རེབ་གོང་བཀྲ་ཤིས།
བོད་གཞིས་བྱེས་གཉིས་སུ་གྱེས་པ་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་ང་གཅིག་འཁོར་སོང་། ༧གོང་ས་མཆོག་གིས་གཙོས་པའི་བྱེས་འཁོད་བོད་མི་རྣམས་བཙན་བྱོལ་བ་ཆགས་ནས་མི་ཚེ་ཧྲིལ་པོ་གཅིག་འདས་ཉེར་ཡོད། བཙན་བྱོལ་དུ་མི་ཚེ་གཅིག་གི་དུས་ཡུན་རིང་པོ་ཞིག་འདི་ལྟར་རྫོགས་འགྲོ་བསམ་པ་བོད་མི་སུ་ཞིག་གི་བསམ་བློའི་ནང་དྲན་དཀའ་བ་ལྟ་བུ་ཡིན། འོན་ཀྱང་བཙན་བྱོལ་བོད་གཞུང་མང་གཉིས་ཀྱི་སྣང་བ་ད་དུང་ཡང་དག་ནས་བསྡད་ཡོད། ཁོ་ཚོའི་སྣང་བ་དག་སྟངས་ནི་དེ་སྔོན་རྒྱ་གར་དབྱིན་ཇིའི་དབང་སྒྱུར་འོག་ནས་བསྡད་པའི་དུས་ཡུན་ལས་བོད་རྒྱ་ནག་འོག་ནས་བསྡད་པའི་དུས་ཡུན་དེ་ཧ་ཅང་ཐུང་ཐུང་རེད་ཅེས་དང་། ཡང་ན་མི་རིགས་ཤིག་གི་རང་དབང་འཐབ་རྩོད་དེ་ལས་སླ་བོ་ཞིག་གཏན་ནས་མིན་ཚུལ་བརྗོད་ཀྱིན་ཡོད་པ་འདི་རིགས་ཡིན། དེ་ནི་རང་རེའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་སྒྱིད་ངན་དྲན་འཕྲུལ་དང་འབྲེལ་ཐག་ཉེ་བའི་ཟུར་ཞིག་རེད།
ལྟོས་ས་ལྟོས་འཇོག་གིས་བཤད་ན་དེར་དྲང་བདེན་གྱི་ཆ་ཡོད་ངེས་ན་ཡང་། དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱེད་སྟངས་དང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྟངས་གཉིས་བར་བཙན་འཛུལ་ཞེས་པའི་ཚིག་རིས་ཙམ་འདྲ་མཚུངས་ཡོད་པ་ལས། གཞན་སོ་སོར་བཙན་འཛུལ་བྱེད་མཁན་གྱི་དམིགས་ཡུལ་དང་། བྱ་སྤྱོད། འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐད་ནས་ར་ལུག་མཉམ་བསྲེས་དང་། སྤྱང་ལུག་མཉམ་བསྲེས་ལྟ་བུའི་ཧེ་བག་ཆེན་པོ་ཡོད། གཞིས་སྡོད་བོད་མི་ཚོས་རྒྱ་འོག་ནས་གཉའ་གནོན་མྱངས་ཚུལ་ནི་ཇི་འདྲའི་བཟོད་དཀའ་ཞིང་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཨང་། གནས་ཚུལ་དེ་དང་འབྲེལ་ནས་༧གོང་ས་མཆོག་གིས་གཙོས་པའི་བོད་མི་མང་པོ་ཞིག་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད།
དེ་ཡང་བོད་མི་རིགས་ཀྱི་རང་དབང་བརྩོན་ལེན་དང་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་དུ་ཕ་ཡུལ་བོད་དང་གྱེས་ཕྱག་ཕུལ་ནས་ཡོང་ཡོད། དུས་སྐབས་དེར་༧གོང་ས་མཆོག་སྐུ་ན་གཞོན་གཞོན་ཡིན་ལ། ཁོང་གིས་༼རང་ཅག་རྗེ་འབངས་ཚང་མ་རང་རང་སོ་སོའི་སྲོག་མགོ་ཐོན་ཐབས་ཙམ་གྱི་ཆེད་དུ་རྒྱ་གར་ཕྱོགས་སུ་ཡོང་བ་ཞིག་རྩ་བ་ནས་མིན། ཕྱིན་ཆད་བོད་རང་དབང་རང་བཙན་གཙང་མ་ཞིག་ཡོང་རྒྱུའི་ཐབས་ཤེས་བྱ་བར་ཡོང་བ་ཡིན་༽ཚུལ་ལས་ཀྱི་སྣེ་མོར་གཏོགས་པ་ཚང་མར་གཟབ་ནན་གྱིས་གསུངས་ཡོད།
ད་ལྟའི་ཆར་༧གོང་ས་མཆོག་དགུང་གྲངས་བདུན་ཅུ་དོན་ལྔ་ལ་ཕེབས་ཚར་ཡོད་ཅིང་། ཁོང་བྲོས་བྱོལ་དུ་ཕེབས་སྐབས་ཀྱི་སྐུ་འཁོར་དང་གཞུང་འབྲེལ་མི་སྣ་ཕལ་ཆེ་བ་རིམ་བཞིན་རྫོགས་ཚར་ཡོད། བོད་མི་ཚོས་ཁོང་ལ་ལྷ་མི་གང་ཞིག་གི་འདུ་ཤེས་བཟུང་ཡང་སྔ་རྗེས་ཀྱི་ཁྱད་ཙམ་མ་གཏོགས། རྐྱེན་གང་གིས་ཀྱང་བཟློག་ཐབས་མེད་པའི་སྐྱེ་རྒ་ན་འཆིའི་ལམ་འཕྲང་དེར་ཁོང་གིས་ཀྱང་ངེས་པར་བརྒྱུད་དགོས་པ་ནི་སྨོས་མི་དགོས་པ་ཞིག་ཡིན། ༧གོང་ས་མཆོག་གིས་སྐུ་ན་གཞོན་དུས་ནས་ད་ལྟ་བར་དུ་བོད་ཀྱི་སྤྱི་དོན་ཐད་གནང་བའི་ཕྱག་ལས་ཀྱི་ཆ་ནས་ཞུས་ན། བོད་ལ་ཁོང་ཉིད་མ་གཏོགས་མི་གཞན་གཏན་ནས་མེད་པ་ལྟ་བུའི་ཚོད་དུ་ཡོད།
ཁོང་གིས་ཀྱང་༼ངས་འུར་ཤོབ་བཤད་པ་མིན། བོད་སྤྱི་བའི་དོན་ལ་སུ་དྲིན་ཆེ་ཟེར་ན། རྒྱལ་བ་རིན་པོ་ཆེ་དྲིན་ཆེ་ནས་བསྡད་ཡོད་པ་མ་གཏོགས། སུ་གཅིག་གིས་ལམ་འཕང་བཅད་པ་མེད། ང་རང་གི་ངོས་ནས་ཀྱང་བྱས་ཡུད་ཤོད་ཡག་མེད། སོ་སོའི་ལས་དང་སྨོན་ལམ་གྱིས་བསྐོས་པ་ཞིག་ཡིན་པ་རེད། ད་ལྟ་བར་དུ་ཧུར་ཐག་བྱས་ཡོད་ལ། མ་འོངས་པར་ཡང་བོད་སྤྱིའི་དོན་ལ་ཧུར་ཐག་བྱ་བསམ་པ་ཞིག་ཡོད་པ་མ་གཏོགས། ཕྱོགས་ལྷུང་ཀྱོག་ཀྱོག་བྱ་བསམ་པ་རྩ་བ་ནས་མེད་༽པའི་བདེན་གཏམ་དྲོན་མོ་གནང་ཡོད་པ་ལྟར་ཡིན།
འདས་ཟིན་པའི་མི་ལོ་ལྔ་བཅུའི་དུས་ཡུན་ནང་གཞུང་འབྲེལ་གྱི་མཐོ་རིམ་ཅན་དང་། སྤྱི་འཐུས། གཞུང་ཞབས་པ། ཆབ་སྲིད་བཙོན་པ་སོགས་འདུས་པའི་མི་སྣ་མང་པོ་ཞིག་བོད་ལ་ལྟ་སྐོར་དང་། གཉེན་འཕྲད། སྒེར་དོན་ཅི་རིགས་ཆེད་བསྐྱོད་ཐུབ་ཡོད་ཅིང་། དེ་ཡང་མང་ཆེ་བས་རྒྱ་ནག་གི་འབངས་མིའི་ངོས་ནས་བོད་དུ་ཡང་ཡང་འགྲོ་ཐབས་སྤྱད་དང་སྤྱོད་མུར་ཡོད། དེ་ལྟ་ན་ཡང་ཆབ་སྲིད་སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་གི་ངོས་ནས་བོད་མི་མང་གི་གཞི་རྩའི་མངོན་འདོད་ཆེ་ཁག་རྣམས་ད་དུང་བསྒྲུབས་ཐུབ་མེད། དེ་ནི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་གོ་སྐབས་རྣམས་སྐབས་ཐོག་སྐབས་ཐོག་ལ་དམ་འཛིན་མ་བྱས་པ་དང་། སྤྱི་པའི་ལས་དོན་གང་ཅིར་སྤྱི་ཟོམ་མཛེས་ཟོལ་དང་སྒྱིད་ལུག་ཆེ་དྲགས་པ། ལག་ལེན་ལས་ཁ་བཤད་ཧ་ཅང་མང་བ། ཆབ་སྲིད་བསམ་བློའི་གོ་རྟོགས་དམའ་བ། སོ་སོའི་རྐུབ་སྟེགས་ཀྱི་ཁེ་ཉེན་ལས་མང་ཚོགས་ཀྱི་བདེ་སྡུག་མི་སེམས་པ། བསམ་བློ་གུ་ཡངས་དང་རྒྱ་ཆེན་པོ་མེད་པ་སོགས་ཀྱི་ཉེས་སྐྱོན་དང་ཆེས་ཆེར་འབྲེལ་ཡོད། བྱས་ཉེས་དེའི་དབང་གིས་བཙན་བྱོལ་གྱི་མི་ལོ་ཧྲིལ་པོ་ལྔ་བཅུ་ལྷག་གི་ནང་བོད་རང་བཙན་ལྟ་ཞོག གཞན་གྱི་མངའ་ཁོངས་སུ་འགྲོ་བའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་ཙམ་ཡང་ལོན་ཐུབ་མེད་ཅིང་། ཐ་ན་སོ་སོའི་འཚོ་རྟེན་གྱི་གནས་གཞི་བཙན་བྱོལ་བོད་གཞུང་དེ་ཉིད་རྒྱལ་ཁབ་སུ་གཅིག་གིས་ངོས་ལེན་ཡོད་པ་ཞིག་ཏུའང་བསྒྱུར་ཐུབ་མེད།
