༧གོང་ས་མཆོག་གིས་ཨི་ཊ་ལིར་བསྩལ་བའི་བཀའ་སློབ། Posted on 2012-09-112012-09-11 By ཁ་བརྡ་ 22 Comments on ༧གོང་ས་མཆོག་གིས་ཨི་ཊ་ལིར་བསྩལ་བའི་བཀའ་སློབ། བཀའ་སློབ་མཁོ་འདོན་པ། ཚེ་དབང་ཕུན་ཚོགས། ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་༧གོང་ས་མཆོག་གིས་ཨི་ཊ་ལིར་བོད་གཞུང་གི་སྐོར་ལས་འཕྲོས་ཏེ་བཀའ་སློབ་བསྩལ་བ་འདིར་གསན་གཟིགས་གནང་རོགས། གློག་བརྙན་།
ངས་གོ་ཚོད་ཀྱིས་ཡིག་ཐོག་ལ་ཕབ་བསྒྱུར་བྱས་པ། ་་་་་ སྐད་ཆ་དེ་ཡོང་བའི་ཁ་ཐུག་ལ། ང་ཚོ་བོད་རིགས་ནང་ནས། ཞེན་ཁོག་དང་ཤ་ཚ་ད་རེད་དེ། མང་པོ་ཅིག་གིས་བོད་གཞུང་བསྡུ་གསོག་བརྒྱབས་སོང་འགྲིག་བགྱིད་མི་འདུག་ཟེར་ནས་དེ་འདྲའི་སྐད་རྒྱག་མཁན་མང་པོ་བྱུང་སོང་ང་། དེ་དུས་ང་ཏོག་ཙམ་བློ་ཕམ་བྱུང་། ་་་་་་
བཀའ་སློབ་གཉིས་ཀ་འདྲ་བོ་གསུངས་འདུག་ཐུགས་ཁག་ཡོད་མ་རེད། འོན་ཀྱང་དེ་ཚོ་བོད་པ་ནང་ཕན་ཚུན་ལྟ་ཚུལ་ངན་པའི་རིགས་འཕེལ་རྒྱུ་ལས་དོན་ཕན་ལྡན་པ་ཞིག་མ་མཐོང་། རྒྱལ་བའི་བཀའ་ཡིན་ཚད་དྲ་ཐོག་ཏུ་མ་བཀོད་ན་ཡག་པོ་འདུག་ལུགས་གཉིས་གང་ནས་བསམ་ཡང་ཡག་པོ་མིན་འདུག དགོངས་དག་ང་ནི་ཆོས་ཀྱི་ཐད་ནས་དད་འདུན་དང་ལྡན་པ་ཞིག་ཡིན་ཀྱང་། སྲིད་ཀྱི་ཆ་ནས་སྨྲ་བརྗོད་རང་དབང་འདོད་མཁན་ཆོས་དང་ཆབ་སྲིད་ཁ་ཁ་སོ་སོར་འབྱེད་མཁན་ཞིག་ཡིན་པས་བསམ་ཚུལ་ཞུས་པ་ཡིན།
དཔེར་ན་བཀའ་སློབ་དེ་དག་ལ་བརྟེན་ནས་སྔར་ནས་ད་བར་བོད་མི་རིགས་ལས་བསམ་རྒྱུ་དང་བྱེད་རྒྱུ་མེད་པའི་རིགས་ཞེན་ཅན་རྒན་རབས་མང་པོ་ཞིག་ལ་ཅོལ་ཆུང་ཚོས་དངོས་སུ་མིང་སྨྲོས་ནས་སྐྱོན་བརྗོད་ག་ཚད་བྱས་སོང་། དེས་བོད་མི་རིགས་ཀྱི་ཐབ་རྩོད་ལ་ཕན་ས་རེད་དམ་གནོད་ས་རེད། ཁོང་རྣམ་པའང་མི་ལོ་ག་ཚོད་རིང་སྐུ་ལས་སྐྱོན་ཡོད་ས་རིས་ཐང་གསལ་རེད། ལས་འགུལ་སྤེལ་སྐབས་བཤད་སྟངས་ཕྲན་བུ་འགྲིག་མིན་ལ་སྐྱོན་བརྗོད་བྱེད་ཚོད་ཡོད་ན། ༧གོང་ས་༧མཆོག་གི་གཙོ་བོ་ཆིག་དྲིལ་ནུས་པར་དགོངས་ནས་གསུངས་པ་ལས་གང་ཟག་སྒེར་དང་ཚོགས་པ་བྱེ་བྲག་པ་ལ་དངོས་སུ་སྐྱོན་བརྗོད་མིན་པ་གསལ་པོ་རེད། བཀའ་དགོངས་ལ་ལོག་འགྲེལ་མ་བྱས་ན་ཡག་པོ་འདུག་སློབ་སྦྱོང་དང་ལྷག་བསམ་ཅན་རེ་ཟུང་ཡོད་པ་ཚོ་ཡང་རང་བཞིན་གྱིས་སེམས་ཤུགས་ཆག་རྒྱུ་ལས་དོན་འབྲས་རྩ་བ་ནས་མེད་པ་ཤེས་གསལ་རེད། དེས་ན་རང་རིགས་ཤེས་ཡོན་ཅན་རྣམས་རི་བོང་ཅལ་འདྲོགས་མི་གནང་བའི་རེ་བ་དང་འབོད་བསྐུལ་ཞུ་རྒྱུ་ཡིན།
དག་མཆན་ཐོབ་རྒྱུར་ཆུ་ཚོད་བཅུ་ལྷག་འགོར་སོང་གང་རེད། ཁ་བརྡ་ཚང་དམར་ཤོག་གཅིག་སྡུད་དབང་བསྒྱུར་ཟིན་པ་མ་ཡིན་ནམ།
མཆན་གསུམ་པ་འདེབས་མཁན་དེས། “དེ་ཚོ་(བཀའ་སློབ་སྔ་ཕྱི་གཉིས།)བོད་པ་ནང་ཕན་ཚུན་ལྟ་ཚུལ་ངན་པའི་རིགས་འཕེལ་རྒྱུ་ལས་དོན་ཕན་ལྡན་པ་ཞིག་མ་མཐོང་།” ཟེར། འོ་ན་རང་ས་ལག་མཐིལ་ཙམ་མེད་ས་ན་རང་གི་མགོ་བོ་དགྱེ་ཞིང་། བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་བཞིན་པ་འདི་སུའི་བཀའ་དྲིན་རེད། “བྱ་ཕྲུག་མའི་སྦོ་འོག་ནས་དྲོད་”ཅེས་དཔེ་བཀའ་ཟུང་འབྲེལ་སྦྱར་བ་འདི་གཅིག་པུར་ལྟོས་ཏེ། དོན་ལ་གནས་མིན་བརྟག་པ་བགྱིད་དང་། བཀའ་དྲིན་ལ་བཀའ་དྲིན་དུ་ཚོར་ཤེས་ན་ཁོང་གི་བཀའ་དྲིན་ནི་དུས་ནམ་ཡང་འཇལ་ཐུབ་མེད་ངེས་རེད། འོན་ཀྱང་གཤོག་ལྡན་དང་གཤོག་མེད་ཀྱི་སྲོག་ཆགས་རྣམས་དགའ་མགུར་ལོངས་སྤྱོད་པའི་ཁྲི་གདུགས་ཉི་མའི་འོད་སྣང་དེ། ཐན་བྱ་འུག་པར་ཐན་དུ་གྱུར་ནས་ཅི་ཡང་མི་བཟོད་པ་འདི་སུའི་སྐྱོན་རེད། བློ་གཟུ་བོར་གནས་ཏེ་ཅིས་ཀྱང་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཤེས་དགོས་པ་གལ་གྱི་དོན་པོ་རེད། ཟེར་སྒྲོས་ཙམ་གྱི་རྗེས་སུ་གཡམ་རྒྱུག་མི་བྱེད་པའི་རེ་བ་ཤིན་ཏུ་ཆེའོ།།
མཆན་བཞི་པས། “རིགས་ཞེན་ཅན་རྒན་རབས་མང་པོ་ཞིག་”ལ་མིང་ཤས་ངན་པ་བཟོས་རབས་ཟེར། རིགས་ཞེན་ཅན་དེ་ཚོ་སུ་དང་སུ་རེད། འཇམ་དབྱངས་ནོར་བུ་ལ་ཆ་བཞག་ན་ད་བར་ཨ་རིའི་ལུང་ཁུག་ཅིག་ཏུ་འཛུལ་ནས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མ་ཉེས་ཁག་གཡོག་ག་ཚོད་བྱས་སོང་། འཇམ་ནོར་གྱིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པའི་རྩོམ་ཡིག་དང་གཏམ་འཆལ་དེ་ཚོ་རྒྱ་དམར་གཞུང་གིས་བེད་སྤྱོད་ག་ཚོད་གཏོང་གི་འདུག འདི་ལ་ངེས་པར་དུ་བསམ་དགོས་པ་རེད། ཁྱོད་ཀྱིས་ངོས་འཛིན་ཐོབ་པའི་རྒྱལ་གཅེས་པ་དེ་དག་གིས་”མི་ལོ་ག་ཚོད་རིང་སྐུ་ལས་སྐྱོན་ཡོད་” པ་དེ་བོད་མིའི་རྩ་དོན་གྱི་ཆེད་དུ་རེད་དམ། རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་རེད། འདི་ཡང་བསམ་དགོས་པའི་གནད་དོན་ཞིག་རེད། “ས་རིས་ཐང་གསལ་”ལྟར་བོད་ཀྱི་རྩ་དོན་ལ་ཕན་པའི་རླབས་པོ་ཆེའི་ལས་ཅི་ཞིག་བྱས་ཡོད་པ་རེད། རྒྱབ་དང་ལྐོག་ནས་བོད་མི་ནང་ཁུལ་དང་རང་གི་སྒྲིག་འཛུགས། རང་གི་འགོ་ཁྲིད་ལ་ནམ་ནམ་ཞར་ཞར་གཏམ་འཆལ་སྣ་ཚོགས་ཀྱིས་སྐྱོན་འཛུགས་བྱེད་པ་དེ་རེད་དམ། ཐོག་བརྩེགས་ཅན་གྱི་ཁང་པའི་སྦྱིན་བདག་ཏུ་གྱུར་པ་དེ་རེད། ཉེ་ཆར་གནང་བའི་བཀའ་སློབ་དེར་”གཞོན་ནུ་ཚོགས་པ་”དང་”གཞོན་ནུའི་ཚོགས་གཙོ་”ཞེས་བཀའ་སློབ་རྣ་བའི་གོ་རྒྱུ་ཡོད་པ་དང་། འོད་སྡེར་མིག་གིས་མཐོང་རྒྱུ་ཡོད་པ་དེ་ཕར་བཞག་ནས་”གང་ཟག་སྒེར་དང་ཚོགས་པ་བྱེ་བྲག་པ་ལ་དངོས་སུ་སྐྱོན་བརྗོད་མིན་པ་གསལ་པོ་རེད”ཟེར། ༧གོང་ས་མཆོག་གིས་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་ལ་སྐྱོན་བརྗོད་གནང་མི་འདུག་ཀྱང་། དེ་དག་གིས་༧གོང་ས་མཆོག་ཐུགས་ཕམ་དུ་བཅུག་པའི་བརྒྱུད་རིམ་གསུངས་པ་རེད། ཁྱོད་ཀྱིས་བལྟས་ན་ཅི་འདྲ་རེད། “མི་ལོ་དྲུག་ཅུའི་རིང་”ལ་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་”གཡས་སྐྱོར་གཡོན་སྐྱོར་བྱས་”ཏེ་བཀའ་དྲིན་གྱིས་སྐྱོང་མཁན་དེ་ཐུགས་ཕམ་བྱུང་ན་ཚབས་ཆེ་བ་འདུག་གམ། ཁ་སྟོང་ནང་ནས་ཚིག་སྟོང་བཤད་པའི་”སློབ་སྦྱོང་དང་ལྷག་བསམ་ཅན་”དུ་རློམ་པའི་སྐབས་འཚོལ་བ་”རེ་ཟུང་ཡོད་པ་ཚོ་”བློ་ཕམ་བྱུང་ན་ཚབས་ཆེ་བ་འདུག ཡ་རབས་དང་བཟང་སྤྱོད་ཀྱི་ཐོག་ནས་བསམ་བློ་གཏོང་དགོས།
ཁ་བརྡ་ཚང་ཐུགས་རྗེ་ཆེ་སླར་ཡང་རང་དབང་ཅན་གྱི་གནས་ཚང་ཁྱེད་ལས་ལྷག་མེད་པ་ངེས་རྙེད་བྱུང། དངོས་གནས་མང་གཙོའི་གསར་ལམ་རང་རེད། མཐོ་གསེར་ཁྲིར་འགྱིངས་བའི་བླ་ཆེན་དཔོན་ཆེན་དང་། དམའ་གྱང་རའི་འཁྲིས་ཀྱི་སྤྲང་འཁྱམས་ཤིག་ཛར་གཉིས་དཔལ་ཡོན་གྱི་གནས་སྟངས་མི་འདྲ་ཡང་། ཁྲིམས་ཀྱི་མདུན་དུ་འདྲ་མཉམ་སྨྲ་བརྗོད་རང་དབང་གིས་བསམ་ཕོད་པ་དང་བཤད་ཕོད་པ་ནི་མང་གཙོ་མཚན་ཉིད་ལྡན་པ་རེད།
འཇམ་དབྱངས་ལགས་ཀྱི་གསུང་པ་ལྟར་༧གོང་ས་༧མཆོག་རང་རེ་བོད་མི་རིགས་ལ་བཀའ་དྲིན་དང་ཕྱག་རྗེས་ཧ་ཅང་ཆེན་པོ་ཡིན་པ་སྨྲོས་མེད་ཚང་མས་མཁྱེན་གསལ་རེད། འོན་ཀྱང་བོད་རིགས་ནང་ཕན་ཚུན་ལ་འགལ་ཟླ་ཡོངས་གཞི་ཅན་གྱི་བཀའ་སློབ་རིགས་མཆིས་ཚེ་དེ་ལ་བསམ་ཚུལ་བཤད་རྒྱུ་ལུགས་ཟུང་གང་སྤྱིར་འོས་པ་རེད། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བསླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་པ་ནི་མང་གཙོའི་ཤིང་རྟ་ཆེན་པོ་རྒྱལ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བཀའོ། །
སྐྱར་དུ་ཞུ་རྒྱུ་ལ་འཇམ་ནོར་སོགས་ལ་ཟུར་དུ་སྐུ་ཉིད་ཀྱི་ཁང་པ་ཡོད་རབ་སོགས་གསུང་འདུག་དེ་ནི་ཁོ་རང་ཚོས་འཇོན་པ་ལས་བོད་སྤྱི་བའི་རྒྱུ་ནོར་ཡིན་ཚོད་མ་རེད། དེས་ན་ཕྲག་དོག་ལས་དོན་གཞན་འགྲེལ་རྒྱུ་དཀའ། མཁས་དབང་འཇམ་དབྱངས་ནོར་བུ་དང་། རྒན་ལྷ་སངས། བསྟན་འཛིན་བརྩོན་འགྲུས། ཚེ་དབང་རིག་འཛིན། དོན་གྲུབ་ལྷ་དར་སོགས་གཞོན་ལྷན་ཚོགས་མི་སྔ་ཕྱི་བར་གསུམ་ཚང་མས་བོད་མི་རིགས་ཀྱི་དོན་དུ་སྐུ་ལས་སྐྱོན་དང་སྐྱོན་བཞིན་པ་རེད། དེང་སྐབས་ལྡི་ལིརུ་གཟིགས་དང་ཁོང་རྣམས་ཟས་བཅད་ངོ་བརྒོལ་གནང་རྒྱུ་དེ་སུའི་དོན་རེད། ད་དུང་གཅིག་འགྲིག་མ་སོང་གཉིས་འགྲིག་མ་སོང་ཟེར་བཤད་སྡད་ན་གང་ཟག་རེ་ཟུང་གི་བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱི་རྩ་དོན་དངོས་སུ་སྒྲུབ་མཁན་ཚོ་ལ་ཕན་ས་རེད་དམ་གནོད་ས་རེད་དེ་དགོངས་པ་བཞེས་དགོས་པར་མཐོང་། མདོར་ནི་བཤད་ན་གཞོན་ནུའི་ཚོགས་པས་ག་དུས་ག་བར་ཡིན་ཀྱང་ལས་འགུལ་སྤེལ་རྒྱུ་དང་། སྤྱི་ཚོགས་ཞབས་ཞུ་གཙོ་བོ་བྱེད་མཁན་ཁོ་ཚོ་རེད་ཁོ་ཚོའི་ཚོགས་གཙོ་དང་ཚོགས་པ་ཚོགས་མི་སོགས་ལ་དགོས་མེད་སྐྱོན་བརྗོད་དང་སྨ་འབེབས་བྱེད་པ་ནི་བོད་མི་རིགས་ལ་ཁེ་ལས་གྱོང་ཆེ་བ་ཡོང་རྒྱུ་ཡིན་པ་ཤེས་དགོས།
མངའ་རིས་ཕྲིན་ལས་ལགས། ཁྱེད་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པར་བཤད་པ་ལ་ང་ཡང་མོས་མཐུན་ཡོད། དེ་ལོས་ཡིན། དེ་ལོས་དགོས། ཡིན་ན་ཡང་ཁྱེད་ཀྱིས་ལྟར་ན་ཉེ་ཆར་གསུངས་པའི་༧གོང་ས་མཆོག་གི་བཀའ་སློབ་དེ་”བོད་རིགས་ནང་ཕན་ཚུན་ལ་འགལ་ཟླ་ཡོངས་གཞི་ཅན་གྱི་བཀའ་སློབ་རིགས་”ཤིག་ཏུ་རྩིས་འདུག སྐུ་ཉིད་གུ་ཡངས་ཀྱི་དཔྱོད་ཤེས་ལ་མོས་མཐུན་དང་དགའ་ཞེན་ཡོད་པའི་ཆ་ནས། དྲང་བདེན་དང་དངོས་ཡོད་ལ་གཞི་བཅོལ་མཁན་ཞིག་ཡིན་པའི་ཆ་ནས་ལྟོས་དང་། བཀའ་སློབ་འདི་ནི་༧གོང་ས་མཆོག་ཆེས་འུ་ཐུག་ནས་གསུང་སྐད་ཤོར་བ་ཞིག་ལས། ༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་ལ་དགོངས་པ་ཡེ་ནས་མ་བཞེས་པར་ཚོད་ཚོད་དུ་གསུངས་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་མེད། སྤྱིར་བཏང་སྐུ་ཉིད་ཀྱིས་ཆེས་མཐོ་ས་ན་བཀུར་བའི་མི་འདི་དག་གིས་ཁ་ཞེ་མཚུངས་པའི་ལས་ཀ་ཇི་ལྟར་བྱེད་ཀྱི་འདུག་བརྟག་པ་རེ་བགྱིད་དང་། ངའི་ངོས་ནས་ཁོང་ཚོ་ལྟ་བུ་ནི་རྦད་དེ་ཁ་ཞེ་མི་མཚུངས་པའི་ཆབ་སྲིད་མི་སྣ་ཙམ་པོ་བ་ཞིག་ཏུ་བཞག་ཡོད། བོང་གུ་འདོད་ཆགས་ལངས་ན་བོང་མཇེ་གློ་བུར་དུ་བརྐྱངས་ཡོང་བ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་གློ་བུར་བ་འདི་དག་གིས་འུ་ཅག་གི་རྩ་དོན་ལ་ཕན་དང་གནོད་ཅི་ཞིག་འདུག་བལྟ་དགོས། མདོར་ན། ཁྱོད་ཀྱིས་ལས་འགུལ་སྤེལ་ཆོག་ལ། ངས་ཀྱང་ལས་འགུལ་སྤེལ་ཆོག