ཤར་ཕྱོགས་ཁུག་རྟ།
༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ས་དང་གནམ་ལས་ངོ་མི་ཤེས་པའི་རྒྱ་གར་འཕགས་པའི་ཡུལ་ནས་དུས་རབས་ཕྱེད་ཀའི་རིང་ངལ་བ་བརྒྱ་ཕྲག་ཁྱད་བསད་ཀྱིས་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་དང་བོད་ཀྱི་མགྲིན་ཚབ་གནང་སྟེ། ༢༠༠༨ ལོར་བོད་མིའི་མངོན་འདོད་གང་ཡིན་རྒྱ་ནག་གཞུང་གི་མགོ་ཁྲིད་རྣམས་ཀྱི་མདུན་དུ་བསྟར་ཡོད།
ཡིན་ནའང་། རྒྱ་ནག་གཞུང་གིས་དེ་ནི་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་བཏོན་པ་དེ་བོད་ནང་གི་བོད་མིའི་མངོན་འདོད་མིན། ཁོང་རྣམས་བདེ་སྐྱིད་ལྡན་པའི་ངང་འཚོ་བ་སྐྱེལ་བཞིན་ཡོད་ཅེས་རྒྱལ་སྤྱི་དང་བཙན་བྱོལ་བོད་གཞུང་ལ་ཧམ་འགྲེལ་རྒྱག་གི་ཡོད། ཐ་ན་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དེ་འདྲའི་བསམ་ཚུལ་འདོན་རྒྱུའི་ཐོབ་ཐབ་ཀྱང་མེད་པ་དང་། བོད་ནང་གི་བོད་མི་ཚོས་དེ་འདྲ་ཞིག་རྩ་བ་ནས་འདོད་ཀྱི་མེད་ཅེས་བསྐྱར་བཤད་ཡང་བཤད་ཁྲི་ཕྲག་མང་པོ་བརྩེགས་ཀྱིན་པ་རེད།
ཡིན་ནའང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་གང་གནང་བཞིན་པ་དག་བོད་ནང་གི་བོད་མི་ཚོར་ཤེས་རྟོགས་འབྱུང་བའི་ལམ་ཁ་བསྟེན་གྱི་ཡོད་པ་རེད་དམ་ཟེར་ན། དེ་ནི་ཐབས་ཟད་འུ་ཐུག་གིས་བཀབ་ཀྱང་ཤོར་ན་མ་གཏོགས་གནས་ཚུལ་ཁྱོན་ནས་ཤེས་རྟོག་བྱེད་དུ་འཇུག་གི་མེད་པ་དེ་རེད། མི་ལོ ༥༣ རིང་བོད་ནང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་རེ་གནང་མིན་དེ་སྐད་ཆ་ཤབ་ཤུབ་ཙམ་དང་། མགོ་ཚང་ན་མཇུག་མེད་ན། མཇུག་ཡོད་ན་བར་མེད་པ་རྐྱང་རྐྱང་གིས་བསྐྱལ་ཡོད་པ་ནི་ཧ་ཅང་གསལ་བོ་རེད།