འདི་ནི་རང་ཡུལ་གཞན་གྱིས་བཙན་འཕྲོག་བྱས་པའི་མི་རིགས་ཤིག་གི་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་དངོས་ཡིན་ལ། འདི་ནི་ཁ་འཐོར་དགུ་འཐོར་དུ་གྱེས་པའི་གྲངས་ཉུང་མི་རིགས་ཤིག་གི་ད་ལྟའི་གདོང་རིས་ངོ་མ་དེ་རེད། ད་དུང་འདི་ནི་རང་མི་འཆི་ལམ་དུ་འགྲོ་ཉེན་ལས་འགོག་སྲུང་མི་བྱེད་པའི་རང་རིགས་ལས་སྣེ་ཚོའི་མཛད་རྗེས་རེད་ཅིང་། ཆོས་ཀྱི་བག་ཆགས་མཐུག་དྲགས་པའི་བོད་རིགས་ཚོའི་ཐུན་མོང་གི་ལས་དབང་ཡང་རེད། ད་ལྟའི་ཆར་ལྷ་ས་རྒྱ་སར་བསྒྱུར་ཚར་འདུག་པས་མ་ཚད། རྡ་ས་ཡང་རྒྱ་སར་འགྱུར་མགོ་ཚུགས་འདུག་པ་ལྟར་སྣང་།
དེས་ན་མགོ་བཀའ་ཤག་དང་སྤྱི་འཐུས་ཀྱིས་གཙོས་པའི་ལས་ཀྱི་སྣེ་མོར་གཏོགས་པ་ཚོ། བོད་ཀྱི་སྤྱི་ནོར་༧གོང་ས་མཆོག་གི་སྐུའི་དགུང་བབ་ལ་མིག་ཧྲིག་གེར་ལྟོས་དང་། བཙན་བྱོལ་ནང་ཁུལ་གྱི་ལས་དོན་ཆུང་ཅག་རིགས་རྐྱང་རྐྱང་ལ་མགོ་འཐོམ་ནས་སྡོད་ལོང་འདུག་གམ། དེ་བས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐབས་གཙོ་འདོན་གནང་རོགས། ཉིན་མཚན་ཀུན་ཏུ་ཁོང་ལ་མཇལ་འདོད་ཀྱི་རེ་གདུང་དྲག་པོས་མནར་བཞིན་པའི་གཞིས་ལུས་བོད་མི་ཚོར་སྐུ་དྲིན་དེ་ལས་ཆེ་བ་མེད། ༧གོང་ས་མཆོག་གི་ཕ་ཡུལ་ཡང་བོད་རེད།
ལས་ཀྱི་སྣེ་མོར་གཏོགས་པ་ཚོ། ཆོས་གཞུང་ནས་བཞེད་སྲོལ་ལྟར་གྱི་ཆོས་ལྡན་བོད་ཡུལ་ལ་གཟིགས་དང་། བོད་ཀྱི་ལྷ་སྐལ་ནི་སྤྱན་རས་གཟིགས་སུ་གྲགས་པ་དང་། སྤྱན་རས་གཟིགས་ཀྱི་གདུལ་ཞིང་དངོས་ནི་བོད་ཡིན་པ་ལས་ཡུལ་ལུང་གཞན་ཅི་ཡང་མིན་སྟབས། སྤྱན་རས་གཟིགས་ཀྱི་གདུལ་བྱ་རྣམས་ལ་རང་གི་ལྷ་སྐལ་དངོས་ཀྱི་གསེར་ཞལ་མཇལ་ཐབས་གཙོ་འདོན་གནང་རོགས། སྤྱན་རས་གཟིགས་ཀྱི་གདུལ་བྱ་རྣམས་ལ་དགོས་པ་ངོ་མ་དེ་ག་རང་ཡིན་ལ། སྤྱན་རས་གཟིགས་ཀྱི་སྐྱེ་བ་བཞེས་སའང་བོད་རེད།
ལས་ཀྱི་སྣེ་མོར་གཏོགས་པ་ཚོ། ད་ལྟའི་བོད་ཀྱི་གནས་བབ་ལ་ཧྲིལ་གྱིས་གཞིགས་དང་། ཡིད་བཞིན་ནོར་བུ་ནི་བོད་ཀྱི་ཕན་བདེ་ཀུན་འབྱུང་གི་གཞི་རྟེན་ཡིན་པས། ཕྱི་ཡུལ་དུ་ཚོང་རྫས་སུ་སྤྱོད་ཀྱིན་ཡོད་པའི་ཡིད་བཞིན་ནོར་བུ་མཆོག དོན་གྱི་བདག་པོ་གཞིས་སྡོད་བོད་མིའི་ལག་པར་ཕྱིར་འཕྲོད་ཐབས་གཙོ་འདོན་གནང་རོགས། དབུལ་ཕོངས་ཀྱི་སྡུག་བསྔལ་ཆེན་པོ་མྱོང་བཞིན་པའི་བོད་མིར་བསམ་འཕེལ་དབང་རྒྱལ་གྱི་ནོར་བུ་གཅིག་ཡོད་པ་ནི་དེ་ག་རང་ཡིན་ཞིང་། ཡིད་བཞིན་ནོར་བུའི་འབྱུང་ཁུངས་ཀྱང་བོད་རེད།
ལས་ཀྱི་སྣེ་མོར་གཏོགས་པ་ཚོ། ༧གོང་ས་མཆོག་ལ་དད་སེམས་ཟབ་མོ་ཞིག་དངོས་འབྲེལ་ཡོད་ན། ལག་ལེན་མེད་པའི་སྟོང་གཏམ་རྗིག་པོ་རྐྱང་རྐྱང་བསྒྲགས་ནས་མི་འདུག་པར། རྣག་ཐོག་གཙག་འཁེལ་ལྟར་གྱི་གནད་དོན་རིགས་ལ་ཞིབ་དཔྱོད་བྱེད་བཞིན་༧གོང་ས་མཆོག་བོད་དུ་ཕེབས་ཐབས་གཙོ་འདོན་གནང་རོགས། ང་ཚོ་ལ་དགོས་ངེས་ཀྱི་ཆིག་སྒྲིལ་དང་། བདེན་སྟོབས། མཐུན་འགྱུར་སོགས་དེ་ནས་རང་བཞིན་གྱིས་འབྱུང་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོམ་སོ་འཁྱེར་ཆོག་པའི་གཟིགས་མོའང་དེ་ནས་འབྱུང་བ་ཡིན།
ལས་ཀྱི་སྣེ་མོར་གཏོགས་པ་ཚོ། ཕ་ཡུལ་བོད་ལ་དགའ་ཞེན་བཅོས་མིན་ཞིག་ཡོད་ན། གོ་སྐབས་དང་གོ་སྐབས་བཙལ་ནས། ཐབས་ལམ་དང་ཐབས་ལམ་བཙལ་ནས། བོད་རིགས་སྤུན་ཟླ་ཚོའི་དཔྲལ་བའི་མིག་དང་ཁོང་བའི་སྙིང་གཅིག་པུ་༧གོང་ས་མཆོག་བོད་དུ་ཕེབས་ཐབས་གཙོ་འདོན་གནང་རོགས། བོད་རིགས་སྤུན་ཟླ་ཚོའི་སྲོག་ཤུགས་དེ་ནས་རྒྱས་ཤིང་། གསོན་ཉམས་དེ་ནས་དོད་ཐུབ།
ད་དུང་། གངས་རིའི་བཀྲག་མདངས་དེ་ནས་བཀྲ་ཞིང་། གངས་རིའི་གཟི་བརྗིད་དེ་ནས་ཚོར་ཡོང་།
ད་དུང་། བདག་མེད་ཁང་སྟོང་དུ་ལུས་པའི་པོ་ཏཱ་ལའི་གཟི་དྲོད་དེ་ནས་འཕེལ་ལ། ༧གོང་ས་མཆོག་གི་བཞུགས་གནས་དངོས་ཀྱང་ཕོ་བྲང་པོ་ཏཱ་ལ་ལས་གཞན་ཅི་ཡང་མིན།
ད་དུང་་་་་་་
ཉེ་ལམ་བཀླགས་པའི་རྩོམ་ཡིག་ཁ་ཤས་ནང་ནས་ཆོ་མེད་ཤོས་ཤིག་འདི་ཡིན།
དུས་ཚོད་འཕྲོ་བརླག་རང་རེད།
Hi Rekong Tashi, how are you? no see long time. i am gendun gyaltsen from
germany.can you give me your mail addres?