ཡིན་ན་ཡང་། བོད་གཞིས་བྱེས་གཉིས་དང་། བོད་མི་ས་ཡ་དྲུག་གི་སེམས་ཀྱི་སྦྲེལ་ཐག་ཉག་གཅིག་སྟེ། ༧གོང་ས་མཆོག་གིས་མ་འགྲིག་མ་འཐུས་པར་སྨྲ་བའི་འཆལ་གཏམ་གྱི་རིགས་ཀྱང་བཤད་པའི་སྐབས་མིན་པ་ཤེས་དགོས།
སྐད་ཆ་བདེ་བོ་བཤད་མཁན་ཚོ་ཐོག་མར་ལྡི་ལིའི་ཉི་མ་ཚོ་བོའི་ནང་དུ་ཕེབས་ནས་ཉིན་ཁ་ཤས་ལ་ཟས་བཅད་རེ་བྱེད་རོགས། དེ་ནས་ཤེས་རྒྱུ་ཞིག་ཡོད་ནི་རེད། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ལ་བལྟ་ན་མེ་ལོང་དགོས།། ཟེར་ནོ་ངོ་མ་རེད།
ང་ལ་བྱུང་ན་། རང་བཙན་དགོས་ཀྱང་། འཇམ་དབྱངས་ནོར་བུ་དང་། ལྷ་སངས་ཚེ་རིང་། ཚེ་དབང་རིག་འཛིན་ཁོང་གསུམ་གྱིས་འགོ་འཁྲིད་པའི་བོད་རང་བཙན་དེ་ང་ལ་མི་དགོས་ལབ་ན། མི་མཆོག་པ་མིའདུག་ལགས།
རེད་འཇམ་དབྱངས་ལགས་ཀྱི་དགོངས་ཚུལ་ལ་མོས་མཐུན་ཞུ་རྒྱུ་ཡིན། ༧གོང་ས་མཆོག་གི་མ་འགྲིག་མ་འཐུས་ཟེར་མཁན་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་ཚོགས་མི་སོགས་ནས་ཆབ་སྲིད་ལང་ཕྱོགས་ཁ་ཁ་ཡིན་པ་ནང་བཞིན། མི་མང་འདུ་འཛོམ་དང་ཚོགས་འདུ་སོགས་ཀྱི་སྐབས་གཏམ་བཤད་བྱེད་སྟངས་ཀྱང་ལང་ཕྱོགས་དང་མཐུན་པ་བཤད་བཞིན་པ་རེད་ལ་བཤད་དགོས་པའང་རེད། དེ་མིན་༧གོང་ས་མཆོག་གི་མཚན་དངོས་སུ་སྨྲོས་ནས་མ་འགྲིག་མ་འཐུས་བཤད་པ་ནམ་ཡང་མེད། དེ་ལྟར་བཤད་ན་སྐུ་ཉིད་ཀྱི་གསུང་པ་ལྟར་བཤད་པའི་སྐབས་ཀྱང་མིན་ལ་བཤད་དགོས་པའང་དོན་གྱིས་མ་མཆིས། དེས་༧གོང་ས་མཆོག་ནས་ཀྱང་དངོས་སུ་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་སོགས་གསུང་པ་ལའང་གཅིག་ཏུ་འཐད་པ་དང་དགོས་པ་ཞིག་མ་མཐོང་བའི་ཁར། རྒྱ་ཕྱོགས་ནས་ལབ་པ་ནང་བཞིན་ད་དུང་ཆབ་སྲིད་ཀྱི་དབང་ཆ་ངོ་མ་དེ་སུ་ལ་ཡོད་ཕྱི་རུ་མངོན་མི་འདུག་གམ།
མངའ་རིས་ཕྲིན་ལས་ཀྱིས་བཤད་པ་ལྟར། གཞོན་ནུ་ཚོགས་པ་དང་ཚོགས་མི་སུས་ཀྱང་མི་མང་འདུ་འཛོམས་སར་༧གོང་མཆོག་གི་མཚན་དངོས་སུ་སྨྲས་ཏེ་གཏམ་བཤད་བྱས་ཡོད་པ་མ་རེད་ལ། (ཆང་ཁ་དང་ཇ་ཁ་ན་བཤད་མཁན་ཧ་ཅང་མང་།) དེང་སང་གི་གཞོན་ནུ་ཚོགས་པས་དེ་ལྟར་བཤད་ཀྱི་ཡང་མ་རེད། དེ་སུས་ཀྱང་ལོས་ཤེས། གནའ་ནས་ད་བར་གཞོན་ནུ་ཚོགས་པའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་༧གོང་ས་མཆོག་དང་རྒྱབ་འགལ་དུ་གྱུར་ཡོད་པ་ང་ཚོར་གསལ་གསལ་ཐིང་ཐིང་ཡིན་པ་བཤད་ཅི་ལ་དགོས་ཀྱང་། གཞོན་ནུ་ཚོགས་པའི་ལས་འགུལ་ཙམ་པོ་བ་དེ་ལ་བརྟེན་ནས་དགྲའི་ངོས་ནས་བོད་མི་རིགས་ཀྱིས་”རང་བཙན་” དང་ “ཁ་བྲལ་གྱི་ལས་འགུལ་”སྤེལ་གྱི་འདུག་ཅེས་སྐད་ལོག་རྒྱག་གི་ཡོད། འདིས་ཅི་ཞིག་གསལ་ཡོད་དམ་ཞེ་ན། གཞོན་ནུ་ཚོགས་པའི་ལས་འགུལ་དེ་དག་ནི། བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གིས་དགྲའི་མཉམ་དུ་”མེས་འཚིག་མེར་གཏུགས་”ཀྱི་དཔེ་བཞིན་སྐུ་ལས་བརྒྱ་ཕྲག་བརྒྱབས་པའི་འབད་འབྲས་དེ་”རྐང་རྗེས་ལག་བསུབ་”གཏོང་ཐུབ་ཙམ་ཞིག་ཆགས་ཡོད་པ་དེ་ཡིན། སྤྱིར་བཏང་༧གོང་ས་མཆོག་གི་ངོས་ནས་ཀྱང་”བོད་རང་བཙན་མི་དགོས་”དང་། “བོད་རང་བཙན་མ་རེད་”ཅེས་ནམ་ཡང་གསུངས་མྱོང་མེད་ལ་གསུངས་ཀྱང་མི་སྲིད་པ་རེད། ཡིན་ན་ཡང་དེང་སྐབས་གཤིན་རྗེ་འགག་འཕྲང་ན་འཆི་ལམ་འགྲིམས་ལ་ཉེ་བའི་བོད་ཀྱི་ཤེས་རིག་དང་། མི་མང་། ཁོར་ཡུག གོམས་གཤིས། སྲོལ་རྒྱུན་སོགས་གང་མགྱོགས་མྱུར་སྐྱོབ་བྱེད་ཐུབ་ན་སྙམ་པའི་ཐུགས་རེ་བཅངས་ཏེ་དགྲ་གཉེན་གཉིས་ཀར་བལྟ་ས་ཡོད་པའི་དབུ་མའི་ལམ་ཞིག་མཛུབ་སྟོན་གནང་བ་རེད་ལ། འབྱུང་འགྱུར་གནས་ཚང་གིས་དཀའ་ངལ་མི་བཟོ་ཆེད་”བོད་མིའི་སྒྲིག་འཛུགས་”ཞེས་མིང་བསྒྱུར་བ་རེད། སོམས་དང་། དོན་ངོ་མར་ད་ལྟའི་གནས་སྟངས་འདིའི་འོག་ནས་”བོད་གཞུང་”ཞེས་པའི་མིང་དེ་ཡོད་མེད་ལ་ཁྱད་པར་ཅི་ཞིག་འདུག གཞན་གཞུང་སྒེར་གྱི་ཚོགས་པ་ལྟ་ཅི། མི་ཚང་གཅིག་ལ་མཚོན་ན་ཡང་ཡུན་རིང་དྲིན་གྱིས་བསྐྱངས་ཀྱང་བཀའ་དྲིན་ལ་དྲིན་དུ་མི་ཚོར་བར་ངོ་ལོག་རྒྱག་པའི་བུ་ཕྲུག་དེ་དང་དེ་ལ་ཕ་མའི་ངོས་ནས་ཀྱང་ལྟ་སྟངས་ཡོང་ངེས་ཡིན་པ་ནི་མཐོང་ཆོས་རེད། སྐུ་ཉིད་ཀྱིས་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་དེ་༧གོང་ས་མཆོག་ལས་ལྷག་པའི་བསམ་བློ་བ་དང་། སྔ་ཕྱི་བར་གསུམ་མཐོང་བའི་དཔྱོད་ཤེས་པ་ཞིག་ཏུ་མཐོང་ཞིང་དེ་ལྟར་བརྩི་ཡི་ཡོད་ཚེ་དེ་ནི་རྦད་དེ་ཚོར་སྣང་ཙམ་གཙིགས་ཏུ་བཟུང་བ་ལས། དངོས་ཡོད་གནས་ཚུལ་ལ་བབས་མེད་པའི་མངོན་རྟགས་གསལ་བོ་ཞིག་ཡིན་ལ་ཐུགས་ལ་ཆོངས།
རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གི་རྗེ་འབངས་ལ།། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།།
གཞོན་ནུ་ཚོགས་པའི་ལས་འགུལ་དེ་དག་ནི། བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གིས་དགྲའི་མཉམ་དུ་”མེས་འཚིག་མེར་གཏུགས་”ཀྱི་དཔེ་བཞིན་སྐུ་ལས་བརྒྱ་ཕྲག་བརྒྱབས་པའི་འབད་འབྲས་དེ་”རྐང་རྗེས་ལག་བསུབ་”གཏོང་ཐུབ་ཙམ་ཞིག་ཆགས་ཡོད་པ་དེ་ཡིན། སྤྱིར་བཏང་༧གོང་ས་མཆོག་གི་ངོས་ནས་ཀྱང་”བོད་རང་བཙན་མི་དགོས་”དང་། “བོད་རང་བཙན་མ་རེད་”ཅེས་ནམ་ཡང་གསུངས་མྱོང་མེད་ལ་གསུངས་ཀྱང་མི་སྲིད་པ་རེད། ཡིན་ན་ཡང་དེང་སྐབས་གཤིན་རྗེ་འགག་འཕྲང་ན་འཆི་ལམ་འགྲིམས་ལ་ཉེ་བའི་བོད་ཀྱི་ཤེས་རིག་དང་། མི་མང་། ཁོར་ཡུག གོམས་གཤིས། སྲོལ་རྒྱུན་སོགས་གང་མགྱོགས་མྱུར་སྐྱོབ་བྱེད་ཐུབ་ན་སྙམ་པའི་ཐུགས་རེ་བཅངས་ཏེ། དགྲ་གཉེན་གཉིས་ཀར་བལྟ་ས་ཡོད་པའི་དབུ་མའི་ལམ་ཞིག་མཛུབ་སྟོན་གནང་བ་རེད་ལ། འབྱུང་འགྱུར་གནས་ཚང་གིས་དཀའ་ངལ་མི་བཟོ་ཆེད་”བོད་མིའི་སྒྲིག་འཛུགས་”ཞེས་མིང་བསྒྱུར་བ་རེད། ་་་་ཟེར་བ་འདི་ཤིནད་ཏུ་ནས་བདེན་པ་འདུག་པས་འབྲི་རྩོམ་འདི་ཡི་རིགས་བོད་དང་བོད་མིར་ཕན་ཐོགས་ཆེ་ལགས། ཐུགས་རྗེ་ཞེས་ཀྱང་ཞུའོ། །
འཇམ་དབྱངས་ལགས་ཀྱི་མཆན་བུ་༡༥པ་འདི་ལ། ངས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་དོ། གཞོན་ཚོགས་སོགས་ལ་ཁ་ཕོག་སྣ་ཕག་སོང་ན་ཡང་། འདི་ནི་སྤྱི་དོན་ཡིན་པས། དགོངས་དག་ཞུ་རྒྱུ་ལས་མ་འདས་སོ། ཧ་ཧ།
ཀ་རྡོ་ལགས་ངས་ད་བར་ཁྱེད་དྲངས་བདེན་དང་རྣམ་དཔྱོད་ལྷག་བསམ་ཅན་ཞིག་ཡོད་ཚོད་བྱས་པ་ནོར་འདུག་དགོངས་དག ཁྱེད་ཀྱིས་འཇམ་དབྱངས་ནོར་བུ། ལྷ་སངས། ཚེ་ནོར་གསུམ་གྱི་བོད་རང་བཙན་བླངས་ན་ཁྱེད་རང་བཙན་མི་དགོས་ཟེར། གཞོན་ནུ་ཚོགས་པར་ཁ་ཕོག་སྣ་ཕོག་སོང་ཡང་སྤྱི་བའི་དོན་ཡིན་ཟེར། དྲང་པོ་བཤད་ན་ཁྱོད་ཀྱི་ཕ་ཡུལ་དང་ཕ་ནོར་ཚང་མ་གཞོན་ནུ་ཚོོགས་པས་འཕྲོགས་ཡིན་པ་འདྲ་རེད་པས། དེ་ཡིན་ན་ཁག་མེད་འོན་ཀྱང་དེ་ནི་སྤྱི་དོན་མ་རེད་སྒེར་དོན་རེད། བོད་སྤྱི་བའི་དོན་དུ་དེང་སྐབས་གཞོན་ནུས་དབུ་བྱས་ཏེ་ལྡི་ལི་ཚ་བའི་ནང་དུ་རྩ་དོན་རྩོད་བཞིན་པ་རེད། རང་རེ་གཉིས་ཉལ་སའི་སྦུག་ནས་གཞོན་ནུ་ལ་ཁ་བརྡུང་བྱེད་ཕོད་པ་འདུག་གམ།
འཇམ་དབྱངས་ལགས་ཀྱི་གསུང་པ་རྣམས་ལ་གོ་རྒྱུ་དང་བྲོ་བ་འདུག་འོན་ཀྱང་གཞོན་ནུའི་ལས་འགུལ་ཚང་མ་རྐང་རྗེས་ལག་བསུབ་རེད་གསུང་པ་དེ་ངོས་ལེན་ཞུ་ཐབས་བྲལ། གང་ལགས་ཞུ་ན་༧གོང་ས་མཆོག་ནས་ཐབས་མཁས་པོས་དབུ་མའི་ལམ་གནང་ཡང་རྒྱ་ནག་ལ་དགོས་པ་དེ་མ་རེད། རྒྱ་ནག་རྒྱལ་སྤྱིའི་སྟེང་ངོ་ཚ་བོ་དང་གདོང་དམར་པོ་བཟོ་མཁན་གཞོན་ནུ་རེད། ཁོ་ཚོའི་ག་དུས་ཡིན་ཀྱང་གཞོན་ནུ་ཚོགས་པ་ཟེར་དུས་རྒྱ་ནག་བསྔངས་སྐྲག་དང་སྐད་བཤོང་མྱོང་ཡོད། མདོར་ན་སོ་སོའི་ལང་ཕྱོགས་སོ་སོ་རེད་ལས་འགུལ་དང་གཏམ་བཤད་གང་བྱས་ཀྱང་དེ་དང་མཐུན་པ་བྱས། ཆབ་སྲིད་ཚོགས་པ་དང་མི་སྒེར་སུས་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་ཀྱང་དེ་ལ་ལྟ་གྲུབ་མཐུམ་མིན་གང་ཟག་སྒེར་ལ་སྣང་བ་འགྲོ་མིན་རྒྱུ་མཚན་དུ་བྱས་ནས་སྐྱོན་བརྗོད་བྱེད་རེས་བྱས་ན་དེ་དངོས་གནས་རྐང་རྗེས་ལག་བསུབ་རེད། རྒྱ་མི་ལ་དགོས་རྒྱུའང་དེ་རེད་དེས་ན་མཐོ་དམན་ཚང་མའི་གཞོན་ནུ་ལ་ཁ་བརྡུང་བྱེད་པ་ནི་ཤིན་ཏུ་བློ་ཕམ་དང་ཀླད་མེད་བྱབ་ཆུང་ལས་མ་འདས་སོ། །
མངའ་རིས་ཕྲིན་ལས་ལགས། དྲང་བདེན་ལ་དགའ་བ་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་ནི་མིའུ་རྣམ་དཔྱོད་ཅན་གྱི་གཤིས་སྤྱོད་རེད། ཀརྡོ་ལགས་ཀྱིས་ངའི་སྐད་ཆར་རྒྱབ་སྐྱོར་བྱས་པ་ཡང་དེའི་དན་རྟགས་ལས་མ་འདས། རྒྱ་དམར་གོང་ཁྲན་ཏང་སྐྲག་དགོས་ས་གཅིག་པུ་ནི་ཏཱ་ལའི་བླ་མ་ཉག་གཅིག་ཡིན་པ་ནི། དེ་སྔ་མའོ་ཀྲུའུ་ཞིས་”ཏཱ་ལའི་བླ་མ་འཛིན་བཟུང་བྱེད་མ་ཐུབ་པ་དེ་ག་རང་གིས་ང་ཚོ་ཕམ་པ་ཡིན་”ཞེས་སྐད་ངན་ཤོར་བས་གསལ་བོར་ཤེས་ཐུབ། འདིས་རྒྱུ་མཚན་ཅི་ཞིག་བསྟན་པ་རེད་ངོས་འཛིན་གསལ་བོ་ཐུབ་དགོས་པ་རེད། སྐད་ཆ་ཐད་ཀར་བཤད་ན་ཀརྡོས་”ཁ་ཕོག་སྣ་ཕོག་”བྱུང་ན་ཡང་”སྤྱི་དོན་ཡིན་”ཞེས་གསལ་པོར་བཤད་འདུག་པ་ལྟར། དེ་དེ་བཞིན་ནོ་ཞེས་ཟེར་རྒྱུ་ཡིན། ང་ཚོའི་སེམས་ངོགས་ན་ཡང་རང་ཕ་གསོད་པའི་དམེ་པོ་སུ་ཡིན་མིན་ཁྲིག་སེ་ཡོད་མོད་ཀྱང་། མིག་གིས་མཐོང་བཞིན་དུ། རྣ་བས་ཐོས་བཞིན་དུ། རྟོག་བློས་ཤེས་བཞིན་དུ་རང་གི་ཆོས་རིག་དང་། སྐད་ཡིག