ཅོག་མྱི།
དེ་རིང་ནི་༧གོང་ས་མཆོག་གི་བཅིང་གྲོལ་དགའ་རྟགས་ལེན་པའི་ཉིན་མོ་ཡིན།
དགའ་རྟགས་འདི་ལ་ནོར་སྦལ་བྱ་དགའི་གཟི་བརྗིད་དང་རྫིག་ཉམས་མེད་ལ།
དངུལ་ལོ་དང་སྙན་གྲགས་དེ་བས་ཀྱང་མེད་པས།
གང་ཟག་མང་བོ་ཞིག་གིས་དེ་ལ་མཐོང་ཆུང་བྱས།
སྣང་མེད་བྱས།
རྩེད་སྤྱད་བྱས་ནས།
བརྟུལ་ཞུགས་མཁན་རེ་གཉིས་ཀྱང་ཚབ་ཏུ་བཞག་སྟེ་དགའ་རྟགས་དེ་ལེན་ཏུ་བཅུག
ཀྱེ་མ།
འདི་ནི་རང་གར་གྱི་དགའ་རྟགས་ཞིག་ག་ལ་ཡིན།
ཨ་རིའི་རྩ་ཁྲིམས་ཀྱི་སྙིང་ཏིག་མཚན་པའི་དགའ་རྟགས་འདི་ནི།
ཨ་རིའི་ཆོས་སྲིད་ཀྱི་གྲུབ་འབྲས་དང་སྤྱི་འབངས་ཀྱི་སྙིང་སྟོབས་མཚོན་པ་མ་ཟད།
དྲང་བདེན་གྱི་མེ་སྒྱོགས་ལས་མཆེད་པའི་དུ་ཞགས་དང་མཁས་མཛངས་རྟུལ་ཕོད་ཀྱི་སྙིང་ལྕགས་དང་ཁྲག་དྲོན་ཀྱི་རླངས་པ་འཕྱར་བའི་རྟགས་མ་བྱིན་རླབས་ཅན་ཞིག་མ་ཡིན་ནམ།
ལོ་ངོ་སུམ་བརྒྱ་ཉེ་བའི་རིང་ལ་ཨ་རིའི་མི་མང་གི་མདུན་བསྐྱོད་ཀྱི་སྒྲོན་མེ་ནི་ཁྲིམས་རྒན་འདི་ཡིན་ལ།
སྟོབས་འབྱོར་འཛམ་གླིང་གི་མངའ་བདག་ཏུ་གྱུར་བའང་ཁྲིམས་རྒན་འདི་ལ་བརྟེན་ནས་བྱུང་བ་རེད།
དེ་ཕྱིར་ཨ་རིའི་སྙིང་གི་ནོར་བུ་ལྟ་བའི་རྩ་ཁྲིམས་བྱ་དགའ་འདི་ལ།
བཙན་བྱོལ་ནས་ལོ་ངོ་དྲུག་ཅུར་ཁྱི་སྡོམ་ལྟར་སྡོམ་པའི་ང་ཚོས་མཆིལ་མ་ལྟར་དོར་བར་ཕོད་དམ།
འདོར་དགོས་བའི་རྒྱུ་མཚན་ཅི།
མདོ་སྟོད་རི་བོང་གླག་གིས་འཁུར་ན།
མདོ་སྨད་བོང་བུས་རྩྭ་མི་ཟ་བའི་དཔེ་བཞིན།
དེ་རིང་ངས་ཨ་རིའི་གཞུང་མང་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབ་གཅིག་ཏུ།
ཤི་ཟིན་པའི་གདོང་དམར་བའི་ལ་རྒྱ་དེ་ལ་མྱ་ངན་ཞུ།
༧གོང་ས་མཆོག་ལ་རྟེན་འབྲེལ་ཞུ། ཨ་རོགས། རང་དབང་གཟེངས་རྟགས་ཟེར་བ་མ་གཏོགས་བཅིངས་འགྲོལ་གཟེངས་རྟགས་ཟེར་གྱི་མེད། ཨུ་ཚུགས་དེ་འདྲ་བྱེད་དགོས་པ་བླུན་རྟགས་ཨེ་རེད།
ཅོག་མྱི་ བླུན་པོ་སྨྲ་བ་ཉུང་ན་མཛེས་པ། ཞེས་གསུངས་པ་དེ་ཁྱེད་ལྟ་བུ་ལ་གདམས་པ་རེད། ༧ གོང་ས་མཆོག་གི་ཐུགས་བཀོད་གནང་བ་ལས་ལྷག་ཅིག་ཤེས་འདོག་མ་བྱས་ན་ཡག་གི་རེད། ད་ལྟ་བཙན་བྱོལ་ནང་ན་སྨྲ་བརྗོད་རང་དབང་ལ་ལོངས་སྤྱོད་མ་ཤེས་པར་རང་འཚང་སྟོན་མཁན་མང་དུ་འགྲོ་བཞིན་འདུག ཁྱོད་དང་ཁྱོད་ལྟ་བུ།