good byyyyyyyy
རེབ་གོང་བཀྲ་ཤིས་ལགས་ཀྱིས་བསམ་ཚུལ་ཡག་པོ་ཞིག་བྲིས་འདུག ཡིན་ནའང་ཁང་གསར་རྡོ་རྗེ་ལགས་ཀྱི་མིག་ལ་ལིང་ཏོག་གིས་སྒྲིབ་པ་མིན་ན། ས་མཐར་འཁྱར་བའི་གངས་རིའི་གསེང་ནས་ལྟེ་ཁྲག་འཕོས་པའི་ན་གཞོན་ཞིག་གིས་རང་གི་ཕ་ཡུལ་དྲན་པ་དང་དེའི་རང་གི་ཕ་ཡུལ་གྱི་སྣོད་དང་བཅུད་ལ་འོས་འགན་འཁུར་སྟངས་འདི་ཤིན་ཏུ་ནས་འོས་ཤིང་འཚམ་པ་ཞིག་ཏུ་མཐོང་སོང་།
ཁང་རྡོར་ནས་རྩོམ་ཡིག་འདི་ལ་ཆོ་མེད་སྟངས་དེ་མ་བཤད་ན་ཆོ་མེད་པ་ཁོ་རང་རེད།
ང་ནི་དབུས་པ་ཁམས་པའི་གཤིས་ཀ་ཅན་ཞིག་ཡིན། ཁ་རི་ཁ་ཐུག་མ་གཏོགས་བཤད་མི་ཤེས། འདི་ལ་ཆོ་ག་རེ་འདུག དངོས་ཡོད་ཀྱི་གནས་ཚུལ་བརྒྱ་ཆ་ ༥ ཙམ་ཡང་མགོ་མ་ཚོས་པའི་སྐད་ཆ་བཤད་འདུག མདོར་ན་༸གོང་ས་མཆོག་ལ་དད་པ་ཡོད། གཞན་དག་ཆོ་མེད་རེད་མདོག་མདོག་བཤད་མཁན་གྲས་རེད་འདུག ཆོ་མེད་པའི་རྒྱུ་མཚན་འདི་མ་གཏོགས་བཤད་ཀྱི་མིན།
རྩོམ་ཡིག་འདི་བཀླག་མེད། ཡིན་ནའང་ཁང་གསར་ལགས་ལ་རྒྱབ་སྐྱོར་གཙང་མ་ཞུས་པ་ཡིན། གང་ལྟར་བོད་མི་ཚོར་དུས་དང་རྣམ་པ་ཀུན་ཏུ་བཤད་རྒྱུ་ཞི་ཡོད་པ་ནི་སྐུ་མདུན་ལ་དད་པ་དང་དམ་ཚིག་གཙང་མ་ཡོད་ཟེར་བ་འདི་ཙམ་རེད། བོད་ཡིག་དྲ་ངོས་ཀྱི་རྩོམ་ཡིག་དག་ཀློག་གིན་ཀློག་གིན་ཐང་ཆད་ནས་ཤི་འགྲོ་གི་འདུག ད་ཡང་སྔོན་མ་ནང་བཞིན་ཁུ་སིམ་མར་བསྡད་ན་ཡག་ས་རེད།
ཁང་གསར་རྡོ་རྗེ་ནས་དངོས་ཡོད་ཀྱི་བརྒྱ་ཆ་༥ཙམ་ཡང་མགོ་མ་ཚོས་བའི་སྐད་ཆ་བཤད་འདུག་ལབ་ནས་རྩོམ་དེ་ཆོ་མེད་ཀྱི་ཁོངས་སུ་བཞག་པ་དང་གསར་བརྗེ་སྐྱབས་ལགས་ནས་རྩོམ་མ་བྐླགས་པར་ཁང་གསར་ལ་རྒྱབ་སྐྱོར་ཞུས་བ་ཡིན་ཟེར། ངེད་ཀྱི་རེ་བ་ནི། ཁང་གསར་ལགས་ནས། དངོས་ཡོད་གནས་ཚུལ་གྱི་བརྒྱ་ཆ་ལྷག་མ་༩༥དེ་ངོ་སྤྲོད་ཅིག་གནང་རོགས།
གསར་བརྗེ་སྐྱབས་ལགས་ནས་རྩོམ་ཡིག་མ་བྐླགས་པར་རྒྱབ་སྐྱོར་ཞུ་སྟངས་འདི་ཁ་གསལ་ཞིག་བརྗོད་རོགས། རྩོམ་འདི་བྐླགས་རྗེས། ངེད་རང་སྒེར་ལ་ཡང་བསམ་ཚུལ་འགའ་བྱུང་། འཛིན་གྲ་གྲོལ་ན་བསམ་ཚུལ་རྣམས་ཁྱེད་ཚོའི་མདུན་ལ་འཇོག་གི་ཡིན།
རིག་འབྱུང་ལགས། དང་པོ་སྐུ་ཉིད་ཀྱི་དགོངས་ཚུལ་གསུང་རོགས། དེ་ནས་ངས་ཀྱང་བསམ་ཚུལ་འགའ་འདོན་པར་བརྩོན་པ་བསྟེན་ཆོག
འདི་ནས་གསལ་བཤད་གཅིག་བྱེད་འདོད་ཡོད། རྩོམ་ཡིག་གང་ཡིན་ཡང་རེ་རེ་བཞིན་ཀློག་དགོས་པའི་ངེས་པ་མི་འདུག་སྙམ། ད་བར་དུ་རང་ཉིད་དེབ་དང་རྩོམ་ཡིག་ཀློག་མཁན་དང་། སྨྱུ་གུ་འཛིན་མཁན་ཞིག་ཡིན་པའི་ཆ་ནས་རྩོམ་ཡིག་རེ་འགའ་འབྲི་མཁན་གྱི་མ་བྲིས་པའི་སྔོན་ནས་བཀླགས་ཚར་པའི་ངེས་ཤེས་སྔོན་ནས་བརྙེད་ཡོད། གོང་གི་རྩོམ་ཡིག་འདིའང་དེའི་ཁུངས་སུ་འདུས་ཡོད། དེ་རིང་འདི་ཙམ་ཡིན།
རིག་འབྱུང་ལགས་ཀྱི་དགོངས་ཚུལ་ལ་བསྒུགས་ནས་དུས་ཚོད་གང་འཚམ་འགོར་སོང་། དུས་ཚོད་ཀྱི་དབང་གིས་ད་ནི་ཉལ་དགོས་འཁེལ་སོང་། སང་ཉིན་དྲ་ཐོག་ཏུ་ཡོང་སྐབས་ཁོང་གི་དགོངས་ཚུལ་རྣམས་མིག་མདུན་ཡོད་བའི་རེ་བ་ཆེ། སློབ་གྲྭར་འགྲོ་དགོས་བྱུང་བར་ཐུགས་ཁག་མི་འདུག མ་གཞི་ང་ཡང་དེ་འདྲའི་དུས་ཚོད་འབེལ་པོ་ཡོད་མཁན་ཞིག་མིན། ཡིན་ཡང་ཁ་སང་དེ་རིང་སློབ་ཚན་མེད་པས་ཁོམ་ནས་བསྡད་ཡོད། སང་ཉིན་ཐུག་ཡོང་། གཟིམ་འཇགས་གནང་རོགས།
དགོངས་དག། ངེད་ཀྱིས་ལས་ཀ་གཞན་འགའ་མ་ཚར་ནས་ཡོད།དོ་དགོང་ངེད་ཀྱི་བསམ་ཚུལ་དག་བཞག་ཆོག སང་ཉིན། ཁྱེད་ཀྱི་བསམ་ཚུལ་རྣམས་ལ་ཉན་གི་ཡིན།
ཁྱེད་ཀྱི་གཉིད་བདེ་བར་ཤོག
ད་ངེད་ཀྱི་བསམ་ཚུལ་རྣམས་ཞུ་གི་ཡིན།
གོང་དུ་གསར་བརྗེ་སྐྱབས་ལགས་ནས་རྩོམ་ཡིག་རེ་འགའ་འབྲི་མཁན་གྱིས་མ་བྲིས་སྔོན་ནས་བྐླགས་ཚར་བའི་ངེས་ཤེས་རྙེད་ཡོད་གསུངས་འདུག
ཡ་མཚན། གཅིག་བྱས་ན། ངེད་ཀྱིས་བསམ་ཚུལ་འདི་མ་བཏོན་སྔོན་ནས་ཁྱེད་ཀྱིས་ངེས་ཤེས་རྙེད་ཡོད་སྲིད། ཨ་ལ་། ཀུ་རེ་ཡིན། དེ་ལ་ཁྱད་མི་འདུག
དང་པོ།
ངེད་ཀྱིས་འདི་འདྲ་བསམ། ༧གོང་ས་མཆོག་སྐུ་ཞིང་ལ་ཕེབས་པའི་ཉིན་ནས་བོད་དོན་འདི་ཡང་རྫོགས་འགྲོ་བ་དེ་འདྲ་མ་རེད། ༧གོང་ས་མཆོག་བོད་རྒྱུའི་གནད་དོན་གྱི་ལྡེ་མིག་ཡིན་པ་བདེན་ཏུ་ཆུག་ཀྱང་། ༧གོང་ས་མཆོག་མེད་ཉིན་ནས་བོད་ཀྱི་གནད་དོན་ཡང་མེད་འགྲོ་གི་མ་རེད། རྒྱུ་མཚན། བོད་ཀྱི་གནད་དོན་འདི་མདོར་བསྡུས་ནས་བརྗོད་ན། དཀའ་ངལ་ཞིག་རེད། མི་རིགས་ཤིག་གི་དཀའ་ངལ་རེད། དེར་བརྟེན། འཐབ་རྩོད་ཀྱི་སྣེ་འཁྲིད་མཁན་མེད་ཉིན་ནས་མི་རིགས་ཀྱི་གནད་དོན་དེ་གཏན་བརླགས་འགྲོ་གི་རེད་དམ་ཞེ་ན། འགྲོ་གི་མ་རེད། སྣེ་འཁྲིད་མཁན་མེད་རུང་དཀའ་ངལ་དེ་སྔར་བཞིན་ལྷག་ཡོད་སྟབས་། འཐབ་རྩོད་དེ་ཡང་མུ་མཐུད་དུ་གནས་གི་རེད། དེ་གཅིག་ཡིན།
