༧གོང་ས་མཆོག་གིས་ལ་དྭགས་སུ་བཀའ་སློབ་གནང་བ། Posted on 2014-06-182014-06-18 By ཁ་བརྡ་ 6 Comments on ༧གོང་ས་མཆོག་གིས་ལ་དྭགས་སུ་བཀའ་སློབ་གནང་བ། གློག་བརྙན་།
ཉིན་བཀག་རི་རབ་མེད་དང་གཅིག ། ཛམ་གླིང་ལེབ་ལེབ་མིན་དང་གཉིས། ། ཉི་ཟླ་ཆེ་ཆུང་ཡོད་སོགས་སྟེང་། ། བདེན་གཉིས་བདེན་བཞིའི་བསྟན་པ་སྤེལ། ། ༸གོང་ས་མཆོག་གིས།
མི་ལ་གདམ་པའི་སངས་རྒྱས་ཆོས། མི་ཡི་རིགས་དང་བསྟུན་མཁས་ཀྱིས། མི་ཡི་རྣ་བར་སྦྱིན་པ་དེ། སངས་རྒྱས་ཀུན་གྱི་དགོངས་པ་ཡིན། ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ། གཞན་ལ་ཡང་ཡང་འདི་དག་སྟོན། ལྟ་བ་མི་གཙོ་ལས་འབྲས་གཙོ། རྟོགས་པ་མི་གཙོ་སྙིང་རྗེ་གཙོ། ཕྱག་རྒྱ་མི་གཙོ་སྤྱོད་པ་གཙོ། སངས་རྒྱས་ཆོས་ལ་འདི་དག་གཙོ། ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ། གཞན་ལ་ཡང་ཡང་འདི་དག་སྟོན། བླ་མ་མི་གཙོ་ཡོན་ཏན་གཙོ། གོ་ས་མི་གཙོ་དགོངས་པ་གཙོ། འབྱོར་བ་མི་གཙོ་སྦྱིན་པ་གཙོ། སངས་རྒྱས་ཆོས་ལ་འདི་དག་གཙོ། ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ། གཞན་ལ་ཡང་ཡང་འདི་དག་སྟོན། བཀའ་དབང་མི་གཙོ་བླང་དོར་གཙོ། མོས་པ་མི་གཙོ་ལག་ལེན་གཙོ། བྱིན་རླབས་མི་གཙོ་ཉམས་ལེན་གཙོ། སངས་རྒྱས་ཆོས་ལ་འདི་དག་གཙོ། ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ། གཞན་ལ་ཡང་ཡང་འདི་དག་སྟོན། སྤྲུལ་སྐུ་མི་གཙོ་གཞན་ཕན་གཙོ། སྨོན་ལམ་མི་གཙོ་ཐབས་ཤེས་གཙོ། ཆ་ལུགས་མི་གཙོ་ཤེས་རབ་གཙོ། སངས་རྒྱས་ཆོས་ལ་འདི་དག་གཙོ། ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ། གཞན་ལ་ཡང་ཡང་འདི་དག་སྟོན། གྲུབ་མཐའ་མི་གཙོ་གོ་བ་གཙོ། ཕྱོགས་རིས་མི་གཙོ་མཐུན་སྒྲིལ་གཙོ། མདོ་སྔགས་མི་གཙོ་ཐོས་པ་གཙོ། སངས་རྒྱས་ཆོས་ལ་འདི་དག་གཙོ། ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ། གཞན་ལ་ཡང་ཡང་འདི་དག་སྟོན། རྒྱལ་བ་ཡིད་བཞིན་ནོར་བུ་དེ། འགྲོ་བའི་སྨན་གཅིག་མགོན་མེད་མགོན། ངན་པ་སྐྲག་ཡུལ་བདེན་པའི་དཔུང་། ཁྱེད་རང་མེད་པའི་ཉིན་མོ་དེ། གང་ལ་འཁོན་པའི་མི་ཡང་གདུང་། ཡང་ཡང་བསམ་བཞིན་དད་པ་སྐྱེ། དད་པ་དྲན་ནས་དགའ་བ་སྒོམས། འགྲོ་བའི་སྡུག་བསྔལ་ཆེ་ཆེར་འཕེལ། མགོན་པོ་སྐུ་ཚེ་རིངས་བར་ཞུགས། འགྲོ་བའི་མགོན་སྐྱབས་བྲལ་བའི་སྐབས། མགོན་པོ་བདག་ཚོ་དོར་མི་མཛད། བདག་ནི་ཡང་ཡང་འདི་དག་སེམས། བསམ་པའི་བྱ་བ་གྲུབ་པར་ཤོག
