༧གོང་ས་མཆོག་གིས་མི་ནི་སོ་ཌ་ཁུལ་གྱི་བོད་མི་ཚོར་བཀའ་སློབ། Posted on 2015-09-302015-09-30 By ཁ་བརྡ 10 Comments on ༧གོང་ས་མཆོག་གིས་མི་ནི་སོ་ཌ་ཁུལ་གྱི་བོད་མི་ཚོར་བཀའ་སློབ། གློག་བརྙན་།
རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་། རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། ཐུབ་དབང་བསྟན་པའི་སྒྲོན་མ་ས་གསུམ་གྱི། འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།
མགོན་པོ་ཁྱེད་ཀྱི་ཞབས་ཀྱིས་དབུགས་ཙམ་ཡང་།། མཐའ་དག་འགྲོ་ལ་སྨན་པའི་རྒྱུ་གྱུར་ན།། ཚོགས་གཉིས་སྤྱོད་པར་གཞན་ལྟར་སྨོས་ཅི་དགོས།། ས་གསུམ་སྒྲོན་མེ་ཁྱེད་ལ་གསོལ་བ་འདེབས།། ཡུལ་གྱར་བོད་མིས་རང་གི་སྐད་དང་ཡིག་གེ་ལ་བདག་སྐྱོང་དགོས་པའི་བཀའ་སློབ་རིན་བྲལ་ཅིག་གནང་སོང་ཡང་ལག་ལེན་ལ་བརྟར་མཁན་ནི་ཉིན་མོའི་སྐར་མ་རེད་དོ།།
དབང་རྣོན་རིགས་པའི་རྗེས་འབྲང་གཙོ་ཆེ་བ་ལས། དབང་རྟུལ་དད་པའི་རྗེས་འབྲང་མ་བྱེད་གསུངས་པ་དེས་དད་པ་ཁ་ལ་འཁྱེར་ནས་དམངས་གཙོ་འགོག་རྐྱེན་བཟོ་རྒྱུ་དང། ཁོང་གི་མཚན་བོད་སྤྱོད་ནས་སྤྱི་ཚོགས་ལ་ཆགས་སྡང་རྩོད་མ་ཡོང་གསུངས་པའི་དོན་དེ་རྒྱུན་པར་དྲན་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ངེས།
གླིང་ལྔ་མཚོ་བཞིས་བསྐོར་བའི་འཛམ་གླིང་འདིར།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། མི་ཡི་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ཡི།། ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
#2 ཏྲེ་ཧོར་བྱམས་པ་རིན་ཆེན། ་ལགས་ཀྱིས་སྤེལ་དོན།: October 1st, 2015 at 4:43 am མགོན་པོ་ཁྱེད་ཀྱི་ཞབས་ཀྱིས་དབུགས་ཙམ་ཡང་།། མཐའ་དག་འགྲོ་ལ་སྨན་པའི་རྒྱུ་གྱུར་ན།། ཚོགས་གཉིས་སྤྱོད་པར་གཞན་ལྟར་སྨོས་ཅི་དགོས།། ས་གསུམ་སྒྲོན་མེ་ཁྱེད་ལ་གསོལ་བ་འདེབས།། ཡུལ་གྱར་བོད་མིས་རང་གི་སྐད་དང་ཡིག་གེ་ལ་བདག་སྐྱོང་དགོས་པའི་བཀའ་སློབ་རིན་བྲལ་ཅིག་གནང་སོང་ཡང་ལག་ལེན་ལ་བརྟར་མཁན་ནི་ཉིན་མོའི་སྐར་མ་རེད་དོ།། ཏྲེ་ཧོར་བྱམས་པ་རིན་ཆེན་མཆོག་གིས་འབད་པ་མཛད་པར་སྐྱོན་ཅི་ཡོད། འབད་པ་བྱས་ཀྱང་མ་འགྲུབ་ན་སྐྱོན་ཅང་མེད། ཡང་ན། སྐྱོན་ནི་འདོན་པའི་ཚེ་དག་ཆ་ལ་གཟིགས་པ་མེད་པའི་སྐྱོན་འདུག་སྟེ། མཁས་གྲུབ་རྗེས་རང་གི་བླ་མར་བསྔགས་བརྗོད་ན་འདི་ལྟར་མཆིས་ཏེ། ་ མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌། མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན། ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ། ས་གསུམ་སྐྱེ་དགུའི་གཉེན་ལ་གསོལ་བ་འདེབས།། ༡༤ །། ་ བོད་རིགས་མང་ཆེ་བས་བོད་ཡིག་ལ་དོ་སྣང་མི་བྱེད། ཆེད་དུ་བརྗོད་པའི་ཚོམས་བོད་སྐད་ནས་ཨིན་སྐད་དུ་ཚར་གཉིས་བསྒྱུར་ཡོད་པ་མཐོང་། སྔ་མ་དེ་ལོ་བརྒྱ་དང་སུམ་ཅུ་ལྷག་ཙམ་སྔོན་དུ་བསྒྱུར་པ་དང་། ཕྱི་མ་དེ་ཉེ་དུས་ཉེ་དུས་བསྒྱུར་པ་ཚར་གཉིས་སྤར་དུ་བསྐྲུན་པ་ན། བློ་བཟང་རྒྱ་མཚོ་དང་། ངག་དབང་ཐེག་མཆོག་གཉིས་ཀྱིས་ལམ་སྟོན་མཛད་ཅེས་ཀྱང་། ལེའུ་༡༨པའི་ཚིགས་ཅད་དང་པོ་ན། སྡེར་དགེ་སྤར་མ་རྩ་བར་ཆོས་བཞི་ཞེས་ནོར་ཡོད་པ་དང་། དེའི་འགྲེལ་པ་ སྡེར་དགེ། པོད་ཐུ་པའི་མདུན་ཤོག་ན། ཆོས་གཞི་ཡོད་པ་དོན་ལ་དག་པར་མཐོང་། དེ་དང་འཇིག་ཚོགས་ཞེས་པ་འཇིགས་སུ་རུང་བར་བསྒྱུར་པ་ནི། ཨིན་སྐད་མཁན་གྱི་སྐྱོན་དེ་ཙམ་མ་ཡིན་པར་ལམ་སྟོན་པ་བོད་རིགས་དག་གི་སྐྱོན་ནོ། སྔར་བྲིས་བོད་ཡིག་དག་ཆ་དགོས་པར་མཐོང་ནས། དྷ་སའི་བཙུན་མ་གསུམ་ལ་ལོ་ངོ་བཞི་རིང་དངུལ་ཕྲན་བུ་ཕུལ་ཏེ། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལ་སློབ་སྦྱོང་མཛད་གྲོགས་ཨ་རི་མ་བཙུན་མ་ཚོགས་པའི་ལས་བྱེད་པར་་བྲིས་ཀྱང་། ཁོང་གིས་ལན་དུ་ངས་དྷ་སར་ལས་ཀ་བྱེད་པ་མཚམས་འཇོག་བྱས་ཁྱེད་ཀྱི་འཆར་གཞི་དྷ་སར་དེ་ཁུངས་ལས་བྱེད་པར་འབྲི་ཆོག་དང་། རང་གི་མཐོང་ཚུལ་འདི་ལྟར་བྲིས་ཏེ། བཙུན་མ་དེ་དག་ལས་འགའ་ཞིག་གིས་ཨིན་སྐད་ཐབས་ཆག་ལས་མི་ཤེས་ཀྱང་།རང་རང་གི་གཉེན་ཚན་དང་གྲོགས་པོ་གྲོགས་མོ་དག་ལ་བོད་སྐད་དུ་མ་འབྲི་བར་ཨིན་སྐད་དུ་འབྲི་བ་མཐོང་། ཞེས་བྲིས་སོ།
ཧཧཧཧ་་་་རྒན་ལ་དྭགས་པ་བདེན་ནོ། ངོས་ལེན་ཡོད་ངས་ཞིབ་ཕྲ་བལྟས་མི་འདུག་་་་་་བོད་རིགས་མང་ཆེ་བའི་བོད་ཡིག་ལ་དོ་སྣང་ཡོད་མ་རེད། གང་ཡིན་ཞེ་ན་ཁེ་སོང་ཡོད་མ་རེད། དེ་ལས་མི་རིགས་གཞན་དང་འདྲེས་མ་དེ་ཚོ་འཇོན་པོ་འདུག་ཨང་།
རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་།
རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་།
ཐུབ་དབང་བསྟན་པའི་སྒྲོན་མ་ས་གསུམ་གྱི།
འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག།
མགོན་པོ་ཁྱེད་ཀྱི་ཞབས་ཀྱིས་དབུགས་ཙམ་ཡང་།།
མཐའ་དག་འགྲོ་ལ་སྨན་པའི་རྒྱུ་གྱུར་ན།།
ཚོགས་གཉིས་སྤྱོད་པར་གཞན་ལྟར་སྨོས་ཅི་དགོས།།
ས་གསུམ་སྒྲོན་མེ་ཁྱེད་ལ་གསོལ་བ་འདེབས།།
ཡུལ་གྱར་བོད་མིས་རང་གི་སྐད་དང་ཡིག་གེ་ལ་བདག་སྐྱོང་དགོས་པའི་བཀའ་སློབ་རིན་བྲལ་ཅིག་གནང་སོང་ཡང་ལག་ལེན་ལ་བརྟར་མཁན་ནི་ཉིན་མོའི་སྐར་མ་རེད་དོ།།
༸གོང་ས་མཆོག་སྐུ་ཚེ་ཡུན་རིང་བསྟན་པའི་སྨོན་འདུན་ཞུ་
དབང་རྣོན་རིགས་པའི་རྗེས་འབྲང་གཙོ་ཆེ་བ་ལས། དབང་རྟུལ་དད་པའི་རྗེས་འབྲང་མ་བྱེད་གསུངས་པ་དེས་དད་པ་ཁ་ལ་འཁྱེར་ནས་དམངས་གཙོ་འགོག་རྐྱེན་བཟོ་རྒྱུ་དང། ཁོང་གི་མཚན་བོད་སྤྱོད་ནས་སྤྱི་ཚོགས་ལ་ཆགས་སྡང་རྩོད་མ་ཡོང་གསུངས་པའི་དོན་དེ་རྒྱུན་པར་དྲན་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ངེས།
གླིང་ལྔ་མཚོ་བཞིས་བསྐོར་བའི་འཛམ་གླིང་འདིར།།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།།
མི་ཡི་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ཡི།།
ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།
#2 ཏྲེ་ཧོར་བྱམས་པ་རིན་ཆེན། ་ལགས་ཀྱིས་སྤེལ་དོན།:
October 1st, 2015 at 4:43 am
མགོན་པོ་ཁྱེད་ཀྱི་ཞབས་ཀྱིས་དབུགས་ཙམ་ཡང་།།
མཐའ་དག་འགྲོ་ལ་སྨན་པའི་རྒྱུ་གྱུར་ན།།
ཚོགས་གཉིས་སྤྱོད་པར་གཞན་ལྟར་སྨོས་ཅི་དགོས།།
ས་གསུམ་སྒྲོན་མེ་ཁྱེད་ལ་གསོལ་བ་འདེབས།།
ཡུལ་གྱར་བོད་མིས་རང་གི་སྐད་དང་ཡིག་གེ་ལ་བདག་སྐྱོང་དགོས་པའི་བཀའ་སློབ་རིན་བྲལ་ཅིག་གནང་སོང་ཡང་ལག་ལེན་ལ་བརྟར་མཁན་ནི་ཉིན་མོའི་སྐར་མ་རེད་དོ།།
ཏྲེ་ཧོར་བྱམས་པ་རིན་ཆེན་མཆོག་གིས་འབད་པ་མཛད་པར་སྐྱོན་ཅི་ཡོད། འབད་པ་བྱས་ཀྱང་མ་འགྲུབ་ན་སྐྱོན་ཅང་མེད། ཡང་ན། སྐྱོན་ནི་འདོན་པའི་ཚེ་དག་ཆ་ལ་གཟིགས་པ་མེད་པའི་སྐྱོན་འདུག་སྟེ། མཁས་གྲུབ་རྗེས་རང་གི་བླ་མར་བསྔགས་བརྗོད་ན་འདི་ལྟར་མཆིས་ཏེ།