གཉིས་པ།
༧གོང་ས་མཆོག་བོད་དུ་ཕེབས་ཐབས་གནད་དགོས་བའི་བསམ་ཚུལ་འདི་རྒྱལ་ལོ་དོན་གྲུབ་ལ་སྔ་མོ་ཤུགས་ཆེན་འདུག ཁོང་ལ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་མ་ཐུབ་རུང་རྒྱ་ནག་ལ་གནས་མཇལ་ལྟ་བུ་ཞིག་ཡིན་རུང་འགྲོ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོད་པའི་དགོངས་ཚུལ་འདུག ༧གོང་ས་མཆོག་ནས་ཀྱང་རྒྱ་ནག་རི་བོའི་རྩེ་ལྔ་ལྟ་བུར་གནས་མཇལ་ལ་འགྲོ་རྒྱུའི་འདོད་པ་ཡོད་ཚུལ་གསར་འགོད་བརྒྱུད་ལམ་ཁག་འགར་གསུངས་མྱོང་ཡོད་པ་རེད། ད་ང་ཚོས་བསམ་བློ་ཞིག་གཏོང་། ༧གོང་ས་མཆོག་གི་སྐུ་ཚེའི་རིང་ལ་བོད་མི་རྣམས་བྱེས་སུ་གྱར་དགོས་བྱུང་བ་རེད། བོད་གཞིས་བྱེས་གཉིས་ཆགས་པ་རེད། བོད་དོན་འཐབ་རྩོད་ཟེར་བ་ཞིག་ཀྱང་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་སླེབས་པ་རེད། བོད་དོན་འཐབ་རྩོད་དེ་ཡང་བོད་མིའི་དཀའ་ངལ་དེ་སེལ་བའི་ཆེད་དུ་རེད། དཀའ་ངལ་དེ་སེལ་ཆེད། ཁོང་ནས་དགོངས་ཚུལ་མང་པོ་བཏོན་པ་རེད། མཐའ་མའི་འབབ་ས་དེ་དབུ་མའི་ལམ་ཟེར་བ་འདིའི་སྒང་ལ་ལྷུང་བ་རེད།
ངེད་ཀྱིས་འདི་འདྲ་བསམ། ཁོང་གི་སྐུ་ཚེའི་རིང་ལ་ཁོང་གིས་བཏོན་གནང་བའི་ཐབས་ལམ་འདིར་གྲུབ་འབྲས་ཤིག་སོན་དགོས་རྒྱུ་གལ་ཆེར་མཐོང་། ཁོང་གིས་བཏོན་གནང་བའི་ཐབས་ལམ་འདིར་གྲུབ་འབྲས་མ་སོན་རུང་ཁོང་རྒྱ་ནག་དང་བོད་གང་རུང་ལ་ཕེབས་ཐུབ་པ་གནང་དགོས་རྒྱུ་དེ་ཡང་གལ་ཆེར་མཐོང་། ཁོང་གིས་བཏོན་པའི་ཐབས་ལམ་ལ་གྲུབ་འབྲས་ཡང་མ་སོན། ཁོང་རྒྱ་ནག་དང་བོད་གང་རུང་ལ་ཡང་ཕེབས་མ་ཐུབ་པར་སྐུ་གཤེགས་པ་ཡིན་ན། འདི་ལ་བསམ་བློ་གཏོང་གཞི་ཞིག་འདུག་དྲན།
གསུམ།
ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་༧གོང་ས་མཆོག་བོད་དང་རྒྱ་ནག་གང་རུང་ལ་ཕེབས་ཐུབ་གཙོ་འདོན་གནང་རྒྱུ་གལ་ཆེར་མཐོང་། འོན་ཀྱང་། ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་ཕྱག་ལས་འདི་འདྲ་རྩོམ་ཐུབ་ཀྱི་ཡོད་མེད་ལ་ངེད་རང་སྒེར་ངོས་ནས་དོགས་པ་ཡོད།
ད་ལྟའི་ལས་ཀྱི་སྣེ་མོར་གཏོགས་མཁན་ཕལ་ཆེ་ནི། ༧གོང་ས་མཆོག་གི་དགོངས་གཞི་མི་མཁྱེན་མཁན། འཛིན་སྐྱོང་གི་སྒྲོམ་གཞི་ལ་རྒྱུས་མངའ་མེད་མཁན། ཐ་ན། སྤྱི་དོན་དང་སྒེར་དོན་གྱི་དབྱེ་བ་ཡང་མི་ཤེས་མཁན་ཆགས་འདུག བཀའ་བློན་ཁྲི་བས་སྐད་ཆ་འདི་དག་སྙིང་གི་ཨུ་ཁུང་ལས་ཐོན་པའི་མཆི་མ་ཡིན་ཟེར་དོན་ཡང་འདི་ལ་ཐུག་འདུག
བཞི།
ངེད་རང་བོད་མི་སྒེར་བ་ཞིག་ཡིན་པའི་ངོས་ནས་བསམ་བློ་བཏང་། ད་ལྟའི་སྐབས་སུ། སྤྱི་འཐུས་ཟེར་བའི་སྤྱི་བའི་འཐུས་མི་འདི་ཚོ་སྤྱི་བའི་རྡོག་ཕྲེས་དང་དཀའ་ངལ་ཆགས་འདུག
གཞུང་གི་ལས་དོན་ཁག་ལ་དཀའ་ངལ་སྤྲོད་མཁན་ཡང་འདི་ཚོ་ཆགས་འདུག བཀའ་ཁྲིའི་ཉིན་རེའི་དུས་ཚོད་འཕྲོ་བརླག་ལ་གཏོང་མཁན་ཡང་འདི་ཚོ་ཆགས་འདུག
མི་མང་མགོ་འཐོམས་མེར་བཟོ་མཁན་ཡང་འདི་ཚོ་ཆགས་འདུག འདི་ཚོ་ངེད་ཀྱི་རྨོངས་འཆར་ཡིན། གོ་རིམ་མེད་པའི་རྨོངས་འཆར་ཡིན། མགོ་སྔ་མེད་པའི་བསམ་ཚུལ་ཡིན།
གཞན། རྩོམ་འབྲི་བས་༧གོང་ས་མཆོག་བོད་དུ་ཕེབས་ཐབས་གཙོ་འདོན་གནང་དགོས་ཟེར་བ་དང་དེའི་ཆེད་དུ་ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་ཤུགས་རྒྱག་དགོས་ཟེར་དོན་ལ་ཡང་རྒྱུ་མཚན་འདུག་དྲན། གྲོས་ཚོགས་ཟེར་བ་ཞིག་ཚོགས་ནས་སྔོན་རྩིས་འདྲ་ཞིག་གཏན་འབེབས་བྱས་ནས་འདུག་པ་ལས་༧གོང་ས་མཆོག་བོད་ལ་ཕེབས་ཐབས་དང་བོད་ནང་གི་བོད་རྒྱ་ཆེའི་མི་མང་གི་མངོན་འདོད་གཙོར་འཇོག་གིས་ཕྱག་ལས་གནང་ཐབས་ལ་འབད་པ་བྱས་ན་དགའ། སྔོན་རྩིས་གཏན་འབེབས་ལབ་ནས་། ཁ་མང་པོ་བརྡར་ན་འདྲ་མ་བརྡར་ན་འདྲ། གྲོས་ཆོད་མང་པོ་བཞག་ན་འདྲ་མ་བཞག་ན་འདྲ། ཡོང་ས་གཙོ་བོ་ནི་༧གོང་ས་མཆོག་གི་སྐུ་སྒེར་རེད། གནས་སྐབས་ལ་དེ་ཙམ་ཡིན།
