགས་ཀྱི་ཁོང་མི་གཅིག་༧་གོང་ས་མཆོག་གི་སྐུ་མདུན་ལ་འོང་ནས་ཆོས་ལུགས་རང་དབང་ཐོབ་ཐངས་ཀྱི་སྐོར་བདར་ཤ་བཅད་འདོད་ཡོད་པ་དེ་༧་གོང་ས་མཆོག་གི་སྐུ་ཕྱ་ལ་ཉེན་ཁ་ཡོད་པ་ཞིག་མཐོང་གི་མི་འདུག ངས་ལྟས་ན་༧་གོང་ས་མཆོག་གི་སྐུ་མདུན་ལ་དོལ་ཚོགས་ཀྱི་ཁོང་མི་ཆོས་ལུགས་རང་དབང་གི་ཐོབ་ཐངས་སྐོར་བདར་ཤ་བཅད་འདོད་ཡོད་པ་སུ་འོང་ནས་དགའ་བསུའི་དངས་ལེན་ཞུས་ན་ཡག་ས་རེད་བསམ་གི དེ་མིན་རྒྱ་དམར་ནང་བཞིན་ངོ་རྒོལ་བྱེད་མཁན་ཚོར་གཡོལ་ནས་སོང་བསྡད་ན་ནམས་ཕྱེ་སྒྲུང་གི་འཕྱོལ་ཁག་པོ་རེད། རང་གི་བསམ་ཚུལ་ཙམ་ཡིན།
ཨ་རིའི་དོན་གཅོད་སྐལ་རྡོར་ལགས་ཀྱིས་རང་དབང་རླུང་འཕྲིན་ཐོག་ཁ་ལི་ཧྥི་ནི་ཡར་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཕྱི་གླིང་བ་དོལ་ཚོགས་ཞིག་ཡོད་པ་དང་། ཁོ་ཚོས་མུ་མཐུད་ནས་ངོ་རྒོལ་བྱ་རྒྱུའི་འཆར་གཞི་ཡོད་པ་ཐོས་ལུགས་གསུངས་སོང་། གང་ལྟར། དེ་སྔོན་༧གོང་ས་མཆོག་ལ་ཨ་རིའི་གསང་བའི་ལས་ཁུང་གི་མི་སྣས་ཀྱང་ཁོང་གི་སྐུ་ཕྱར་ཉེན་འཚབ་ཆེ་ཤོས་དེ་དོལ་ཚོགས་ནས་ཡོང་གི་ཡོད་པ་གསུངས་ཡོད་ལུགས་དེ་སྔོན་ཐོས་མྱོང་། དེར་བརྟེན། ༧གོང་ས་མཆོག་ད་དུང་ཉིན་ཤས་རིང་ཨ་རིར་བཞུགས་ཀྱི་ཡོད་སྟབས་དེ་ལུགས་དོན་གཅོད་དང་། འབྲེལ་ཡོད་བོད་རིགས་ཚོགས་པ་སོ་སོས་སྒྲིག་འཛུགས་རང་བཞིན་གྱི་སྒོ་ནས་སྐུ་ཕྱའི་ཐད་ཕྱར་བ་གྲུ་འདེགས་ཀྱིས་ཞབས་ཅི་སྒྲུབ་དགོས་པ་རེད། ང་ཚོས་གནད་དོན་དེ་རིགས་ངེས་པར་དུ་གླེང་སློང་བྱེད་དགོས་ཀྱི་འདུག དེ་ལྟར་བྱས་ཚེ་རིམ་པས་མཐོ་རིམ་དཔོན་རིགས་ཚོས་ཀྱང་དོ་སྣང་བྱེད་དགོས་པ་ཞིག་དང་། འགན་ཟབ་ནན་ངང་ཁྱེར་དགོས་པ་གཟིགས་ངེས་ཡིན། རྩ་བའི་ཁོང་རྣམས་པས་འགན་བཞེས་མུས་ཡིན་པ་བརྗོད་མེད་རེད། འོན་ཀྱང་། དེ་བས་ཀྱང་ཟབ་ནན་གནང་དགོས་པ་དེ་ཧ་ཅང་གི་གལ་ཆེར་མཐོང་། དེར་བརྟེན། ང་ཚོ་བོད་རིགས་མི་རེ་ངོ་རེས་རྡ་འཕྲིན་འཕྲུལ་ཆས་ཀྱི་ཁེ་ཕན་སྤྱད་དེ་སྒྲོ་འདོགས་དང་། རྫུན་གཏམ་སྤངས་ནས་དྲང་པོའི་སྒོ་ནས་གནས་ཚུལ་དེ་རིགས་སྤྱི་ཚོགས་སུ་སྤེལ་དགོས་པ་རེད། དེ་ནི་ཧ་ཅང་གི་གལ་ཆེེར་མཐོང་ངོ་།
༧གོང་ས་མཆོག་ཨ་རིར་ཕེབས་ན་ཨ་རི་གཞུང་གི་བདེ་འཇགས་ལ་འགན་ལེན་དགོས་པ་དང་། གལ་སྲིད་ཨ་རི་གཞུང་གིས་ཆོས་ལུགས་ཀྱི་ཚོགས་པ་དེ་ཙམ་ཞིག་གིས་འཇིགས་སྐུལ་བྱ་མིན་སྔོན་དཔག་མ་ཐུབ་ཚེ། འཇིགས་སྐུལ་རིང་ལུགས་པ་ཇི་ལྟར་འགོག་ནུས་སམ། སྨྲ་བརྗོད་རང་དབང་དང་ཁྲིམས་ཀྱི་ཚད་ལས་མ་བརྒལ་བའི་ངོ་རྒོལ་ནི་ཨ་རི་གཞུང་གིས་འགོག་དགོས་དོན་མེད་པས། རབ་ཡིན་ན་ངོ་རྒོལ་བ་དེ་རིགས་ཀྱི་རྒྱབ་ལྗོངས་དང་དམིགས་ཡུལ་སྔོག་ཏེ་ངན་མཚང་ཡོད་ན་ཡོངས་གྲགས་བཟོ་དགོས།
“བོད་ཀྱི་གཏམ་དཔེར་དགོས་སར་ཆད། མི་དགོས་སར་ལྷག་ཅེས་པ་དེ་མ་རེད་དམ།” ཞེས་བརྗོད་པ་དེ་ཡིད་ལ་འཐད་པོ་བྱུང་། དངོས་གནས་དེ་ག་རང་རེད།
ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་༧གོང་ས་མཆོག་ཕེབས་སྐབས་མགོ་སེར་སྐུ་སྲུང་བ་ཚོས་བོད་པ་ཚོ་ལ་ཡིད་ཆེས་ལྟ་བུ་ཞིག་གིས་ཡིན་ནམ། གང་ལྟར་སྐུའི་སྲུང་སྐྱོབ་ཐད་བོད་པ་ཚོ་ཡོད་སར་ལྷག་པར་དུ་གཟབ་ནན་མ་རེད། མིང་དང་ཁེ་ཕན་གྱི་ཆེད་དུ་བོད་རིགས་ཚོགས་པ་ཚོར་རང་འདོད་ཀྱི་ཁྲིམས་སྲོལ་ལྟ་བུ་ལྷག་མ་ཡང་མང་ཙམ་འདུག
བོད་རིགས་རྣམས་ཀྱིས་ཞལ་མཇལ་ཡོང་བའི་ཆེད་དུ་༧གོང་ས་མཆོག་ཐག་རིང་ནས་ཞབས་ཐང་གིས་ཕེབས་ཡོང་བ་དང་། དུས་མཚུངས་བོད་པ་ཚོ་འཚང་ཁ་རྒྱག་རྒྱུར་དགའ་བའི་དུས་སྐབས་དང་བསྟུན་ནས་སྐུ་ལ་རྒོལ་མཁན་ཞིག་ཡོད་ཚེ། འཇབ་རྒོལ་བྱ་སླ་བོ་ཡོད་པའི་ཉེན་ཁ་དེ་དག་མཐོང་དུས་ཡིད་སེམས་འཇིགས་ཡེར་བ་ཐེངས་མང་བྱུང་མྱོང་།
སྐུ་ཤ་ལ་ཉེན་ཁ་ཡོད་པ་མ་རེད། དོལ་རྒྱལ་ཚོགས་པ་ཁོང་ཚོའི་ཆོས་ལུགས་ཀྱི་ཐོབ་ཐང་ཆེད་དུ་སྐད་ཆ་བཤད་དུ་ཡོང་བ་རེད། ཁོང་ཚོ་འ
ཁོང་ཚོར་འཕྲད་པའི་དཀའ་ངལ་དེ་སེལ་མཁན་གོང་ས་ལས་ལྷག་མེད་པས་དཀའ་ངལ་སེལ་ཆེད་དུ་ཞུ་འབོད་བྱས་བ་རེད། དེ་ནི་ཧང་སང་དགོས་བ་ཅི་ཡང་མ་རེད། དད་པ་རིང་ལུགས་པ་ཚོ།
ངས་བལྟས་ན། གོང་ས་ཡིད་བཞིན་ནོར་བུ་ཨ་རིར་ཞུགས་དུས་སྲུང་ཕྱྭ་ཤིན་དུ་ལེགས། ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཆེད་ལས་མི་སྣ་ཚོས་ཁ་ཙམ་མིན་པའི་ལག་བསྟར་བྱེད། ཨ་ནི་དེ་གོང་ས་མཆོག་གི་ཁྲིད་ལ་བཅར་བ་ཙམ་གྱིས་འཇིགས་མི་དགོས་སྙམ།
སྐུ་ཕྱྭའི་སྲུང་སྐྱོབ་ལེགས་ཤོས་ནི། ཤུགས་ལྡན་བ་ཚོ་དང་སྐད་ཆ་བཤད་ནས། ཁོང་ཚོའི་ཐོབ་ཐང་ངོ་རྒོལ་བྱེད་པ་འདི་ཡང་ང་ཚོས་སྲུང་གི་ཡིན། ང་ཚོའི་ནོར་བུར་སྐུ་ཚེར་གནོད་པ་མི་ཡོང་བ་ཁོང་ཚོས་འགག་ལེན་ཐུབ་པའི་གྲོས་མཆོད་ཅིག་འཇོག་ཐུབ་ན་ཨ་མའི་བུ་རེད།
ནོར། འགག་ལེན་
བཅོས། འགན་ལེན་
བསམ་ཚུལ་ཡག་པོ་བཏོན་འདུག་སྙམ།སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཚོས་ཁོ་རང་བརྙན་འཕྲིན་པར་གང་ན་འདུག་དེའི་བཙལ་ནས་འགྲོ་རྒྱུ་ལས་སྐུ་མདུན་གྱི་སྐུ་ཕྱྭ་ལ་དོན་སྣང་དེ་ཙམ་ཤུགས་ཆེན་པོ་མེད་པ་གང་ནས་བལྟས་ཀྱང་ཤེས་སྲིད། དེ་བས་ཨ་རིའི་གཞུང་གི་སྐུ་སྲུང་ཚོས་ཧུར་ཐག་གནང་གི་རེད་བསམ་ཡོད།
༧གོངས་ས་མཆོག་གི་སྐུ་ཕྱའི་ཐོག་ལ་ང་ཚོ་བོད་མི་ཚང་མའི་ངོས་ནས་ཡིད་ཟབ་བྱེད་རྒྱུ་གལ་ཆེན་པོ་རེད་ དེའི་ནང་ནས་ང་ཚོའི་ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་ངེས་པར་དུ་ཟབ་ནན་བྱེད་རོགས་གནང་ ཤར་ཁུག་འདི་མདོ་སྨད་སྤྱི་འཐུས་ལས་བདེ་སྲུང་བློན་ཆེན་དུ་སྐོས་བཞག་ན་ང་ཚོ་ལ་སེམས་ཁྲལ་ཉུང་དུ་འགྲོ་མི་ཡོང་གས་།
གང་ལྟར་དོན་གཅོད་ངོས་ནས་སྐུ་ཕྱའི་ཐད་དམིགས་བསལ་གྱི་འགན་བཞེས་དགོས་པ་དེ་གཡོལ་དུ་མེད་པའི་འོས་འགན་རེད། ངོ་རྒོལ་བ་དེ་རིགས་༧གོང་ས་མཆོག་གི་སྐུ་ཁྲིས་སུ་བསླེབས་པ་དེ་གས་སྐུ་ཕྱར་དེ་ཙམ་དོ་དམ་ནན་པོ་མེད་པའི་རྟགས་རེད། དེར་བརྟེན། འབྲེལ་ཡོད་བོད་རིགས་ཚོགས་པ་དང་། དོན་གཅོད་ཀྱིས་འགན་ཡག་པོ་ཁྱེར་དགོས་པ་དེ་ལས་འགན་གལ་ཆེ་ཤོས་དེ་ཡིན།
ཨ་ལས་ཁྱད་མཚར་མོ་འདི་འདྲ། ངས་ནི་དོལ་ཕྲུག་དེ་སྐྱབས་མགོན་རིན་པོ་ཆེའི་ཉེ་འགྲམ་ལ་བཅར་ནས་དྲི་བ་ཞིག་བྱས་པ་ཙམ་གྱིས་སྡུག་པོ་དང་ཞེད་སྣང་དགོས་པ་ཞིག་ཅི་མཐོང་མ་སོང་། ཡིན་ནའང་སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་རླུང་བཞེས་ནས་ལན་ཡག་པོ་ཞིག་གནང་མ་ཐུབ་པ་དེ་ནི་ཏོག་ཙམ་མ་བདེ་བ་འདྲ་བོ་མཐོང་སོང་། ནམ་རྒྱུན་ང་ཚོ་ནི་རྒྱུན་ལྡན་འཚོ་བའི་ཁྲོད་འདིར་བྱམས་དང་སྙིང་རྗེ་རྐྱང་རྐྱང་ལབ་མཁན་གྱི་མི་རིགས་ཤིག་ཡིན་ཙང་། རྒྱ་ནག་དམར་པོའི་མདུན་ནས་ཡང་ངོ་ཚ་སོང་། ཐད་ཀར་དྲི་བ་འདི་ཙམ་ཞིག་ལ་བཟོད་སྒོམ་མཛད་མ་ཐུབ་པ་ཡིན་ན་དེ་སྔོན་མི་གཞན་ལ་བྱམས་དང་སྙིང་རྗེའི་ལམ་སློབ་སྟོན་གྱི་སྐད་ཆ་བཤད་ཚད་ཚང་མ་སྟོང་པར་ལུས་སོང་བ་མ་ཡིན་ནམ།
དངོས་གནས་སེམས་ཁུར་ཡོད་ན་དོལ་ཚོགས་ལ་ངོ་རྒོལ་བྱེད་དགོས་པ་རེད། དེ་མིན་གནས་ཚུལ་ཞིག་བྱུང་བ་དང་རང་གཞུང་དང་། རང་གཞུང་གི་མཛད་གཙོ་རྣམས་ལ་ཁག་དཀྲི་རྐྱང་བྱེད་པ་འདི་ནི་ནང་དཀྲུག་ཙམ་ལས་ཕན་ཐོག་ཡོད་པའི་ལས་ཀ་ཞིག་མ་རེད། དེ་རིང་ཨ་རིར་ཐོན་པའི་གནས་ཚུལ་འདིས་འགན་གཙོ་བོ་ནི་ཨ་རི་གཞུང་ལ་ཡོད་པ་རེད། རྒྱུ་མཚན། གོང་ས་མཆོག་གི་སྐུ་ཕྱའི་སྲུང་སྐྱོབ་ཀྱི་འགན་ཆ་ཚང་ཨ་རི་གཞུང་གིས་ཁྱེར་ཡོད་པ་རེད། མ་གཞི་ནས་གཏམ་བརྗོད་རང་དབང་ལྡན་པའི་ལུང་པ་ཞིག་ན་ངོ་རྒོལ་གྱི་སྐད་ཆ་བཤད་མི་ཆོག་ཅེས་བཀག་དགོས་ན་ཁག་པོ་རེད་ལ། དེ་བས་ཀྱང་སྐུ་ཚབ་དོན་གཅོད་ལ་དེ་འདྲའི་ཐོབ་ཐང་ཞིག་ག་ལ་ཡོད།
དོལ་ཕྲུག་དེས་མཛད་སྒོའི་འགྲིགས་ལམ་ལ་རྡོག་རོལ་གཏོར་བཤིག་བྱས་ནས་མི་སྒེར་གྱི་མཚན་སྙན་གཅོག་པའི་སྤྱོད་ངན་བྱས་པ་དེ་ལ་ཁྲིམས་ཐོག་ནས་ཉེས་ཆད་འབབ་ངེས་པ་རེད། ཆོས་ཕྱོགས་ཀྱི་མཛད་སྒོ་གཉན་པོ་དེ་འདྲ་ལ་གཏོར་བཤིག་བྱས་པ་ཕར་ཞོག ཐ་ན་གླུ་གཞས་གཏང་ས་ཞིག་ཡིན་ན་ཡང་། སྟེགས་བུའི་སྟེང་དུ་འབུད་མཁན་དང་ལྟད་མོ་བའི་གྲལ་དུ་སྡོད་མཁན་ལོགས་སུ་ཡོད་པ་རེད། ལྟད་མོ་བ་ཞིག་གར་སྟེགས་སྟེང་དུ་བུད་ནས་ལྟད་མོ་སྟོན་མཁན་ལ་སྙད་བརྐོས་ན་མ་མཐའ་ཡང་ཉེན་རྟོག་པས་ས་འདྲུད་གནམ་འདྲུད་བྱས་ནས་ལྟད་མོ་བའི་གྲལ་ནས་རྒྱང་འབུད་གཏོང་བ་གཏན་འཁེལ་རེད། དོལ་ཚོགས་ནི་དོལ་ཚོགས་རེད། གང་ན་ཡོད་ན་ཡང་གཏོར་བཤིག་རེ་བྱ་རྒྱུ་དེ་ཁོ་ཚོའི་གཤིས་སྤྱོད་རེད། འདི་འདྲ་བ་ཤ་སྟག་བྱས་ནས་བོད་མིའི་སྤྱི་ཚོགས་སུ་དོལ་འདྲེ་བརྟེན་སྲོལ་སྤངས་དགོས་ཐུག་པ་རེད། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་གྱིས་བོད་བསྟན་སྲིད་ལ་གནོད་གི་འདུག་གསུངས་པ་དེ་ཡིན་ན་ངོ་མ་ཐམས་ཅད་མཁྱེན་པའི་གསུངས་ངོ་མ་རེད་འདུག