དུས་འཁོར་དབང་ཆེན རྩོམ་པ་པོ།:jwo765 སྤེལ་དུས་:2014-6-26 22:06:10 གུས་བ་ནི་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་མིའི་སློབ་མ་ཞིག་ཡིན།ན་ནིང་ཕ་ཡུལ་གྱི་སྡེ་མིས་གོང་ས་མཆོག་གིས་རྒྱ་གར་ཡུལ་ནས་དུས་འཁོར་དབང་ཆེན་འཚོགས་ཀྱིན་ཡོད་པ་དང་བོད་མི་ཡིན་ཕྱིན་ཕྱི་གླིང་དུ་ཆོས་ནས་དབང་ཉན་དགོས་ཞེས་བའི་ཁ་བརྡ་བྱེད་ཀྱིན་འདུག དེང་ཐོག་དེ་འདྲ་དོ་སྣང་ཆེན་པོ་མ་བྱས། འོན་ཀྱང་སློབ་སྐབས་གསར་བོ་དུས་ཡིན་རིང་མོ་འགོར་རྗེས་ཨ་ཕས་གུས་བའི་སློབ་དངུལ་ཚང་མ་སྡེ་གཅིག་གི་ཨ་ཁུ་དབང་ཆེན་དུས་འཁོར་དབང་ཆེན་ཏུ་འགྲོ་སྐྱེལ་གྱི་ལམ་རིན་ལ་བཞག་འདུག ད་དུང་ཁོའང་འགྲོ་བསམ་ཡོད། གུས་བའི་བསམ་པར་དབྱར་ཟླ་དྲུག་བདུན་གྱི་སྐབས་ནི་བོད་མི་རྣམས་ཐོན་སྐྱེད་ལ་འབད་པའི་དུས་ཚིགས་གཙོ་བོ་རེད། བླ་ཆེན་ཞིག་ཡིན་ཚེ་བོད་མིའི་འཚོ་བ་བསམ་གཞིགས་ནན་མོ་བཏང་དགོས་ལ། དེ་ནི་དགེ་བའི་ཆོས་དང་འཐུན་པའི་གནས་ལུགས་རེད། གོང་ས་མཆོག་༡༩༥༩ལོ་ནས་བཟུང་ལོ་རེར་དུས་དབང་ཐེངས་བཞི་རེ་འཚོགས་ཀྱིན་ཡོད། སྐུ་ཕྲེང་སྔོན་མའི་རིང་ལ་དུས་དབང་ལོ་གསུམ་ནང་ཐེངས་གཅིག་མ་གཏོགས་འཚོགས་མེད་པ་རེད།སངས་རྒྱས་ཀྱི་ལུང་ནས་ལོ་རེར་དུས་དབང་ཐེངས་བཞི་འཚོགས་ཆོག་པའི་གཞི་མེད་ལ། བོད་མིའི་འཚོ་བ་ཡར་རྒྱས་གོང་འཕེལ་གཏོང་བའི་དུས་ཚོད་དལ་འགོར་གྱི་ལུང་བསྟན་ཡང་མེད། འདི་ལྟར་དུས་འཁོར་དབང་ཆེན་བཀོད་སྒྲིིག་བྱེད་དོན་ཅི་ཡིན་ནམ།
རྩེད་མོ་ཞིག་ཞུ་ན། ན་མོ་གུ་རུ། གངས་རིའི་མགོན་ལ་ཕྱག་འཚལ་ནས། ། གང་གི་དགོངས་པ་མི་ཤེས་པའི། ། གང་བྱུང་སྨྲ་བའི་དྲ་གྲོགས་འགར། ། གང་ཤར་གཏམ་འཆལ་ཅུང་ཟད་ཞུ། ། ནང་བསྟན་གདམས་ཡུལ་མི་ཁོ་ནར། ། འདོད་ན་ཕྱོགས་རེའི་ཆོས་སུ་འགྱུར། ། མི་ཡི་རིགས་དང་བསྟུན་མཁས་ན། ། དུག་ལྔ་རྒྱས་པའི་ཆོས་ལུགས་སྤེལ། ། ལས་འབྲས་ལྟ་བར་མི་སེམས་ཤིང་། ། སྙིང་རྗེ་རྟོགས་པར་མི་འདོད་པ། ། སྤྱོད་པ་ཕྱག་རྒྱ་ཐ་དད་པའི། ། ལུགས་དེ་ནང་པའི་ཁྱུ་ནས་བུད། ། ཡོན་ཏན་བླ་མར་མི་སེམས་ཤིང་། ། དགོངས་པ་གོ་སར་མི་ཚུད་པ། ། འབྱོར་བ་མེད་པའི་སྦྱིན་པ་མཁན། ། ལུགས་དེ་གཏན་ཚིག་ཁྱུ་ནས་བུད། ། བླང་དོར་བཀའ་སློབ་དབང་མ་ཡིན། ། ལག་ལེན་བྱེད་པར་མོས་མི་དགོས། ། ཉམས་ལེན་བྱིན་རླབས་བྲལ་བ་ཡི། ། ལུགས་ཏེ་གསང་སྔགས་ཁྱུ་ནས་བུད། ། གཞན་ཕན་སྤྲུལ་སྐུས་མི་གནང་ཞིང་། ། ཐབས་ཤེས་སྔོན་དུ་སྨོན་པ་མེད། ། ཤེས་རབ་ཅན་གྱིས་ཆ་ལུགས་སྤང་། ། ལུགས་དེ་མཁས་པའི་ཁྱུ་ནས་བུད། ། གོ་ཡང་གྲུབ་མཐའ་མི་ཤེས་ཤིང་། ། མཐུན་སྒྲིལ་མཐུན་ཕྱོགས་རིས་གཅོད་མིན། ། ཐོས་བསམ་ཡུལ་དུ་མདོ་སྔགས་མེད། ། ལུགས་དེ་འགལ་འདུའི་ཁྱུ་རུ་ཚུད། ། སྤྱི་ཡི་ཡིད་བཞིན་ནོར་བུ་ལ། ། དད་པས་གསོལ་འདེབས་ངས་ཀྱང་ཞུ། ། ཞབས་བརྟན་སྨོན་པ་ནར་མར་བྱེད། ། བསམ་ཤེས་དགོངས་འགལ་མེད་པར་ཞུ། ། དྲི་མེད་པས།
སྤྱན་རས་གཟིགས་ཀྱི་དགོངས་པ་ཤེས་མཁན་དཀོན་པས། །ཕྲན་གྱིས་བྲིས་པར་མ་རྟོགས་ལོག་རྟོགས་སོགས་སྐྱོན་ཀྱི་རིགས་ཅི་ཡང་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ། །
སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོགས།
ཉིན་བཀག་རི་རབ་མེད་དང་གཅིག །
ཛམ་གླིང་ལེབ་ལེབ་མིན་དང་གཉིས། །
ཉི་ཟླ་ཆེ་ཆུང་ཡོད་སོགས་སྟེང་། །
བདེན་གཉིས་བདེན་བཞིའི་བསྟན་པ་སྤེལ། །
༸གོང་ས་མཆོག་གིས།
མི་ལ་གདམ་པའི་སངས་རྒྱས་ཆོས།
མི་ཡི་རིགས་དང་བསྟུན་མཁས་ཀྱིས།
མི་ཡི་རྣ་བར་སྦྱིན་པ་དེ།
སངས་རྒྱས་ཀུན་གྱི་དགོངས་པ་ཡིན།
ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ།
གཞན་ལ་ཡང་ཡང་འདི་དག་སྟོན།
ལྟ་བ་མི་གཙོ་ལས་འབྲས་གཙོ།
རྟོགས་པ་མི་གཙོ་སྙིང་རྗེ་གཙོ།
ཕྱག་རྒྱ་མི་གཙོ་སྤྱོད་པ་གཙོ།
སངས་རྒྱས་ཆོས་ལ་འདི་དག་གཙོ།
ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ།
གཞན་ལ་ཡང་ཡང་འདི་དག་སྟོན།
བླ་མ་མི་གཙོ་ཡོན་ཏན་གཙོ།
གོ་ས་མི་གཙོ་དགོངས་པ་གཙོ།
འབྱོར་བ་མི་གཙོ་སྦྱིན་པ་གཙོ།
སངས་རྒྱས་ཆོས་ལ་འདི་དག་གཙོ།
ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ།
