བོད་གངས་ཅན་ལྗོངས་ཀྱི་གཞིས་ལུས་རྒྱ་ཆེ་མི་མང་གིས། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས། དེ་རིང་ངའི་སྐྱེས་སྐར་རེད་ཟེར་ནས་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། དེ་ཚོར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་གསུངས་སོང་།
བོད་གངས་ཅན་ལྗོངས་ཀྱི་གཞིས་ལུས་རྒྱ་ཆེ་མི་མང་གིས། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས། དེ་རིང་ངའི་སྐྱེས་སྐར་རེད་ཟེར་ནས་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། དེ་ཚོར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་གསུངས་སོང་།
ནོར་འཛིན་མ་མའི་པང་དུ་འཚོ་བའི་རྨུས་ལོང་འབྱུང་བྱའི་གཉེན་པོ་མཆོག།
རི་བོ་གྲུ་འཛིན་སྲིད་ན་བརྗིད་པའི་མི་འཇིག་གདོང་ལྔའི་ཁྲི་སྟེང་དུ།
གངས་ལྗོངས་ཡབ་གཅིག་ལྷ་མཆོག་ཕྱག་ན་པདྨོས་རྣམ་འཕྲུལ་མིའི་རྗེ།
འགྲོ་བའི་དོན་དུ་བསམ་བཞིན་སྲིད་པ་བཟུང་ཁྱེད་སྐུ་ཚེ་ཞབས་པད་བརྟན་པར་གསོལ།
དམུ་རྒོད་འདུལ་བའི་ལས་བསྐལ་དམ་ཚིག་ཅན་གྱི་སྐྱེས་བུ་སྟེ།
ཐུབ་དབང་གཉིས་པ་རྒྱལ་བསྟན་འཛིན་དང་དེ་འཛིན་སྐྱེས་བུའི་སློབ་དཔོན་མཆོག།
འཁོར་བའི་རྒྱ་མཚོའི་ཕ་རོལ་ཁྲིད་པའི་དེད་དཔོན་དམ་པ་སྙིང་རྗེ་ཅན།
སྟོན་པའི་བསྟན་འཛིན་བསྟན་འཛིན་རྒྱལ་མཚོ་མཆོག་ཉིད་སྐུ་ཚེ་བསྐལ་བརྒྱ་བརྟན།
མཐོང་ཐོས་དྲན་པས་སྡུག་བསྔལ་སེལ་ཞིང་ཡང་དག་དགེ་བའི་ལམ་བཟང་སྟོན།
ནད་མུག་འཁྲུག་བརྩོད་བསྐལ་ངན་བཟློག་པའི་དུར་ཁའི་གཉེན་པོ་༧གོང་ས་རྗེ།
གཞན་གནོད་གཞི་བཅས་སྤོང་ལ་གོམས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་མཆོག།
སྐུ་ཚེ་མི་ཞིག་རྡོ་རྗེའི་ཁམས་སུ་འགྱུར་མེད་བརྟན་པོར་བཞུགས་པར་གསོལ།
ཞི་བདེའི་དེད་དཔོན་སྙིང་སྟོབས་ཅན་གྱིས་ཉོན་མོངས་དུག་ལྔའི་ཁ་བཏད་གཅོག།
བྱམས་དང་སྙིང་རྗེའི་རྒྱུད་བརླན་མ་གྱུར་འགྲོ་ལ་བུ་ལྟར་བརྩེ།
རྨི་ལམ་དུ་ཡང་སྡིག་སེམས་མི་འབྲེལ་གཞན་ཕན་དགེ་བའི་ལས་ལ་བརྩོན།