བོད་པ་ཚོས་ནུབ་ཕྱོགས་མགོ་སེར་པ་རྣམས་ནི་ཤེས་ཡོན་ཆེ་ཞིང་། རྣམ་དཔྱོད་ལྡན་པའི་གཟུར་གནས་ཤ་སྟག་ལ་ངོས་འཛིན་བྱེད་པ་རེད། འོན་ཀྱང་ནུབ་ཕྱོགས་ཤེས་ཡོན་ཅན་གྱི་མང་ཚོགས་འདི་ཚོ་ག་རེས་ཡིན་ནམ། ངོ་མ་བཤད་ན་༧གོང་ས་མཆོག་ལ་སྐྱག་རྫུན་མ་ཤོད་ཞུ་མཁན་གྱི་མགོ་སེར་མ་དེ་ནི་ཇི་འདྲའི་ལྐུགས་པ་ཞིག་རེད་ཨང་། ༧གོང་ས་མཆོག་གིས་གསལ་བཤད་ཅིག་གནང་རྒྱུ་མགོ་བཙུགས་སོང་ཡང་། མོས་དེ་ལ་ཉན་རོགས་རྩ་བ་ནས་མ་བྱས་པར་མ་ཟད། སྐྱག་རྫུན་མ་ཤོད་ཟེར་བཞིན་འདུག
མ་གཞིན་མགོ་སེར་མ་དེ་ལའང་ཁག་མེད། གང་ཡིན་ཟེར་ན། མོ་ནི་དེང་སྐབས་སོས་སི་ལན་ཌི་ན་ཡོད་པའི་དགོན་གསར་རིན་པོ་ཆེ་ཟེར་བ་དེའི་དགེ་ཕྲུག་ཅིག་རེད། དགོན་གསར་རིན་པོ་ཆེ་ཁོ་པ་ལའང་ནང་ཆོས་སོགས་བོད་ཀྱི་རིག་གནས་ཀྱི་ཤེས་ཡོན་གང་ཡང་མེད་པ་རེད། དེ་འདྲའི་དགེ་རྒན་ལྐུགས་པ་ཞིག་ལ་དགེ་ཕྲུག་མཁས་པ་ཞིག་གང་ནས་ཡོང་གི་རེད་དམ།
ཆོས་མི་ཤེས་པའི་དོལ་ཚོགས་ཀྱི་བླ་གྲྭ་ཚོས་མ་ཡིན་ཡིན་ཁུལ་གྱིས་དད་ལྡན་ཕྱི་གླིང་མང་ཚོགས་མགོ་སྐོར་གཏོང་བཞིན་པ་འདི་ཚོ་ཇི་འདྲའི་ཡ་ང་བ་ཞིག་རེད་འང་།
གནད་དོན་འདི་འདྲའི་སྐབས་སུ། སུ་ཡིན་ཡང་། སྐྱབས་མགོན་ཏཱ་ལའི་བླ་མའི་སྨྲ་བརྗོད་རང་དབང་ལ་རྒྱབ་སྐྱོར་དང་། ཁོང་གི་ཆོས་དད་རང་མོས་ལ་སྲུང་སྐྱོབ། ཁོང་གི་ཆེ་མཐོང་གཅོག་པའི་སྤྱོད་ངན་དེ་ཚོར་མ་མཐའ་ཡང་སྐྱོན་བརྗོད་དམའ་འབེབས་རེ་བྱེད་དགོས་ངེས་རེད།
ང་ཡོད་ས་འདི་རུ་ཆོས་དད་པ་ཡིན་ཟེར་མཁན་གྱི་ཕྱི་མི་འགའ་དང་ལྷན་དུ་གླེང་མོལ་བྱེད་སྐབས་ཤིག་ལ། ཧ་ལས་མདོག་མདོག་གིས། བོད་ཀྱི་སྤྱི་ཚོགས་ནང་ན་ཤུགས་ལྡན་ཚོགས་པའི་རྙོགས་དྲ་འདྲ་བ་དེ་འདྲ་སྡུག་པོ་རེ་འདུག་ཟེར་ཁུལ་བྱེད་ཀྱིན་འདུག ངས་ལན་འདི་འདི་བཏབ་པ་ཡིན། བོད་མི་ལྷ་འདྲེ་ལ་རེ་དོག་ཆེ་བའི་དད་མོས་སྲོལ་རྒྱུན་ཡོད་པའི་སྤྱི་ཚོགས་ཤིག་ཡིན་པས་ལྷ་འདྲེ་དང་འབྲེལ་བའི་རྩོད་གླེང་བྱུང་བ་དེར་ང་ཧ་ལས་ཀྱི་མི་འདུག ཡིན་ན་ཡང་། ནུབ་ཕྱོགས་པ་རྒྱུ་མཚན་ཁོ་ན་མ་གཏོགས་ཁས་མི་ལེན་ཟེར་མཁན་ཚོའི་ནང་ནས་ཁ་ཤས་དང་། ཆོས་ལ་དུག་ཏུ་ལྟ་མཁན་རྒྱ་དམར་གུང་ཁྲན་འདི་ཚོ་དེང་སང་དོལ་རྒྱལ་གྱི་དཀའ་རྙོགས་ནང་དུ་འཛུལ་ནས་བོད་མིའི་སྤྱི་ཚོགས་ཀྱི་རྙོགས་དྲ་དེ་ཇེ་ཆེར་གཏོང་གི་འདུག དེ་ལ་ང་ངོ་མ་ཡ་མཚན་གྱི་འདུག་ལ་ཧ་ལས་ཀྱི་འདུག་ཟེར་ནས་ལན་བཏབ། དེ་ནས་ཁོ་ཚོས་མགོ་གཡུག་གཡུག་རེ་བྱས་པ་མ་གཏོགས་ལན་འདེབས་ཐུབ་མ་སོང་།་དེ་ནས་ཁོ་ཚོས་ང་ལ་དེའི་སྐོར་གཏན་ནས་གླེང་གིན་མི་འདུག
བརྙན་འཕྲིན་དེ་མིག་མཐོང་ལག་ཟིན་གྱི་དཔེ་མཚོན་ཞིག་རེད། ༧གོང་ས་མཆོག་གི་སྐུ་ཕྱཱའི་ཐད་ངེས་པར་དུ་གཞུང་ཕྱོགས་ནས་གཏམ་བཤད་ཙམ་དང། ཚོགས་པ་ཁག་གི་གྲོས་ཆོད་བཞག་པ་ཙམ་དང། སྒེར་གྱི་ཚོར་བ་བཏོན་པ་ཙམ་མིན་པར། ཆུ་མ་ཡོང་གོང་ལ་རག་དང། རྐྱེན་མ་བྱུང་སྔོན་ལ་བཟློག་པ་ཞེས་གསུངས་པ་ལྟར། གཞུང་ཚོགས་སྒེར་གསུམ་གྱིས་ཆེས་རྩ་ཆེའི་ནང་གི་རྩ་ཆེན་དེ་ནི། མགོན་པོ་གང་ཉིད་ཀྱི་སྐུ་ཕྱཱ་ཡིན་པ་ངོས་འཛིན་ཐོག ཚང་མས་མགྲིན་གཅིག་དང་དབྱངས་གཅིག ལག་ལེན་གཅིག་གི་ཐོག་ནས་ཡུལ་དུས་ངེས་པ་མེད་པར་གཟབ་གཟབ་ཏན་ཏན་བྱེད་དགོས་པ་མཐོང། དེང་སྐབས་ནི་ཉེན་ཁ་ཅན་གྱི་དུས་སྐབས་ཤིག་ཏེ། བླང་དོར་རྣམ་དཔྱོད་ཀྱི་དབུལ་བའི་སྐྱེས་བོ་མང་པོ་ཞིག་རྒྱའི་གཡོ་བྱུས་བསླུ་བྲིད་ཀྱིས་འོག་ཚུད་པ་དང་གཅིག ཆོས་དད་ཅེས་རྨོངས་པའི་དུག་རླངས་ཀྱིས་ཟིེར་པ་གཉིས། ཀླད་མེད་མགོ་འཇུག་ལྡོག་པའི་ནུབ་ཕྱོགས་པ་འགའ་དང་གསུམ། ལས་འབྲས་བློ་མིག་སྒྲིབ་པའི་གང་ཟག་དང་བཞི དེ་འདྲའི་ཁོངས་སུ་གཏོགས་པ་ཚོས་བྱ་ངན་ཅི་ཡང་བརྩམ་སྲིད་པས། ང་ཚོས་ངེས་པར་དུ་མགོན་པོ་གང་ཉིད་ཀྱི་སྐུ་ཕྱཱ་སྲུང་ཆ་ལྷ་བླ་མ་དཀོན་མཆོག་ལ་གསོལ་འདེབས་རེ་བཅོལ་ཙམ་དང། ཞབས་རིམས་འདོན་གསོག་ཙམ་གྱིས་མཐའ་འཁྱོལ་ཐབས་བྱེད་པ་ཙམ་མིན་པར། གཤམ་གསལ་དོན་ཚན་ཁག་ཡིན་ཅིག་ལག་བསྟར་བྱེད་དགོས་པའི་དུས་ལ་འབབ་ཡོད།
1. ༧གོང་ས་མཆོག་གི་བཞུགས་གནས་དང་ཕེབས་ལམ་མི་དམངས་དང་བར་ཐག་ངེས་ཅན་ཞིག་ཡོད་དགོས།
2. འདུ་འཛོམས་ཚོགས་འདུ་སོགས་ཀྱི་སྐབས་ཚོགས་བཅར་པས་སྐུ་པར་ལྷན་སྒྲོན་དང་། སྐུ་གམ་ལ་ཉེ་བཅར་བྱེད་རིགས་མེད་པ་བཟོ་དགོས།
3. གང་བཞུགས་གང་ཕེབས་སྐབས་ངེས་པར་དམིགས་བསལ་སྲུང་ཆའི་ཆ་རྐྱེན་མཐུན་སྦྱོར་ནི་ཆ་རྐྱེན་ཨང་དང་པོར་འཇོག་དགོས།
4. ཁང་པ་དང། ཚོགས་འདུ་དང། དུས་ཆེན་དང་། ལས་རིགས་གསར་པ་སོགས་དབུ་འབྱེད་མཛད་སྒོ་ཆེ་ཆུང་མེད་པར་གདན་འདྲེན་ཞུ་ཨེ་ཐུབ་བྱེད་པ་དག་ངེས་པར་དུ་ཉུང་དུ་གཏོང་དགོས།
5. སྒེར་བ་དང། ཚོགས་པ་ཁག་གི་ཚོགས་མི་དང། ནང་མི་བཅས་ཀྱིས་མིང་སྣ་ཚོགས་འཁྱེར་ཏེ་གཟིམས་ཆུང་མཇལ་ཁའི་རིགས་ལ་ངེས་པར་དུ་དོ་དམ་བྱེད་དགོས།
6. སྐུ་སྲུང་དང་བདེ་སྲུང་ལས་བྱེད་རྣམས་ལོ་གཉིས་སམ་གསུམ་གྱི་ཡུན་ཚད་ནས་བརྗེ་བསྒྱུར་བྱེད་དགོས།
7. བོད་རིགས་ཚོས་ངེས་པར་དུ་༧གོང་ས་མཆོག་གི་སྐུ་ཕྱཱ་གཙོ་བོ་ཞེས་པའི་འདུ་ཤེས་ཡོད་ཐོག་དངོས་ཤུགས་བརྒྱུད་གསུམ་གྱིས་ལྷོད་ཡང་བྱེད་མི་ཉན།
གལ་སྲིད་དོལ་ཚོགས་ལ་ངོ་མ་ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་བྱེད་པའི་སྙིང་སྟོབས་ཡོད་ན་དུས་ཆད་བཟོས་ན་འགྲིགས་གི་རེད། མཛད་སྒོའི་ལས་རིམ་གཏོར་བཤིག་བྱས་ནས་ཇག་པ་རྒྱུག་རྒྱུག་བྱེད་དགོས་དོན་མི་འདུག བྱེད་སྟངས་དེ་ཁོ་ནས་ཀྱང་དོལ་ཚོགས་ལ་དོན་དངོས་ཡོད་ཀྱི་གྲོས་མོལ་བྱེད་པའི་སྙིང་སྟོབས་མེད་པ་གསལ་སྟོན་བྱས་འདུག
མ་གཞི་དོལ་རྒྱལ་མི་བརྟེན་པ་དེ་ནི་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཆོས་དད་རང་མོས་དང་འབྲེལ་བའི་གནད་དོན་ཞིག་ཡིན་སྟབས་དེ་དོལ་ཚོགས་ལྷན་དུ་གྲོས་མོལ་བྱེད་དགོས་པའི་གནད་དོན་ཞིག་མིན།
དེ་བཞིན་དུ་དོལ་རྒྱལ་མི་བརྟེན་པའི་བཀའ་སློབ་བསྩལ་པ་དེ་ཡང་ཁོང་དང་ཁོང་གི་སློབ་མ་ཚོའི་བར་གྱི་ཆོས་ཉམས་སུ་ལེན་སྟངས་ཀྱི་གནད་དོན་ཞིག་ཡིན་པ་མ་གཏོགས་དོལ་ཚོགས་དང་གྲོས་མོལ་བྱེད་དགོས་དོན་མི་འདུག དེ་ནི་ཁོང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་རེད།
གདན་ས་སེ་འབྲས་དགེ་སུམ་སོགས་ཆོས་སྡེ་ཁག་ཀྱང་བོད་བརྒྱུད་གསང་སྔགས་ཆོས་ལུགས་ཀྱི་ཉམས་ལེན་བྱ་ས་ཡིན་པའི་ཆ་ནས་རང་རང་གི་བླ་མའི་བཀའ་དམ་ལ་རྒྱབ་འགལ་བྱེད་མཁན་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་གང་ཐུབ་ཀྱི་གཅོད་མ་ནུས་ན་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཟེར་བ་དེ་ཡང་མིང་ཙམ་དུ་གྱུར་པ་རེད། བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་ཆེའི་མཐོ་གྲས་གསང་སྔགས་ཀྱི་ཡིག་ཆ་ཁག་ན། བླ་མའི་བཀའ་དམ་ལ་འགལ་བའི་གང་ཟག་དང་ལྷན་དུ་ལུང་པ་གཅིག་གི་ཆུ་བཏུང་བར་ཡང་འཛེམ་དགོས་ཞེས་གསུངས་ཡོད། བོད་བརྒྱུད་ནང་བསྟན་ལ་བླ་མའི་ཆོས་ལུགས་ཞེས་ཐོགས་དོན་ཡང་བླ་མ་གལ་ཆེ་པོར་བཟུང་བས་རེད།
ད་རེས་གནས་ཚུལ་དེ་འདྲ་ཞིག་བྱུང་བར་ཧ་ལས་དགོས་པ་ཞིག་མ་རེད་ རྗེས་སུའང་དེ་ལྟར་ཡོང་སྲིད་པ་རེད་་ དེ་ལ་བོད་གཞུང་གི་ལས་བྱེད་པ་ཚོ་ལས་ལྷག་པ་ཨ་རིའི་སྐུ་སྲུང་བ་ཚོས་ཀྱང་གང་ཡང་བྱེད་ཐུབ་ཀྱི་མ་རེད་ གང་ཡིན་ཟེར་ན་དེ་རང་དབང་ལུང་པ་རེད་ ཁོང་ཚོས་བཤད་པའི་སྐད་ཆ་དེར་ང་ཚོ་དགའ་པོ་མེད་ཀྱང་ ཁོང་ཚོ་སྐད་ཆ་བཤད་པའི་རང་དབང་ཡོད་པར་ང་ཚོས་བརྩེ་བཀུར་བྱེད་དགོས་ རྗེས་སུ་དེ་ལྟར་བྱུང་ན་ཡ་མ་གནང་ན་ཡག་ཤོས་རེད་ ད་རེས་དྲེ་མོ་དེར་ཡ་གནང་བ་དང་སྐུ་རླུངས་ཞེང་པ་དེ་ནོར་གནང་སོང་བསམ་པ་བྱུང་ ལྷག་པར་དུ་བཤད་དགོས་པ་ཞིག་ལ་སྲེད་སྐྱོང་ནས་ལྷ་དྲེའི་སྐོར་ད་བར་གསུང་པ་གོ་མ་བྱུང་ལ་མ་འོང་པར་མ་གསུང་པའི་རེ་བ་ཡོད་ གལ་སྲེད་གསུང་པ་ཡིན་ན་ཕན་པ་ལས་གནོད་ཆེ་བ་ཡོང་གི་རེད་བསམ་གྱི་འདུག་