གཞན་ལ་ཡང་ཡང་འདི་དག་སྟོན།
བཀའ་དབང་མི་གཙོ་བླང་དོར་གཙོ།
མོས་པ་མི་གཙོ་ལག་ལེན་གཙོ།
བྱིན་རླབས་མི་གཙོ་ཉམས་ལེན་གཙོ།
སངས་རྒྱས་ཆོས་ལ་འདི་དག་གཙོ།
ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ།
གཞན་ལ་ཡང་ཡང་འདི་དག་སྟོན།
སྤྲུལ་སྐུ་མི་གཙོ་གཞན་ཕན་གཙོ།
སྨོན་ལམ་མི་གཙོ་ཐབས་ཤེས་གཙོ།
ཆ་ལུགས་མི་གཙོ་ཤེས་རབ་གཙོ།
སངས་རྒྱས་ཆོས་ལ་འདི་དག་གཙོ།
ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ།
གཞན་ལ་ཡང་ཡང་འདི་དག་སྟོན།
གྲུབ་མཐའ་མི་གཙོ་གོ་བ་གཙོ།
ཕྱོགས་རིས་མི་གཙོ་མཐུན་སྒྲིལ་གཙོ།
མདོ་སྔགས་མི་གཙོ་ཐོས་པ་གཙོ།
སངས་རྒྱས་ཆོས་ལ་འདི་དག་གཙོ།
ཁྱེད་ཀྱིས་ཡང་ཡང་འདི་དག་སྒོམ།
གཞན་ལ་ཡང་ཡང་འདི་དག་སྟོན།
རྒྱལ་བ་ཡིད་བཞིན་ནོར་བུ་དེ།
འགྲོ་བའི་སྨན་གཅིག་མགོན་མེད་མགོན།
ངན་པ་སྐྲག་ཡུལ་བདེན་པའི་དཔུང་།
ཁྱེད་རང་མེད་པའི་ཉིན་མོ་དེ།
གང་ལ་འཁོན་པའི་མི་ཡང་གདུང་།
ཡང་ཡང་བསམ་བཞིན་དད་པ་སྐྱེ།
དད་པ་དྲན་ནས་དགའ་བ་སྒོམས།
འགྲོ་བའི་སྡུག་བསྔལ་ཆེ་ཆེར་འཕེལ།
མགོན་པོ་སྐུ་ཚེ་རིངས་བར་ཞུགས།
འགྲོ་བའི་མགོན་སྐྱབས་བྲལ་བའི་སྐབས།
མགོན་པོ་བདག་ཚོ་དོར་མི་མཛད།
བདག་ནི་ཡང་ཡང་འདི་དག་སེམས།
བསམ་པའི་བྱ་བ་གྲུབ་པར་ཤོག
དུས་འཁོར་དབང་ཆེན
རྩོམ་པ་པོ།:jwo765 སྤེལ་དུས་:2014-6-26 22:06:10
གུས་བ་ནི་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་པའི་བོད་མིའི་སློབ་མ་ཞིག་ཡིན།ན་ནིང་ཕ་ཡུལ་གྱི་སྡེ་མིས་གོང་ས་མཆོག་གིས་རྒྱ་གར་ཡུལ་ནས་དུས་འཁོར་དབང་ཆེན་འཚོགས་ཀྱིན་ཡོད་པ་དང་བོད་མི་ཡིན་ཕྱིན་ཕྱི་གླིང་དུ་ཆོས་ནས་དབང་ཉན་དགོས་ཞེས་བའི་ཁ་བརྡ་བྱེད་ཀྱིན་འདུག དེང་ཐོག་དེ་འདྲ་དོ་སྣང་ཆེན་པོ་མ་བྱས། འོན་ཀྱང་སློབ་སྐབས་གསར་བོ་དུས་ཡིན་རིང་མོ་འགོར་རྗེས་ཨ་ཕས་གུས་བའི་སློབ་དངུལ་ཚང་མ་སྡེ་གཅིག་གི་ཨ་ཁུ་དབང་ཆེན་དུས་འཁོར་དབང་ཆེན་ཏུ་འགྲོ་སྐྱེལ་གྱི་ལམ་རིན་ལ་བཞག་འདུག