ད་ལྟ་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཆེད་དང་༧གོང་ས་མཆོག་གི་དགོངས་གཞིར་གསན་བསམ་ཐུབ་ཆེད་རང་ལུས་ཀྱང་མེ་ལ་གཞོམ་བསྲེགས་རིམ་བསྟུད་དུ་བྱེད་པ་འདིས། གལ་སྲིད་བོད་ནང་གི་བོད་མི་དེ་ཚོས་རྒྱ་ནག་གཞུང་གིས་”༧གོང་ས་མཆོག་གིས་བོད་ཀྱི་མགྲིན་ཚབ་ཐུབ་ཀྱི་མ་རེད་”ཅེས་བཤད་པ་རྣམས་གསན་རྟོགས་བྱུང་བ་ཡིན་ན། “༧གོང་ས་མཆོག་དང་བོད་གཞུང་གིས་བཏོན་པའི་བོད་མིའི་མངོན་འདོད་དེ་བོད་ནང་གི་བོད་མི་ཚོའི་འདོད་མོས་དང་རྒྱབ་འགལ་ཡིན་”ཞེས་པ་ཤེས་རྟོགས་བྱུང་བ་ཡིན་ན། ད་གཟོད་གནས་ཚུལ་ཅི་ཞིག་འབྱུང་གི་རེད་དམ། འདི་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་གཉིས་ཀའི་དྲི་བ་ཞིག་རེད།
གལ་སྲིད་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྩོད་བཞིན་པའི་བོད་མིའི་མངོན་འདོད་དེ་བོད་ནང་ནས་ཡོངས་སུ་གསན་པ་ཡིན་ན། ཤེས་རྟོགས་བྱུང་བ་ཡིན་ན། ད་གཟོད་བོད་ནང་གི་བོད་མི་ཚོས་ག་རེ་བྱེད་ཀྱི་རེད་དམ། ངས་ལྟོས་ན་སྐབས་དེར་ཁོང་ཚོས་རང་བསྲེགས་བྱེད་རྒྱུ་མ་རེད། འོ་ན་ག་རེ་བྱེད་རྒྱུ་རེད་དམ། ༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་རྩོད་བཞིན་པའི་དམིགས་ཡུལ་དེར་རྒྱབ་སྐྱོར་གནང་གི་རེད། རྒྱབ་སྐྱོར་ཅི་ལྟར་བྱེད་ཀྱི་རེད་དམ་ཞེ་ན། ཁོང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་ཀ་ཁ་བཏོན་བཞིན་འདོན་རྒྱུ་རེད། དར་ཆ་བཞིན་འཕྱར་ཏེ་མཛུབ་མོ་གེར་བཞིན་ནང་དོན་ལ་རྩོད་པ་རྒྱ་མཚོའི་རླབས་དང་། མེ་ལྕེ་ལྷབ་ལྷབ་དུ་གཡོ་བ་བཞིན་རྒྱག་རྒྱུ་རེད།
རྩོད་པ་རྒྱབ་ནས་ག་རེ་འབྱུང་གི་རེད། རྩོད་པ་མཐར་ཕྱིན་པ་རྒྱབ་ནས་ད་གཟོད་ཁོང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་གང་དུ་འཇོག་དགོས་མིན་གསལ་བོ་བཟོ་ཡི་རེད། ང་ཚོས་ཚོད་དཔག་མིན་པར་བཤད་ཆོག་པ་ཞིག་ནི། དངོས་གནས་དེ་འདྲའི་རྩོད་པ་རྒྱབ་པ་ཡིན་ན། འཛམ་གླིང་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས། བོད་ལ་ཤ་ཚ་ཆེ་བའི་རྒྱལ་ཁབ་ཁག་གིས་ད་གཟོད་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཧ་ཅང་སྟབས་བདེ་ཆགས་ཀྱི་རེད་ལ། ཉིན་མོ་དེ་ནས་ཐད་ཀར་བོད་ནང་གི་བོད་མི་ཚོའི་མངོན་འདོད་རྒྱུ་མཚན་དུ་དྲངས་ནས་རྒྱ་ནག་ལ་ཁ་རྡུང་གཏོང་གི་རེད་ལ། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་རྒྱལ་སྤྱིའི་སྒང་དེ་བས་ཀྱང་ཆུ་ལ་ཆུ་བཞག་པ་ལྟ་བུའི་ངེས་ཤེས་ཀྱང་ཐོན་ཡོང་གི་རེད།