ད་དུང་གཅིག་བཤད་ཀྱི་ཡིན། དེ་རིང་ཕྱི་དྲོར་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལ་འཁྱུག་ཙམ་བལྟས་བ་ཡིན།
དེ་རིང་གདན་ཞུས་སྐུ་མགྲོན་གཅིག་དབུས་གཙང་སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་ལགས་རེད་འདུག
ཁོང་གིས། དྲི་ལན་དང་པོ་དེའི་ཁོངས་སུ། ང་ཚོའི་གཞུང་གི་སྐུ་ཚབ་ཀྱི་ངོས་ནས་བོད་རྒྱའི་འབྲེལ་མོལ་ཟེར་བཞིན་སྐད་ཆ་ནར་འགོ་ཚུགས་སོང་།
བགྲོ་གླེང་ལ་ཉན་འདོད་ཀྱི་ཡི་ག་དེ་གཏིང་ནས་ཆད་སོང་། ད་ཕན་བཙན་བྱོལ་བོད་གཞུང་གི་ཡིག་ཆ་ཁག་གི་ནང་ན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟེར་བ་མ་གཏོགས་ང་ཚོའི་གཞུང་གི་སྐུ་ཚབ་ཟེར་བའི་ཐ་སྙད་དེ་བེད་སྤྱོད་བཏང་མི་འདུག འདི་ལ་བསམ་བློ་གཏོང་རྒྱུ་ཡོད་རེད་དྲན།
ཡང་། ཁ་སྔོན་ཞིག་ལ་ཡང་། ཀུན་གླེང་གི་སྟེང་དུ། གཙོ་སྐྱོང་བ་ཞིག་གིས། དྲི་བ་འདི་འདྲ་ཞིག་བཏོན་སོང་། མ་འོངས་བར་བོད་རང་དབང་བྱུང་ཚམས་བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་འདི་མུ་མཐུད་དུ་གནས་ཐུབ་རྒྱུར་འབད་བརྩོན་ཇི་ལྟར་བྱེད་དགོས་སམ་ཟེར། ཡང་། སེམས་ཀྱི་གཏིང་ཞིག་ནས་སྐྱོ་བ་བྱུང་། མ་འོངས་བར་བོད་ལ་རང་དབང་བྱུང་ན། ལམ་ལུགས་དེ་མུ་མཐུད་དུ་མང་གཙོར་གནས་དགོས་བའི་དགོངས་ཚུལ་དེ་༧གོང་ས་མཆོག་ལ་མེད་ལ་བོད་གཞུང་གི་ལ་ཡང་མེད། མ་འོངས་བར་བོད་ལ་རང་དབང་བྱུང་མཚམས་བྱེད་ཕྱོགས་ཅི་ཡིན་དང་ཇི་དགེ་སོགས་ཀྱི་སྐོར་ལ་༧གོང་ས་མཆོག་ནས་བཀའ་སློབ་རབ་དང་རིམ་པ་གནང་ཡོད། དེ་ཚོ་གཅིག་ལ་ཡང་མ་བལྟས། མ་ཉན། མ་ྐློག སོ་སོའི་བསམ་ཚུལ་དེ་འདྲ་བཤད་ཡོང་གི་འདུག འདིའི་སྐོར་ནས་བཤད་རྒྱུ་མང་། ད་མང་པོ་མི་བཤད། སེམས་ན་གི། དཀོན་མཆོག་གསུམ།
མགོ་མ་ཚོས་པ་ར་སྤྲད་ན། རིག་འབྱུང་དོན་བཀྲས་ཀྱང་འཁྲུལ་བ་བཞིན། ལས་ཀྱི་སྣེ་མོ་བ་དང་གཞུང་ཞབས། བཀའ་ཤག་བཅས་པ་རྣམས་ཡོས་དང་སྲན་མ་བསྲེ་བསྲེ་བྱས་ཏེ་བཤད་པ་འདི་གཅིག་རེད། དེ་དག་མཉམ་བསྲེས་ཀྱིས་སྤྱི་འཐུས་ཀྱིས་བྱས་པ་དེ་ལས་ཀྱི་སྣེ་མོས་བྱས་པ་དང་། བཀའ་ཤག་དང་བཀའ་ཟུར་རྒྱ་ལོ་དོན་གྲུབ་ཀྱིས་བྱས་པ་དེ་ལས་ཀྱི་སྣེ་མོས་བྱས་པ་མ་ཡིན་པ། གཞུང་ཞབས་ཚོས་བྱས་པ་དེ་ལས་ཀྱི་སྣེ་མོས་བྱས་པ་ཡིན་མིན་གསལ་ཁ་མེད་པ་སོགས་མདོར་ན། རང་ཉིད་རྨོངས་བཞིན་དུ་བོད་དོན་ཤེས་མདོག་དང་༸རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཡོད་མདོག་གིས་གཞན་ལ་བསླབ་བྱ་བྱེད་པ་འདི། དེང་གི་སྨྱུག་ཐོགས་པ་ཅོལ་ཆུང་ཚོའི་བྱེད་སྟངས་རེད། དེ་ཙམ་ཡིན།
ཁང་གསར་ལགས།
སུ་ཅོལ་ཆུང་ཡིན་མིན་དེ་འཁྱེར་ནས་མ་ཡོང་རོགས། དེ་ལ་རྩོད་རྒྱག་འདོད་མེད།
ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་ནང་ན་། སྤྱི་འཐུས་ཡོད་པ་དང་མེད་པ་གཉིས་ཀ་ཡོད། དེ་ཡང་ཞིབ་ཏུ་ྐློགས།- བསམ་ཚུལ་འཁྱེར་ནས་ཤོག དངོས་ཡོད་གནས་ཚུལ་་བརྒྱ་ཆ་༩༥དེ་འཁྱེར་ནས་ཤོག
བོད་ཡིག་ལ་ལོ་ཙ་བྱེད་འདོད་མེད། ངོ་མས་ཡིན།
སུ་ཅོལ་ཆུང་ཡིན་མིན་དང་སུའི་སྐད་ཆ་ཆོལ་མེད་ཡིན་མིན་སོགས་ཀྱི་སྒང་ལ་དུས་ཚོད་གཏོང་ཁོམ་མེད།
ཅོལ་ཆུང་མིན་པ་དང་ཆོ་ཡོད་པ་བཤད་རྒྱུ་ཡོད་ན། བརྩམས་ནས་འཁྱེར་ཤོག ྐློག་པ་པོ་ཚོའི་མདུན་ལ་ཞོག བརྗོད་བྱ་ག་རེའི་སྒང་ལ་བཤད་རྒྱུ་དང་གཏམ་རྒྱུ་ཡོད་ན་། འཁྱེར་ནས་ཤོག རེ་རེ་བཞིན་ཞུ་དག་གཏོང་གི་ཡིན། ངོ་མས་ཡིན། ལབ་རྒྱབ་པ་དང་ཁ་རྒྱག་པ་བཤད་པ་དེ་འདྲ་མིན།
དགོངས་དག སྒང་དུ་སྐད་ཆ་འགའ་ཐལ་ཆ་ཤོར་འདུག ཁང་གསར་ལགས་ནས།
ཅོལ་ཆུང་དང་ཆོ་ཡོད་མེད་ཀྱི་སྐད་ཆ་བཤད་པ་ཡིན་ཙང་། དེ་ལ་ཁ་རྒྱག་འགའ་ཤོར་འདུག
ཚིག་ཤོར་ན་འཛིན་ཐུབ་མེད་དང་རྟ་ཤོར་ན་འཛིན་ཐུབ་ཡོད་ཀྱི་སྐད་ཆ་རེད། འོན་ཀྱང་།
མི་སྒེར་བའི་རྩོད་དེ་ལ་ཞུགས་འདོད་མེད། གོང་གི་སྐད་ཆ་ཚན་པ་དེར་དགོངས་དག ྐློག་མཁན་ཚོར་དགོངས་དག་ཞུས་བ་ཡིན།
གཞན། བསམ་ཚུལ་མི་མཐུན་པ་ཡོད་ན། དགག་པ་ཆར་བ་འབབ་གནང་རོགས།
བཀུར་འོས་རིག་འབྱུང་དང་ཁང་གསལ་གཉིས་ལ་ཆེད་ཞུ།