མི་རིགས་སོགས་རྨེག་མེད་དུ་འགྲོ་བཞིན་པ་དང་། དེ་ལྟར་འགྲོ་རུ་བཅུག་རྒྱུ་བློས་མ་བཟོད་ནས། དེ་དག་མྱུར་སྐྱོབ་ཆེད་དུ་ལམ་དབུ་མ་པ་ཞིག་བདམས་པ་རེད། གལ་སྲིད་རང་རང་གི་ལྟ་བ་འབའ་ཞིག་ཨ་འཐས་སུ་བཟུང་སྟེ་བསྡད་ན་བསུབ་ཏུ་མེད་པའི་མཇུག་འབྲས་ཀྱི་གྱོང་གུན་ཆེན་པོ་དེ་སུ་ལ་རེག་པ་འདུག་མནོ་བསམ་གཏོང་དགོས། ཤེས་བཞིན་དུ་རང་གི་ཆོས་དང་རིག་གཞུང་། མི་རིགས། ཁོར་ཡུག གོམས་གཤིས་སོགས་ཉམས་རྒུད་དུ་གཏོང་ཕོད་པ་དེ་གཞོན་ནུ་ཚོགས་པའི་བློ་ཁོག་རེད། ཟས་བཅད་ངོ་རྒོལ་བྱས་པར་དེ་ཙམ་ངོ་མཚར་རྒྱུ་ཅི་ཡང་མེད། ཁོང་ཚོའི་སེམས་ན་ལས་འགུལ་དེས་རང་གི་ཚེ་སྲོག་ལ་བར་ཆད་མི་ཡོང་བ་དང་། བར་ཆད་ཡོང་དུ་མི་འཇུག་པའི་གདེང་ཚོད་བརྟན་པོ་ཡོད་པས་ཐུགས་འཁྲལ་གནང་བ་དོན་མེད་རེད། གསལ་འདེབས་ཞུ་རྒྱུ་ཞིག་ལ། བོད་མི་སུས་ཀྱང་འཇམ་དབྱངས་ནོར་བུ་དང་། ལྷ་བཟང་ཚེ་རིང་། ཚེ་དབང་ནོར་བུ་གཙོས་བོད་ཀྱི་གཞོན་ནུ་ཚོགས་པས་བོད་རང་བཙན་ལེན་ཐུབ་པའི་རེ་བ་སྤུ་རྩེ་ཙམ་ཡང་བརྒྱབ་མེད་མོད། ཁྱོད་ཀྱིས་དེ་ལྟར་བསམ་ཡོད་ཚེ་བོད་མི་ཡིན་ནོ་ཅོག་གིས་མངའ་རིས་ཕྲིན་ལས་ནི་ཅི་འདྲའི་མིའུ་བླུན་པོ་ཞིག་འདུག་ཨང་ཅེས་འཕྱའ་ཞིང་ཁྲེལ་རྒོད་པ་ཙམ་དུ་མ་ཟད། ཉིད་ཀྱིས་ཀྱང་རང་གི་དེ་ཉིད་རྗེན་པར་བསྟན་པ་ཙམ་ལས་མ་འདས་པས་རྣམ་དཔྱོད་བདེན་པའི་ཕྱོགས་སུ་ཁ་བསྒྱུར་ན་ལེགས་སོ།།
བྱས་ན་འཇམ་དབྱངས་དང་ཀ་རྡོ་ཟེར་བ་གཉིས་ངོ་བོ་གཅིག་ཆོག་གོ་ལན་དུ་འདི་ཡོད། ༧གོང་ས་མཆོག་གི་མཚན་བེད་སྤྱོད་བྱ་རྒྱུ་ནི་ལུགས་གཉིས་གང་ནས་མི་འོས་པས་ཞུ་རྒྱུ་འདུག་ཀྱང་འདོད་པ་མེད། ༡ མི་ལོ་ལྔ་བཅུའི་རིང་ལ་དབུ་མའི་གྲུབ་འབྲས་ལ་དཔྱད་དགོས། ༢ མིང་དངོས་སུ་སྨྲོས་པའི་གཞོན་ནུའི་ཚོགས་མི་སྔ་ཕྱི་བར་གསུམ་གྱི་ལས་འགུལ་གང་ཞིག་སྤེལ་ཀྱང་མཉམ་ཞུགས་དང་མགོ་ཁྲིད་བྱས་ཡོད། ༣ བོད་མི་རྒས་གཞོན་བར་གསུམ་ཚང་མས་ལམ་དབུ་མ་བླ་མས་བཀའ་རེད་བསམ་ནས་དད་པས་འཇུག་པ་ལས་གྲུབ་འགྲས་མེད་པ་ཚང་མས་ཧ་གོ་བཞིན་པ་རེད། ༤ གཞིས་བཞུགས་དཔའ་བོ་ཕོ་མོ་ལྔ་བཅུ་ལ་ཉེ་བ་ཞིག་གཅེས་པའི་ལུས་སྲོག་ཐད་དུ་བོར་ནས་བོད་མི་རིགས་ཆེད་མེ་མཆོད་སྒྲོན་མཁན་ཚོས་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་དུ་ཕེབས་དགོས་ཟེར་བ་ནི་དང་པོས་བོད་རང་བཙན་གཙང་མ་འདོད་པ་བཞིན་རྒྱ་འོག་ལ་སྡད་རྒྱུ་ཁས་ལེན་ནམ་ཡང་བྱས་མེད། གཉིས་པས་དད་མདུན་དང་ལ་རྒྱར་བསམ་ནས་བོད་མི་རིགས་རང་བཙན་གྱི་མཚོན་རྟག་དེ་ཉིད་རྒྱལ་དབང་མཆོག་ཡིན་ཙང་དེ་ལྟར་གདུང་འབོད་བྱེད་ཀྱིན་ཡོད། དེར་བརྟེན་གཞོན་ནུའི་ནུས་པ་ཐོན་མིན་ལ་མ་ལྟོས་པར་སྐབས་དང་དུས་ལ་བསྟུན་ནས་གཞིས་བྱེས་གཉིས་ཀས་མངོན་འདོད་དང་མཐུན་པར་བོད་རང་བཙན་ཡིན་པ་ལ་ཡིན་པ་རྩོད་ནས་ལས་འགུལ་སྣ་མང་སྤེལ་བཞིན་པ་རེད། ནམ་ཞིག་རང་བཙན་ཇི་བཞིན་མ་ཐོབ་ཀྱང་རང་སྐྱོང་ལ་སྒྲིག་རྒྱུ་ཡོད། དཔེར་ན་དངོས་པོ་ཞིིག་ལ་རིན་གོང་གཏམ་རྒྱུ་ཡོད་པ་ནང་བཞིན་རེད་བརྒྱ་རྩོད་ནས་ལྔ་བཅུ་ལེན་ཐབས་བྱེད་དགོས། དེ་ནས་༧གོང་ས་མཆོག་བོད་དུ་གདན་ཞུ་ཐུབ་རྒྱུ་རེ་བ་ཡོད། དབུ་མས་དང་པོ་ནས་མཉམ་དུ་བེད་སྤྱོད་བྱེད་དགོས། དེ་མ་ཉན་ན་རིན་མེད་སྤྲད་རྒྱུ་རེད། ཐ་མ་ལོག་བཅུག་རོགས་ཟེར་རྒྱུ་ལས་ལྷག་མེད། ད་དུང་དབུ་མ་རྒྱལ་ལོ། བོད་རྒྱ་གཉིས་ཁྲི་ལོ་བརྟན་པར་ཤོག་ཟེར་བ་ནི་ངོ་མ་གཞིས་བཞུགས་རྣམས་སྙིང་རྗེ་ཡ་རེད། དངོས་གནས་ཁོ་ཚོ་དང་གཞོན་ནུས་དཀའ་ལས་རྒྱབ། རྐང་རྗེས་ལག་བསུབ་རང་རེད།
༸གོང་ས་མཆོག་གིས།
་་་་་། དེ་དུས་ང་ཏོག་ཙམ་བློ་ཕམ་བྱུང་། ་་་་་་
ངས་གོ་ཚོད་ཀྱིས་ཡིག་ཐོག་ལ་ཕབ་བསྒྱུར་བྱས་པ།
་་་་་ སྐད་ཆ་དེ་ཡོང་བའི་ཁ་ཐུག་ལ། ང་ཚོ་བོད་རིགས་ནང་ནས། ཞེན་ཁོག་དང་ཤ་ཚ་ད་རེད་དེ། མང་པོ་ཅིག་གིས་བོད་གཞུང་བསྡུ་གསོག་བརྒྱབས་སོང་འགྲིག་བགྱིད་མི་འདུག་ཟེར་ནས་དེ་འདྲའི་སྐད་རྒྱག་མཁན་མང་པོ་བྱུང་སོང་ང་། དེ་དུས་ང་ཏོག་ཙམ་བློ་ཕམ་བྱུང་། ་་་་་་
བཀའ་སློབ་གཉིས་ཀ་འདྲ་བོ་གསུངས་འདུག་ཐུགས་ཁག་ཡོད་མ་རེད། འོན་ཀྱང་དེ་ཚོ་བོད་པ་ནང་ཕན་ཚུན་ལྟ་ཚུལ་ངན་པའི་རིགས་འཕེལ་རྒྱུ་ལས་དོན་ཕན་ལྡན་པ་ཞིག་མ་མཐོང་། རྒྱལ་བའི་བཀའ་ཡིན་ཚད་དྲ་ཐོག་ཏུ་མ་བཀོད་ན་ཡག་པོ་འདུག་ལུགས་གཉིས་གང་ནས་བསམ་ཡང་ཡག་པོ་མིན་འདུག དགོངས་དག་ང་ནི་ཆོས་ཀྱི་ཐད་ནས་དད་འདུན་དང་ལྡན་པ་ཞིག་ཡིན་ཀྱང་། སྲིད་ཀྱི་ཆ་ནས་སྨྲ་བརྗོད་རང་དབང་འདོད་མཁན་ཆོས་དང་ཆབ་སྲིད་ཁ་ཁ་སོ་སོར་འབྱེད་མཁན་ཞིག་ཡིན་པས་བསམ་ཚུལ་ཞུས་པ་ཡིན།