སྐབས་དེར་རྒྱ་ནག་གིས་ག་རེ་ཟེར་གྱི་རེད། རྒྱལ་སྤྱིའི་ཁྱོན་ལ་ད་དུང་བོད་ནང་གི་བོད་མི་ཚོའི་འདོད་པ་དེ་མིན། ཁོང་ཚོ་དེ་འདྲའི་འདོད་མོས་ཁྱོན་ནས་མེད། ལྷ་ཡུལ་ལ་སྙེགས་པ་ལྟ་བུའི་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་གྱིན་ཡོད་ཅེས་བཤད་ཀི་རེད་དམ། རྩ་བ་ནས་བཤད་ཐུབ་ཀི་མ་རེད། བཤད་ནའང་དེ་ལ་གཞི་འཛིན་ས། དོགས་པ་ཟ་སའི་ཆུ་ཐིག་ཙམ་ཡང་ཡོད་པ་རེད་དམ། གཏན་ནས་ཡོད་པ་མ་རེད།
དེ་བས་བོད་ནང་ནས་༧གོང་ས་མཆོག་གདན་འདྲེན་ཞུ་ཆེད། ༧གོང་ས་མཆོག་བོད་དུ་ཕེབས་སའི་ལམ་ཁ་གཙང་མ་བཟོ་དགོས་ཀྱི་འདུག དེའང་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འབྲུ་དོན་དོན་དངོས་ལག་བསྟར་བྱེད་ཀྱི་ཡིན་མིན་ཐད་ནས་གཙང་མ་བཟོ་དགོས་པ་རེད། དེ་ནས་གཙང་མ་ཆགས་སོང་ན། ད་གཟོད་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་བོད་རིགས་ཡོངས་ཀྱི་མངོན་འདོད་ངོ་མ་རྒྱ་ནག་གཞུང་ལ་སྤྲད་པ་དེ་མངོན་འགྱུར་ཡོང་གི་རེད། དེ་མངོན་འགྱུར་ལག་བསྟར་ཐུབ་པ་བྱུང་བ་ཡིན་ན། སྐབས་དེར་༧སྤྱན་རས་གཟིགས་དབང་༧བསྟན་འཛིན་རྒྱ་མཚོ་གངས་ཅན་ལྗོངས་སུ་གདན་འདྲེན་ཞུ་ཐུབ་སོང་བ་རེད།
དེ་ལ་བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱིས་དབུ་ཁྲིད་དེ་གཞིས་ལུས་བོད་མི་ཚོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་འཐབ་རྩོད་གནང་སྟངས། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ནག་འདེད་བྱ་རྒྱུ་དེ་ཡིན། དེ་ལྟར་གནང་རོགས་ཞེས་སྐད་གསེང་མཐོན་པོས་འབོད་སྐུལ་གནང་དགོས་ཀྱི་རེད། དེ་བཞིན་རྒྱལ་སྤྱིའི་སྒང་དུའང་དེ་དོན་བཞིན་རྒྱབ་སྐྱོར་འཚོལ་བ། ཕྱི་བཞུགས་རྒྱ་རིགས་གྲོགས་པོ་ཚོ་སྐོང་འགུག་གནང་བའམ། རེ་རེའི་སར་བཅར་ནས་རྒྱ་ནག་མི་མང་ལ་གནས་ཚུལ་དེ་བཞིན་བརྡ་ལན་གསལ་བོ་ཞིག་སྤྲོད་དགོས་པར་འབད་འབུངས་མཐའ་གཅིག་ཏུ་གནང་སྟེ་ཆིག་སྒྲིལ་བླ་ན་མེད་པ་ཞིག་གནང་དགོས་ཀྱི་རེད།