ཨ་མེ་རི་ཁ་རང་དབང་གི་ཡུལ་ཡིན་ན་ཡང་། མཛད་སྒོའི་འགྲིགས་ལམ་ལ་གཏོར་བཤིག་བྱས་ནས་ཇག་པ་རྒྱུག་རྒྱུག་བྱེད་སྲོལ་ག་ལ་ཡོད། རྒྱ་མིའི་དཔོན་རིགས་ལ་བོད་མིས་ངོ་རྒོལ་བྱེད་སྐབས་ཀྱང་བདེ་སྲུང་གིས་བཀོད་སྒྲིག་བྱས་པའི་ས་མིག་དེ་རང་ལ་བསྡད་ནས་ངོ་རྒོལ་བྱེད་པ་མ་གཏོགས་ཡར་བརྒྱུགས་ནས་སྐུ་མགྲོན་ལ་སྙད་རྐོ་ཆོག་གི་མ་རེད། དེ་ཁྲིམས་འགལ་རེད། འདིའི་རིགས་ལ་ཁྲིམས་ཐོག་ནས་རྩད་གཅོག་བདའ་འདེད་བྱེད་དགོས་པ་གལ་ཆེན་རེད། དོལ་ཚོགས་ཁོ་རང་ཚོས་ཞབས་འདྲེན་ཞུས་པ་རེད། དོལ་ཚོགས་ནི་དོལ་ཚོགས་རེད། གང་ན་ཡོད་ན་ཡང་སྤྱི་ཚོགས་ཀྱི་འགྲིགས་ལམ་ལ་གཏོར་བཤིག་རེ་བྱ་རྒྱུ་ལས་ཅི་ཡང་འཇོན་གི་མ་རེད།
མགོ་སེར་མ་ཞིག་གིས་དབུགས་ཆད་ལ་ཁད་བྱས་ནས་ལས་ངན་བསགས་བཞིན་པ་ངས་ཀྱང་མཐོང་སོང་། ནུབ་ཕྱོགས་ཀྱི་གླེན་པ་ཡིན་ཕྱིན་བོད་ཀྱི་ལུག་ལས་ཀྱང་གོ་བརྡ་འཕྲོད་དཀའ་མོ་ཡིན་པ་ཚང་མས་ཤེས་པས་བཞག་ན་འགྲིག་གི་རེད། ༸གོང་ས་ཡིད་བཞིན་ནོར་བུས་ཕར་བཀའ་མོལ་ཅིག་གནང་རྒྱུ་བྱས་ཀྱང་། ལས་ངན་མ་དེས་ཉན་ཤེས་མི་བྱེད་པར་སྐད་དམའ་རུ་དམའ་རུ་འགྲོ་བཞིན་པར་བལྟས་ན་ངོ་ཚ་བ་ལོས་ཡིན། མཐར་སྐུ་སྲུང་ཨ་མི་རི་བ་ཞིག་གིས་you stop ཟེར་ནས་མཚམས་བཞག་སོ།
སྤོབས་པ་མཐའ་ཡས་ལགས་ཀྱིས་ཡག་པོ་གསུངས་འདུག
ངས་ནི་སྐུ་རླུང་བཞེངས་པ་མཐོང་མ་སོང་། ལམ་ཞོར་མཛད་བྲེལ་སྐབས་ཀྱི་བཀའ་མོལ་དང་། སྐུ་སྲུང་བ་དང་མདུན་བསུ་བས་ཕེབས་སྒུག་་ཞུས་ཡོད་པས་བྲེལ་བས་ངང་ཕེབས་སོང་། མ་གཏོགས་སྐུ་རླུང་ཅང་ཚོར་མ་སོང་།
གོང་ས་སྐུ་རླུང་བཞེངས་ན་ཡང་བཞེངས་མི་ཆོག་དོན་མི་འདུག མི་སུ་ཡིན་ན་ཡང་མཛད་སྒོའི་སྟེང་དུ་ཇག་པ་རྒྱུག་བྱས་ནས་སྙད་བརྐོས་ཡོང་ན་ཞེད་ཀྱང་ཞེད་ས་རེད། འདིའི་ལུས་ལ་འབར་རྫས་འདྲ་འགད་རྩིས་ཡིན་ས་རེད་བསམ་ས་རེད། གསལ་བཤད་དགོས་ན་ཡུལ་དུས་གནས་བབ་ཅིག་དགོས་ཀྱི་རེད། མཛད་སྒོའི་ལས་རིམ་ཟུར་དུ་བཞག་ནས་གྲོས་མོལ་བྱེད་འདུག་ཐུབ་རྒྱུ་མ་རེད།
ངས་བདེ་སྐྱིད་ལགས་ཀྱི་གསུངས་པའི་བཀའ་མོལ་དེ་དག་ཐོས་སྐབས་ལམ་སེང་བར་ལམ་རྒྱ༌གར་ལྷོ་ཕྱོགས་སུ་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་དོལ་རྒྱལ་ཚོགས་པའི་ངོས་ནས་སྐུ་ཕྱའི་ཐད་ཉེན་ཁ་བཟོ་སྲིད་པའི་སྐོར་རྒྱ་གར་གསང་བའི་ལས་ཁུངས་དང་ཨ་རིའི་གསང་འཕྲིན་ལས་ཁུངས་ནས་གསུངས་ཡོད་པ་ལུང་འདྲེན་བྱས་པར། ཨ་རིར་ཡོད་པའི་དོལ་རྒྱལ་ཚོགས་པའི་དམངས་ཁྲོད་ཁ་བརྡ་ཟེར་བའི་ནང་དེ་འདྲའི་དཔང་རྟགས་ཇི་ཡོད་སོགས་མང་པོ་ཞིག་བཤད་ཀྱི་ཡོད་པ་གོ་ཐོས་བྱུང་། ད་རེས་ཨ་རིར་ཆིབས་བསྒྱུར་སྐབས་གསོལ་མགྲོན་ཁང་གི་ཕེབས་ལམ་དུ་རེད་ཟེར་བའི་བརྙན་འཕྲིན་ཐུང་ངུ་དེའི་ནང་དོལ་རྒྱལ་ཚོགས་པས་ཕྱི་རྒྱལ་གྱི་མི་རིགས་བེད་སྤྱོད་བྱས་ཏེ་མིང་འདྲ༌མི་འདྲ༌བཏགས་ཏེ་སྐུའི་འགྲམ་དུ་ཐག་ཉེ་སར་བཅར་ཏེ་ངོ་རྒོལ་བྱེད་སྟངས་ལ་བལྟས་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཕྱོགས་སུ་བཀའ་སློབ་བསྩལ་བ་དེ་དག་ནི་བདེན་པ་མངོན་གསུམ་ཡིན་ཚད་མས་གྲུབ་སོང་ཞིང་། དེ་ནི་དངོས་ཡོད་བདེན་པ་ཡིན་པ་ང་ཚོར་ཡིད་ཆེས་སླེབས་ཐུབ་སོང་་། རྒྱ་གར་བཞག་སྟེ་ཕྱིའི་རྒྱལ་ཁབ་གང་འདྲ་ཞིག་ཏུ་ཆིབས་བསྒྱུར་གནང་གི་ཡོད་ནའང་། སྐུ་ཕྱའི་སྲུང་སྐྱོབ་ཀྱི་སྔོན་ནས་གྲ༌སྒྲིག་བྱེད་རྒྱུ་འདི་ཁྱི་་ལ་སེང་གེའི་མིང་བཏགས་པའི་སྐུ་ཚབ་དོན་གཅོད་ཟེར་་བ་དང་བོད་རིགས་ཚོགས་པ་ཟེར་བ། གཞོན་ནུ་དང་བུད་མེད་ཚོགས་པ་ཟེར་བ། རང་བཙན་སློབ་ཕྲུག་ཟེར་བ། ཚོགས་པ་འདྲ༌མིན་ཡོད་པ་དེ་ཚོས་རང་དོན་རང་གཅེས་བྱས་ནས་འགན་བླངས་ནས་ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ལ་ཞུས་ཏེ་གྲ་སྒྲིག་བྱ་དགོས་ངེས་རེད་པཱ། དེ་འདྲ་བྱུང་མི་འདུག ཚང་མ་མདུན་ལ་ཐོན་རྒྱུ་དང་གདོང་དེབ་སྟེང་༸རྒྱལ་བ་རིན་པོ་ཆེའི་ལྷན་སྐུ་འགྲམ་དུ་ཡོད་པའི་དཔར་མང་པོ་ཞིག་སྒེར་ངོས་ནས་གང་བྱུང་བཞག་ཡོང་སྟེ་སྐུ་ཕྱའི་ཐད་དོ་སྣང་བྱ་གི་མེད་པ་གསལ་པོ་ཆགས་སོང་བས་ད་རེས་ཀྱི་འགན་ཡོངས་རྫོགས་སྲིད་སྐྱོང་ཟེར་བ་དང་སྐུ་ཚབ་དོན་གཅོད་ཟེར་བ། བོད་རིགས་ཚོགས་པ་ཟེར་བ། ཨ་རིར་ཡོད་པའི་ཚོགས་པ་བརྒྱ་ཕྲག་ལྷག་པ་དེ་དག་ལ་འདུག་པས་ཁོང་ཚོའི་བོད་སྤྱིའི་རྩ་དོན་རྩོད་དེ་ཕ་ཡུལ་རྒྱ་ལག་ནས་ལེན་རྒྱུ་ཕ་ཐར་བཞག་སྟེ་རང་གི་འདི་ཕྱིའི་དབུ་ཁྲིད་བླ་ན་མེད་པ་དེ་ཡང་མིག་གི་མདུན་དང་ཁའི་འགྲམ་ནས་ཡ་མེད་དུ་བཏང་སྟེ་དགྲ་དང་གདོན་འདྲེའི་ལག་འོག་ཏུ་རང་དགར་གཏོང་འདོད་བྱེད་པ་ནི་ངོ་མ་བློ་ཕམ་པ་ཞིག་མི་འདུག་གམ།
སྔ་ནས་ད་བར་བོད་འདི་ཆོས་ལུགས་རྙོགས་གྲས་ཕུང་བ་རེད། གོང་ས་མཆོག་ལ་སྐྱོན་མེད་པ་ག་ལ་ཡིན། དོ་རྒྱལ་དང་བོན་པོ་རྙིང་མ་སོགས་ལ་ག་དུས་ཡིན་ཡང་ཟུར་ཟ་གནང་གི་ཡོད།
དེ་འདྲ་གནང་ན་དཔེར་ན་ཁྱེད་ཚོ་ལ་དཔེ་མཚོན་ན། རང་རང་གི་དད་པའི་ཆོས་ལུགས་ལ་ག་དུས་ཡིན་ཡང་སྐྱོན་བརྗོད་བྱས་ན་ག་འདྲ་བསམ་ས་རེད། རང་གི་ལུས་ལ་དཔེ་ལོང་ལ་གཞན་ལ་གནོད་པ་མ་བྱེད་གཅིག་ཟེར་བ་དེ་ཡིད་ལ་ཟུང། ང་དོལ་རྒྱལ་མིན་ཡང་ཆོས་ལུགས་རྩོད་པ་ལ་ང་མི་དགའ། ངས་དྲ་གྲོགས་རྣམ་ལ་དྲི་བ་ཞིག་ཡོད། དྲང་པོ་གསུང་ནས་ལེན་འདེབས་གནང་རོགས། སྔོན་ཁྲི་སྲང་ལྡེ་བཙན་སྐུ་ཡི་སྨད་ཕྱོགས་ནས་བཟུང། བོད་འདི་ཇེ་སྡུག་ནས་ཇེ་སྡུག་ཏུ་སོང་ནས། མཐར་བོད་རྒྱལ་བཙན་པོའི་རྒྱ་རྒྱུད་ཆད། བོད་རང་བཙན་རྒྱ་སོག་གི་འོག་ལ་ཤོར་འདུག། དེ་དུས་སྒྲུབ་པའི་ལྷ་དང་བསྟོད་པའི་སྲུང་མ་ག་བ་རྙིད་ཁུག་བསྡད་བ་རེད། དོལ་རྒྱལ་ཟེར་བ་གོ་ཡུལ་ལ་མེད། ད་ལྟ་དོལ་རྒྱལ་ཟེད་ནས་བོད་ནང་ཁུལ་ལ་མི་མཐུན་བ་ཟོད་དགོས་དོན་ག་རེ་རེད། ད་ལྟ་ང་ཚོ་བོད་མི་ཡོངས་སུ་ཆོས་ལུགས་རེས་མེད་ཐོག་མཐུན་སྒྲིལ་བྱེད་ནས་རྒྱ་དམར་ཁ་གཏད་དགོས་པ་དེ་རེད། ལྷ་སྲུངས་ཀྱི་ཕན་གནོད་ངས་མི་ཤིས། གང་ཡིན་ཟེར་ན་ཆོས་ལུགས་ཁས་མི་ལེན་མཁན་མའོ་ཙེ་ཏུང་གི་བྱ་བཞག་འཛམ་གླིང་ཐོག་ཆེས་རླབས་ཆེན་གྱི་བྱ་བཞག་ཞིག་རེད། ང་ཚོ་ལྷ་མཆོད་འདྲེ་མཆོད་ཚོའི་བྱ་བཞག་ནི་ནུབ་ཁའི་ཉི་མ་ལྟར་རེད། ཧ་ཧོ་ད་མི་ཤེས།
དོལ་རྒྱལ་ཚོགས་མི་འདི་ཚོས་རྒྱ་སྒོར་དོན་དུ་ལས་ཀ་ཡིན་གསལ་བོ་གསལ་ཀྱང།ཆོས་དད་རང་དབང་མེད་ཟེར་རྫུན་རང་རེད་།
སྔོན་མ་རྙིང་མ་དང་བོན་པོ་གཉིས་འཁྲུག་ནས་བོད་འདི་སྣུམ་
ཟད་ཀྱི་མར་མེ་ལྟར་གྱུར་བ་རེད། ད་ལྟ་དགེ་ལུགས་ནང་ཁུལ་
ནང་འཁྲུག་ཤོར་ནས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་རྒུད་
དུ་གཏོང་གི་འདུག། ད་རང་རང་ལྷ་མཆོད་འདྲེ་མཆོད་ག་རེ་འདོད་
ན་རང་མོས་གྱིས། སུ་གཅིག་གི་ཇུས་གཏོགས་མ་བྱེད་རོགས། ད་ང་ཚོ་
ཚང་མ་་་་ཁ་ཆེ་་་ཡེ་ཤོས་་་ཧིན་དྷི་་་བོན་པོ་་་་བན་དེ་་སུ་ཡིན་ཡང་
འཐེན་འཁྱེར་མ་བྱེད། བོད་མི་ཡིན་པ་སེམས་ལ་བཟུང་ནས་རྒྱ་
དམར་ལ་ཁ་གཏད་རྒྱག་དགོས།
སྤྱི་ཏང་བྱས་ན་དུས་རབས་འདི་དང་། འདས་མ་གཉིས་ཀྱིས་དུས་རབས་གང་ཡིན་ཡང་ཆོག སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་གི་འདོད་མོས་དང་མི་མཐུན་པའི་གནད་དོན་གང་ཡིན་ཡང་གྲོས་མོལ་ཐོག་ནས་སེལ་དགོས་པ་དང་། དེ་ཡང་གུ་ཡངས་རང་བཞིན་ལྡན་པ་དང་པའི་སྒོ་ནས་རྣམ་དཔྱོད་ཀྱི་རྩལ་སྟོན་དགོས་པ་ཡིན་མོད། དོལ་ཚོགས་ལྟ་བུར་མཚོན་ན་དེ་དག་གང་ལའང་འཇུག་རྒྱུའི་ཆོས་སེམས་དང་། སྤོབས་པ། གནས་ལུགས་དང་། ལོ་རྒྱུས་རིག་པ་སོགས་ཕྱོགས་གང་ཐད་ནས་དབུལ་ཕོངས་ཡིན་ཁར། ཐ་ན་མི་གཞིའི་ཀུན་སྤྱོད་ཀྱི་གོས་དང་ཡང་བྲལ་བའི་སྒྲེན་མོ་ལག་སྟོང་ལྟ་བུར་གྱུར་ཡོད་པས། གོང་གསལ་གནད་དོན་དག་ལ་ནམ་ཡང་འཇུག་མི་སྲིད། ཁོང་ཚོ་ལ་དགོས་པ་ནི་དངུལ་ལོ་ཁོ་ན་མ་གཏོགས་དེ་མིན་འགྲོ་བ་མིའི་རིན་ཐང་གང་ཡང་དགོས་གལ་མི་ཆེ། དེ་ལས་སྐུ་ཕྱའི་འགན་བསུང་ཐད་ནས་འབྲེལ་ཡོད་ཚོས་ནམ་ཡང་ལྷོད་གཡེང་ཤོར་མི་རུང་།
