རྒྱལ་བ་རིན་པོ་ཆེ་དྲ་ཚིགས་ལས་འདྲེན་བཀོད་ཞུས།
༄༅། །དད་དམ་འགྱུར་མེད་གཞིས་ལུས་རྒྱ་ཆེའི་མི་མང་ཐུན་མོང་ལ། བརྗོད་འབྲས། དེང་འཛམ་གླིང་གི་ཁྱོན་འདིར་རྫས་འཕྲུལ་འཕེལ་རྒྱས་ལ་བརྟེན་ནས་ཕྱི་དངོས་པོའི་ཡར་རྒྱས་ཕུན་སུམ་ཚོགས་པོ་ཡོད་ནའང་། ནང་སེམས་ཀྱི་འཁྱེར་སོ་བྱམས་སྙིང་རྗེའི་བསམ་བློས་ཕོངས་ཏེ་རང་གཞན་ཁོས་སུ་མ་ཕེབས་པར་ཕྱོགས་གང་སར་ཆགས་སྡང་འཁྲུག་རྩོད་རྒྱུན་མི་ཆད་པ་འདི་དག་ལ་ལྟོས་ན་རང་ཅག་གངས་ཅན་པ་རྣམས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དུ་གྱུར་པའི་དྲིན་ལས་བྱམས་བརྩེའི་བསམ་བློ་དང་འབྲེལ་བའི་ཡ་རབས་བཟང་སྤྱོད་གི་གོམས་གཤིས་བཟང་པོ་དམིགས་བསལ་ཞིག་མི་རབས་རྒྱུན་ཆགས་སུ་ཡོད་པ་ཡིན། ཞིབ་རྒྱས་འདི་ནས་གཟིགས་ http://gyalwarinpoche.com/content/གཞིས་ལུས་བོད་མིར་གནང་བའི་གལ་ཆེའི་གསུང་འཕྲིན།
༧རྒྱལ་བ་རིན་པོ་ཆེའི་མཚན་འཁོད་བཀའ་ཡིག་སྟེང་དུའང་ཡིག་ནོར་འདུག སྐུ་ངོ་བློ་བཟང་སྦྱིན་པ་ལགས་དང་དང་སྐུ་ངོ་བྲེ་སྲང་ཚེ་རིང་ཁོང་རྣམ་པ་ཚོས་ག་རེ་གནང་བསྡད་ཡོད་ན།
མ་གཞི་ནས་བཀའ་ཡིག་རིན་པོ་ཆེ་འདི་འདྲ་ས་གནས་ས་ཐོག་གི་གནད་ཡོད་མི་སྣས་རེ་སྐུལ་མེད་པར་གང་བྱུང་མང་བྱུང་སྩལ་བ་ཡིན་ན་ཡག་པོ་མི་འདུག
གོང་ས་མཆོག་གི་ཞལ་གསུངས་དྲོན་པོ་དྲི་མ་མེད་པ་དེ་མིན་པ་ཐག་གིས་ཆོད། ཁོང་གི་མཚན་ཙམ་བཀོལ་བ་ལས་ཅང་མེད་པ་འདྲ་པོ་ཚོར། གོང་ས་མཆོག་གིས་གཞན་འགྲོ་ལ་དམན་པ་བྱེད་བཞིན་རང་ཅག་ལ་བསྟོད་པ་མི་གནང་།
ད་གཞིག་ནས་བསམ་བློ་ཞིག་འཁོར་བ་འདྲ།།་་་http://www.shambalapost.com/blog/viewpost/8216
དེ་རིང་ཡང་སྒོ་ཁྱི་ངས་འདི་ནས་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་ཁྱི་སྐད་ཤིག་བརྒྱབ་ཀི་ཡིན། ཁྱོད་ཚོས་ཉན་འདོད་ཡོད་ནའང་འདྲ་མེད་ནའང་འདྲ།། ང་ལ་བློ་ཕམ་ག་རེ་ཡོད་ཟེར་ན་ཤེས་ཡོན་ཅན་གྱི་བོད་མི་ཚོས་ཕུ་ནུ་ནང་གསོད་གཏོང་རེའི་གྱི་ལུགས་སྲོལ་ངན་པ་འདིར་འགོག་ཐབས་དང་། ཐེར་འདོན་གྱི་རྩོམ་ཡིག་འབྲི་མཁན་ཉིན་མོའི་སྐར་མ་དང་གླང་དར་མའི་རྭ་ནང་བཞིན་རེད།
བོད་ནང་གི་བོད་མི་ཚོས་གཅིག་གིས་ཕར་བསད། དེ་ནས་གཅིག་གིས་དགྲ་ཤ་ལེན་ནས་ཚར་བསད། ཕར་གསོད་ཚར་གསོད་ཀྱིས་བོད་མི་སྟོང་ཕྲག་མང་པོ་ཕྱི་མའི་ཡུལ་དུ་བསྐྱལ་སོང་། ལྷག་མཇུག་གི་ནང་མི་སྤུན་ཟླ་ཁྲི་ཕྲག་མང་པོའི་བར་དུ་མི་ཤའི་འགལ་ཟླ་བཏང་སོང་། བོད་མི་རིགས་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་སྣ་མང་ཞིག་བྱས་ཐལ། བོད་མྱི་ཤེས་ཡོན་ཅན་ཚོས་མ་མཐོང་མདོག་མདོག་བྱས་ནས་བསྡད་སོང་།