ཉི་མ་དེ་བར། བོད་ནང་གི་འཐབ་རྩོད་དེ་རང་བསྲེགས་བྱེད་པའི་ཚད་དུ་ཁྱོན་ནས་སླེབས་ཡོད་པ་མ་རེད། གལ་སྲིད་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་༽དེ་ལྟར་ཁྲིམས་མཐུན་ངང་འཐབ་རྩོད་བྱས་ཀྱང་། རྒྱ་ནག་གཞུང་གིས་དམིགས་གཞི་ངོ་མ་བོད་མི་རྩ་སྟོང་འགྲོ་རྒྱུའི་སྲིད་བྱུས་ལས་ཅུང་ཙམ་མ་བརྒལ་བ་ཡིན་ན། ཉིན་མོ་དེ་ནས་བོད་མི་ཚོས་སྲིད་དབང་སྒེར་སྤྱོད་པ་དང་། འཇིགས་སྐུལ་དྲག་སྤྱོད་པའི་གཞུང་ལ་རང་ལུས་གཞོམ་བསྲེགས་ཀྱིས་བདེན་པ་རྩོད་དགོས་ཀྱང་རྩོད་པའི་དུས་ཚོད་ཤར་བ་ལྟ་བུ་ཞིག་རེད། དེས་ན་སྙིང་ནས་བརྩེ་བའི་བོད་ནང་གི་སྤུན་ཟླ་ཕོ་མོ་ཚོས་རྒྱ་ནག་གཞུང་གི་ཁ་དོག་ངོ་མ་དེ་དམར་དམར་རྗེན་རྗེན་བཟོ་རོགས།
2012/ 3/ 14/
ཨ་ལེ་ལག་པ་གཏང་རོགས་བྱེད་ཀྱི་མི་འདུག རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་སྟེང་ནས་ལམ་ཁ་ཟེར་བ༌༌༌༌༌༌༌༌ཨ་འོ༌༌༌༌༌༌ཁུག་རྟ་ལགས།
ཤར་ཕྱོགས་ཁུག་རྟ་ལ་རྣམ་དཔྱོད་འདུག་གདའ། མུ་འཐུད་དུ་ཡིན་གདའ། ཁ་བརྡ་དྲ་བའི་རྒྱན་ཆ་རེད་ཡ།
ཁུག་རྟ་འདྲེ་རྟ་ཅང་མི་ཤེས་
ཅོལ་ཆུང་ཡིན་པ་ཐག་གི་ཆོད་འདུག་་་་་་་་་་་་ཀླད་རྙིང་ཡིན་པ་ཤེས་སོང་་་་་་་་་་་་་་་་གུ་དོག་ཡིན་པ་ཡང་གོ་སོང་་་་་་་་་་་་་་་་་་་་་་
སྐུ་ཞབས་ཤར་ཕྱོགས་ཁུག་རྟས་གསུང་ལ་གནས་ལུགས་འདུག་གོང་ས་མཆོག་བོད་ནང་དུ་ཕེབས་ཐུབ་རྒྱུ་ན་བོད་མའི་མངོན་འདོད་ངེས་ཅན་ཞིག་འགྲུབ་སོང་བ་རེད། དབུ་མའི་ལམ་ཁ་རུ་སྐྱོད་ཐུབ་རྒྱ་རེད།