དོལ་རྒྱལ་ཚོགས་པ་དང་རྒྱ་ནག་གཞུང་འབྲེལ་བ་ཡོད་པ་གསལ་པོ་རེད། ཉཻ་དུས་ཀྲུའུ་ཝུའི་ཇོན་གྱི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ཞེས་པའི་སྟེང་བོད་དང་ཤིན་ཅང་གནད་དོན་ཐོག་ནས་ཀྲུང་གོར་སྙད་བརྐོ་གི་ཡོད་པའི་སྐོར་ཡིག་ཆ་བཀྲམས་འདུག དེའི་ནང་ཏཱ་ལའི་ཕྱི་རྒྱལ་གྱི་བོད་རིགས་སྤུན་ཟླའི་ནང་ཆོས་ལུགས་སྲིད་དབང་སྒེར་སྤྱོད་བྱས་ནས་དད་ལྡན་པ་འུ་ཐུག་བཅུག་གི་ཡོད་རེད་ཅེས་དོལ་རྒྱལ་ཚོགས་པར་འུ་ཐུག་པའི་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་བྱས་ཡོད་པ་དང་། དོལ་རྒྱལ་བསྟེན་མཁན་གཙོ་བོ་བདེ་ཆེན་སྤྲུལ་སྐུས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོར་ཀྲུའུ་ཞི་གཞོན་པ་པདྨ་འཕྲིན་ལས་ཨ་རིར་སླེབས་སྐབས་ཐུག་འཕྲད་དང་དགའ་བུའི་སྣེ་ལེན་ཞུས་ཏེ་པདྨ༌འཕྲིན་ལས་ནས་བོད་ནང་དཀའ་ངལ་མེད་སྐོར་དང་བོད་ནང་བདེ་སྐྱིད་ཡོད་སྐོར་སོགས་ལ་རྒྱབ་སྐྱོར་བྱས་ཡོད་འདུག་ལ། པེ་ཅིང་དུ་རྒྱལ་མཚན་ནོར་བུ་ཐུག་འཕྲད་བྱས་པ་སོགས་རྒྱ་ནག་གཞུང་གིས་ལག་ཆར་བེད་སྤྱོད་བྱས་ཏེ་ལྟོ་གོས་འཚོལ་མཁན་ཞིག་ཡིན་པ་ལས། དོལ་རྒྱལ་ཚོགས་པས་དོལ་རྒྱལ་བསྟེན་གསོལ་བྱས་ཏེ་གདོང་འདྲེ་གསོལ་ནས་རང་ཉིད་ལ་དངོས་གྲུབ་ཐོབ་ཀྱི་ཡོད་ན་ཁ་བཙུམས་ནས་བསྡད་ན་གང་འདྲ་འདུག ཁོང་ཚོས་དེ་ལྟར་མི་བྱེད་པར་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ནས་བོད་མི་སྤྱིའི་སྒྲིག་འཛུགས་གཏོར་བཤིགས་གཏོང་ཐབས་བྱས་པ་གཅིག་མིན་གཉིས་མིན་ལན་མང་བྱ་མུས་རེད་ལ། ཁོང་ཚོས་བྲིས་པའི་རྩོམ་ཡིག་སྟེ་་ཨ་རིར་བསྡད་མཁན་དོལ་རྒྱལ་ཚོགས་པའི་བསོད་ནམས་རིན་ཆེན་ནས་བྲིས་པའི་རང་ལུས་མེར་བསྲེགས་ལ་དགག་པ་རྒྱབ་པའི་རྩོམ་ཡིག་ཀྱང་བཏོན་གྱི་ཡོད་པ་དེ་ཚོར་བོད་ཀྱི་དུས་བབས་སྟེང་དགག་ལན་དེ་འདྲའང་ཐོན་སོང་བ་དེ་ཚོར་བལྟས་ན་དོལ་རྒྱལ་ཚོགས་པ་ནི་ལྷ་འདྲེ་གསོལ་རྒྱུ་ཞིག་མ་ཡིན་པར་བོད་དང་དགྲ༌བོ་རྒྱ༌དམར་གྱི་བར་སེང་དུ་རྒྱུགས་ནས་ལྟོ་གོས་འཚོལ་མཁན་ཁག་ཅིག་གི་ལག་ཆར་གྱུར་ཟིན་ཡོད་འདུག
དྲ་གྲོགས་ཁ་བའི་ཡུལ་གྱུར་ལགས་ཀྱིས་འདྲེ་ཤར་ལ་བཞག་ནས་གླུད་ནུབ་ལ་གཏོང་གིན་འདུག ལྷ་འདྲེ་བློས་མི་ཐོངས་ནས་རྒྱ་དམར་དང་ཕྱི་རྒྱལ་བ་ཚུན་ཆོད་བེད་སྤྱད་ནས་བོད་མི་ནང་ཁུལ་ལ་གཏོར་བཤིག་གཏོང་མཁན་དོལ་རྒྱལ་ཚོགས་པ་རེད། ཁྱེད་ཀྱི་བཀའ་སློབ་དེ་དོལ་རྒྱལ་ཚོགས་པ་ལ་གནང་རོགས།
དོལ་རྒྱལ་ཚོགས་པ་རྒྱ་མི་ལ་འབྲེལ་བ་ཡོད་མེད་དེ་དཔང་རྟགས་འཚོལ་དགོས་པ་ཞིག་ཅང་མ་རེད། གངས་རྒྱན་བླ་མ་ལ་ཕྱི་སྡོད་བོད་མིའི་སྐུ་ཚབ་ཀྱི་མིང་བཏགས་ནས་རྒྱ་དམར་པན་ཆེན་ངོས་འཛིན་གྱི་མཛད་སྒོ་མན་ཆོད་ལ་ཞུགས་པ་རྒྱ་དམར་གཞུང་འབྲེལ་གྱི་ཡིག་ཆའི་ནང་དུ་འདྲ་པར་རྩོམ་ཡིག་དང་བཅས་པ་ཐོན་ཡོད་པ་འདི་རེད། ཨ་མེ་རི་ཁར་སྡོད་པའི་དོལ་ཕྲུག་ཁ་ཤས་ཀྱིས་ངོ་དེབ་ཚུན་ལ་ནམ་ཡིན་ཡང་རྒྱ་དམར་གྱི་ཆབ་སྲིད་ཀྱབ་བསྒྲགས་བྱེད་བཞིན་པ་འདི་རེད། གངས་བླ་ཕྱི་སྡོད་བོད་མིའི་སྐུ་ཚབ་ལ་བསྐོ་མཁན་དོལ་རྒྱལ་ཚོགས་པ་དང་རྒྱ་དམར་གཉིས་མ་གཏོགས་ང་ཚོ་ཕྱི་སྡོད་བོད་མི་སུས་ཀྱང་བསྐོས་མེད།
གླག་རྒོད་མཆོག་གི་མཆན་༢༢དང་ཁ་བརྡ་བྱེད་པར། གོང་ས་མཆོག་གིས་འདྲི་བ་ཞིག་ལ་སྐུ་རླུང་བཞེངས་པ་ལྟ་བུ་མ་རེད། གླག་རྒོད་མཆོག་ཞིབ་པར་གསན་དང་། མོས་འདྲི་བ་འདོན་གྱི་མིན་འདུག མོས། Stop Lying, Stop Lying Stop Lying ཞེས་ངར་ལངས་ནས་ཁ་བརྩོད་བྱེད་ཀྱི་འདུག མོ་ལ་རྒྱུ་མཚན་འགྲོ་མཁན་ཞིག་ཡིན་ས་མ་རེད།
བྱས་ཙང་གོང་ས་མཆོག་ནས། ཁྱེད་རང་རྫུན་མ་ཤོད། བླ་མ་ཙོང་ཁ་པའི་ཆོས་ངས་ཀྱང་ཤེས་ཀྱི་ཡོད་ཅེས་གསལ་བཤད་གནང་གི་འདུག འདྲེ་ལ་སྐྱབས་བཅོལ་བ་དེ་ནང་པའི་ལུགས་དང་འགལ་བ་རེད་གསུངས་ཀྱི་འདུག དེ་རྒྱུ་མཚན་འདུག
ལྷག་དོན་གོང་ས་མཆོག་གིས་མོ་ལ་གདོང་ལེན་བྱེད་སྟངས་འདིར་ང་ལ་སྤོབས་པ་སྐྱེས་བྱུང་། བླ་མ་འགའ་ཤས་ཕྱི་ལ་ཆོས་བཤད་སྐབས། དཔའ་ཡོད་མདོག བློ་ཁོག་ཡོད་མདོག དོན་དངོས་ལ་ཙི་ཙི་ཞིག་མཐོང་ནའང་འཇིགས་ནས་གཅིན་པ་གོས་ཐུང་ནང་ལ་ཤོར་མཁན་ངས་ཐུག་མྱོང་།
གོང་ས་མཆོག་གཉན་འཕྲང་ལ་བསླེབས་དུས་ཞུམ་པ་མེད་པའི་བློ་སྟོབས་ཡོད་མཁན་དང་། འགག་དོག་སར་བསླེབས་དུས་བློ་སྟོབས་ཆེ་རུ་འགྲོ་བའི་རང་བཞིན་གྱི་གཤིས་ཀ་ཞིག་འདུག ཕོ་ཁྱོ་ཀ་ཟེར་ན་འདི་རེད།
ང་ཚོ་བོད་པའི་མི་འགའ་ཤས། བོད་པ་ཉམས་ཆུང་ཐོག་ལ་སྟག་འདྲ་བོ་མཆོངས། རྒྱ་དམར་པོ་མཐོང་དུས་ཞི་མི་ལྟར་འཁུམ་འགྲོ་མཁན་མང་པོ་མཐོང་མྱོང་། གོང་ས་མཆོག་རྒྱུན་པར་བོད་མིའི་ཚུལ་ལྡན་ཁྲོད་ལ་ཐུགས་སེམས་འཇམ་ལ་ཁོག་རྒྱ་ཆེ་བ་དང་། གནད་དོན་ཙག་ཙིག་ལ་ཀུན་ནས་སྣང་བ་མི་གཏོང་མཁན་གྱི་མི་གཤིས་ཤིག་འདུག འགག་རྡོར་སར་བསླེབས་ན་ཞུམ་པའི་གདངས་མི་སྟོན་པ་འདི་རླབས་ཆེན་གྱི་མི་མང་པོའི་ཁྲག་ལ་འདུག
ང་རང་དགའ་སོང་། ངོ་མ་དགའ་སོང་། ང་ཚོའི་མགོ་ཁྲིད་དེ་ཞི་དྲག་གཉིས་ཀའི་ཡོན་ཏན་ཡོད་པ་འདི་ལ་ང་རང་དགའ་སོང་། དེ་མིན་འཇིམ་པའི་སྐུ་ལྟ་བུར། ཞལ་ཟས་གཞན་གྱིས་འཁྱེར་ཡང་འཛུམ་མུལ་མུལ། ཚིག་རྐང་གཉིས་པ་དེ་དྲན་གྱི་མིན་འདུག ཞབས་འདྲེན་ཏོག་ཙམ་ཞུས་སོང་།
སྤོབས་པ་མཐའ་ཡས་ཀྱིས་གསུངས་པར་མངོན་པར་བསྟོད་དོ།།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་༧རྗེ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ།དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།བསྡད་པ་དེ་འདྲ་ཅིག་ལ་ཕྱི་རྒྱལ་མགོ་སེར་བོད་སྐད་ཙམ་ཡང་མི་ཤེས་པ་ཅིག་གིས་ཆོས་ལ་ཁག་བཞག་སྟེ་འདྲེ་བསྟེན་གསོལ་ཐད་ནས་ངོ་རྒོལ་བྱེད་ཁུལ་བྱེད་པ་ནི།སངས་རྒྱས་ལ་ཀ་ཁ་བསླབ་པ་རེད།དེ་ཚོ་སྙིང་རྗེ་སྐྱེ་གཞི་རེད།འོན་ཀྱང་།བོད་མི་ཚོས་ཁོང་༧གོང་ས་མཆོག་གི་སྐུ་ཕྱྭ་ལ་ངེས་པར་དུ་གང་གཟབ་བྱེད་དགོས་པ་རེད་མ་གཏོགས།༧གོང་ས་མཆོག་མེད་ཉིན་མོར་ང་ཚོ་བོད་མི་ཚང་མ་ཚར་རེད་ད།
མི་མང་ཚོས་ཀྱང་ཁོང་ལ་མཇལ་དུས་ངེས་པར་སོ་སོའི་མཁྲིས་ཀྱི་མི་ཚོར་གཟབ་དོགས་བྱེད་གལ་ཆེ།
དོལ་རྒྱལ་ཚོགས་པས་བོད་པའི་སྤྱི་ཚོགས་ནང་གཏོར་བཤིགས་དང་། གོང་ས་མཆོག་ལ་ཡང་འཇིགས་སྐུལ་གྱིས་ཁོང་གི་བཞུགས་སའི་ཉེ་འཁྲིས་སུ་མཚན་ཉིད་སློབ་དཔོན་དང་ཁོང་གི་དགེ་ཕྲུག་གཉིས་དམར་གསོད་བཏང་སྟེ་གོང་ས་མཆོག་གི་ཞལ་བཀག་ཐབས་བྱས་ཡོད་ཀྱང་། གོང་ས་མཆོག་གིས་དེ་ལས་ངར་ཞིང་མཐར་ཕྱིན་པའི་གདོང་ལེན་གནང་བ་འདི་ནི་བཙན་པོའི་སྙིང་སྟོབས་ཐུགས་ལ་མངའ་བའི་རྟགས་རེད། དངོས་གནས་གོང་ས་མཆོག་གིས་གདོང་ལེན་གནང་སྟངས་དེ་ལ་ང་ཡང་སྤོབས་པ་སྐྱེས་བྱུང་། གཞན་ཡང་ཁ་བའི་ཡུལ་གྱར་བ་ཞེས་པ་དེ་བཤད་རྒྱུ། ཁྱེད་རང་གིས་བཤད་པ་བཞིན་དུ་ལྷ་གསོལ་འདྲེ་གསོལ་འདིས་བོད་ལ་ཕན་ཐོག་རྒྱའི་ཚབ་ལ་གནོད་ཆེན་པོ་བསྐྱལ་གྱི་ཡོད་པའི་དབང་གིས་གོང་ས་ཆེན་པོས་དོལ་རྒྱལ་བཀག་འགོག་བྱས་པ་རེད་ལ། གཉིས་ནས་དོལ་རྒྱལ་རྗེས་འབྲང་བས་ཆོས་ལུགས་ཕྱོགས་ཞེན་ཤུགས་ཆེན་པོ་བྱས་ནས་ཆོས་རྒྱུད་ནང་ཁུལ་གྱི་མཐུན་ལམ་ལ་གཏོར་བཤིགས་བྱས་པའི་དབང་གིས་བཀག་འགོག་བྱས་དགོས་བྱུང་བ་རེད། འདི་ཚོ་ལ་བསམ་བློ་ཞིག་ཐོང་དང་ཁྱེད་རང་གི་སྐད་ཆ་དེ་ཚོ་ར་རྩིད་འུར་རྡོ་ར་ཕོའི་མགོ་ལ་ཕོག་ཡོད་པ་གཞི་ནས་ཤེས་ཡོང་། ཧཧཧ
ཧཧཧཧ་ང་ལ་དགོས་པ་དེ་དྲང་བདེན་ཡིན། འདིར་དྲ་ལམ་ལ་ཡོད་མཁན་དག་འཆོག་བཤད་བྱེད་མཁན་ཁོ་ན་རེད་འདུག། བོད་རང་སྐྱོང་ལྗོང་ཀྲུང་ཞི་གཞོན་པདྨ་འཕྲིན་ལས་དོལ་ཚོགས་རེད་ལབ་འདུག། ཧཧཧཧཧ་ང་དེ་འདྲ་བ་བཤད་མཁན་དག་ལ་མི་དགའ། གང་ཡིན་ཟེར་ན་ཁུང་ལུང་མེད་པའི་འུར་ཤོད་བྱེད་མི་ཉན། ཁོ་བོན་པོ་རེད༽ གོང་ས་མཆོག་གི་མཛད་པ་ལ་ཡིད་རང་ཡོད། ཡིན་ཡང་ག་དུས་
ཡིན་ན་ཆོས་ལུགས་ལ་ཕྱོགས་རེས་གནང་འདུག་བ་དེ་ཡག་པོ་མི་འདུག། ཁྱེད་རང་ཚོའི་ཡག་པོ་ལྟོས་དང། བོད་ནང་བོད་དོན་ལས་འགུལ་ཐོག་ཚང་མ་རྡོག་རྩ་གཅིག་དྲིལ་ཡོང་གི་མི་འདུག། དཔེར་ན་་བོན་པོ་དང་་་རྙིང་མ་་་བཀའ་རྒྱུད་་་་སོགས་ཀྱི་བོད་དོན་ལས་འགུལ་སྤེལ་གྱི་ཡོད་མ་རེད་ལབ་ན་ཡང་ཕལ་ཆེར་ཆོག། དེ་ཚོ་ཚང་མ་ཆོས་ལུགས་ནང་ཁུལ་མ་མཐུན་པའི་སྐྱོན་རེད། ༼ངས་འདི་ན་སྙིང་གཏམ་དམར་རྒྱན་མ་ཞིག་བཤད་འདོད་བྱུང། གང་ཡིན་ཟེར་ན་ཕྱིན་སུ་བོད་དོན་ལ་ཕན་ན་བསམ་པ་ཡིན། ང་ལ་རྙིང་མ་དང་བཀའ་རྒྱུད་བོན་པོ་་་སོགས་ཀྱི་གནད་ཡོད་མི་སྣ་མང་པོ་ལ་འབྲེལ་འདྲིས་ཆེ། ཁོ་ཚོའི་ག་དུས་ཡིན་ཡང་བོད་དོན་ལས་འགུལ་ནང་ཞུག་ནས་ག་རེ་བྱེད་དགོས་རེད། བོད་རང་བཙན་ཐུབ་ན་ང་ཚོ་སྔལ་བཞིན་མྱོང་རྒྱུ་རེད་བ། རྒྱལ་བ་རིན་པོ་ཆེའི་ག་དུས་ཡིན་ཡང་ཆོས་ལུགས་ལ་ཕྱོགས་ཞེན་བྱེད་ཀྱི་རེད་ཟེར་གྱི་འདུག། བོད་འདི་སྔ་ནས་ད་བར་ཆོས་ལུགས་ཀྱི་ཕུང་པའི་རྒྱལ་ཁབ་ཞིག་རེད།