ད་དུང་ཁོའང་འགྲོ་བསམ་ཡོད། གུས་བའི་བསམ་པར་དབྱར་ཟླ་དྲུག་བདུན་གྱི་སྐབས་ནི་བོད་མི་རྣམས་ཐོན་སྐྱེད་ལ་འབད་པའི་དུས་ཚིགས་གཙོ་བོ་རེད། བླ་ཆེན་ཞིག་ཡིན་ཚེ་བོད་མིའི་འཚོ་བ་བསམ་གཞིགས་ནན་མོ་བཏང་དགོས་ལ། དེ་ནི་དགེ་བའི་ཆོས་དང་འཐུན་པའི་གནས་ལུགས་རེད། གོང་ས་མཆོག་༡༩༥༩ལོ་ནས་བཟུང་ལོ་རེར་དུས་དབང་ཐེངས་བཞི་རེ་འཚོགས་ཀྱིན་ཡོད། སྐུ་ཕྲེང་སྔོན་མའི་རིང་ལ་དུས་དབང་ལོ་གསུམ་ནང་ཐེངས་གཅིག་མ་གཏོགས་འཚོགས་མེད་པ་རེད།སངས་རྒྱས་ཀྱི་ལུང་ནས་ལོ་རེར་དུས་དབང་ཐེངས་བཞི་འཚོགས་ཆོག་པའི་གཞི་མེད་ལ། བོད་མིའི་འཚོ་བ་ཡར་རྒྱས་གོང་འཕེལ་གཏོང་བའི་དུས་ཚོད་དལ་འགོར་གྱི་ལུང་བསྟན་ཡང་མེད། འདི་ལྟར་དུས་འཁོར་དབང་ཆེན་བཀོད་སྒྲིིག་བྱེད་དོན་ཅི་ཡིན་ནམ།
རྩེད་མོ་ཞིག་ཞུ་ན།
ན་མོ་གུ་རུ།
གངས་རིའི་མགོན་ལ་ཕྱག་འཚལ་ནས། །
གང་གི་དགོངས་པ་མི་ཤེས་པའི། །
གང་བྱུང་སྨྲ་བའི་དྲ་གྲོགས་འགར། །
གང་ཤར་གཏམ་འཆལ་ཅུང་ཟད་ཞུ། །
ནང་བསྟན་གདམས་ཡུལ་མི་ཁོ་ནར། །
འདོད་ན་ཕྱོགས་རེའི་ཆོས་སུ་འགྱུར། །
མི་ཡི་རིགས་དང་བསྟུན་མཁས་ན། །
དུག་ལྔ་རྒྱས་པའི་ཆོས་ལུགས་སྤེལ། །
ལས་འབྲས་ལྟ་བར་མི་སེམས་ཤིང་། །
སྙིང་རྗེ་རྟོགས་པར་མི་འདོད་པ། །
སྤྱོད་པ་ཕྱག་རྒྱ་ཐ་དད་པའི། །
ལུགས་དེ་ནང་པའི་ཁྱུ་ནས་བུད། །
ཡོན་ཏན་བླ་མར་མི་སེམས་ཤིང་། །
དགོངས་པ་གོ་སར་མི་ཚུད་པ། །
འབྱོར་བ་མེད་པའི་སྦྱིན་པ་མཁན། །
ལུགས་དེ་གཏན་ཚིག་ཁྱུ་ནས་བུད། །
བླང་དོར་བཀའ་སློབ་དབང་མ་ཡིན། །
ལག་ལེན་བྱེད་པར་མོས་མི་དགོས། །
ཉམས་ལེན་བྱིན་རླབས་བྲལ་བ་ཡི། །
ལུགས་ཏེ་གསང་སྔགས་ཁྱུ་ནས་བུད། །
གཞན་ཕན་སྤྲུལ་སྐུས་མི་གནང་ཞིང་། །
ཐབས་ཤེས་སྔོན་དུ་སྨོན་པ་མེད། །
ཤེས་རབ་ཅན་གྱིས་ཆ་ལུགས་སྤང་། །
ལུགས་དེ་མཁས་པའི་ཁྱུ་ནས་བུད། །
གོ་ཡང་གྲུབ་མཐའ་མི་ཤེས་ཤིང་། །
མཐུན་སྒྲིལ་མཐུན་ཕྱོགས་རིས་གཅོད་མིན། །
ཐོས་བསམ་ཡུལ་དུ་མདོ་སྔགས་མེད། །
ལུགས་དེ་འགལ་འདུའི་ཁྱུ་རུ་ཚུད། །
སྤྱི་ཡི་ཡིད་བཞིན་ནོར་བུ་ལ། །
དད་པས་གསོལ་འདེབས་ངས་ཀྱང་ཞུ། །
ཞབས་བརྟན་སྨོན་པ་ནར་མར་བྱེད། །
བསམ་ཤེས་དགོངས་འགལ་མེད་པར་ཞུ། །
དྲི་མེད་པས།
སྤྱན་རས་གཟིགས་ཀྱི་དགོངས་པ་ཤེས་མཁན་དཀོན་པས། །ཕྲན་གྱིས་བྲིས་པར་མ་རྟོགས་ལོག་རྟོགས་སོགས་སྐྱོན་ཀྱི་རིགས་ཅི་ཡང་ཡོད་སྲིད་པས་དགོངས་འགལ་མེད་པར་ཞུ། །