བོད་ནང་གི་བོད་མི་ཤེས་ཡོད་པ་ཚོས་བོད་ཀྱི་རྩ་དོན་རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞི་དང་བཙན་བྱོལ་གཞུང་གི་དགོངས་གཞི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་དེ་ཤེས་ཀྱི་ཡོད་པ་རེད། དེ་ཤེས་ཀྱི་མེད་པའི་བཟོ་འདྲ་བོ་སྟོན་མཁན་དེ་རྒྱ་ནག་གཞུང་རེད། ག་རེ་བྱས་ནས་ཟེར་ན། རྒྱལ་བ་རིན་པོ་ཆེའི་ཚེ་ཚད་ལ་སྒུག་ཡོད་ནི་རེད། དེ་མ་ཤེས་པའི་སྐད་ཆ་བཤད་ཀི་ཡོད་པ་མ་རེད། དེ་རྒྱ་ནག་དང་བོད་མི་མང་གིས་ཤེས་ཀྱིན་པ་རེད། དེ་ལ་རྒྱ་ནག་གཞུང་གི་ཡ་མེད་གནང་བ་དེར་མུ་མཐུད་མེར་བསྲེགས་གཏོང་གི་ཡོད་པ་རེད།
ཤར་ཕྱོགས་ཁུག་རྟ་རེད་མི་འདུག ཤར་ཕྱོགས་ཁུ་བྱུག་རེད་འདུག ཡག་པོ་འདུག། བཀའ་དྲིན་ཆེ།
དོན་དང་མཐུན་པའི་གཏམ་སྨྲ་བ། གནད་འགག་སྐབས་སུ་ཤིན་ཏུ་དཀོན་པ་ལྟར། ཤར་ཕྱོགས་ཁུག་རྟས་ཚིག་ཉུང་དོན་འདུས་ཤིག་མཛད་འདུག རྒྱལ་སྤྱི་དང་རྒྱ་ནག བཙན་བྱོལ་བོད་གཞུང་བཅས་ཕྱོགས་གསུམ་ནས་བྲིས་འདུག དངོས་གནས་ད་ལྟའི་དུས་ཚོད་ལ་འདི་ལྟར་གནང་ན་བོད་མི་རིགས་ཀྱི་འཐབ་རྩོད་ཚད་རིམ་ངེས་ཅན་དུ་སླེབས་རྒྱུ་དང་། རྒྱ་ནག་ཅི་བྱ་གཏོལ་བྲལ་ཆགས་རྒྱུ་ནི་སྨྲས་མ་དགོས་པ་ཞིག་རེད། ༧གོང་ས་མཆོག་གི་དགོངས་གཞི་ཟེར་བ་འདི་ལས་ལྷག་ཅིག་སུས་ཀྱང་འགྲེལ་བཤད་རྒྱག་ཐུབ་མདོག་ཁ་བོ་མ་རེད།
ཡག་པོ་འདུག གལ་སྲིད་དང་གལ་སྲིད་ཀྱིས་བརྒྱན་འདུག དོན་ངོས་སུ་དེ་ལྟར་ཡོང་རྒྱུ་དཀའ་མོ་རེད། ང་ཚོའི་རྩོད་པ་འདི་ད་དུང་ཁ་གསར་བོ་གཏོང་དགོས་བར་མཐོང་། ག་དུས་ཡིན་ཡང་ང་ཚོས་རྒྱ་ནག་རྒྱ་ནག་ཞེས་ཕར་མཛུབ་སྟོན་བྱེད་མོད། ཕར་ཕྱོཊ་ཀྱིས་ཐོག་མ་ཉིད་ནས་ཀྲུང་གོ་ཞེས་མིང་ཞིག་བཏོན་ཡོད། ངས་བལྟས་ན་རྒྱ་ནག་གིས་ནམ་ཡང་བོད་རྒྱ་ནག་མི་རིགས་ཀྱིས་ཁུངས་གཏོགས་ཡིན་ཟེར་གྱི་མི་འདུག ཕར་ཕྱོགས་ཀྱིས་བརྗོད་འདུག་པ་དེ་ནི་བོད་འདི་ཀྲུང་གོའི་ཁོངས་གཏོགས་ཡིན་ཟེར་བ་དེ་རེད། མདོར་བསྡུས་ན་ང་ཚོས་རྒྱ་ནག་དང་ཀྲོང་གོ་ཟེར་བའི་ཁྱད་པར་ཧ་གོ་འདུག