ཧཧཧ གོང་ས་སྐུ་ཕྲེང་བཅུ་བཞི་པ་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ནང་ནས་བོད་ཀྱི་ཆོས་རྒྱུད་ཁག་འཆམ་མཐུན་བཟོ་མཁན་གྱི་མིག་དཔེ་ཞིག་རེད། ཁོང་གིས་དོལ་རྒྱལ་བཀག་འགོག་གནང་བ་ཡང་ཆོས་རྒྱུད་འཆམ་མཐུན་གྱི་ཆེད་དུ་ཡིན་པ་གསལ་པོ་རེད། ཁོང་ཕྱོགས་རིས་ཅན་ཞིག་ཡིན་ན་ཕྱོགས་རིས་མེད་མཁན་གྱི་བླ་མ་སུ་ཞིག་ཡོད་དམ། མ་གཞི་ཁོང་གིས་ཕྱོགས་རིས་ཀྱི་སྐད་ཆ་ཅི་ཞིག་གསུང་པ་རེད། འདིར་ཚིག་ཅིག་དྲང་ཤོག་དང་དེ་ནས་ལྟ་ཆོག
ང་ཚོས་གཟབ་གཟབ་བྱེད་དགོས་པ་ནི་དོལ་འདྲེའི་རྒྱུག་ཁྱི་དག་གིས་མིང་སྣ་ཚོགས་ཁུར་ནས་བོད་མིའི་ནང་ཁུལ་དཀྲུག་ཐབས་བྱེད་ཀྱིན་ཡོད། དཔེར་ན་གོང་དུ་བོད་རང་བཙན་རག་ནའང་ཆོས་བརྒྱུད་སོ་སོར་དཀའ་ངལ་སྤྲད་རྒྱུ་ཡིན་པར་བཤད་པ་ལྟ་བུ་རེད། ཆོས་བརྒྱུད་གཅིག་གིས་གཞན་ཞིག་ལ་སྡུག་པོ་གཏོཅ་རྒྱུ་དེ་དུས་ཚོད་ཡོལ་བའི་སྐད་ཆ་རེད། དེང་སང་སུ་ལའང་འགྲོ་ས་མེད། ལྷག་པར་བོད་ཀྱི་ཆོས་བརྒྱུད་བཞི་ནི་སྟོན་པ་གཅིག་གི་སློབ་མ་ཡིན་པས་ནང་ཁུལ་མི་མཐུན་པ་ཡོང་ཤེས་སྟངས་མེད། ཆོས་བརྒྱུད་ཀྱི་འབག་གོན་མཁན་ཚོ་ལ་ཡིད་བརྟན་གང་ཡང་མེད། ཁོང་ཚོས་ཆོས་བརྒྱུད་སུ་གཅིག་གི་ཚབ་བྱེད་མི་ཐུབ།
སྔོན་ཆོས་ལུགས་གཅིག་བསྒྱུར་དགོས་གསུང་ནས་ཚོགས་པ་བཅུ་གསུམ་ཆགས་པ་རེད། དེའི་ཚོགས་ཀརྨ་པ་སོགས་ལོ་རྒྱུས་མང་པོ་ཡོད།
གྲུ་དབང་པདྨ་ནོར་བུ་དང་རྒྱལ་བ་རིན་པོ་ཆེ་གཉིས་བར་ཆོས་ལུགས་ཐོག་འགལ་བ་ཆག་པ་ཚང་མ་ཤད་མ་དགོས། བོན་ཆོས་ཐོག་ལ་ཡང་
གོང་ས་མཆོག་ནས་ཟུར་ཟ་གནང་བར་བོན་དབུས་འཛིན་སྐྱོང་ལྷན་ཚོགས་དང་གོང་ས་མཆོག་བར་ཡིག་ངག་གཉིས་ཐོག་ནས་རྙོག་གྲ་མང་པོ་བྱུང་ཡོད།
བོན་ཆོས་ལ་ཟུར་ཟ་གནང་བ་ཁོང་གི་གསུང་བཤད་བརྙན་འཕྲིན་ནང་ལ་ཡང་མང་པོ་འདུག། འདི་ན་འབྲེལ་བཤད་ཁ་གསལ་མ་དགོས་པར་ཁྱེད་ཀྱི་
མཁྱེན་གྱི་ཡོད་ཚོད་རེད། ང་གོང་ས་མཆོག་ལ་མི་དགའ་མཁན་ཞིག་ལ་ནས་མིན། ངའི་ནང་མི་སྔ་ཕྱི་བར་གསུམ་བོད་དོན་ཆེད་རང་སྲོག་བློས་གཏང་
བྱེད་མཁན་གྱི་དཔའ་བོ་མང་དག་ཞིག་བྱུང་ཡོད། ཡིན་ཡང་ཆོས་ལུགས་ཐད་ཡར་བཤད་མར་བཤད་བྱེད་དུས་སྔོན་གྱི་ནད་ངན་དེ་མཐོང་འདོད་མི་འདུག།
ཁ་ཡ་བྱེད་དགོས་མ་རེད། ཁོང་ཚོར་ཁ་གཏད་དགོས་རེད། ཁ་ཡ་བྱས་ན་ཁོིང་ཚོར་ཁ་གཏད་རག་པ་མ་རེད་དམ།
གོང་གི་མཆན་དེ་དག་གི་ཁྲོད་ནས་སྤོབས་པ་མཐའ་ཡས་ལགས་ཀྱིས་གནས་ལུགས་སྤུངས་ནས་གསུངས་འདུག ཐུགས་རྗེ་ཆེ། དེང་སང་དོལ་ཚོགས་དང་འབྲེལ་བའི་གནད་དོན་དེ་བོད་རྒྱའི་ཆབ་སྲིད་ཀྱི་བར་སེང་ནང་ཚང་ཟིན་པ་རེད། དེ་ཡིན་དུས། གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་མིན་པར་དེ་བས་ཆབ་སྲིད་ཀྱི་གནད་དོན་རེད། མཐུར་གཏུགས་ནས་བཤད་ན། ལྟོ་གོས་ཀྱི་གནད་དོན་རེད། དེ་ཡང་དེང་གི་དོལ་རྒྱལ་རྗེས་འབྲང་བར་འཆས་པ་དེ་དག་མང་པོ་ཞིག་གིས་ཡང་སྙིང་དོལ་རྒྱལ་ཟེར་བ་ཅི་ཞིག་ཡིན་མིན་ཤེས་ཀྱི་མེད་ལ་དད་པ་ཡང་གང་ཡང་མེད། འོན་ཀྱང་། དོལ་རྒྱལ་གྱི་མིང་དང་། ༧གོང་ས་མཆོག་དང་རང་གཞུང་གི་མཚན་སྦྱར་ནས་རྒྱལ་སྤྱིའི་སྟེང་གྲགས་ཡོང་དུས་དོལ་རྒྱལ་བར་འཆས་པ་དེ་དག་ལ་ལྟོ་ཕོར་འཛུགས་ཡུལ་གྱི་ལྡིང་ས་ཆིག་རག་པ་རེད། མཐར་གཏུགས་ནས་བཤད་ན། ཁོ་ཚོར་ལྟོ་ཕོར་སྤྲོད་མཁན་དེ་རྒྱ་དམར་པོ་རེད། དེ་ནི་༧གོང་ས་མཆོག་གི་བཀའ་དྲིན་རེད། གལ་སྲིད། ༧གོང་ས་མཆོག་དང་། བོད་གཞུང་མེད་ཚེ་རྒྱ་དམར་པོས་ཁོ་ཚོར་ལྟོ་ཕོར་སྤྲོད་སྲིད་དམ། དེ་བཞིན་དུ། མགོ་སེར་བུད་མེད་དེ་ཡང་བླན་པ་མ་རེད། སྐབས་འཆོལ་བ་རེད། མོོས་རྩོད་སྙོག་དེའི་ཁྲོད་ནས་རང་ཉིད་ལ་ཁེ་ཕན་རག་གི་ཡོད་པ་དེ་རྟོགས་ཀྱི་ཡོད། དེ་ནི་ཆབ་སྲིད་རེད་མ་གཏོགས་ཆོས་ལུགས་གང་ཡང་མ་རེད། མོ་ལ་དགོས་པ་དེ་དངུལ་ལོར་རེད། དངུལ་ལོར་དེ་དོལ་ཚོགས་ཀྱིས་སྤྲད་པདང་། དོལ་ཚོགས་ལ་རྒྱ་དམར་པོས་སྤྲོད་ཀྱི་ཡོད། མདོར་ན། རྒྱ་དམར་པོའི་ངོས་ནས་བཤད་ན། དེ་ནི་ཆབ་སྲིད་ཀྱི་ལག་རྩེ་ཆེན་པོ་ཞིག་རེད་ལ་དོལ་ཚོགས་ལ་མཚོན་ན། ལྟོ་ཕོར་སྐྱོང་ཡུལ་རག་པ་ཞིག་རེད། འོན་ཀྱང་། འོན་ཀྱང་། རྒྱ་དམར་པོ་དང་དོལ་ཚོགས་གཉིས་ཀྱི་དམིགས་ཡུལ་ལོག་ཀ་རེད། རྒྱ་དམར་པོར་མཁོ་བར་དེ་དངུལ་གྱི་སྟོབས་ཤཱུགས་ལ་བརྟེན་ནས་བོད་མི་ནང་ཁུལ་མ་མཐུན་པ་བཟོ་རྒྱུ་དེ་རེད། དེས་བས། དོལ་ཚོགས་ལ་མཚཽན་ན། དངུལ་ལོར་རག་ན་དེ་གས་འགྲིག་པ་རེད། དེས་ན། རྒྱ་དམར་པོ་དང་དོལ་ཚོགས་གཉིས་ལ་ཐུན་མོང་གི་དམིགས་ཡུལ་གཅིག་མེད་པ་རེད། དེར་བརྟེན། ཉིན་ཞིག་རྒྱ་དམར་པོའི་དམིགས་ཡུལ་འགྲུབ་མཚམས་དོལ་ཚོགས་སྤྲང་ཕྲུག་ལྟར་ཐང་ལ་བསྐྱུར་ངེས་རེད། དེ་དུས་དོལ་ཚོགས་ལ་དངུལ་ལོར་རག་གི་མ་རེད་ལ་ཁ་ཡ་ཡང་བྱེད་ཀྱི་མ་རེད། དེ་ནི། བོད་སོག་ལས་ཁུངས་ཟེར་བ་དེ་ཚོ་དང་འདྲ་བོ་རེད། བོད་པས་དངུལ་ལ་ལྡིར་བ་དང་། རྒྱ་མིས་ཆབ་སྲིད་ལ་ལྡིར་གྱི་རེད། གང་ལྟར། མཐར་ཕམ་ཉེས་འགྲོ་མཁན་དེ་རྒྱ་དམར་པོ་མ་རེད་ལ་༧རྒྱལ་བ་རིན་པོ་ཆེ་མ་རེད། དེ་བས། དོལ་ཚོགས་ཡིན་པ་ནི་སྨྲོས་མེད་རེད།
བདེན་པའི་ཆེད་དུ་སྐུ་རླུང་བཞེངས་ན་འདྲ། བྱམས་པོ་གནང་དགོས་ན་འདྲ། ག་རེ་གནང་དགོས་ན་གནང་རྐྱང་གནོངས། མི་ཁྲམ་པ་གཡོ་ཅན་ཞིག་གིས་ཅིག་ལབ་མི་ཡོང་སམ་ནས་འཁུམ་མི་ཉན། ཐུགས་རྗེ་ཆེ་གོང་ན་མེད་པའི་ངའི་བླ་མ་ལགས་རྒྱལ་བ་མཆོག།
རྒྱ་དམར་པོའི་ངོས་ནས་བཤད་ན། དོལ་ཚོགས་ནི་སྤོ་ལོ་དང་གཅིག་པ་རེད། ཁོ་ཚོར་དགོས་པའི་སྐབས་སུ་ཚུར་ལེན་སྟེ་ལག་རྩེད་རྩེད་ཀྱི་རེད། མི་དགོས་པའི་སྐབས་སུ་རྡོག་རྒྱག་བཞུས་ཏེ་ཕར་གཡུགས་ཀྱི་རེད། འོན་ཀྱང་། དོལ་ཚོགས་ནི། ཟས་ལ་རྔམ་འི་ཙི་ཙི་དང་གཅིག་པ་རེད། གང་དུ་ཟས་ཡོད་པ་དེར་རྒྱུག་གི་ཡོད། ཁོ་ཚོས་ཟས་དེ་རིགས་ཀྱི་ཁྲིས་སུ་དྲ་བ་བཙུགས་ཡོད་པ་དེ་མཐོང་གི་མ་རེད་ལ་མཐོང་འདོད་ཀྱང་མེད་པ་རེད། གང་ལྟར། སྔ་ཕྱིར་མ་ལྟོས་པར་དྲ་བ་དེའི་ནང་ཚུད་ཀྱི་རེད། དེ་དུས་ཕྱིས་དྲག་པ་རེད།
གླག་རྒོད་ཟེར་བ་འདི་ཡང་མ་བརྟག་གཡམ་རྒྱུགས་ཤིག་ཡིན་པ་འདྲ། ཕྱི་གླིང་བ་དེས་༸གོང་ས་མཆོག་ལ་དྲི་བ་འདྲི་ཡི་མི་འདུག མ་ཉེས་ཁ་གཡོག་བྱེད་ཀྱི་འདུག སྐུར་འདེབས་བྱེད་ཀྱི་འདུག ཡིན་ནའི་༸གོང་ས་མཆོག་གིས་རྒྱུ་མཚན་དང་གནས་ལུགས་ཤོད་ཀྱི་འདུག སྐད་ཆ་བཤད་ན་འགན་འཁྱེར་དགོས།
ཡང་གཅིག་བཤད་ན། ཇི་སྐད་དུ། རང་དང་གཞན་གྱི་དོན་འགྲུབ་ན།། འཇམ་རྩུབ་གང་ཡང་བྱས་ཀྱང་རུང་།།
ཐབས་ལ་མཁས་པའི་སྤྱོད་པ་རྣམས།། ཐུབ་པས་གཡོ་སྒྱུ་མ་གསུངས་སོ།། ཞེས་པ་ལྟར་རོ།།
༡༽ ༧རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་ན། དོལ་འདྲེ་དེ་ཨ་ཅང་ཅང་། གནས་ཆུང་ཡང་བཏང་སྙོམས་བཞག་ཡས་རེད་ལ། ད་དུང་དེ་ལས་མཐོ་བ་དཔལ་ལྡན་ལྷ་མོ་ཡང་རེ་ཞིག་བཏང་སྙོམས་རེད། གང་ལགས་ན། བོད་ཀྱི་ནང་ཆོས་དེ་ལྷ་གསོལ་འདྲེ་གསོལ་གལ་ཆེན་དེ་མིན་ལ། དེ་དག་སྐྱབས་གནས་སུ་ག་ནས་བལྟ། ལྷག་པར་རྩོད་གཞི་དང་རྙོག་དྲ་ཅན་དག་ནི་རིང་དུ་དོར་བྱ་རེད། ཁོང་གི་བཀའ་ནི་ང་ཚོའི་ལམ་སྟོན་ཡིན་པས་སོ།།
ཁོང་གི་བཀའ་རྩིས་ན་སྲུང་མ་དམར་ནག་གཉིས་ཀྱིས་གྲོགས་མཛད་ངེས་ཡིན།
༢༽ དོལ་ཚོགས་ནི། སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་འཇམ་མགོན་བླ་མའི་བསྟན་པའི་ཁ་གཏད་ཚོགས་པ་ཡིན་ཏེ། བསྟན་དགྲ་གུང་བྲན་དང་འབྲེལ་བ་ཡོད་ལ། འཚེ་བ་དང་མཐུན་འབྲེལ་དཀྲུག་པ་མ་ཟད་མི་གསོད་ཁྲག་སྦྱོར་བྱེད་མཁན་ཡིན་པ་རྒྱ་གར་སྐོར་སྲུང་བས་དཔང་རྟགས་ཁྱབ་བསྒྲགས་བྱས་ཡོད་པས་སོ།།
མ་ཟད་རྫབ་ཆེན་མཚམས་མེད་ཀྱི་ལས་ངན་བྱ་འཆར་ཡོད་། གང་ལགས་ན། ༧རྒྱལ་བའི་སྐུ་ལ་ཉེན་ཁ་ཡོད་པ་དེ་ཨ་རི་དང་རྒཡ་གར་གསང་བའི་ལས་ཁུངས་ནས་བཤད་པས་སོ།།
༣༽༧རྒྱལ་བས་ཆོས་དད་རང་མོས་མ་འཕྲོག་སྟེ། གང་ལགས་ན། ང་ལ་ཡང་འདྲེ་བསྟེན་མི་ཆོག་ཅེས་བཙན་བཀའ་གཏོང་ས་མེད་ལ། འདྲེ་བསྟེན་རྒྱུ་ཨ་ཅང་མགོ་མཇུག་སློག་ནས་འགྲོ་ན་ཡང་རང་མོས་རེད་ཅེས་གསུངས་པས་སོ།།དེ་ལས་ལྡོག་སྟེ་བཀའ་དེས་ཆོས་དད་རང་དབང་བསྐྲུན་ཡོད། གང་ལགས་ན། ཆོས་དད་རང་དབང་འགོག་མཁན་དེ་འགོག་པ་སྟེ་ཆོས་དད་རང་དབང࿒སྲུང་བ་ཡིན་པས་སོ།།