དཔེར་ན་བཀའ་སློབ་དེ་དག་ལ་བརྟེན་ནས་སྔར་ནས་ད་བར་བོད་མི་རིགས་ལས་བསམ་རྒྱུ་དང་བྱེད་རྒྱུ་མེད་པའི་རིགས་ཞེན་ཅན་རྒན་རབས་མང་པོ་ཞིག་ལ་ཅོལ་ཆུང་ཚོས་དངོས་སུ་མིང་སྨྲོས་ནས་སྐྱོན་བརྗོད་ག་ཚད་བྱས་སོང་། དེས་བོད་མི་རིགས་ཀྱི་ཐབ་རྩོད་ལ་ཕན་ས་རེད་དམ་གནོད་ས་རེད། ཁོང་རྣམ་པའང་མི་ལོ་ག་ཚོད་རིང་སྐུ་ལས་སྐྱོན་ཡོད་ས་རིས་ཐང་གསལ་རེད། ལས་འགུལ་སྤེལ་སྐབས་བཤད་སྟངས་ཕྲན་བུ་འགྲིག་མིན་ལ་སྐྱོན་བརྗོད་བྱེད་ཚོད་ཡོད་ན། ༧གོང་ས་༧མཆོག་གི་གཙོ་བོ་ཆིག་དྲིལ་ནུས་པར་དགོངས་ནས་གསུངས་པ་ལས་གང་ཟག་སྒེར་དང་ཚོགས་པ་བྱེ་བྲག་པ་ལ་དངོས་སུ་སྐྱོན་བརྗོད་མིན་པ་གསལ་པོ་རེད། བཀའ་དགོངས་ལ་ལོག་འགྲེལ་མ་བྱས་ན་ཡག་པོ་འདུག་སློབ་སྦྱོང་དང་ལྷག་བསམ་ཅན་རེ་ཟུང་ཡོད་པ་ཚོ་ཡང་རང་བཞིན་གྱིས་སེམས་ཤུགས་ཆག་རྒྱུ་ལས་དོན་འབྲས་རྩ་བ་ནས་མེད་པ་ཤེས་གསལ་རེད། དེས་ན་རང་རིགས་ཤེས་ཡོན་ཅན་རྣམས་རི་བོང་ཅལ་འདྲོགས་མི་གནང་བའི་རེ་བ་དང་འབོད་བསྐུལ་ཞུ་རྒྱུ་ཡིན།
དག་མཆན་ཐོབ་རྒྱུར་ཆུ་ཚོད་བཅུ་ལྷག་འགོར་སོང་གང་རེད། ཁ་བརྡ་ཚང་དམར་ཤོག་གཅིག་སྡུད་དབང་བསྒྱུར་ཟིན་པ་མ་ཡིན་ནམ།
མཆན་གསུམ་པ་འདེབས་མཁན་དེས། “དེ་ཚོ་(བཀའ་སློབ་སྔ་ཕྱི་གཉིས།)བོད་པ་ནང་ཕན་ཚུན་ལྟ་ཚུལ་ངན་པའི་རིགས་འཕེལ་རྒྱུ་ལས་དོན་ཕན་ལྡན་པ་ཞིག་མ་མཐོང་།” ཟེར། འོ་ན་རང་ས་ལག་མཐིལ་ཙམ་མེད་ས་ན་རང་གི་མགོ་བོ་དགྱེ་ཞིང་། བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་བཞིན་པ་འདི་སུའི་བཀའ་དྲིན་རེད། “བྱ་ཕྲུག་མའི་སྦོ་འོག་ནས་དྲོད་”ཅེས་དཔེ་བཀའ་ཟུང་འབྲེལ་སྦྱར་བ་འདི་གཅིག་པུར་ལྟོས་ཏེ། དོན་ལ་གནས་མིན་བརྟག་པ་བགྱིད་དང་། བཀའ་དྲིན་ལ་བཀའ་དྲིན་དུ་ཚོར་ཤེས་ན་ཁོང་གི་བཀའ་དྲིན་ནི་དུས་ནམ་ཡང་འཇལ་ཐུབ་མེད་ངེས་རེད། འོན་ཀྱང་གཤོག་ལྡན་དང་གཤོག་མེད་ཀྱི་སྲོག་ཆགས་རྣམས་དགའ་མགུར་ལོངས་སྤྱོད་པའི་ཁྲི་གདུགས་ཉི་མའི་འོད་སྣང་དེ། ཐན་བྱ་འུག་པར་ཐན་དུ་གྱུར་ནས་ཅི་ཡང་མི་བཟོད་པ་འདི་སུའི་སྐྱོན་རེད། བློ་གཟུ་བོར་གནས་ཏེ་ཅིས་ཀྱང་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཤེས་དགོས་པ་གལ་གྱི་དོན་པོ་རེད། ཟེར་སྒྲོས་ཙམ་གྱི་རྗེས་སུ་གཡམ་རྒྱུག་མི་བྱེད་པའི་རེ་བ་ཤིན་ཏུ་ཆེའོ།།
མཆན་བཞི་པས། “རིགས་ཞེན་ཅན་རྒན་རབས་མང་པོ་ཞིག་”ལ་མིང་ཤས་ངན་པ་བཟོས་རབས་ཟེར། རིགས་ཞེན་ཅན་དེ་ཚོ་སུ་དང་སུ་རེད། འཇམ་དབྱངས་ནོར་བུ་ལ་ཆ་བཞག་ན་ད་བར་ཨ་རིའི་ལུང་ཁུག་ཅིག་ཏུ་འཛུལ་ནས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མ་ཉེས་ཁག་གཡོག་ག་ཚོད་བྱས་སོང་། འཇམ་ནོར་གྱིས་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མཚན་སྨོད་ཞུས་པའི་རྩོམ་ཡིག་དང་གཏམ་འཆལ་དེ་ཚོ་རྒྱ་དམར་གཞུང་གིས་བེད་སྤྱོད་ག་ཚོད་གཏོང་གི་འདུག འདི་ལ་ངེས་པར་དུ་བསམ་དགོས་པ་རེད། ཁྱོད་ཀྱིས་ངོས་འཛིན་ཐོབ་པའི་རྒྱལ་གཅེས་པ་དེ་དག་གིས་”མི་ལོ་ག་ཚོད་རིང་སྐུ་ལས་སྐྱོན་ཡོད་” པ་དེ་བོད་མིའི་རྩ་དོན་གྱི་ཆེད་དུ་རེད་དམ། རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་རེད། འདི་ཡང་བསམ་དགོས་པའི་གནད་དོན་ཞིག་རེད། “ས་རིས་ཐང་གསལ་”ལྟར་བོད་ཀྱི་རྩ་དོན་ལ་ཕན་པའི་རླབས་པོ་ཆེའི་ལས་ཅི་ཞིག་བྱས་ཡོད་པ་རེད། རྒྱབ་དང་ལྐོག་ནས་བོད་མི་ནང་ཁུལ་དང་རང་གི་སྒྲིག་འཛུགས། རང་གི་འགོ་ཁྲིད་ལ་ནམ་ནམ་ཞར་ཞར་གཏམ་འཆལ་སྣ་ཚོགས་ཀྱིས་སྐྱོན་འཛུགས་བྱེད་པ་དེ་རེད་དམ། ཐོག་བརྩེགས་ཅན་གྱི་ཁང་པའི་སྦྱིན་བདག་ཏུ་གྱུར་པ་དེ་རེད། ཉེ་ཆར་གནང་བའི་བཀའ་སློབ་དེར་”གཞོན་ནུ་ཚོགས་པ་”དང་”གཞོན་ནུའི་ཚོགས་གཙོ་”ཞེས་བཀའ་སློབ་རྣ་བའི་གོ་རྒྱུ་ཡོད་པ་དང་། འོད་སྡེར་མིག་གིས་མཐོང་རྒྱུ་ཡོད་པ་དེ་ཕར་བཞག་ནས་”གང་ཟག་སྒེར་དང་ཚོགས་པ་བྱེ་བྲག་པ་ལ་དངོས་སུ་སྐྱོན་བརྗོད་མིན་པ་གསལ་པོ་རེད”ཟེར། ༧གོང་ས་མཆོག་གིས་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་ལ་སྐྱོན་བརྗོད་གནང་མི་འདུག་ཀྱང་། དེ་དག་གིས་༧གོང་ས་མཆོག་ཐུགས་ཕམ་དུ་བཅུག་པའི་བརྒྱུད་རིམ་གསུངས་པ་རེད། ཁྱོད་ཀྱིས་བལྟས་ན་ཅི་འདྲ་རེད། “མི་ལོ་དྲུག་ཅུའི་རིང་”ལ་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་”གཡས་སྐྱོར་གཡོན་སྐྱོར་བྱས་”ཏེ་བཀའ་དྲིན་གྱིས་སྐྱོང་མཁན་དེ་ཐུགས་ཕམ་བྱུང་ན་ཚབས་ཆེ་བ་འདུག་གམ། ཁ་སྟོང་ནང་ནས་ཚིག་སྟོང་བཤད་པའི་”སློབ་སྦྱོང་དང་ལྷག་བསམ་ཅན་”དུ་རློམ་པའི་སྐབས་འཚོལ་བ་”རེ་ཟུང་ཡོད་པ་ཚོ་”བློ་ཕམ་བྱུང་ན་ཚབས་ཆེ་བ་འདུག ཡ་རབས་དང་བཟང་སྤྱོད་ཀྱི་ཐོག་ནས་བསམ་བློ་གཏོང་དགོས།