བར་སྐབས་ཤིག་ནས་རང་རིགས་དྲ་རྒྱའི་ནང་ལ་རྩོད་རྙོག་འགའ་རེ་འཁྱེར་ཡོང་ནས། སྤུན་གྲོགས་ཕན་ཚུན་སེམས་ནང་ལ་རྨ་ཁ་བཟོས་དང་བཟོ་བཞིན་ཡོད་པར་མཐོང་གསལ་ལགས་ན། ད་ལྟའི་ཁྱེད་གཉིས་ཀྱི་རྩོད་གཞི་འདི་ཡང་ག་ལེར་དེ་འདྲའི་ཐོག་ཏུ་མི་འགྲོ་བའི་ངེས་པ་མི་འདུག་ན། ད་ནས་ཁ་ཡངས་ཁོག་ཡངས་ཐོག་ནས་ཕན་ཚུན་ལ་གུས་ཞབས་ཡ་རབས་བཟང་བོའི་ཐོག་ནས། བསམ་ཚུལ་དྲང་བོས་གནང་བསྐྱང་ཡོང་བའི་རེ་བ་བཅས་སེམས་འཚབ་ཆེན་པོས།
ཁང་གསར་ལ་བཅོས་རོག་་་དགོངས་དག
ཡ། ད་ཆོ་ཡོད་པར་མཐོང་བ་ཚོས་མུ་མཐུད་གཟིགས་རོགས། ངས་ནི་ཆོ་མེད་ཅིག་ལ་མཐོང་བྱུང་། མཐོང་བ་དེ་མཐོང་བྱུང་ཞེས་བཤད་ཡིན། འཁྲུལ་བ་ལ་འཁྲུལ་འདུག་ཅེས་ཞུས་ཡིན། དེ་ལ་སྤྲོ་ལངས་ནའང་བྱེད་ཐབས་མི་འདུག
རྩམ་དགའ་ལགས་ནས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ། ངེད་ཀྱིས་གོང་དུ་དགོངས་དག་ཞུས་ཡོད། གཞན་། ཞུ་རྒྱུ་ལྷག་མེད། གཞན་གྱིས་བྲིས་བའི་བསམ་ཚུལ་ལ་བརྒྱ་ཁ་གཅིག་གཅོད་ནམ་ཡང་བྱེད་འདོད་མེད་ལ་བྱེད་ཤེས་ཀྱི་ཡང་མེད། ཁང་གསར་ལགས་ནི་བརྒྱ་ཁ་གཅིག་གཅོད་བྱེད་མཁན་གྱི་གྲས་རེད། ངེད་རང་དེའི་གྲས་མིན། དེ་ངེད་གཉིས་ཀྱི་ཁྱད་པར་རེད། དེ་ནས། ཁང་གསར་སོགས་ཅོལ་ཆུང་ཡིན་མིན་མི་ཤེས། བྲིས་བ་དང་བརྩམས་པ་དེ་འདྲ་བྐླགས་མྱོང་མེད། གོ་མྱོང་ཡང་མེད། ཡོད་ན། ཐོན་ཡོང་གི་རེད། ད་ཕན་མཐོང་རྒྱུ་མི་འདུག
ད་མ་གཉིད་སྔོན་ལ་བསམ་ཚུལ་འགའ་ཁ་སྣོན་ཞུ་གི་ཡིན།
དེ་ནི། གོང་དུ། རྩོམ་པ་པོས། ༧གོང་ས་མཆོག་གིས་”རང་ཅག་རྗེ་འབངས་ཚང་མ་རང་རང་སོ་སོའི་སྲོག་མགོ་ཐོན་ཐབས་ཙམ་གྱི་ཆེད་དུ་རྒྱ་གར་ཕྱོགས་སུ་ཡོང་བ་ཞིག་རྩ་བ་ནས་མིན།
ཕྱིན་ཆད་བོད་རང་དབང་རང་བཙན་གཙང་མ་ཞིག་ཡོང་རྒྱུའི་ཐབས་ཤེས་བྱ་བར་ཡོང་བ་ཡིན་”ཟེར་བའི་གསུངས་འདི་རེད། གསུངས་འདི་ཕྱི་ལོ་༡༩༧༩ལོའི་སྔོན་ཀྱི་གསུང་བཤད་ཅིག་ཡིན་པ་འདྲ། གསུངས་འདིའི་ཁུངས་ངོ་མ་དེ་ངེད་ལ་རག་མ་སོང་། ད་ང་ཚོས་རང་དབང་དང་རང་བཙན་ཟེར་བ་འདི་གཉིས་ཀྱི་སྒང་ལ་བསམ་བློ་ཞིག་གཏོང་། ༧གོང་ས་མཆོག་ནས་རང་བཙན་ཟེར་བའི་ཐ་སྙད་འདིའི་ཚབ་ལ་རང་དབང་ཟེར་བའི་ཐ་སྙད་འདི་བེད་སྤྱོད་བཏང་ནས་ལོ་ངོ་༣༠ལྷག་འགྲོ་གིན་འདུག འོན་ཀྱང་། བཙན་བྱོལ་བོད་མིའི་ཁྲོད་དང་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་ཁྲོད་ན། ད་དུང་ཡང་། མཚམས་རེར་རང་བཙན་དང་མཚམས་རེར་རང་དབང་། འདི་གཉིས་དབྱེར་མེད་དུ་བེད་སྤྱོད་གཏོང་གི་འདུག འདི་ལ་ཡང་བསམ་བློ་ཞིག་གཏོང་རྒྱུ་འདུག་དྲན།
ད་དུང་གཅིག་བཤད་ཀྱི་ཡིན། དེ་ནི། བཀའ་ཟུར་ཚོའི་སྐོར་ཡིན། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་བ་ཆགས་ནས་བཟུང་། བཀའ་ཟུར་ཚོར་ནད་འདྲ་ཞིག་འཕར་འདུག བཀའ་ཤག་གིས་འགྲིག་གི་མི་འདུག་མདོག་མདོག་རྐྱང་རྐྱང་བཤད་ནས་ད་བར་དུ་བསྡད་སོང་།
ལོ་མང་རིང་བོད་གཞུང་ལ་སྲི་ཞུ་བསྒྲུབས། ཉམས་མྱོང་བསགས། འོན་ཀྱང་། འདི་ཚོས་མཚམས་ལན་རེར་༧གོང་ས་མཆོག་གི་དགོངས་གཞི་ཡང་མཁྱེན་གྱི་མེད་པའི་བཟོ་འདྲ་སྟོན་གྱི་འདུག དཔེར་ན། ༢༠༡༡ལོའི་བཀའ་བློན་ཁྲི་བའི་འོས་བསྡུའི་ཐད། ༧གོང་ས་མཆོག་གི་དགོངས་གཞི་དེ་། ལོ་གཞོན་ཞིག་སླེབས་ཐུབ་ན་ཡག་པོ་འདུག་ཟེར་བ་དེ་རེད། ད་ལྟའི་བཀའ་ཁྲིར་ཡང་བསམ་ཚུལ་འདི་ཡོད། མི་མང་མང་པོར་ཡང་བསམ་ཚུལ་འདི་ཡོད། འོན་ཀྱང་། འདི་ཚོ་རེ་གཉིས་ཀྱིས་འདིའི་སྐོར་ལ་ཁ་ནས་ཚིག་གཅིག་ཀྱང་ཐོན་གྱི་མི་འདུག
ད་དུང་། སོ་སོ་འོས་མིའི་ཁོངས་སུ་སླེབས་པ་ཡིན་ན། བསམ་བློ་གཏོང་གི་ཡིན་མདོག་མདོག་གི་འཁྲུལ་གཞི་ཅན་གྱི་སྐད་ཆ་མང་པོ་བཤད་ཀྱི་འདུག འདི་ཡང་དཀའ་ངལ་ཞིག་རེད་དྲན།
མི་དགོས་བའི་དཀའ་ངལ་ཞིག་རེད། ཡིན་ན་ཡང་། བཀའ་ཟུར་ཚོའི་ཁྲོད་ནས་ད་ཕན་དེའི་སྐོར་ལ་ཁ་གསལ་བོར་གྲགས་མཁན་གཅིག་རྒྱ་ལོ་དོན་གྲུབ་རེད། ཁོང་ནས། ༧གོང་ས་མཆོག་གི་དགོངས་གཞི་ནང་བཞིན་ཞིག་ཡོང་ཐུབ་ན་ཡག་པོ་ཡོད་རེད་ཞེས་ཁ་གསལ་གསུངས་སོང་། གཞན། ད་ལྟའི་བཀའ་ཤག་གི་འགྲིག་གི་མི་འདུག་མདོག་མདོག་བྱེད་མཁན་གྱི་གྲས་སུ་རྒྱལ་ལོ་དོན་གྲུབ་ཀྱང་ཡོད། ད་གཉིད་ཀྱི་ཡིན། སང་ཉིན། མུ་མཐུད་དུ་བསམ་ཚུལ་ཁ་སྣོན་རྒྱག་གི་ཡིན།
Today khangser gelpo has drunk. I think.