-དེ་ལྟར་གནང་དགོས་ཏེ། བོད་ཁུལ་ཆོས་བརྒྱུད་ཆེན་པོ་བོན་དང་བཅས་པ་མཐུན་འབྲེལ་ནི་བོད་ཀྱི་ནང་ཆོས་ཀྱི་ནུས་མཐུ་ཡིན་ལ། དེ་ལས་འཛམ་གླིང་ཆོས་བརྒྱུད་ཆེན་པོ་དག་ཀྱང་མཐུན་འབྲེལ་དགོས་པའི་ལམ་སྟོན་དང་དགོངས་ཞེད་གནང་མཁན་ཡིན་ཏེ། ཉེ་ཆར་སྲིད་འཛིན་ཨོ་བྷ་མས་མཇལ་ཕྲད་གནང་དགོས་དོན་གཙོ་བོ། ཁོང་རྒྱལ་སྤྱིའི་ཆོས་ལུགས་ལམ་སྟོན་པར་རྩིས་སྲུང་ཞུ་ཡུལ་ཡིན་པར་ཕོ་བྲང་དཀར་པོ་ནས་བསྒྲགས་པས་སོ།།གང་ཉིད་ལ་དགོངས་བཞེད་གསུམ་ཡང་ཡོད་པས་སོ།།
-ང་རང་སྒེར་ལ་རྗེ་བླ་མ་ལས་རྩ་ཆེ་བ་མེད་རུང་། དེའི་རྒྱུ་མཚན་གྱིས་འཇམ་མགོན་བསྟན་པ་ལེགས་ཤོས་སུ་སྨྲ་མི་ཐུབ་སྟེ། རང་རང་གི་ལུགས་ཡང་དག་པ་ཡིན་ལ། རྗེ་བླ་མ་མ་ཕེབས་གོང་ནས་སངས་རྒྱས་ཀྱི་བསྟན་པ་ཡོད་ལ། དེའི་གོང་དུ་སངས་རྒྱ་མཁན་མེད་པར་སྨྲ་ན་ལོག་ལྟ་ཡིན་ལ། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས།།སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས།།༧རྒྱལ་དབང་དང་པོས་གསུངས་པས་སོ།།
ཁ་བའི་ཡུལ་གྱར་ལ་གཟབ་གཟབ་བྱོས་།དོར་ཚོགས་ཡིན་ཐག་ཆོད་རེད་།ནང་ཁུར་དུ་གཏོར་གཤིས་བསམ་བློ་གཏོང་མཁན་ཞིག་རེད་འདུག་།བོད་རྒྱལ་ལོ་།
དོལ་ཕྲུག་དེ་ཚོ་དང་མཉམ་དུ་༧་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཡིན་མིན་གང་ལྟར་ཡང་གདོང་དང་གདོང་གཏུག་ནས་གཙང་སེལ་བྱེད་ཐུབ་ན་ཡག་པོ་རེད། དེ་མིན་དོལ་ཕྲུག་ཚོས་ངོ་རྒོལ་རེ་བྱེད་དུས་༧་གོང་ས་མཆོག་ཡང་ལྟག་སྒོ་བརྒྱུད་ནས་གཡོལ་འགྲོ་དགོས་ཐུགས་དུས་བརྒྱུད་ལམ་ཁག་ནང་ཡང་མཐོང་ཚུལ་ཡག་པོ་མི་འདུག མ་གཞི་སྔར་ལོ་ཞིག་ལ་དོལ་ཕྲུག་ཚོས་དྲྭ་བའི་སྒང་ལ་༧་གོང་ས་མཆོག་གིས་ཐུགས་འདོད་ལྟར་ཁྲིར་བྱང་ཡང་སྲིད་ལ་ལམ་རིམ་གྱི་བརྒྱུད་པ་ཕུལ་ཐུབ་ན་ཡག་པོ་འདུག་གསུང་ནས་ལྷོ་ཕྱོགས་དགོན་སྡེ་ཁག་གི་མཁན་པོ་ཁ་ཤས་ལ་ཡང་བཀའ་གནང་ནས་འབོད་འགུགས་བྱེད་དགོས་ཚུལ་ཞིག་ཀྱང་བྲིས་འདུག
དོལ་ཚོགས་དང་གདོང་ཐུག་གི་སྒོ་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་རྒྱུ་མཚན་ངས་མཐོང་གི་མེད། གང་ཡིན་ཟེར་ན། དོལ་ཚོགས་ལ་དགོས་པ་དེ་དོ་རྒྱལ་བསྟེན་དགོས་ཀྱི་ཡོད་པ་རེད། འོན་ཀྱང་། ༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་སྲོལ་འགོག་གནང་མཛད་ཀྱི་ཡོད་ན། དེ་གཉིས་བར་ན། གྲོས་མོལ་གྱི་ལམ་ནས་ཐུན་མོང་གི་བབ་ས་ཞིག་མེད་པ་རེད། དེ་དམ་ཚིག་དང་འབྲེལ་བའི་གནད་དོན་ཞིག་ཡིན་དུས་ཆབ་སྲིད་ལྟར་ཕན་ཚུན་གླེང་མོལ་གྱིས་ལམ་ནས་གཙང་སེལ་བྱ་རྒྱུ་མེད། དེས་ན། ཐབས་ལམ་ཡག་ཤོས་དེ་དོལ་ཚོགས་ལ་ཁ་ཡ་མ་བྱས་ན་ཡག་ཤོས་དེ་རེད། རིམ་པས་ཁོ་ཚོ་སྤྱི་ཚོགས་ཀྱི་མིག་མདུན་ནས་ཡལ་འགྲོ་གི་རེད། དེ་མིན་ང་ཚོས། འུར་སྒྲོགས་ཤུགས་ཆེར་བྱས་ཚེ་ཁོ་ཚོའི་བྱ་སྤྱོད་དེ་རྒྱལ་སྤྱིའི་ཁྲོད་ཁྱབ་འགྲོ་གི་རེད། དེ་ལྟར་བྱུང་ཚེ། ཁོ་ཚོར་ངོ་གསོ་རག་གི་ཡོད། དེ་ནི་རྒྱ་ནག་གི་ཁོ་ཚོར་དངུལ་ལོར་སྤྲོད་དགོས་པའི་རྒྱུ་མཚན་དེ་རེད། དེས་ན། སྐྱག་པར་ལག་པ་མ་འཆང་པར་གསང་སྤྱོད་དུ་ཆུ་བཤལ་བཏང་ན་ཡག་ཤོས་རེད། སྐྱག་པ་སྔོགས་ན། སྐྱག་དྲི་ལས་སྣོམ་རྒྱུ་མེད། སྐྱག་དྲི་དེས་མིའི་འཕྲོད་བསྟེན་ལ་རིམ་པས་གནོད་ཀྱི་རེད། དེར་བརྟེན། སྐྱག་པ་འགྲོ་ས་གསང་སྤྱོད་ཡིན་དུས། ང་ཚོས་གསང་སྤྱོད་དུ་མ་བཏང་པར་ལག་པས་འཆང་ནས་གནམ་ལ་འཕྱར་ཚེ་སྐྱག་དྲི་ལས་ཅི་ཡོད།
གཡུ་ཐོག་ལགས་ལ་རྒྱབ་སྐྱོར་ཡོད། རྩ་བའི་དེ་འདྲ་རེད། དོལ་ཚོགས་ཁོ་རང་ཚོ་༧རྒྱལ་བ་རིན་པོ་ཆེར་རྩིས་བཀུར་མེད་པར་ད་ལྟ་བར་གང་བྱུང་བཤད་བསྡད་ཡོད་ལ། དོལ་རྒྱལ་རང་དབང་ཐོག་ནས་བསྟེན་གྱི་ཡོད་ན། འདྲེ་གསོལ་རང་དབང་དགོས་ཡས་གང་འདུག འདྲེ་ལ་སྐྱབས་གནས་བལྟ་ན་མི་འགྲིགས་པས་འདྲེ་མ་བསྟེན་རྒྱུ་མེད་ཅེས་རྒྱལ་བའི་བཀའ་ལ་གུས་བརྩི་ཞུ་མཁན་ཚོར་གསུངས་པ་ལས། དོལ་ཚོགས་ལ་གསུངས་མེད་པ་ཤེས་དགོས། དོལ་ཚོགས་ནས་དོལ་འདྲེ་ལྟ་ཅི། གུང་བྲན་དང་སྙིང་གྲོགས་བསྟེན་ནས་གང་འདོད་བྱ་རྒྱུའི་རང་དབང་སུས་བཀག་ཡོད། བྱས་ཀྱང་བྱེད་ཀྱི་ཡོད་པ་བརྒྱུད་ལམ་ཁག་ནང་གསལ་ཡོད་པ་ལས་ཤེས་ཐུབ་པས་དྲ་ལམ་ཁག་ནས་གང་བྱུང་ཁུངས་མེད་བཤད་པ་ཨེ་ཡིན།
མདོར་ན། དོལ་ཚོགས་དང་ནང་མོལ་བྱ་རྒྱུ་གང་ཡང་མེད་པ་གསལ་པོ་རེད། དོལ་འདྲེ་ག་ཚོད་བསྟེན་རུང་རང་འདོད་རེད། སུས་ཀྱང་བཀག་མེད། མགོ་སེར་དེ་ཚོ་སྙིང་རྗེ་མགོ་ཚོད་ཀྱི་མེད། མགོ་སེར་ཁག་གཅིག་ནས་བོད་ཀྱི་ནང་ཆོས་དེ་འདྲེ་གོལ་ཙམ་རེད་བསམ་གྱི་ཡོད་ཤས་རེད། ཨ་ཁ་ཡ་ང་བ་རེད། དེ་མིན་ནུབ་ཕྱོགས་པ་བོད་ཀྱི་ནང་ཆོས་དོ་སྣང་ཡོད་མཁན་མང་ཆེ་བ་དང་། མཚན་རིག་པས་ཀྱང་འདིར་དོ་སྣང་སླེབས་ཀྱི་ཡོད། གལ་སྲིད་ང་ཚོའི་ཆོས་དེ་ལྷ་གསོལ་འདྲེ་གསོལ་ལམ་ལུགས་སྒང་ནས་འགྲོ་ན་ནང་དོན་ལྗིད་ཚད་མེད་པར། དེང་རབས་སུ་དར་ཁྱབ་ཡོང་ཐབས་མེད་པ་རེ།
གང་ལྟར་རྒྱལ་བ࿒རིན་པོ་ཆེས་བཀའ་སཞལོབ་རིམ་པར་ཕེབས་ཡོད་ལ། རྒྱུ་མཚན་ཁུངས་ལུང་དང་སྔ་ཕྱིའི་གནས་སྟངས་ཞིབ་གསལ་བསྡོམས་བསྐྱོན་པ་དེ་ཕྱིར་ལྡོག་ཐབས་མེད་པ་རེད། གསུང་ཚ་ཚ་གནང་ཡང་མ་ཉན་ན། རང་འདོད་སྒང་ལ་ཕྱིན་རུང་ཁོང་ལ་ཁྱད་པར་མེད། ཁོང་གི་མི་ལོ་༦༠ཧྲིལ་བུར་སཀུ་ལས་བསྐྱོན་ཡོད། ཁོང་ལས་ལྷག་པའི་བཀའ་དྲིན་སུ་ཆེ། ད་ཁོང་སྒེར་ལ་སྐུ་ངལ་གང࿒ཡང་མེད། གནོད་ན་བོད་མི་རིགས་ལ་གནོད་ཀྱི་རེད། གང་ལགས་ན། རྒྱ་དམར་ནས་རྒྱལ་བ་ཤི་སྒུག་རྒྱག་ནས་བསྡད་ཡོད་ལ། ཁོང་གི་སྐུ་ཚེ་ལ་བར་ཆད་བྱུང་ན་བོད་འདི་བརླག་ཉེན་ཡང་མེད་པ་མ་རེད་སྙམ། གང་ལྟར་རགྱལ་བའི་སྐུ་ཕྱ་དེ་ཁོང་ཉིད་ལས་ང་ཚོར་གལ་ཆེ་བ་ཆགས་ཡོད་པས། བོད་རིགས་ཡོངས་དང་ཚོགས་པ་སྐྱིད་སྡུག་ཚང་མས་གཟབ་གཟབ་དོ་དོ་ནན་ཏན་གནང་རྒྱུ་ནི། བོད་ོན་འགྲུབ་པའི་ཐབས་ལམ་ཤིག་ཀྱང་ཡིན།
གཞིས་ལུས་བོད་རིགས་སྤུན་ཟླ་ཚོས། རང་གི་སྲོག་ཀྱང་ལྕེབས་ནས་རྒྱལ་བའི་ཞལ་མཇལ་བར་བཏང་ན། ང་ཚོས་ཁོང་ཚོར་རང་དབང་སོན་ཐབས་བྱ་མ་ཐུབ་ཀྱང་། ཁོང་ཚོས་ཡིད་ཆེས་བློས་བཀལ་ཞུ་ས་དེ་ལ་བར་ཆད་བྱུང་ན། གཞིས་ལུས་སྤུན་ཟླར་གདོང་ཇི་ལྟར་བསྟན་ཕོད་དམ། ང་ཚོ་མཉམ་རུབ་ཧུར་ཐག་འབད་ཐག་གནང་བར་ཕྱི་བཤོལ་ཁྱོན་ནས་མེད་མཛོད་ཅེས་ཞུ།།
ད་ལྟ་ང་ཚོ་བོད་གྱི་ནང་ཆོས་ནི་ལྷ་འདྲེ་ལ་སྐྱབས་བཅོལ་བའི་ཆོས་ལུགས་ཤིག་བསྡད་འདུག །གོང་ས་མཆོག་གིས་ཡང་བློ་ཕུགས་གཏོད་ས་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་མིན་པར་གནས་ཆུང་དང་དཔལ་ལྡན་ལྷ་མོ་གཉིས་ལ་བཅོལ་ཡོད་པ་གསལ་གསལ་ཐང་ཐང་རེད་ཤག། དེ་བཞིན་བོད་བརྒྱུད་ཆོས་ལུགས་ཁག་ཚང་མ་ལ་སོ་སོའི་ལུས་དང་འབྲལ་མི་ཕོད་པའི་ལྷ་འདྲེ་གདུག་པ་ཅན་གྱི་སྲུང་མ་རེ་གསོལ་རྒྱུ་ཡོད། དེ་དག་རྣམས་ལ་ཚེ་འདི་ཡི་ལེགས་ཉེས་ཅི་བྱུང་དང་ཚེ་ཕྱི་མའི་ལམ་འདྲེན་གཙོ་བོ་ལྟ་བུར་བརྩིས་ནས་བརྟེན་མཁན་ཡང་མང་པོ་འདུག། དཔེར་ན་གོང་ས་མཆོག་གིས་ཡང་སྔོན་ཆད་གྲོ་མོ་དུང་དཀར་དགོན་དུ་བཞུགས་དུས་དོལ་རྒྱལ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཡིན་གསུང་མྱོང་ཡོད། ད་ངོ་མ་བཤད་ན་ང་ཚོ་བོད་མི་ཚང་མས་ལྷ་འདྲེ་ལ་བློ་གཏོད་བྱེད་པའི་ལམ་ལུགས་འདི་ལ་བཅོས་བསྒྱུར་སྒོ་འབྱེད་ཆེན་མོ་ཞིག་བྱེད་རན་གདའ། དེ་ལས་ཐབས་གཞན་གང་ཡང་མི་འདུག། མགོ་གོང་ས་མཆོག་འབངས་བོད་མི་ཐམས་ཅད་ཀྱིས་བློ་གཏོད་ས་གཙོ་བོ་སངས་རྒྱས་མ་གཏོགས་ལྷ་འདྲེ་ལ་མི་བརྟེན་རྒྱུ་བྱེད་དགོས་ཡོད། དེ་མིན་འདི་ལྟར་ལས་ན་ཡང་ཉིན་གཅིག་ཞབས་འདྲེན་ཞུ་ཡ་ལས་ལམ་གཞན་མི་རྙེད།