ཤར་ཕྱོགས་ཀྱི་ཁུག་རྟས་ཡག་པོ་བྲིས་འདུག་བདེན་པ་རེད། འོན་ཀྱང་དྲྭ་གྲོགས་འགའ་རེའི་གྲིབ་ནག་འདྲེ་མཐོང་གནང་གི་འདུག ཡག་པོ་མ་རེད། གཙོ་བོ་རྩོམ་གྱི་ནང་དོན་ལ་གཞིགས་ནས་སྐད་ཆ་བཤད་པ་ཡིན་ན་ཐབས་ཅད་ལ་ཕན་སྲིད་ཀྱང་། མི་སྒེར་གྱི་རྩིབས་རུས་སྔོག་འདོན་མ་བྱས་ན་ལེགས།
མི་རིགས་ས་གནས་རང་སྐྱོང་གི་ཡིག་ཆ་དེ་བཙན་བྱོལ་བོད་གཞུང་ངོས་གྲོས་འཆར་དུ་ཕུལ་བ་ལས། བོད་མི་མངོན་འདོད་རེད་ཅེས་ཐག་གཅོད་བྱས་ན་འགྲིག་གི་མ་རེད། གང་ཡིན་ཟེར་ན་༧གོང་ས་མཆོག་གིས་མཐའ་མའི་ཐག་གཅོད་བོད་གཞིས་ལས་མི་རེད་ཅེས་ཡང་ཡང་གསུངས་ཡོད་པ་རེད།
ད་དུང་ཤར་ཕྱོགས་ཁུག་རྟས་གངས་སྐྱིད་དུ་དོན་མེད་བསྙོན་འཛུགས་བྱེད་བཞིན། བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མི་ཉན་པ་འདྲ་གསུངས་འདུག་ཀྱང་། བོད་བསྟན་པ་ཆབ་སྲིད་ཆེད་ལས་ཀ་བྱེད་མཁན་ཚོས་དེ་ལྟར་བྱེད་ཁག་པོ་རེད།
སྐུ་ངོ་མཆོག་གི་དགོངས་ཚུལ་ལ་སྐུ་ངོ་ཆུང་བ་ངས་ཀྱང་གཟིགས་པ་ཡིན།
དེ་དེ་བཞིན་ནོ།
ཧཧཧ ཀུ་རེ་ཡིན། བཀླགས་ཟིན།
གོང་འཁོད་ཀྱི་རྩོམ་པ་པོ་ཁུག་རྟ་ཁོང་ཞུ་རྒྱུ་འགའ་འདུག་དེ་ཁོང་ཡག་ཉེས་གང་ཡིན་ངེས་ཤེས་ཀྱིན་མེད།
ཤར་ཁུག་གི་སྐད་ཆ་འདི་སྣང་བ་འགྲོ་ས་མང་གི པན་ཆེན་བཅུ་བ་མཆོག་གིས་མི་ཚེ་གང་བོར་མཛད་དཀའ་བརྒྱ་ཕྲག་བྱས་པ་ཚང་མ་ཁྲིམས་མཐུན་གྱི་ཁེ་དབང་ཟེར་བ་འདིའི་ཆེད་རེད། ཁྲིམས་མཐུན་གྱི་ཁེ་དབང་ཟེར་བ་དེ་ཡང་ཁྲིམས་ཀྱི་ཚིག་རིས་བེད་སྤྱད་དེ་ཁེ་དབང་རྩོད་རྒྱུ་དེ་རེད། ཁེ་དབང་ཟེར་བ་དེ་ནི་མ་གཞི་ཁྲིམས་ཚིག་ཅིག་ཡིན་རེད། གོ་དོན་ངོ་མ་ནི་རྒྱ་གཞུང་གི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ཀྱི་ངོས་ན་སྙན་སྙན་མང་པོ་ཞིག་བཤད་ཚར་བ་རྣམས་ལ་རྗེས་འདེད་བྱ་རྒྱུ་དང་། ཁྲིམས་ཀྱི་སྲུང་སྐྱོབ་འཚོལ་ཐབས་ཀྱི་ལམ་ཁ་ཞིག་ལ་གོ་དགོས་པ་དེ་རེད།