ཁ་བརྡ་ཚང་ཐུགས་རྗེ་ཆེ་སླར་ཡང་རང་དབང་ཅན་གྱི་གནས་ཚང་ཁྱེད་ལས་ལྷག་མེད་པ་ངེས་རྙེད་བྱུང། དངོས་གནས་མང་གཙོའི་གསར་ལམ་རང་རེད། མཐོ་གསེར་ཁྲིར་འགྱིངས་བའི་བླ་ཆེན་དཔོན་ཆེན་དང་། དམའ་གྱང་རའི་འཁྲིས་ཀྱི་སྤྲང་འཁྱམས་ཤིག་ཛར་གཉིས་དཔལ་ཡོན་གྱི་གནས་སྟངས་མི་འདྲ་ཡང་། ཁྲིམས་ཀྱི་མདུན་དུ་འདྲ་མཉམ་སྨྲ་བརྗོད་རང་དབང་གིས་བསམ་ཕོད་པ་དང་བཤད་ཕོད་པ་ནི་མང་གཙོ་མཚན་ཉིད་ལྡན་པ་རེད།
འཇམ་དབྱངས་ལགས་ཀྱི་གསུང་པ་ལྟར་༧གོང་ས་༧མཆོག་རང་རེ་བོད་མི་རིགས་ལ་བཀའ་དྲིན་དང་ཕྱག་རྗེས་ཧ་ཅང་ཆེན་པོ་ཡིན་པ་སྨྲོས་མེད་ཚང་མས་མཁྱེན་གསལ་རེད། འོན་ཀྱང་བོད་རིགས་ནང་ཕན་ཚུན་ལ་འགལ་ཟླ་ཡོངས་གཞི་ཅན་གྱི་བཀའ་སློབ་རིགས་མཆིས་ཚེ་དེ་ལ་བསམ་ཚུལ་བཤད་རྒྱུ་ལུགས་ཟུང་གང་སྤྱིར་འོས་པ་རེད། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བསླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུང་པ་ནི་མང་གཙོའི་ཤིང་རྟ་ཆེན་པོ་རྒྱལ་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་བཀའོ། །
སྐྱར་དུ་ཞུ་རྒྱུ་ལ་འཇམ་ནོར་སོགས་ལ་ཟུར་དུ་སྐུ་ཉིད་ཀྱི་ཁང་པ་ཡོད་རབ་སོགས་གསུང་འདུག་དེ་ནི་ཁོ་རང་ཚོས་འཇོན་པ་ལས་བོད་སྤྱི་བའི་རྒྱུ་ནོར་ཡིན་ཚོད་མ་རེད། དེས་ན་ཕྲག་དོག་ལས་དོན་གཞན་འགྲེལ་རྒྱུ་དཀའ། མཁས་དབང་འཇམ་དབྱངས་ནོར་བུ་དང་། རྒན་ལྷ་སངས། བསྟན་འཛིན་བརྩོན་འགྲུས། ཚེ་དབང་རིག་འཛིན། དོན་གྲུབ་ལྷ་དར་སོགས་གཞོན་ལྷན་ཚོགས་མི་སྔ་ཕྱི་བར་གསུམ་ཚང་མས་བོད་མི་རིགས་ཀྱི་དོན་དུ་སྐུ་ལས་སྐྱོན་དང་སྐྱོན་བཞིན་པ་རེད། དེང་སྐབས་ལྡི་ལིརུ་གཟིགས་དང་ཁོང་རྣམས་ཟས་བཅད་ངོ་བརྒོལ་གནང་རྒྱུ་དེ་སུའི་དོན་རེད། ད་དུང་གཅིག་འགྲིག་མ་སོང་གཉིས་འགྲིག་མ་སོང་ཟེར་བཤད་སྡད་ན་གང་ཟག་རེ་ཟུང་གི་བསམ་ཚུལ་མཐུན་མིན་ལ་མ་ལྟོས་པར་བོད་མི་རིགས་ཀྱི་རྩ་དོན་དངོས་སུ་སྒྲུབ་མཁན་ཚོ་ལ་ཕན་ས་རེད་དམ་གནོད་ས་རེད་དེ་དགོངས་པ་བཞེས་དགོས་པར་མཐོང་། མདོར་ནི་བཤད་ན་གཞོན་ནུའི་ཚོགས་པས་ག་དུས་ག་བར་ཡིན་ཀྱང་ལས་འགུལ་སྤེལ་རྒྱུ་དང་། སྤྱི་ཚོགས་ཞབས་ཞུ་གཙོ་བོ་བྱེད་མཁན་ཁོ་ཚོ་རེད་ཁོ་ཚོའི་ཚོགས་གཙོ་དང་ཚོགས་པ་ཚོགས་མི་སོགས་ལ་དགོས་མེད་སྐྱོན་བརྗོད་དང་སྨ་འབེབས་བྱེད་པ་ནི་བོད་མི་རིགས་ལ་ཁེ་ལས་གྱོང་ཆེ་བ་ཡོང་རྒྱུ་ཡིན་པ་ཤེས་དགོས།
མངའ་རིས་ཕྲིན་ལས་ལགས། ཁྱེད་ཀྱིས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པར་བཤད་པ་ལ་ང་ཡང་མོས་མཐུན་ཡོད། དེ་ལོས་ཡིན། དེ་ལོས་དགོས། ཡིན་ན་ཡང་ཁྱེད་ཀྱིས་ལྟར་ན་ཉེ་ཆར་གསུངས་པའི་༧གོང་ས་མཆོག་གི་བཀའ་སློབ་དེ་”བོད་རིགས་ནང་ཕན་ཚུན་ལ་འགལ་ཟླ་ཡོངས་གཞི་ཅན་གྱི་བཀའ་སློབ་རིགས་”ཤིག་ཏུ་རྩིས་འདུག སྐུ་ཉིད་གུ་ཡངས་ཀྱི་དཔྱོད་ཤེས་ལ་མོས་མཐུན་དང་དགའ་ཞེན་ཡོད་པའི་ཆ་ནས། དྲང་བདེན་དང་དངོས་ཡོད་ལ་གཞི་བཅོལ་མཁན་ཞིག་ཡིན་པའི་ཆ་ནས་ལྟོས་དང་། བཀའ་སློབ་འདི་ནི་༧གོང་ས་མཆོག་ཆེས་འུ་ཐུག་ནས་གསུང་སྐད་ཤོར་བ་ཞིག་ལས། ༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་ལ་དགོངས་པ་ཡེ་ནས་མ་བཞེས་པར་ཚོད་ཚོད་དུ་གསུངས་པ་ཞིག་ལ་ངོས་འཛིན་ཞུ་རྒྱུ་མེད། སྤྱིར་བཏང་སྐུ་ཉིད་ཀྱིས་ཆེས་མཐོ་ས་ན་བཀུར་བའི་མི་འདི་དག་གིས་ཁ་ཞེ་མཚུངས་པའི་ལས་ཀ་ཇི་ལྟར་བྱེད་ཀྱི་འདུག་བརྟག་པ་རེ་བགྱིད་དང་། ངའི་ངོས་ནས་ཁོང་ཚོ་ལྟ་བུ་ནི་རྦད་དེ་ཁ་ཞེ་མི་མཚུངས་པའི་ཆབ་སྲིད་མི་སྣ་ཙམ་པོ་བ་ཞིག་ཏུ་བཞག་ཡོད། བོང་གུ་འདོད་ཆགས་ལངས་ན་བོང་མཇེ་གློ་བུར་དུ་བརྐྱངས་ཡོང་བ་ལྟ་བུའི་ཆབ་སྲིད་ཀྱི་ལས་འགུལ་གློ་བུར་བ་འདི་དག་གིས་འུ་ཅག་གི་རྩ་དོན་ལ་ཕན་དང་གནོད་ཅི་ཞིག་འདུག་བལྟ་དགོས། མདོར་ན། ཁྱོད་ཀྱིས་ལས་འགུལ་སྤེལ་ཆོག་ལ། ངས་ཀྱང་ལས་འགུལ་སྤེལ་ཆོག ཡིན་ན་ཡང་། བོད་གཞིས་བྱེས་གཉིས་དང་། བོད་མི་ས་ཡ་དྲུག་གི་སེམས་ཀྱི་སྦྲེལ་ཐག་ཉག་གཅིག་སྟེ། ༧གོང་ས་མཆོག་གིས་མ་འགྲིག་མ་འཐུས་པར་སྨྲ་བའི་འཆལ་གཏམ་གྱི་རིགས་ཀྱང་བཤད་པའི་སྐབས་མིན་པ་ཤེས་དགོས།
སྐད་ཆ་བདེ་བོ་བཤད་མཁན་ཚོ་ཐོག་མར་ལྡི་ལིའི་ཉི་མ་ཚོ་བོའི་ནང་དུ་ཕེབས་ནས་ཉིན་ཁ་ཤས་ལ་ཟས་བཅད་རེ་བྱེད་རོགས། དེ་ནས་ཤེས་རྒྱུ་ཞིག་ཡོད་ནི་རེད། གཞན་ལ་ལྟ་བའི་མིག་ཡོད་ཀྱང་།། རང་ལ་བལྟ་ན་མེ་ལོང་དགོས།། ཟེར་ནོ་ངོ་མ་རེད།
ང་ལ་བྱུང་ན་། རང་བཙན་དགོས་ཀྱང་། འཇམ་དབྱངས་ནོར་བུ་དང་། ལྷ་སངས་ཚེ་རིང་། ཚེ་དབང་རིག་འཛིན་ཁོང་གསུམ་གྱིས་འགོ་འཁྲིད་པའི་བོད་རང་བཙན་དེ་ང་ལ་མི་དགོས་ལབ་ན། མི་མཆོག་པ་མིའདུག་ལགས།