ཁ་བའི་ཡུལ་གྱར་ཟེར་བའི་མི་ཁྱོས་ཉོན། ཁྱོད་ཀྱི་བསམ་པ་དང་ཀུན་སློང་ལ་སོགས་པར་འགྲེལ་བ་གཞན་ཅི་གང་མི་དགོས་པ་ཁྱོད་ཀྱི་དྲ་མིང་ཁོ་ནའི་སྟེང་ནས་བཤད་ཐུབ་པ་ཞིག་རེད། ཡུལ་གྱར་བའི་དོན་ནི་རང་མོས་ཀྱིས་ས་མཐར་ཉུལ་བའམ་འཁྱམ་པའི་དོན་ལ་འཇུག་པ་འདི་ཙམ་པོས་ཁྱོད་རང་ཉིད་ཀྱིས་རང་འགྲེལ་དམར་ནག་མ་ཞིག་བྱས་ཚར་འདུག་འདི་ཁྱོད་ལ་ཀླུད་གཏོར་དང་པོ་དེ་ཡིན། གཉིས་པ་ཁྱོད་ཀྱིས་བསམ་གཟས་ནས་སྟོན་པ་ཐུབ་པའི་དབང་བོའི་གསུང་དྲི་མ་མེད་པའི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་བའི་ཐུགས་མཐུན་དམ་གཙང་གི་བར་ལ་དུག་གི་ས་བོན་འདེབས་པ་འདིས་ཁྱོད་ཀྱི་གཞི་རྩའི་ཀུན་སློང་ལ་གསལ་འདེབས་བྱས་འདུག རྒྱལ་བ་རིན་པོ་ཆེས་གྲུབ་མཐའ་འཐེན་འཁྱེར་ཟེར་བའི་སྐད་ཆ་འདིའི་གཞི་འཛིན་ས་གང་ཡིན་བདེན་པའི་དཔང་འཇོག་རྒྱུ་ཅི་ཡོད། ཁྱོད་ཀྱི་མིག་ཞར་མེད་ན་ཁྱོད་ཀྱི་རྣ་འགག་མེད་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་ན་ཆོས་རྒྱུད་གཞན་ཁག་གི་བླ་ཆེན་ཚོ་དང་༧གོང་ས་མཆོག་གི་དམ་ཚིག་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་གཙང་དག་ཡངདག་གི་རླབས་ཆེན་མཛད་པ་འདི་ཁྱོད་ཀྱིས་དཀྲུག་ཤིང་རྒྱག་དོན་གང་། ཆོས་རྒྱུད་གཞན་གྱི་བླ་ཆེན་དང་མི་ཆེན་ཚོ་ཁྱོད་ཀྱིས་ནག་སྒྲུབ་མ་བྱེད་ན་ཡག
ཁ་བའི་ཡུལ་གྱར་ལགས་ཀྱིས་གསུངས་པ་དེ་ཡང་བསྐྱར་ར་སྤུའི་འུར་རྡོ་རང་མགོ་ལ་བསྐོར་སོང་། རྙིང་མའི་ཆོས་སོགས་བྱས་ན་བཀའ་ཆད་ཡོང་གི་ཡིན་ཚུལ་གྱི་འཇིགས་སྐུལ་བྱེད་མཁན་དེ་དོལ་ཚོགས་རེད། ཐོག་མར་ཛེ་སྨད་ཀྱིས་སྐད་ཆ་དེ་འདྲ་བཀྲམས་པས་རྒྱལ་བ་རིན་པོ་ཆེས་ཡོངས་གྲགས་ཀྱི་ཐོག་ནས་དོལ་རྒྱལ་སྤངས་མགོ་ཚུགས་པ་རེད།
དོལ་ཚོགས་དང་རྒྱལ་བ་རིན་པོ་ཆེའི་བར་ན་གྲོས་མོལ་ཞིག་བྱ་རྒྱུ་ཡོད་པ་མ་རེད། འདི་ལྷ་འདྲེ་དང་འབྲེལ་བའི་གནད་དོན་ཡིན་དུས་སུ་འགྲིགས་དང་སུ་མི་འགྲིགས་ཟེར་ནས་ཁྲིམས་ཁང་གིས་ནི་ཐག་གཅོད་ཐུབ་གི་མ་རེད། ཕྱོགས་གཅིག་གིས་ང་ལྷ་འདྲེ་འདི་ལ་མི་དགའ་བས་མི་བརྟེན་ཞེས་པ་དང་། ཕྱོགས་གཅིག་གིས་ང་ཚོ་ལྷ་འདི་ལ་དགའ་བས་བརྟེན་གྱི་ཡིན་ཞེས་པ་ཙམ་ལས་གྲོས་མོལ་ཞིག་བྱ་ས་ཡོད་པ་མ་རེད། དེ་ནས་ཆོས་དད་རང་མོས་ཞེས་པ་དེའི་སྟེང་ནས་ཐག་གཅོད་བྱ་དགོས་ཐུག་གི་རེད། གདན་ས་ལ་འདུག་ཆོག་དང་མི་ཆོག་ནི་ཆོས་ལུགས་ཀྱི་གཞུང་ལུགས་ན་གསལ་བའི་རྩ་དོན་གཞིར་བཞག་ནས་ཐག་གཅོད་པ་མ་གཏོགས། འདི་ཚོ་བོད་མི་ཡིན་པ་དང་དགེ་ལྡན་པ་ཡིན་པས་དགོན་པ་གཅིག་གི་ནང་དུ་འདུག་ཆོག་ཟེར་ཐབས་ག་ལ་ཡོད།
ཧཧཧཧ་གསར་བུ་ལགས་སྙིང་རྗེ་ཁྱོད་ཤེས་མེད་གླང་རྒན་འདྲ་བ་ཞིག་འདུག། ངའི་དྲ་མིང་འདི་མིང་དོན་མཚུང་པའི་བཟི་རྗིད་ཅན་ཞིག་ཡིན།
མི་སུས་མཐོང་ན་ཡང་བོད་རང་བཙན་ཤོར་ནས་རྒྱ་མའི་བཙན་འོག་ལ་འདུག་མ་ཐུབ་པར་གཞན་ཡུལ་ལ་འཁྱམས་པ་ཞིག་ཡིན་པ་རྟོགས་ཐུབ།
མཐོ་གོང་ས་མཆོག་དང་དམའ་ཕྱི་རྒྱལ་ཁག་ནང་ང་དང་ང་འདྲ་བའི་བོད་མི་ཡོད་དོ་ཅོག་ཁ་བའི་ཡུལ་གྱར་བ་རེད། འོང་ཀྱང་ངས་མི་ནང་
ཁྱེད་ཚོ་འདྲ་བའི་ཞབས་འདྲེན་ཞུ་མ་མྱོང།
ལྷ་འདྲེའི་རྩོད་རྙོག་ནི་བསམ་ཡུལ་འདས་བ་རེད།
གླག་རྒོད་ཅེས་པ་འདི་རྐང་བཙུགས་ནས་གླགས་འཚོལ་དུ་ཡོང་འདུག ཁོས་ ༸གོང་ས་མཆོག་གིས་ཡང་བློ་ཕུགས་གཏོད་ས་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་མིན་པར་གནས་ཆུང་དང་དཔལ་ལྡན་ལྷ་མོ་གཉིས་ལ་བཅོལ་ཡོད་པ་གསལ་གསལ་ཐང་ཐང་རེད་ཤག། ཅེས་བཤད་འདུག ཁོས་༸གོང་ས་མཆོག་གི་ཐུགས་དགོངས་ཇི་ལྟར་མཁྱེན་ནམ། ཁོ་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་པ་ཡིན་ནམ། ཡང་ན་རྣལ་འབྱོར་མངོན་སུམ་གྱི་རྟོགས་པ་འདྲ་མེད་འགྲོ། དེ་མིན་སྐ་ཆ་འདི་འདྲ་ཞིག་རིག་པ་དེངས་པ་མཁན་ཚོས་ཤོད་མི་སྲིད། གནས་ཆུང་ཆོས་སྐྱོང་དང་དཔལ་ལྡན་ལྷ་མོ་གཉིས་སྤྱིར་བོད་བསྟན་སྲིད་དང་། སྒོས་དགའ་ལྡན་ཕོ་བྲང་བའི་སྲུང་མ་ཞིག་ཡིན་ན། ༸རྒྱལ་བ་དོན་གྱི་བདག་པོར་སྐུར་འདེབས་བྱེད་མཁན་འདི་འདྲ་བ་རྒྱ་ཡམས་སུ་གཏོང་བར་རིགས་སམ། ཀྱེ་མ་ཀྱེ་ཧུ་སྲུང་མ་དམར་ནག་གཉིས་་་་་་་་་་་་་་་
གློག་རྒོད་ཅེས་པ་འདིའི་ཡི་གེ་ཚིག་དུམ་ཞིག་གི་ནང་དུའང་ཡིག་ནོར་ཇི་འདྲའི་མང་བོ་ཞིག འདིས་ཀྱང་མི་འདིར་ལྗིང་ཚད་ཅི་ཙམ་ཡོད་པ་དུ་བའི་རྟགས་ཀྱིས་མེ་བཞིན་ནོ།།
བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ཆོས་ལུགས་ལ་རྒྱུས་མངའ་ཡོད་མཁན་ཞིག་གིས་བལྟས་ན། གནས་ཆུང་དང་དཔལ་ལྡན་ལྷ་མོ་ལ་དོལ་རྒྱལ་བསྡུར་ཐབས་ཤིག་མེད། དཔལ་ལྡན་ལྷ་མོ་ནི་རྒྱུད་ལས་བྱུང་བའི་བཀའ་སྲུང་ཞིག་ཡིན། གནས་ཆུང་ཀྱང་སློབ་དཔོན་ཆེན་པོས་བཀའ་བགོས་དམ་ལ་བཞག་པའི་སྲུང་མ་ཞིག་རེད། དོལ་རྒྱལ་ལ་དེ་དང་འདྲ་བའི་ལོ་རྒྱུས་གང་ཡང་མེད་པ་ཞིག་རེད། བོད་བརྒྱུད་ནང་བསྟན་སྲོལ་རྒྱུན་དད་མོས་ཡིད་ཆེས་ལ་ཆ་རྒྱུས་ཅན་ཞིག་གིས་བལྟས་ན་དོལ་རྒྱལ་བཀའ་འགོག་ལ་རྒྱུ་མཚན་ཆེ་བ་གསལ་གསལ་ཐིངས་ཐིངས་ཡིན།
དོལ་རྒྱལ་བཀའ་འགོག་ནི་སྐྱབས་མགོན་ཏཱ་ལའི་བླ་མ་ཁོ་ན་མིན་པར་བླ་མ་མང་པོས་སྔོན་ནས་འབད་བརྩོན་བྱས་པ་དང་། ད་ལྟར་ཡང་བྱེད་བཞིན་པ་རེད། འདི་ནི་བོད་བརྒྱུད་ནང་བསྟན་ལ་དག་ཐེར་གྱི་ལས་འགུལ་དགའ་འོས་པ་དང་རྒྱབ་སྐྱོར་བྱ་འོས་པ་ཞིག་ཡིན།
མཆན་62པ། ཁ་བའི་ཡུལ་གྱར་བ་ལགས།
ཁྱོད་གུང་ཁྲན་ཏང་གི་ཐ་སྙད་ལ་དུང་ཞེན་ཆེ་བས་ཡིན་ནམ། ཡང་ན་བརྡ་ཆད་ལ་རྨོངས་པས་ཡིན། ཡུལ་གྱར་བ་ནི་རྒྱ་ནག་དམར་ཤོག་གིས་བོད་མི་ལ་བཙན་གྱིས་སྦྱར་བའི་༼ཏང་སྐད༽་ཡིན་པ་ལས་བོད་མིའི་གནས་བབ་དངོས་མཚོན་པའི་བརྡ་ཆད་མིན། ང་ཚོ་༼ཡུལ་གྱར་བ༽་ག་ལ་ཡིན། གྱར་ནི་འཁྱར་དང་དོན་འདྲ། དེ་ལ་རང་དབང་གི་ཆ་ལྡན། ང་ཚོ་ནི་བཙན་བྱོལ་བ་ཡིན། བཙན་འཛུལ་ལམ་བཙན་ཤེད་ལ་གཡོལ་བའི་བོད་མི་ཡིན། འདི་ནི་ང་ཚོའི་རྒྱབ་ལྗོངས་དང་དངོས་ཡོད་གནས་བབ་མཚོན་ཐུབ་པའི་ཐ་སྙད་ཅིག་ཡིན། རྒྱ་དམར་གྱིས་ང་ཚོར་ཡུལ་གྱར་སྤུན་ཟླ་ཟེར་དོན་ནི་༼ཏང་དང་མེས་རྒྱལ་ལ་ངོ་ལོག་བྱས་ནས་བྲོས་པའི་སྤུན་ཟླ་༽་ལ་ངོས་འཛིན་པས། ང་ཚོས་རྒྱ་དམར་གྱི་༼ཏང་སྐད༽་དེའི་རིགས་ལ་གཟབ་དགོས།
གླག་རྒོད་ལགས་ཀྱི་དགོངས་ཚུལ་བསྩལ་པར་དགའ་བསུ་དང་ད་དུང་དགོངས་ཚུལ་གང་ཡོད་འཛེམས་མེད་དུ་གསུངས་པའི་རེ་བ་ཡོད། སྐབས་བབ་ཀྱི་གནད་དོན་ངོ་མ་སྟེ་སྐྱབས་མགོན་ཏཱ་ལའི་བླ་མ་དང་དོལ་ཚོགས་ངོ་རྒོལ་བའི་གནད་དོན་འབྲེལ་བ་ཡོད་པ་ཁོ་ན་མ་གཏོགས་ལ་བཤད་ལུང་བཤད་མི་གནང་བར་འབོད་སྐུལ་ཡང་ཞུ་བཞིན་ཡོད།
གནད་དོན་འདིའི་ཐོག་འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་གསུངས་འདུག། དྲ་གྲོགས་རྣམས་ཀྱིས་དྲ་ཐག་འདི་བརྒྱུད་ནས་གཟིགས་རོགས།
http://www.jamyangnorbu.com/blog/2014/02/28/is-the-dalai-lama-safe/
གླག་རྒོད་ལགས།
ཁྱེད་རང་མགོ་མ་ཚོད་མེད་ན་འབྲེལ་བཤད་བྱ་ཆོག་ལ། ཆེད་མངགས་གླག་འཚོལ་དང་རྒོད་པོ་བྱ་འདོད་ཡིན་ན་རང་དབང་རེད། ཁྱེད་རང་ལ་རང་དབང་ཡོད་པ་ནང་བཞིན། དོལ་ཚོགས་ལ་ཆོས་དད་རང་དབང་ཡོད་རེད། སུས་འཕྲོག་སོང་། ཆོས་དད་རང་དབང་ངོ་མ་འཕྲོག་མཁན་དགྲ་ཇག་རྒྱ་དམར་གུང་བྲན་ཡིན་པ་བརྗེད་སོང་ངམ། ཧམ་པ་ཆེན་པོ་བྱས་ནས། འཇམ་མགོན་བླ་མའི་སྤྲུལ་པ། འཇམ་མགོན་བླ་མའི་བསྟན་རིན་པོ་ཆེ་སྲུང་བར་དོལ་འདྲེ་མེད་ན་མེད་ཐབས་སུ་འཁྲུལ་ནས། བྱུང་རྒྱལ་བྱས་པ་དེས་མ་བྱུང་བ་རེད། རྗེ་བླ་མའི་བསྟན་པ་དེ་དཔལ་མགོན་ཀླུ་སྒྲུབ་ཀྱི་བསྟན་པ་དང་། དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པར་ཐུག་པ་ཡིན།
ང་ཚོས་འགྲེལ་བཤད་རྒྱག་ན་མ་འགྲིགས་ན། རྒྱ་གུང་བྲན་ལ་བྲིས་དང་། བོད་ཀྱི་ནང་བསྟན་དང་རྗེ་བླ་མའི་བསྟན་བཤིགས་པར་འགལ་རྐྱེན་གཙོ་བོ་དེ་སུས་བྱེད་ཀྱི་འདུག་གམ། ཏཱ་ལའི་བླ་མ་ལ་འཛམ་གླིང་གི་ཆེ་མཐོང་ཞུ་སྐབས། ཁོང་ཚོས་མཚན་དམས་དང་བོད་ནང་ཁོང་གི་བཀའ་ཕར་བཞག་སྐུ་དཔར་ཡན་ཆད་བཀག་འགོག་དམ་བསྒྲགས་ག་རེ་བྱས་ནས་བྱས་པ་ཡིན་ནམ།
-༧རྒྱལ་བ་བསྟན་འཛིན་རྒྱ་མཚོས། ནང་བསྟན་དེ་ལྷ་གསོལ་འདྲེ་གསོལ་སྒང་ནས་འགྲོ་དགོས་པ་གང་དུ་གསུང་ཡོད་དམ། ཧམ་པ་ཆེན་པོས་ལྷ་གསོལ་འདྲེ་གསོལ་འཕྲལ་སེལ་གྲོགས་རེས་མ་བཙལ་བར་སྐྱབས་ཡུལ་ཚོགས་ཞིང་ནང་བཞག་ནས་བསྟན་པར་གནོད་པ་དེས་འགྲིགས་མེད། སངས་རྒྱས་ལ་སྐྱབས་སུ་འགྲོ་ན་འཇིག་རྟེན་པའི་ལྷ་མཐུ་བོ་ཆེ་ལ་སྐྱབས་སུ་འགྲོ་མི་རུང་ན། ཆུང་རྩག་ལྷ་འདྲེའི་རིགས་ལྟ་ཅི་སྨོས། གལ་སྲིད་གནས་ཆུང་ལ་སུས་སྐྱབས་གནས་སུ་བཞག་རུང་དེ་ཡང་མ་འགྲིགས་པ་རེད། དྲེགས་པ་ལྷ་འདྲེ་སོ་སོའི་སར་བསྡད་གལ་ཆེ་བ་ཡིན། བོད་ཁུལ་ནང་བསྟན་དེ་འདྲེ་ལྟ་ཅི་ལྷ་གསོལ་ཡང་མིན་པ་གསལ་པོ་ཡོད། རྒྱུ་མཚན་དགོས་ན་རབ་རིམ་གྱིས་བཤད་ཆོག་མོད། སྐབས་དོན་སྟོར་ཉེན་པས་འདིར་བཞག་གི་ཡིན།