རིག་འབྱུང་ལགས་ཀྱིས་དགོངས་ཚུལ་དོན་ཚན་བཞི་ཅན་ཞིག་གསུངས་པའི་ཐོག ཡང་ནས་བསྐྱར་དུ་དགོངས་ཚུལ་ལ་ཁ་སྣོན་ཡང་གང་འཚམ་བརྒྱབས་འདུག འདིར་རང་གི་བསམ་ཚུལ་འགའ་འདོན་པར་བརྩོན་པ་བསྟེན།
༡༽ རྩོམ་ཡིག་རེ་འགའ་མ་བཀླགས་ཀྱང་ནང་དོན་ལ་ངེས་ཤེས་བརྙེད་ཡོད་ཅེས་པའི་ཐད། སྐད་ཆ་འདི་མཁས་མདོག་དང་སྤོམ་མདོག་སྟོན་པའི་སྐད་ཆ་གང་ཡང་མིན། འདི་ལ་གཞུང་ལུགས་དང་ཉམས་མྱོང་བཅས་ཀྱི་རྒྱབ་རྩ་ཡོད། དུས་རྒྱུན་ང་ཚོའི་ཁ་རྒྱུན་ནང་ངག་བརྒྱ་གཞས་གཅིག་ཅེས་པའི་སྡོམ་ཚིག་ཅིག་ཡོད། འདིའི་གོ་དོན་མི་ཚང་མས་དོན་གཅིག་བཤད་པ་ལ་གོ་གི་ཡོད། སྔོན་མ་ཕྱི་གླིང་བ་ཞིག་གིས་༼སུ་ཡིན་ད་ལྟ་དྲན་སོས་མ་སོང་།༽རྩོམ་པ་པོ་ཚོས་མ་བྲིས་པའི་སྔོན་ནས་ཁོས་རྒྱ་ནག་གི་རྩོམ་རིགས་རྣམས་བཀླགས་ཚར་ཡོད་ཅེས་གསུངས་ཡོད། འདིའི་མདོ་དོན་ཡང་དེ་རེད། དེ་ནས་དེང་རབས་བོད་ཀྱི་རྩོམ་རིགས་ལ་ཞིབ་འཇུག་གནང་མཁན་ཞིག་གིས་ཀྱང་བརྒྱད་ཅུ་གྱ་གྲངས་ནས་ད་བར་དུ་བོད་ཀྱི་རྩོམ་པ་པོ་ཚང་མས་རྩོམ་ཡིག་གཅིག་བྲིས་ནས་བསྡད་འདུག་ཅེས་གསུངས་མྱོང་། གྲ་ཁ་གྲུ་ཁ་དང་ཟ་ཁ་ཟུར་ཁ་རེ་མ་གཏོགས་དེང་གི་རྩོམ་ཡིག་དང་དཔེ་དེབ་གང་ཡིན་ཡང་རྩ་བའི་བརྗོད་དོན་གཅིག་ཡིན་པ་དངོས་ཡོད་རེད། དེ་ནས་དེང་གི་དྲ་ཐོག་གི་རྩོམ་ཡིག་རྣམས་ལ་གཟིགས་དང་། ནང་དོན་གཅིག་པས་མ་ཚད་ཁ་བྱང་འདྲ་བའི་རྩོམ་ཡིག་ག་ཚད་ཐོན་ཡོང་གི་འདུག དེ་དག་རེ་རེ་བཞིན་ཀློག་ན་ཆུ་ཚོད་འཕྲོ་བརླག་རང་རེད་མི་འདུག་གམ།
༢༽གྲོས་ཚོགས་གཙོས་པའི་མི་མང་གི་༧གོང་ས་མཆོག་གི་དགོངས་གཞི་རྟོགས་མིན་ཐད། བོད་རྒྱའི་འབྲེལ་ལམ་མགོ་བཙུགས་ནས་ད་བར་དུ་བོད་མིའི་གཞི་རྩའི་དགོས་འདུན་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། འགྱུར་བ་རེ་རེ་འགྲོ་སྐབས་༧གོང་ས་མཆོག་དང་། སྐུ་སྒེར་ཡིག་ཚང་། བཀའ་ཤག་སོགས་ཀྱིས་སྐབས་ཐོག་སོ་སོར་མི་མང་ལ་གོ་བརྡ་གསལ་བོ་ཞིག་སྤྲོད་གནང་མེད། མི་མང་དང་གྲོས་ཚོགས་མགོ་འཐོམས་གཞི་ཡང་འདི་ནས་ཡོང་གི་ཡོད། ཐེངས་འདིའི་བཀའ་ཁྲིའི་གསལ་བཤད་དོན་ཚན་ལྔ་ལས་གསལ་བོ་ཤེས་ཐུབ་པ་ཞིག་རེད། ཞི་བའི་དོན་ཚན་ལྔ་ནས་སུ་ཊྲ་སི་སྦག་གི་གསུང་བཤད། བོད་མི་ཡོངས་ལ་ཆབ་སྲིད་ཀྱི་གོང་བུ་གཅིག་གྱུར་ཡོང་ཐབས་ཀྱི་ཡིག་ཆ། དེའི་གསལ་བཤད་དོན་ཚན་བདུན་མ། དམངས་གཙོ་དོར་ནས་གུང་ཁྲན་ཏང་གི་དབུ་འཁྲིད་འོག་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་གནང་རྒྱུ་སོགས་ཕྱི་རྒྱལ་ཀྱི་གྲོས་ཚོགས་དང་གསར་འགོད་བརྒྱུད་ལམ་རེ་འགའི་བཀའ་འདྲི་སྐབས་གསུངས་པ་ལས་བོད་མི་མང་ལ་ད་བར་དུ་ཕྱི་གསལ་ནང་གསལ་གྱི་བཀའ་སློབ་གང་ཡང་གནང་མེད། གསུང་གསལ་བོ་ཞིག་གནང་བ་ནི་དེ་རེས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་འདི་གཅིག་བུ་དེ་རེད། མ་གཞི་འདིའི་སྐོར་ད་རེས་བཀའ་ཁྲིས་གསལ་བཤད་གནང་སྐབས་འགྱུར་བ་དེ་དག་བྱུང་སྐབས་བཀའ་གནང་སའི་ཡུལ་ལ་གཟིགས་ན་ལས་སླ་བོར་ཤེས་ཐུབ། ཡོང་ཁུངས་ཁག་ཕྱི་རྒྱལ་གྱི་གྲོས་ཚོགས་དང་གསར་འགྱུར་བརྒྱུད་ལམ་ཁག་རེད།
༣༽ ལས་ཀྱི་སྣེ་མོར་གཏོགས་པ་ཚོ་ཞེས་པའི་ཐད། གོང་གསལ་རྩོམ་ཡིག་ནང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོ་གང་ལ་ངོས་འཛིན་བྱེད་དགོས་མིན་ཁ་གསལ་མི་འདུག རིག་འབྱུང་ལགས་ཀྱིས་ཀྱང་ཁ་གསལ་བོ་གསུངས་མི་འདུག རྒྱུགས་པ་ལེབས་རྡུང་ལྟ་བུ་རེད། ལས་ཀྱི་སྣེ་མོར་གཏོགས་པ་ཚོར་རིགས་མང་པོ་རེད། སྐུ་སྒེར་དྲུང་ཆེ་ཚོ་དང་བཀའ་བློན་བཀའ་ཟུར་ཚོ། སྤྱི་འཐུས་དང་སྤྱི་ཟུར་ཚོ། ལྷན་ཁང་ཁག་གི་དྲུང་ཆེ་དང་གཞུང་ཞབས་ཚོ། ཚོགས་སྡེ་ཁག་གི་དབུ་འཁྲིད་དང་ཚོགས་མི་ཚོ། ད་དུང་མང་པོ་རེད། ཁོང་རྣམ་པའི་ལས་རིགས་མི་འདྲ་ནའང་རང་རང་སོ་སོའི་ལས་དོན་ལ་སྐུ་ལས་སྐྱོན་རྒྱུ་དེ་གནད་འགག་ཆགས་ཡོད། ད་བར་དུ་ལས་ཀྱི་སྣེ་མོར་གཏོགས་པ་ཚོས་ལས་དོན་ཆུང་ཚགས་རིགས་ཀྱི་ཐོག་འཐུས་ཤོར་སོགས་བྱུང་ཡོད་ནའང་སྤྱི་ཡོངས་ཀྱི་ཆ་ནས་གྲུབ་འབྲས་རླབས་ཆེན་པོ་རེད། བོད་དོན་རྒྱལ་སྤྱིའི་སྒང་གནས་ནས་འཕེལ་ཐུབ་པ་དང་། རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པ། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་འཛམ་གླིང་ནས་ཁྱབ་ཐུབ་པའང་ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་ཉིན་རེ་དང་སྐར་ཆ་རེ་རེའི་ཕྱག་ལས་གནང་བ་ལས་བྱུང་བ་རེད། དེ་མ་གཏོགས་མི་གཅིག་སྟེ། ༧གོང་ས་མཆོག་ཡིན་ནའང་སྒེར་ངོས་གཅིག་བུའི་ཐོག་ནས་གྲུབ་འབྲས་འདི་འདྲ་ཡོང་ཐབས་མེད་པ་གསལ་བོ་རེད། འདི་སྤྱི་ཡོངས་ཀྱི་ཐོག་ནས་ཞུ་གི་ཡོད།