རེད་འཇམ་དབྱངས་ལགས་ཀྱི་དགོངས་ཚུལ་ལ་མོས་མཐུན་ཞུ་རྒྱུ་ཡིན། ༧གོང་ས་མཆོག་གི་མ་འགྲིག་མ་འཐུས་ཟེར་མཁན་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་ཚོགས་མི་སོགས་ནས་ཆབ་སྲིད་ལང་ཕྱོགས་ཁ་ཁ་ཡིན་པ་ནང་བཞིན། མི་མང་འདུ་འཛོམ་དང་ཚོགས་འདུ་སོགས་ཀྱི་སྐབས་གཏམ་བཤད་བྱེད་སྟངས་ཀྱང་ལང་ཕྱོགས་དང་མཐུན་པ་བཤད་བཞིན་པ་རེད་ལ་བཤད་དགོས་པའང་རེད། དེ་མིན་༧གོང་ས་མཆོག་གི་མཚན་དངོས་སུ་སྨྲོས་ནས་མ་འགྲིག་མ་འཐུས་བཤད་པ་ནམ་ཡང་མེད། དེ་ལྟར་བཤད་ན་སྐུ་ཉིད་ཀྱི་གསུང་པ་ལྟར་བཤད་པའི་སྐབས་ཀྱང་མིན་ལ་བཤད་དགོས་པའང་དོན་གྱིས་མ་མཆིས། དེས་༧གོང་ས་མཆོག་ནས་ཀྱང་དངོས་སུ་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་སོགས་གསུང་པ་ལའང་གཅིག་ཏུ་འཐད་པ་དང་དགོས་པ་ཞིག་མ་མཐོང་བའི་ཁར། རྒྱ་ཕྱོགས་ནས་ལབ་པ་ནང་བཞིན་ད་དུང་ཆབ་སྲིད་ཀྱི་དབང་ཆ་ངོ་མ་དེ་སུ་ལ་ཡོད་ཕྱི་རུ་མངོན་མི་འདུག་གམ།
མངའ་རིས་ཕྲིན་ལས་ཀྱིས་བཤད་པ་ལྟར། གཞོན་ནུ་ཚོགས་པ་དང་ཚོགས་མི་སུས་ཀྱང་མི་མང་འདུ་འཛོམས་སར་༧གོང་མཆོག་གི་མཚན་དངོས་སུ་སྨྲས་ཏེ་གཏམ་བཤད་བྱས་ཡོད་པ་མ་རེད་ལ། (ཆང་ཁ་དང་ཇ་ཁ་ན་བཤད་མཁན་ཧ་ཅང་མང་།) དེང་སང་གི་གཞོན་ནུ་ཚོགས་པས་དེ་ལྟར་བཤད་ཀྱི་ཡང་མ་རེད། དེ་སུས་ཀྱང་ལོས་ཤེས། གནའ་ནས་ད་བར་གཞོན་ནུ་ཚོགས་པའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་༧གོང་ས་མཆོག་དང་རྒྱབ་འགལ་དུ་གྱུར་ཡོད་པ་ང་ཚོར་གསལ་གསལ་ཐིང་ཐིང་ཡིན་པ་བཤད་ཅི་ལ་དགོས་ཀྱང་། གཞོན་ནུ་ཚོགས་པའི་ལས་འགུལ་ཙམ་པོ་བ་དེ་ལ་བརྟེན་ནས་དགྲའི་ངོས་ནས་བོད་མི་རིགས་ཀྱིས་”རང་བཙན་” དང་ “ཁ་བྲལ་གྱི་ལས་འགུལ་”སྤེལ་གྱི་འདུག་ཅེས་སྐད་ལོག་རྒྱག་གི་ཡོད། འདིས་ཅི་ཞིག་གསལ་ཡོད་དམ་ཞེ་ན། གཞོན་ནུ་ཚོགས་པའི་ལས་འགུལ་དེ་དག་ནི། བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གིས་དགྲའི་མཉམ་དུ་”མེས་འཚིག་མེར་གཏུགས་”ཀྱི་དཔེ་བཞིན་སྐུ་ལས་བརྒྱ་ཕྲག་བརྒྱབས་པའི་འབད་འབྲས་དེ་”རྐང་རྗེས་ལག་བསུབ་”གཏོང་ཐུབ་ཙམ་ཞིག་ཆགས་ཡོད་པ་དེ་ཡིན། སྤྱིར་བཏང་༧གོང་ས་མཆོག་གི་ངོས་ནས་ཀྱང་”བོད་རང་བཙན་མི་དགོས་”དང་། “བོད་རང་བཙན་མ་རེད་”ཅེས་ནམ་ཡང་གསུངས་མྱོང་མེད་ལ་གསུངས་ཀྱང་མི་སྲིད་པ་རེད། ཡིན་ན་ཡང་དེང་སྐབས་གཤིན་རྗེ་འགག་འཕྲང་ན་འཆི་ལམ་འགྲིམས་ལ་ཉེ་བའི་བོད་ཀྱི་ཤེས་རིག་དང་། མི་མང་། ཁོར་ཡུག གོམས་གཤིས། སྲོལ་རྒྱུན་སོགས་གང་མགྱོགས་མྱུར་སྐྱོབ་བྱེད་ཐུབ་ན་སྙམ་པའི་ཐུགས་རེ་བཅངས་ཏེ་དགྲ་གཉེན་གཉིས་ཀར་བལྟ་ས་ཡོད་པའི་དབུ་མའི་ལམ་ཞིག་མཛུབ་སྟོན་གནང་བ་རེད་ལ། འབྱུང་འགྱུར་གནས་ཚང་གིས་དཀའ་ངལ་མི་བཟོ་ཆེད་”བོད་མིའི་སྒྲིག་འཛུགས་”ཞེས་མིང་བསྒྱུར་བ་རེད། སོམས་དང་། དོན་ངོ་མར་ད་ལྟའི་གནས་སྟངས་འདིའི་འོག་ནས་”བོད་གཞུང་”ཞེས་པའི་མིང་དེ་ཡོད་མེད་ལ་ཁྱད་པར་ཅི་ཞིག་འདུག གཞན་གཞུང་སྒེར་གྱི་ཚོགས་པ་ལྟ་ཅི། མི་ཚང་གཅིག་ལ་མཚོན་ན་ཡང་ཡུན་རིང་དྲིན་གྱིས་བསྐྱངས་ཀྱང་བཀའ་དྲིན་ལ་དྲིན་དུ་མི་ཚོར་བར་ངོ་ལོག་རྒྱག་པའི་བུ་ཕྲུག་དེ་དང་དེ་ལ་ཕ་མའི་ངོས་ནས་ཀྱང་ལྟ་སྟངས་ཡོང་ངེས་ཡིན་པ་ནི་མཐོང་ཆོས་རེད། སྐུ་ཉིད་ཀྱིས་གཞོན་ནུ་ཚོགས་པ་དང་ཚོགས་གཙོ་དེ་༧གོང་ས་མཆོག་ལས་ལྷག་པའི་བསམ་བློ་བ་དང་། སྔ་ཕྱི་བར་གསུམ་མཐོང་བའི་དཔྱོད་ཤེས་པ་ཞིག་ཏུ་མཐོང་ཞིང་དེ་ལྟར་བརྩི་ཡི་ཡོད་ཚེ་དེ་ནི་རྦད་དེ་ཚོར་སྣང་ཙམ་གཙིགས་ཏུ་བཟུང་བ་ལས། དངོས་ཡོད་གནས་ཚུལ་ལ་བབས་མེད་པའི་མངོན་རྟགས་གསལ་བོ་ཞིག་ཡིན་ལ་ཐུགས་ལ་ཆོངས།
རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས།།
རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།
རང་ཡུལ་ཁ་བ་ཅན་གི་རྗེ་འབངས་ལ།།
རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ།།
གཞོན་ནུ་ཚོགས་པའི་ལས་འགུལ་དེ་དག་ནི། བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གིས་དགྲའི་མཉམ་དུ་”མེས་འཚིག་མེར་གཏུགས་”ཀྱི་དཔེ་བཞིན་སྐུ་ལས་བརྒྱ་ཕྲག་བརྒྱབས་པའི་འབད་འབྲས་དེ་”རྐང་རྗེས་ལག་བསུབ་”གཏོང་ཐུབ་ཙམ་ཞིག་ཆགས་ཡོད་པ་དེ་ཡིན།
སྤྱིར་བཏང་༧གོང་ས་མཆོག་གི་ངོས་ནས་ཀྱང་”བོད་རང་བཙན་མི་དགོས་”དང་། “བོད་རང་བཙན་མ་རེད་”ཅེས་ནམ་ཡང་གསུངས་མྱོང་མེད་ལ་གསུངས་ཀྱང་མི་སྲིད་པ་རེད།
ཡིན་ན་ཡང་དེང་སྐབས་གཤིན་རྗེ་འགག་འཕྲང་ན་འཆི་ལམ་འགྲིམས་ལ་ཉེ་བའི་བོད་ཀྱི་ཤེས་རིག་དང་། མི་མང་། ཁོར་ཡུག གོམས་གཤིས། སྲོལ་རྒྱུན་སོགས་གང་མགྱོགས་མྱུར་སྐྱོབ་བྱེད་ཐུབ་ན་སྙམ་པའི་ཐུགས་རེ་བཅངས་ཏེ།
དགྲ་གཉེན་གཉིས་ཀར་བལྟ་ས་ཡོད་པའི་དབུ་མའི་ལམ་ཞིག་མཛུབ་སྟོན་གནང་བ་རེད་ལ། འབྱུང་འགྱུར་གནས་ཚང་གིས་དཀའ་ངལ་མི་བཟོ་ཆེད་”བོད་མིའི་སྒྲིག་འཛུགས་”ཞེས་མིང་བསྒྱུར་བ་རེད། ་་་་ཟེར་བ་འདི་ཤིནད་ཏུ་ནས་བདེན་པ་འདུག་པས་འབྲི་རྩོམ་འདི་ཡི་རིགས་བོད་དང་བོད་མིར་ཕན་ཐོགས་ཆེ་ལགས། ཐུགས་རྗེ་ཞེས་ཀྱང་ཞུའོ། །