རྒྱལ་སྲས་སེམས་དཔའ་༧གོང་ས་མཆོག་ཁྱེད་སྐུ་ཚེ་བསྐལ་བརྒྱ་བརྟན་པར་སྨོན།
གྲངས་མེད་བསྐལ་ཆེན་དུ་མ་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུས།
མཁའ་མཉམ་འགྲོ་ལ་དམ་པའི་ཆོས་ཀྱི་བདུད་རྩིའི་ཆར་པ་འབེབས་མཛད་པའི།
ཞི་བདེའི་དེད་དཔོན་ལྷ་མིའི་རྣམ་འདྲེན་ཕྱག་ན་པདྨོ་མཆོག།
གསང་གསུམ་མི་ཞིག་རྡོ་རྗེའི་ཁམས་སུ་འགྱུར་མེད་བརྟན་པར་སྨོན།
ཚད་མེད་ཞི་བས་འཚེ་མེད་ལྟ་གྲུབ་གོམས་པ་མཐའ་ཕྱིན་ཕུལ་དུ་སོན།
བྱམས་དང་སྙིང་རྗེ་རྒྱུད་ལ་གོམས་པས་དགྲ་བོ་ལ་ཡང་བུ་ལྟར་བརྩེ།
བླང་དོར་ལས་ལ་ལེགས་ཉེས་དབུགས་ཕྱུང་ཐར་པའི་ལམ་དུ་ཁྲིད།
སྐྱེ་དགུའི་གཙུག་རྒྱན་༧གོང་ས་བླ་མ་སྐུ་ཚེ་བསྐལ་བརྒྱ་བརྟན་པར་ཞུ།
ཞེས་2012/07/06 སྐུའི་འཁྲུངས་སྐར་ཉིན་གུས་སྐྱབས་འོག་པ་དད་དམ་འགྱུར་བ་མེད་པའི་བོད་རྒན་དྭངས་བླངས་པས།
བདག་ཅག་གངས་ཅན་པ་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ། འཛམ་གླིང་ཞི་བདེའི་དེད་པོ་ཆེན་པོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༧༧ཕེབས་པའི་སྐུའི་འཁྲུངས་སྐར་ལ། སྒོ་གསུམ་གུས་པ་ཆེན་པོས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དགའ་དད་སྤྲོ་གསུམ་གྱིས་ཞུ་བ་དང་ཆབས་ཅིག་མགོན་པོ་མཆོག་བདག་ཅག་རྣམས་ཀྱི་མགོན་སྐྱབས་དམ་པར་སྐུ་ཚེ་སྐལ་བརྒྱར་བརྟན་་ཅིང་ཐུགས་བཞེད་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།།
ཚེ་དཔག་མེད་མགོན་ལ་སོགས་བྱིན་རླབས་དང་།།
དམར་ཟོར་རྒྱལ་དང་བསྟན་སྲུང་མཐུ་སྟོབས་ཀྱིས།།
བདག་ཅག་༧སྐྱབས་མགོན་བསྟན་རྒྱ་མཚོ་མཆོག།
སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་འགྱུར་ཅིག། །།
བསྟན་འཛིན་ལ་བཅོས་རོགས།
མཐའ་ཡས་འགྲོ་རྣམས་འཁོར་བའི་མཚོ་ལས་སྒྲོལ་བའི་རྒྱལ་ཀུན་སྙིང་རྷེའི་བདག
ཁ་བ་རི་བའི་བགོ་བའི་ལྷ་སྐལ་འཕགས་མཆོག་གྲུ་འཛིན་རི་བོའི་མགོན།
ངུར་སྨྲིག་གར་རོལ་མི་ཡི་གཟུགས་ཅན་འདུ་འཛིན་ཀུན་གྱི་གཙུག་གི་རྒྱན།
སྐྱེ་འགྲོ་ཀུན་ལ་ཞི་བའི་ལམ་སྟོན་ཞི་བདེའི་དེད་དཔོན་ཁྱོད་ཉིད་རྒྱལ།
བྱང་ཆུབ་སེམས་ཀྱི་སྡོང་བུ་བརྟན་པ་ལ།།
བྱམས་དང་སྙིང་རྗེའི་བལ་དཀར་ཁ་ཁྱུས་དཀྲིས།།
གཞན་ཕན་གསེར་མདོག་མར་ཁུ་འཁྱིལ་བ་ཅན།།
ཤེས་རབ་འོད་ཀྱི་སྣང་བ་ལམ་མེ་བ།།
༧སྐྱབས་མགོན་མར་མེ་ཚེ་འབར་གཟིམས་མེད་ཤོག།
དུས་ངན་སྙིགས་མའི་མུན་པ་ཡོངས་སུ་འཐིབས།།
མི་འདོད་མི་དགེའི་རླུང་ཡན་གང་སར་གཡུགས།།
སྣ་ཚོགས་གདོན་སྤྱོད་བུ་ཡུག་ཀུན་ཏུ་འཚུབ།།
མིག་ལྡན་ལོང་བར་གྱུར་བའི་མཚན་ནག་འདིར།།
༧སྐྱབས་མགོན་མར་མེ་ཚེ་འབར་གཟིམས་མེད་ཤོག།
ནམ་མཁའི་དབྱིངས་སུ་ཟླ་བའི་དཀར་ཆ་བྲལ།།
སྦྲ་གུར་ཕུགས་སུ་ཐབ་མེ་ཟད་མཐར་ཐུག།
རྡོ་ཁང་གྲུ་བཞིར་གློག་གི་སྣང་བ་ཤི།།
མཆོད་ཁང་ནང་དུ་མར་མེའི་སྡོང་བུ་ཟད།།
༧སྐྱབས་མགོན་མར་མེ་ཚེ་འབར་གཟིམས་མེད་ཤོག།
༧སྐྱབས་མགོན་མར་མེ་ཚེ་འབར་གཟིམས་མེད་ཤོག།
མུན་པ་ཅན་གྱི་དུས་འདི་སྦར་བར་ཤོག།
སང་གི་དགོང་མོ་དེ་ཡང་སྦར་བར་ཤོག།
དུས་ཀྱི་མཐའ་ལ་ཐུག་ཐུག་སྦར་བར་ཤོག།
གཏན་ཏུ་གཟིམས་པ་མེད་པར་འབར་བར་ཤོག།
བྱམས་བརྩེ་ལྷོ་རླུང་གཞོན་ནུས་ཉེར་བསྐུལ་བའི།།
ཟབ་གསུང་དྲི་ཞིམ་སྤོས་ཀྱི་ངད་ལྡང་བ།།
དྲེགས་ལྡན་གྲགས་པའི་མཁའ་ལ་ཡོངས་འཁྲིགས་པས།།
མཐུན་འགྱུར་བདུད་རྩིའི་ཆར་རྒྱུན་ཕབ་ལ་ལྟོས།།
གཞན་དོན་ཟླ་ཤེལ་འཛུམ་པའི་རླབས་རིས་ཀྱིས།།
ཉེར་འཚོ་སྲིད་པའི་སྐྱེས་མཆོག་གྲངས་མེད་ཀྱིས།།
རལ་པའི་ཅོད་པན་གྲོལ་བའི་གུས་འདུད་བཅས།།
བོད་སྐྱོང་མོལ་མཆིད་དྲི་ཟའི་དབྱངས་ལ་འཕྱ།།
ལྷག་བསམ་ཆུ་སྤྲིན་འཁྲིགས་པའི་ལྡིང་ཁང་ནས།།
ལྷས་ཀྱང་མི་ལྕིགས་གྲོགས་ཕན་གཡུ་འབྲུག་སྟོང༌།།
གླལ་བའི་ང་རོ་ཚུར་མཐོང་འཛིན་མ་ལས།།
བརྒལ་བས་གཤིན་རྗེའི་མཐུ་ཡང་ཆུ་བཞིན་བྲི།།
མགོན་གང་རྣམ་དཔྱོད་དུས་ཀྱི་ལྔ་པ་ལས།།
བྱུང་བའི་ལེགས་བཤད་སྙེ་མའི་འབྲས་བུ་དག།
སྤྱད་པའི་སྐྱེས་མཆོག་བྷ་མ་ར་ཡི་ཚོགས།།
དགེ་ལེགས་ཟུང་ལྡན་འདབ་མའི་དབྱངས་སུ་བྲེལ།།
གྱེས་བྲལ་གདུང་བ་ལྕི་བའི་མུན་པའི་རྒྱ།།
གཏོར་པའི་ལེགས་མཛད་བཅུ་གཉིས་བདག་པོའི་ཞལ།།
ཉེར་འཚོ་ཆོལ་གསུམ་ཆུ་ཡི་ལང་ཚོ་མའི།།
མཉེས་གཤིན་འདབ་བརྒྱ་གྲོལ་བའི་ཚུལ་འདི་རྨད།།