མདོ་སྨད་རྟ་ཡི་ཆོལ་ཁ་ད་དུང་འགྱུར་མེད། བཙན་བྱོལ་ནང་དུ་བོང་གཤིས་ཅན་རེ་འགའ་ཐོན་པ་ནི་འཛེམས་བྱ་ཡིན། དཔེར་ན། རང་ལ་ཐུག་དུས་དད་པ་དང་ཨ་རག་ལས་ཨ་རག་དང་པོར་འཇོག་པ་དང་གཞན་ལ་ཐུག་དུས་དད་པ་་དང་པོར་འཇོག་པའི་བོང་གཤིས་ཅན་ནི་སྤེན་པ་ཚེ་རིང་ལྟ་བུ། ད་དུང་སྤེན་ཚེ་རྗེས་འཇུག་པ་བོང་ཕྲུག་རེ་གཉིས་ཀྱང་ཡོད།
ཀརྨ་བློ་གསལ་ཟེར་བ་འདི་ཡང་རང་གིས་གང་ཡང་མི་འཇོན་པར་མཐོ་སར་ཕྲག་དོག་གི་སྐྱོན་འདོགས་བྱེད་པར་དགའ་བ་ཞིག་རེད། ཁྱེད་རང་ཆང་གིས་བཟི་ཡོད་མེད་མི་ཤེས། ཕྲག་དོག་གིས་བཟི་ནས་ཡོད་པ་ཁྱེད་ཀྱིས་སྔོན་དང་ད་ལྟའི་མཆན་བཏབ་པ་དེ་དག་ནས་ཤེས་ཐུབ། སྤེན་པ་ཚེ་རིང་གྲྭ་བ་ནི་མིན་ལ། ཡང་ཅིག་བཤད་ན་འགོ་ཁྲིད་དག་གིས་ཨ་རག་འཐུང་མི་ཆོག་པའི་ཁྲིམས་ཡང་ཡོད་ནི་མ་རེད། སྤེན་པ་ཚེ་རིང་གིས་ད་ལྟ་བར་དུ་ཨ་རག་འཐུང་ནས་གཞུང་དོན་འཐུས་ཤོར་བཏང་བ་ཁྱེད་ལ་བཤད་རྒྱུ་ཨེ་ཡོད་སྙམ། མི་ལ་སྐྱོན་ཡོན་གཉིས་ཀ་ཡོད་ནི་རེད། སྐྱོན་རྐྱང་རྐྱང་ལ་བསམ་ནས་བསྡད་ན། སྐྱོན་ཆུང་ངུ་ཞིག་མཐོང་ནའང་མི་བཟོད་པ་ཡོང་། དེ་ནས་ཆུང་ངུ་ཆེན་པོ་བཟོ་ཨེ་ཐུབ་ལྟས། བཟོ་མ་ཐུབ་ཚེ་སྙིང་ན། སེམས་འཁྲུགས། དཀའ་ངལ་རང་གིས་བཟོས་ནི་རེད། བློ་གཟུར་པོར་བྱོས་དང་། རང་ལ་ཕན། སྤྱི་ཚོགས་ལའང་ཕན་ནོ།།
ལྷ་བྱ་འཕུར་མ་ཡིན་ན་དེས་ཅིང་མི་ཤེས་ཀི རང་དབང་དང་བཅིང་གྲོལ་ལ་ཁྱད་པར་ཅི་ཡོད། འདིར་སྨྲས་བ།
འཁོར་འདས་བརྟན་གཡོ་དངོས་པོ་རེ་རེ་ཀུན།
བརྡ་དང་ཐ་སྙད་མིང་ཚུལ་མཐའ་ཡས་ཕྱིར།
ཅོག་རོང་དཔའ་བོའི་ཁོ་ནའི་སྤྱོད་ཡུལ་ལས།
བྱ་ངན་འཕུར་མའི་གཞལ་བྱ་ག་ལ་ཡིན།
ཅོག་མྱི་མ་རེད། ཅོག་མིརེད། །
ཆབ་གཅིག་མ་རེད། ཆབས་ཅིག་རེད།
བཅིང་གྲོལ་དགའ་རྟགས་ཟེར་བ་ད་བར་གོ་མ་མྱོང་།
རང་དབང་གཟེངས་རྟགས་ཟེར་བའི་མིང་འདི་བཅིང་གྲོལ་ལ་
བསྒྱུར་དོན་གང་ཡིན་ནམ།
བཙན་དབང་གི་འཆིང་བ་དང་ཉོན་མོང་གི་འཆིང་བ་ལས་གྲོལ་བས་ན་བཅིང་གྲོལ་ཟེར།