ངས་ཉིན་ཤས་སྔོན་བོད་དོན་འཐབ་རྩོད་སྐོར་གྱི་བསམ་ཚུལ་ཞེས་པ་ཞིག་བྲིས་ཁུལ་བྱས་པའི་ནང་དུའང་གནས་ཚུལ་དེ་དག་གཞི་ལ་བཞག་ནས་བོད་ཀྱི་དངོས་ཡོད་སྤི་ཚོགས་ཀྱི་རྨང་གཞི་དང་སྲ་བརྟན། སྟོབས་ཤུགས་བཅས་དང་བསྟུན་པའི་སྒོ་ནས་རྒྱ་ནག་གི་ཁྲིམས་གཞི་ཁག་དམར་རྗེན་དུ་གཏོང་དགོས་པའི་སྐོར་ལ་བསམ་ཚུལ་ཞིག་སྤེལ་བ་ཡིན། འདིའི་ཕྱོགས་ནས་བོད་ཕྱི་ནང་བོད་མི་ཡོད་དོ་ཅོག་ལ་ངོས་ཟིན་གསལ་བོ་ཞིག་དགོས་ཀྱི་འདུག་ལ། ངོས་ཟིན་གསལ་བོ་ཡོང་ཆེད་རྩོམ་རིགས་ཀྱི་ངོས་ནས་དང་། རླུང་འཕྲིན་གྱི་ལམ་ནས། བརྙན་འཕྲིན་དང་ཚོགས་ཤོག་སོགས་ཀྱི་ངོས་ནས་གླེང་ཕྱོགས་ཤིག་བཟོ་དགོས་ཀྱི་འདུག་སྙམ།
གཞིས་ལུས་བོད་མི་ཚོ་ལ་ཤ་ཚ་སྙིང་རྗེ་དངོས་གནས་ཡོད་ན་ཤ་ཁུག་གི་གསུང་བ་ནང་བཞིན་རེད། ཡིན་ན་ངོ་ཚོས་མཐོང་གསལ་ལས་ཕྱིུ་ལོག་བོད་མི་མང་པོ་ཞིག་གི་ཁོ་ཚོའི་མངོན་མདོད་ལྟ་བུའི་ལས་ཀ་རེད་མ་གཏོག་གཞིས་ལུས་མི་མང་གི་ཆད་དུ་བསམས་ཞིབས་བྱས་ནས་ལས་ཀ་བྱས་ཡ་ཉུང་ཉུང་རེད།
རེད་ཡ་གྲོགས་པོ་ཚོ། བོད་པ་ཟེར་ཡག་དེ་ག་དུས་ཡིན་ནའང་བཤད་ནས་སྡོད་ཀྱིན་རེད། རུལ་སྦལ་གྱི་སྤུ་ཡི་གོས་དེ་གྱོན་ནས་རྫིག་ཉམས་སྟོན་བཞིན་ཡོད་རེད། ཨ་ཁ་དངོས་ནས་བོད་ནང་དུ་རང་ལུས་མེར་བསྲེགས་མཁན་ཚོ་སྙིང་རྗེ། ཁོ་རང་ཚོའི་བསམ་བློར་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོར་་་་ཧ་ཅང་གི་ཆ་གཞི་ཡག་པོ་དང་འཛམ་གླིང་རྒྱལ་ཁབ་མང་པོ་དཔུང་རོགས་སྦྲེལ་ནས་བོད་རང་བཙན་མགྱོགས་མྱུར་ལེན་ངེས་རེད་དྲན་གྱིན་ཡོད་རེད། དངོས་གནས་ཡིད་ཆེས་བྱེད་ཡག་མང་དྲག་ཤག །ད་ཆ་བཙན་བྱོལ་སྒྲིགས་འཛུགས་ལ་གལ་གནས་ཆེ་བའི་དམིགས་ཡུལ་རྩ་བ་ནས་ཡོད་མ་རེད། ཉི་མ་ཕུལ་ཐབས་རང་རེད། སོང་ཙང་། གངས་ལྗོངས་བོད་པ་ཚོ། དགོངས་པ་ཡག་པོ་བཞེས་དང་། མི་ལུས་རིན་ཆེན་གསེར་ལས་དཀོན། ཕྱི་མ་འགྲོ་ས་ག་པར་ཡིན་མིན་ནི་རང་ཉིད་ཀྱིས་བསགས་པའི་ལས་དབང་ཁོ་ནར་རག་ལས་པ་མ་གཏོགས་་་ང་བོད་པ་ཡིན་ཟེར་ས་རྩ་བ་ཉིད་ནས་མེད། །ཐུགས་རྗེ་གཟིགས། ང་ཡི་རེ་བར་ཁྱེད་རྣམ་ནས་དེ་འདྲའི་བློས་གཏོང་ཆེན་པོ་མ་གནང་རོགས། འདི་ཕྱི་གཉིས་ཀར་ཕན་པ་ནི་ཤིན་ཏུ་ཆུང་། ཐུགས་ཡིད་མ་ཆེས་ན་ནང་ཆོས་ཤེས་ངེས་ཚོར་བཀའ་འདྲི་གནང་དང་མཁྱེན་རེད།།