དོལ་ཚོགས་སོགས་སུ་དང་སུ་ཡིན་རུང་ལྷ་བསྟེན་འདྲེ་བསྟེན་ག་རེ་ཡང་རང་དབང་རེད། དོལ་ཚོགས་ལ་རང་དབང་ཡོད་ན། ང་ཚོ་ལ་ཡང་རང་དབང་ཡོད་དགོས། དོལ་ཚོགས་ལ་བསྟེན་དགོས་ཞེས་ལབ་དབང་ཡོད་ན། གཞན་ལ་བསྟེན་ན་མ་འགྲིགས་པའི་རྒྱུ་མཚན་བཤད་པའི་རང་དབང་ཡང་ཡོད། གང་ལྟར་སྨྲ་བརྗོད་རང་དབང་སུས་ཀྱང་འཕྲོག་མེད། རྒྱ་གུང་བྲན་གཞས་ཚིག་མཐོ་དམན་ཞིག་ལ་ཁག་འདོགས་བྱས་ནས་བཙོན་འཇུག་བརྡུང་བརྡེག་སུས་བཏང་ཡོད། དོལ་ཚོགས་ནས་རྡ་སར་མི་བསད་ནས་དགྲ་བོ་གུང་བྲན་གྱིས་ཕེབས་བསུ་ཞུས་པ་དུས་བབ་ནང་འཁོད་ཡོད་ལ། དེ་ལྟར་ཡིན་པ་ས་གནས་སྐོར་བྱ་བའི་ཚགས་ལམ་ཁག་ཏུ་བཏོན་ཡོད་ལ། ཨ་རི་དང་རྒྱ་གར་གསང་ལས་ནས་དོལ་ཚོགས་ཀྱིས་རྒྱལ་བའི་སྐུ་ཕྱར་ངན་ཁ་ཡོད་པ་བཤད་ཡོད་ལ། དེ་ལྟར་མིན་ན། ཨ་རི་དང་རྒྱ་གར་གསང་བའི་ལས་ཁུངས་ལ་དྲིས་ན་ཤེས་ཐུབ་པ་ཡིན། ལས་ཀ་ཐབས་རྡུགས་དེ་འདྲ་བྱ་དགོས་དོན་གང་ལ་ཐུག་པ་རེད། འཇམ་མགོན་རྒྱལ་བའི་བསྟན་པ་སྲུང་མཁན་གྱི་བྱེད་བབ་ཡ་ང་སྙམ་པ་དང་བཅས།། །།
གནད་དོན་འདིའི་ཐད་ལ་མང་པོ་ཞིག་གོ་བཞིན་ཤེས་བཞིན་དུ་མགོ་འཐོམ་འགྲོ་ཡ་འདྲ་པོ་ཞིག་ཡོང་གི་འདུག་སྙམ། གོང་ས་ཏཱ་ལའི་བླ་མས་དོལ་རྒྱལ་བརྟེན་མཁན་ལ་ཆོས་ཀྱི་དམ་ཚིགས་དང་འཇིག་རྟེན་གྱི་མཐུན་འབྲེལ་སོགས་གཙང་བཅད་གནང་བ་ཡིན་ན། གཏེ་བོ་ཕ་བོང་དང་ཁྲི་བྱང་གཉིས་ཀ་ལ་ཐུག་ཡོད་ཙང་། དེ་གཉིས་དང་འབྲེལ་བའི་ལམ་རིམ་བརྒྱུད་པ་ནི་སྤེལ་གནང་མཛད་ཀྱི་འདུག་པ་མ་ཟད་ཁོ་གཉིས་ལ་གཞན་དང་མ་འདྲ་བའི་བསྔགས་བསྟོད་ཡང་གནང་གི་འདུག །ད་དུང་ཁྲི་བྱང་ཡང་སྲིད་ལ་དོལ་རྒྱལ་བརྟེན་པ་དང་ཁྲི་བྱང་གི་ལམ་རིམ་བརྒྱུད་པའི་བཀའ་དབང་༧གོང་ས་མཆོག་གི་སྐུ་མདུན་ནས་ཞུ་ཆོག་པ་སོགས་ཡ་འགལ་ཅན་གྱི་གནས་སྟངས་མང་པོ་ཞིག་འདུག །དམ་ཚིགས་ཟེར་བ་དེ་འདྲ་དགའ་ས་དང་མི་དགའ་སའི་བར་ལ་ཕྱོགས་རིས་བྱེད་ཆོག་པ་ཞིག་ད་ཨེ་ཡིན་ནམ་སྙམ། གཙོ་བོ་༧གོང་ས་མཆོག་གི་དོལ་རྒྱལ་སྐོར་གྱི་བཀའ་སློབ་ལས། ཡག་ཉེས་གང་ཡིན་བཤད་པ་དེ་ངའི་འོས་འགན་རེད་མ་གཏོགས་བརྟེན་དང་མི་བརྟེན་ཟེར་བ་དེ་ཁྱོད་རང་ཚོའི་རང་དབང་རེད་གསུང་གི་འདུག །དེས་ན་གདན་ས་ཁག་ལ་དམ་དྲག་བྱས་ཏེ་གྲྭ་བ་རྣམས་གནས་དབྱུང་བཏང་བ་དང་གཞིས་ཆགས་ཁག་ནང་ལ་དབྱེ་བ་བྱས་ནས་སྤྱི་ཚོགས་གྲལ་ནས་ཟུར་ཕུད་བཏང་པ་སོགས་མི་དྲང་བ་མ་རེད་དམ། དོལ་དགོན་གསར་བཞེངས་ཟེར་བ་དེ་ནི་ཟམ་གདོང་པས་ཆབ་སྲིད་ཁྲབ་ནས་ཁ་གཡར་ས་ཙམ་ཞིག་རེད་དྲན་གྱི་འདུག །དགོན་པ་བཞེངས་ན་དང་པོ་ནང་དཀྲུག་མ་བརྒྱབ་གོང་ལ་མི་བཞེངས་པར་ཕུ་དཀྲུག་མདའ་དཀྲུག་བྱས་ནས་ལག་པ་བྱི་ས་ཤིག་བརྒྱབ་པ་དེ་ཡག་པོ་ཅི་མ་རེད།
གླག་རྒོད་ལགས་ཀྱིས་གསུངས་པའི་དོལ་ཚོགས་གདན་ས་ནས་ཕུད་ཟེར་བའི་སྐད་ཆ་དེ་དོན་དངོས་ཡོད་མ་རེད། དོལ་ཚོགས་གདན་ས་ནས་འདུག་མ་ཆོག་པ་དེ་དོལ་ཚོགས་ཀྱིས་རྒྱལ་བ་རིན་པོ་ཆེའི་བཀའ་དང་དམ་ཚིག་ལ་མ་བརྩིས་པས་ཕུད་དགོས་ཐུག་པ་རེད། བླ་མའི་བཀའ་དམ་ལ་མི་བརྩི་མཁན་ཞིག་ཡིན་ཕྱིན་དེ་དང་ལྷན་དུ་འབྲེལ་བ་གཅད་རྒྱུ་དེ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཚང་མའི་སྤྱི་སྲོལ་ཡིན་པ་མ་གཏོགས་དོལ་ཚོགས་ལ་དམིགས་བསལ་གྱིས་སྡུག་པོ་བྱས་པ་གང་ཡང་མ་རེད། གསང་སྔགས་ཀྱི་གཞུང་ལུགས་ན་བླ་མའི་བཀའ་དམ་ལ་མི་བརྩི་མཁན་གྱི་སྐྱེ་བོ་དང་ལྷན་དུ་ལུང་པ་གཅིག་གི་ཆུ་ལ་ཡང་བཏུང་མི་རུང་ཞེས་བཀའ་དོག་པོ་ཞེ་དྲགས་རེད། ཁྱེད་ཀྱིས་ནང་དཀྲུག་ཞེས་པའི་ཚིག་འདི་ཛ་དྲག་པོ་འདྲ་ཞིག་བེད་སྤྱད་འདུག་མོད། དོན་དུ་དོལ་རྒྱལ་མི་བསྟེན་པ་དེ་ཏཱ་ལའི་བླ་མའི་ཆོས་དད་རང་དབང་གི་ཐོབ་ཐང་ཡིན་པ་དང་། གདན་སའི་དགེ་འདུན་མང་མོས་ཀྱིས་དོལ་ཚོགས་གདན་ས་ལ་འདུག་མ་བཅུག་པ་དེ་བོད་བརྒྱུད་ནང་བསྟན་གྱི་རྩ་དོན་བླ་མའི་བཀའ་དང་དམ་ཚིག་ལ་གནས་མིན་གྱི་གནད་དོན་ཡིན་པ་ངས་ཁར་སང་ཐེངས་མང་པོ་ཞིག་བཤད་བསྡད་པ་དེ་རེད། ཆོས་ལུགས་གང་དང་གང་ཡིན་ན་ཡང་། ཆོས་ཚོགས་དེ་ལ་ཞུགས་པར་ཆོས་ལུགས་དེའི་དམ་སྡོམ་གྱི་ཆ་རྐྱེན་ངེས་པར་དུ་ཡང་ཚང་དགོས་པ་རེད།
རྒྱལ་བ་རིན་པོ་ཆེས་ཁྲི་བྱང་ཡང་སྲིད་ཀྱིས་དོལ་རྒྱལ་བསྟེན་ན་ཡང་དབང་ལུང་གི་འབྲེལ་བ་བཞག་རྒྱུ་ཡིན་ལུགས་ཀྱི་སྐད་ཆ་དེ་འདྲ་སྔོན་ཆད་ཐོས་མ་མྱོང་། དེ་བདེན་ན་ཁྱད་མཚར་རེད། བདེན་དཔང་ཡོད་ན་བསྟན་རོགས་གནང་། ས་གནམ་ལ་འཕྱར་ན་རྡོ་ལྷངས་ལ་འབུད་པ་ཞིག་གྱིས་དང་།
ཚེ་རིང་རྡོ་རྗེ་ལགས་་་་ད་ཁྱོད་ཕ་ཡི་ཞ་ཁུར་ཤོག་ཟེར་དུས། མ་ཡི་ལྷམ་འཁྱེར། གཡས་ཀྱི་ཁྱི་ཁོགས་ཟེར་དུས། གཡོན་བ་རྒན་མའི་རྣ་བ་འཇུ་འདུག་མཁན་
དྲལ་རེད་འདུག། ཡུལ་གྱར་བའི་གོ་དོན་གཞན་དབང་གི་གནོད་ཤུགས་འོག། རང་ཡུལ་ནས་གཞན་ཡུལ་ལ་གྱར་དགོས་བྱུང་བའི་དོན་རེད།
ཁྱོད་ཀྱི་བཟི་གཏམ་འཆལ་འཆོལ་ནང། ཡུལ་གྱར་བ་ཟེར་བའི་མིང་འདི་མ་དག་པའི་རྒྱུ་མཚན་མེས་རྒྱལ་ལ་ངོ་ལོག་བྱས་ནས་བྲོས་པའི་དོན་དེ་བཞག་འདུག།
ཧཧཧཧཧཧཧཧ་་ང་ངོ་མ་རྒྱ་གཞུང་ལ་ངོ་ལོག་བྱས་ནས་བྲོས་ཡོང་བའི་མི་ཞིག་ཡིན། ད་རྒྱ་གཞུང་ལ་ངོ་ལོག་ནས་བྲོས་ཡོང་བའི་བོད་མི་འདི་དག་ཁྱོད་ཀྱི་ཁ་སྔུན་
ཡག་པོ་ཡིན་ས་མ་རེད། ཡིན་ཡང་ཐབས་ཤེས་མི་འདུག་དགོངས་དག་རྒྱ་གཞུང་གི་ཐུགས་ལ་ཕོག་ཡོད་ན་ཧཧཧཧཧ།
བརྡ་ཆད་ལ་མཁས་པའི་སྐུ་ཞབས་ཚེ་རིང་རྡོ་རྗེ་ལགས།
ཁྱེད་ཀྱི་་་༼ འཁྱར་༽དང་་༼ གྱར ༽གཉིས་གོ་དོན་གཅིག་ལ་ངོས་འཛིན་གནང་འདུག། དྲ་གྲོགས་ཚོའི་གཟིགས་དང་བརྡ་ཆད་ལ་མཁས་པ་ཁོང།ཧཧཧཧཧཧ
ད་ཁྱོད་ལོང་བའི་ལག་ཏུ་རྫས་བཞག་པ་ལྟར་རེད་འདུག།
རྒྱལ་བ་རིན་པོ་ཆེས་ཁྲི་བྱང་ནས་བརྒྱུད་པའི་ལམ་རིམ་སྤེལ་བ་དང་དོལ་རྒྱལ་དགག་པ་གཉིས་ལ་འགལ་བ་གང་ཡང་མེད། ལམ་རིམ་ནི་མདོ་ལུགས་ཀྱི་ཆོས་ཡིན་སྟབས་དེ་ལ་རྩ་བའི་བླ་མར་བརྟེན་ནས་དམ་ཚིག་ཉམས་མ་ཉམས་སོགས་ཀྱི་གནད་དོན་ཟེར་བ་ཞིག་གླེང་རྒྱུ་མེད། ལུང་སོགས་མ་ཐོབ་ན་ཡང་འདོན་དུ་རུང་བ་ཡིན། འདི་ནི་བོད་བརྒྱུད་ནང་བསྟན་ཀྱི་ཡིད་ཆེས་དད་མོས་ལྟ་གྲུབ་ལ་ཆ་རྒྱུས་ཅུང་ཟད་ཡོད་མཁན་ཞིག་ཡིན་ཕྱིན་གཞི་རྩའི་ཤེས་བྱ་ཞིག་ཡིན། ལམ་རིམ་རྩོམ་སྐབས་སུ་དོལ་རྒྱལ་གཞི་ནས་སྐྱེ་རྒྱུ་ཡིན་སྟབས་ལམ་རིམ་དང་དོལ་རྒྱལ་བར་ན་འབྲེལ་བ་གང་ཡང་མེད་པས་ཁ་དང་ཁ་སྤུ་ལོགས་སུ་འབྱེད་དགོས། ལྷག་པར་ཡང་དོལ་རྒྱལ་སྤངས་པ་དེ་ནི་ཁྲི་བྱང་གི་བཀའ་ཡིས་གནང་བ་ཐོབ་པ་ཡིན་པས་དེ་ལས་ཀྱང་གནད་འགག་ཅིག་མེད།
གླག་རྒོད་ལ་མོས་མཐུན་ཡོད། གནད་ལ་འཁེལ་བ་བཤད་འདུག
གོང་དུ་དྲྭ་འབུ་དང་དྲྭ་མཆན་པ་མང་དག་གཅིག་གིས་མཆན་དཀར་ནག་མང་ཙམ་སྤེལ་འདུག་པ་དེ་དག་ལས་ཡུལ་གྱར་བ་གཙོ་བྱས་པས་མཆན་ནག་སྤེལ་མཁན་འདི་དག་ལ་དུས་ནམ་ཡང་ཡིད་གཟབ་དགོས། ཁོང་ཚོ་ནི་ག་དུས་ཡིན་ཡང་བོད་སྤྱི་པའི་རྩ་དོན་ཁར་གཡར་ནས་སྒེར་ནད་དང་། ད་དུང་ཆོལ་ཆོས་ཕྱོགས་རིས་གདོན་ནད་ཀྱིས་ཟིན་ནས་ཡོད་པའི་དུས་ནམ་ཡང་ལེགས་བཤད་གཅིག་ཁ་ནས་དོན་མི་སྲིད་པས་ཡིན་ཆེས་དང་མ་འཆོག་གང་ཡང་མི་རུང་། ད་དུང་གཞན་གྱིས་གཟི་དཔལ་ལ་བཟོད་མི་ནུས་པའི་འགྲན་སེམས་དང་འཁོན་འཛིན་ཧ་ཅང་ཆེ་མོད། དངོས་སུ་སོ་སོའི་གང་ཡང་ནུས་པ་འདོན་མི་ཐུབ་པའི་རྒྱུ་མཚན་གྱིས་དུས་ནམ་ཡང་སྡུག་སྐད་རྒྱུན་ཆད་མི་སྲིད། མི་འདི་དག་ལ་འདི་ཡིན་གསལ་བཤད་དགོས་པ་ཡང་གང་ཡང་མ་མཐོང་ངོ་།།
སྨོན་ལམ་ལོག་པས་རྒྱལ་བའི་བསྟན་པ་ལ། །
འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
བསམ་སྦྱོར་ངན་པའི་འཇུག་པ་མ་ལུས་པར། །
མཆོག་གསུམ་བདེན་པའི་རྩད་ནས་གཅོད་གྱུར་ཅིག །
ཡག་སྡུག་གཉིས་ཀའི་མཆན་༨༡ བཏབ་པ་མཐོང་དུས་ངོ་མ་དཔེ་དགའ་པོ་བྱུང་ལ་དུས་ཚོད་ཀྱང་མི་ཉུང་བ་ཞིག་རིང་ཀློག་པ་པོ་མང་ཤོས་ཞིག་ཀྱང་རེད་འདུག་པས་ཀློག་པ་པོ་ཡོངས་ལ་གུས་མོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
༧གོང་ས་མཆོག་ཟླ་བ་༨ ཚེས་༢༣ ནས་༢༦ བར་ཡོ་རོབ་རྒྱལ་ཁབ་འཇར་མན་ལ་ཕ྄ེབས་ཀྱི་ཡོད་པས་ཤེས་གསལ་ལ་ཚེས་༢༤ ནས་༢༦ ཉིན་གསུམ་རིང་དོལ་རྒྱལ་གྱི་དགེ་བཤེས་རྫུན་མ་སྐལ་བཟང་གི་རྗེས་འབྲངས་པས་ངོ་རྒོལ་བྱེད་རྒྱུ་རེད་འདུག་པས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་སྤྱི་སྒེར་གཉིས་ཀས་དོན་དམ་གྱིས་ཡང་སྐྱར་ཡིད་གཟབ་གང་མང་གནང་རོགས་ཞུ་འདོད་བྱུང་།
བཀྲིས་བདེ་ལེགས།