བསམ་བློ་ཞིག་ཐོངས་དང་། ཤེས་ཡོན་ཅན་དང་སྙིང་རྗེ་ཅན་ཚོས། ཁ་གཏད་བཅག་མི་ཐུབ་པའི་དགྲ་བོའི་མདུན་དུ་པུང་མོ་བཙུགས་ནས་ཞི་བདེ་འབོད་ཀྱི་འདུག་ག བོད་མི་རིགས་ནང་ཁུལ་དུ་ཁྲག་གི་འཁོར་ལོ་སྐོར་བསྡད་པ་ལ་ཞི་བདེ་བཤད་མཁན་མི་འདུག་་་་ཁྱི་རྒན་ང་་་མྱི་ཁྱོད་ཚོ་ལ་སྐྱུག་མེར་ལངས་ནས་བསྡད་ཡོད།
ད་དུང་མ་རབས་ཐ་ཤལ་གྱི་ལས་ཀ་བྱེད་ཀྱི་འདུག བོད་མི་ནང་ཁུལ་གཅིག་གིས་གཅིག་ལ་གོ་སྐབས་ཟིན་ནས་མ་ཉེས་ཁ་གཡོག་དང་སྤྱི་ཚོགས་ཀྱི་མྱི་གྲལ་ནས་ཁྱི་གྲལ་གཡུག་ཐབས་བྱེད་དགོས་ན་བོད་མི་ཚོ་མཁས་པ་ལ་དཔེ་རེད། འཐབ་འཛིང་བྱེད་དགོས་སའི་དགྲ་བོ་ལ་གོ་སྐབས་ཟིན་ཤེས་ཀྱི་མི་འདུག ངོ་མ་བློ་ཕམ་འོང་གི་འདུག
ས་སྐྱ་བདག་ཆེན་དང་རྒྱལ་བ་ཀརྨ་པ་མཆོག་རྣམས་གཉིས་ཀྱིས་བཀའ་སློབ་གསལ་པོ་གསུངས་ཡོད་རེད། ཡིན་ཀྱང་འདིའི་ཐོག་ཏུ་བོད་མྱི་ཤེས་ཡོན་ཅན་ཚོས་རྒྱབ་སྐྱོར་བྱས་མ་སོང་། དེ་རིང་༧གོང་ས་མཆོག་གིས་གསུངས་ཀྱི་ཡོད་རེད། ད་དུང་ཁྱི་སྐྱག་འདྲ་བའི་བོད་མྱི་ཤེས་ཡོན་ཅན་ཚོས་མ་གོ་མདོག་མདོག་བྱེད་ནས་སྡོད་ཀྱི་རེད། མི་བདེན་བསམས་ན་ལྟོས་སྡོད་ཨ་་་ཁྱོད་ཚོས་ཕུ་ནུ་ནང་གསོད་གཏོང་རེའི་གྱི་ལུགས་སྲོལ་ངན་པ་འདིར་དགག་རོགས་མ་བྱེད་ན་ཁྱི་རྒན་ངའི་ཁྱི་སྐྱག་འདིར་ཟོ།
རྩེ་བློ་བཟང་བཀྲ་ཤིས་ཡིན་ན་འདིས་ཅི་ཞིག་བཤད་ཀྱི་ཡོད་པ་རེད། མི་སྐད་རེད་དམ།
་་་་་ ས་སྐྱ་བདག་ཆེན་དང་རྒྱལ་བ་ཀརྨ་པ་མཆོག་རྣམས་གཉིས་ཀྱིས་བཀའ་སློབ་གསལ་པོ་གསུངས་ཡོད་རེད། ཡིན་ཀྱང་འདིའི་ཐོག་ཏུ་བོད་མྱི་ཤེས་ཡོན་ཅན་ཚོས་རྒྱབ་སྐྱོར་བྱས་མ་སོང་། དེ་རིང་༧གོང་ས་མཆོག་གིས་གསུངས་ཀྱི་ཡོད་རེད། ་་་་་་ཟེར།
༸སྐྱབས་སུ་མཆིས། ༸གོང་མཆིག་གིས་༸སྐུ་ངལ་བསྐྱོན་བགྱིད་འདུག
A Tibetan holds a knife at the scene of clashes in Rebgong county in China’s Qinghai province, May 17, 2013.
Dalai Lama Seeks Halt To Fighting Over Prized ‘Caterpillar Fungus’
Tibet’s spiritual leader makes plea after recent deadly violence.
དབྱར་རྩ་གུན་འབུ། = ‘Caterpillar Fungus’
རྩ་། རྩྭ་ལ་བཅོས།