་
མགོན་པོ་ཁྱོད་ཀྱི་ཞལ་གྱི་དབུགས་ཙམ་ཡང༌།
མཐའ་དག་འགྲོ་ལ་སྨན་པའི་རྒྱུར་འགྱུར་ན།
ཚོགས་གཉིས་སྤྱོད་པ་གཞན་ལྟ་སྨོས་ཅི་འཚལ།
ས་གསུམ་སྐྱེ་དགུའི་གཉེན་ལ་གསོལ་བ་འདེབས།། ༡༤ །།
་
བོད་རིགས་མང་ཆེ་བས་བོད་ཡིག་ལ་དོ་སྣང་མི་བྱེད། ཆེད་དུ་བརྗོད་པའི་ཚོམས་བོད་སྐད་ནས་ཨིན་སྐད་དུ་ཚར་གཉིས་བསྒྱུར་ཡོད་པ་མཐོང་། སྔ་མ་དེ་ལོ་བརྒྱ་དང་སུམ་ཅུ་ལྷག་ཙམ་སྔོན་དུ་བསྒྱུར་པ་དང་། ཕྱི་མ་དེ་ཉེ་དུས་ཉེ་དུས་བསྒྱུར་པ་ཚར་གཉིས་སྤར་དུ་བསྐྲུན་པ་ན། བློ་བཟང་རྒྱ་མཚོ་དང་། ངག་དབང་ཐེག་མཆོག་གཉིས་ཀྱིས་ལམ་སྟོན་མཛད་ཅེས་ཀྱང་། ལེའུ་༡༨པའི་ཚིགས་ཅད་དང་པོ་ན། སྡེར་དགེ་སྤར་མ་རྩ་བར་ཆོས་བཞི་ཞེས་ནོར་ཡོད་པ་དང་། དེའི་འགྲེལ་པ་ སྡེར་དགེ། པོད་ཐུ་པའི་མདུན་ཤོག་ན། ཆོས་གཞི་ཡོད་པ་དོན་ལ་དག་པར་མཐོང་། དེ་དང་འཇིག་ཚོགས་ཞེས་པ་འཇིགས་སུ་རུང་བར་བསྒྱུར་པ་ནི། ཨིན་སྐད་མཁན་གྱི་སྐྱོན་དེ་ཙམ་མ་ཡིན་པར་ལམ་སྟོན་པ་བོད་རིགས་དག་གི་སྐྱོན་ནོ།
སྔར་བྲིས་བོད་ཡིག་དག་ཆ་དགོས་པར་མཐོང་ནས། དྷ་སའི་བཙུན་མ་གསུམ་ལ་ལོ་ངོ་བཞི་རིང་དངུལ་ཕྲན་བུ་ཕུལ་ཏེ། ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་ལ་སློབ་སྦྱོང་མཛད་གྲོགས་ཨ་རི་མ་བཙུན་མ་ཚོགས་པའི་ལས་བྱེད་པར་་བྲིས་ཀྱང་། ཁོང་གིས་ལན་དུ་ངས་དྷ་སར་ལས་ཀ་བྱེད་པ་མཚམས་འཇོག་བྱས་ཁྱེད་ཀྱི་འཆར་གཞི་དྷ་སར་དེ་ཁུངས་ལས་བྱེད་པར་འབྲི་ཆོག་དང་། རང་གི་མཐོང་ཚུལ་འདི་ལྟར་བྲིས་ཏེ། བཙུན་མ་དེ་དག་ལས་འགའ་ཞིག་གིས་ཨིན་སྐད་ཐབས་ཆག་ལས་མི་ཤེས་ཀྱང་།རང་རང་གི་གཉེན་ཚན་དང་གྲོགས་པོ་གྲོགས་མོ་དག་ལ་བོད་སྐད་དུ་མ་འབྲི་བར་ཨིན་སྐད་དུ་འབྲི་བ་མཐོང་། ཞེས་བྲིས་སོ།
པོད་ཐུ་པའི་ཤོག་གྲངས་༡༨་པའི་མདུན་ཤོག་ན། ཞེས་གློག་པར་མཛོད།
སྐུ་ཚེ་ཞབས་པད་བརྟན་གྱུར་ཅིག
ཧཧཧཧ་་་་རྒན་ལ་དྭགས་པ་བདེན་ནོ། ངོས་ལེན་ཡོད་ངས་ཞིབ་ཕྲ་བལྟས་མི་འདུག་་་་་་བོད་རིགས་མང་ཆེ་བའི་བོད་ཡིག་ལ་དོ་སྣང་ཡོད་མ་རེད། གང་ཡིན་ཞེ་ན་ཁེ་སོང་ཡོད་མ་རེད། དེ་ལས་མི་རིགས་གཞན་དང་འདྲེས་མ་དེ་ཚོ་འཇོན་པོ་འདུག་ཨང་།
སྐུ་གཟུགས་ཟིལ་ཆེ། །
ཐུགས་བཞེད་དཀྱེལ་ཆེ།།
གསུང་བཤད་གནད་ཆེ།།
ངེད་དག་བསོད་ཆེ།།
ལྷ་རྒྱལ་ལོ།