༤༽ ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་ཐབས་ཀྱི་ཐད། གོང་གི་རྩོམ་ཡིག་དང་རིག་འབྱུང་ལགས་ཀྱིས་འདི་གནད་འགག་ཏུ་བཟུང་འདུག སྐུ་མདུན་བོད་དང་རྒྱ་ནག་ཏུ་ཕེབས་ཐབས་གནང་རྒྱུ་ཡག་པོ་ཡིན་དང་ཡིན། ཡིན་ནའང་ཕེབས་དགོས་དོན་གང་ཡིན་ནམ། དགོས་གལ་ལ་དམིགས་པའི་ང་ཚོས་ཞིབ་ཚགས་ཀྱི་ལས་རིམ་རྣམ་བཞག་སྒྲིག་ཐུབ་བམ། ང་ཚོས་སྒྲིག་པའི་ལས་རིམ་དེ་དག་ལམ་ལྷོང་ཡོང་ཐུབ་བམ། རྒྱ་ལོ་དོན་གྲུབ་ལགས་ཀྱིས་སྐུ་མདུན་རྒྱ་ནག་ཏུ་ཕེབས་ཐབས་ལ་སྐུ་ལས་བསྐྱོན་རབས་གསུངས་འདུག རྒྱ་ལོ་དོན་གྲུབ་ལགས་ལ་འདི་འདྲའི་ཞིབ་ཚགས་ཀྱི་འཆར་གཞི་གང་ཞིག་ཡོད་པ་ད་བར་དུ་གོ་ཐོས་གང་ཡང་མ་བྱུང་། སྔོན་མ་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་སྐབས་རྒྱ་ནག་གཞུང་གི་སྐུ་མདུན་པེ་ཅིན་དུ་ཕེབས་པར་མགྲོན་ཤོག་ཕུལ་བ་རེད། ཕྱོགས་གཉིས་ཀྱི་དགོས་གལ་དང་ལས་རིམ་ལ་བར་ཁྱད་ཤོར་བ་དེས་ལམ་ལྷོང་བྱུང་མེད། ད་ལྟའི་རྒྱ་ནག་གཞུང་གི་བོད་ཐོག་བཟུང་བའི་སྲིད་བྱུས་དང་། བོད་ཕྱོགས་ནས་རྒྱ་ནག་གཞུང་ལ་བཏོན་པའི་དགོས་འདུན། ད་རུང་མང་པོ་མང་པོ་ཞིག་གིས་སྐུ་མདུན་བོད་དང་རྒྱ་ནག་ལ་ཕེབས་རྒྱུ་དེ་ལས་སླ་བོ་ཞིག་མ་རེད་ལ། དེ་ལྟར་ཕེབས་གལ་ཀྱང་ཆེན་པོ་ཞིག་ངས་མཐོང་མ་སོང་།
གསལ་བཤད། ངས་རིག་འབྱུང་ལགས་ཀྱི་དགོངས་ཚུལ་རྣམས་མ་བཀླག་པའི་སྔོན་ནས་ཚོད་དཔག་ཐུབ་ཡོད་པ་ལྟར། རིག་འབྱུང་ལགས་ཀྱིས་ངའི་བསམ་ཚུལ་འདི་སྔོན་ནས་བཀླགས་ཚར་ཡོད་ངེས། གང་ལྟར་ཁ་སང་བསམ་ཚུལ་ཞིག་འབུལ་པར་ཁས་བླངས་ཡོད་པས་དེ་རིང་འདི་ཙམ་ཕུལ་བ་ཡིན། དགོས་གལ་མེད་ན་བསམ་ཚུལ་འདི་རིགས་བཀླགས་ནས་དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་རོགས་ཞུ་བ་ཡིན།
i think its highly time to think about such a dicision. But china will not allow kudun to return to tibet because it will cause a revolt and china will prevent from happening so. The main profit we can gain if you can put a major political reform within our goverment in exil. That means to improve political education, inberal thinking i means just the opposide of choka and cholug extremism, and really democracy that means to put the poblic first and oneself later. When i saw the chaotic Chitue Conferenz i felt bo sad and shamed…. What happend to us Donmar Bopa, Tsenpoe Dungyue, ….i sow they some cheep hausewife and uneducated monks screaming like mad people.. and talking about some mony for a flight….how sad ja….. I feel bad what would H.H. Kudun have thought when he came to know about it? Thats why i am saying we neet a reform within our system itself and in the brain of those wana be politacians…….
གསར་བརྗེ་སྐྱབས་ལགས་ནས་དགོངས་ཚུལ་གནང་བར་བཀའ་དྲིན་ཆེ།
ཁྱེད་ཀྱི་བསམ་ཚུལ་རིང་པོ་དེའི་སྒང་ལ་ཁ་སྣོན་འགའ་རྒྱག་དགོས་བ་འདུག ཅུང་ཙམ་ནས་རྒྱག་གི་ཡིན།
དེ་རིང་ཁྱོད་སྒུག་མི་དགོས། ཨ་ལ། ཀུ་རེ་ཡིན།
ད་ངེད་ཀྱི་བསམ་ཚུལ་ཁ་སྣོན་དེ་ཚོ་ཞུ་གི་ཡིན།
ངེད་ཀྱིས་བསམ་ཚུལ་རིང་པོ་ཉོབ་དོ་དེའི་ནང་དུ་འདི་ལྟར་བྲིས་ཡོད། འདི་ཚོ་ངེད་ཀྱི་རྨོངས་འཆར་ཡིན། གོ་རིམ་མེད་པའི་རྨོངས་འཆར་ཡིན། མགོ་སྔ་མེད་པའི་རྨོངས་འཆར་ཡིན་ཞེས་གསལ་བོར་བརྗོད་ཡོད། ཚང་མ་གཅིག་རེ་གཉིས་རེ་བྱས་ནས་ཞིབ་ཚགས་པོ་ཞིག་འབྲི་རྒྱུའི་དུས་ཚོད་ངེད་ལ་རག་གི་མི་འདུག འདི་དངོས་གནས་ཡིན།
ཁྱེད་ཀྱང་དུས་ཚོད་མེད་ས་ཞིག་ཡོད། ང་ཡང་དུས་ཚོད་མེད་ས་ཞིག་ལ་ཡོད། རེ་རེ་གཉིས་གཉིས་བྱས་ནས་འབྲི་རྒྱུའི་དུས་ཚོད་དེ་མེད། གལ་སྲིད་ང་། ཁང་གསར་རྡོ་རྗེ་ལྟ་བུ་རྒྱ་གར་དུ་ལྷོད་ལྷོད་བྱས་ནས་སྡོད་མཁན་འདྲ་ཡིན་ན། འདི་ཚོའི་སྐོར་ལ་གཅིག་གཅིག་གཉིས་གཉིས་བྱས་ནས་འབྲི་ས་རེད། འདི་ཞོར་འཕྲོས་ཙམ་ཡིན།
དང་པོ།
སྐུ་ཉིད་ནས་གཞུང་ལུགས་དང་ཉམས་མྱོང་གི་རྒྱབ་རྩའི་སྐོར་ནས་གཅིག་བཤད་འདུག དེ་ཚོ་ངས་མི་ཤེས། ང་ལ་གཞུང་ལུགས་ཀྱི་རྒྱབ་རྩ་མེད་པའི་སྒང་ལ་ཉམས་མྱོང་ཡང་མེད།
ངེད་ཀྱིས་ནི། དྲ་ཐོག་གི་རྩོམ་ཡིག་ཚང་མ་ཕར་ཞོག འཇམ་དབྱངས་ནོར་བུའི་རྩོམ་ཡིག་དེ་ཚོ་ཆ་ཚང་ཞིག་ྐློག་རྒྱུའི་དུས་ཚོད་དེ་ཡང་ཡོང་གི་མི་འདུག དེར་བརྟེན། དེའི་སྐོར་ལ་བསམ་ཚུལ་དམིགས་བསལ་ཅང་ཞུ་རྒྱུ་མེད།
གཉིས།
ཁྱེད་ནས། བོད་མིའི་གཞི་རྩའི་དགོས་འདུན་ལ་འགྱུར་བ་མང་པོ་ཕྱིན་ཡོད་ཟེར། སྐད་ཆ་འདིར་ངེད་ཀྱིས་གོ་བ་ལོན་མ་སོང་། གཞི་རྩའི་དགོས་འདུན་དེ་ཐག་གཅོད་བྱེད་ཀྱི་ཐམས་ལམ་དང་བྱེད་སྟངས་འགྱུར་བ་རབ་དང་རིམ་པ་ཕྱིན་ཡོད་སྙམ། འོན་ཀྱང་། གཞི་རྩའི་དགོས་འདུན་ལ་འགྱུར་བ་མང་པོ་ཕྱིན་ཡོད་པ་མ་ཤེས། ད་དུང་། ཁྱེད་ནས། འགྱུར་བ་འགྲོ་སྐབས་རེ་རེ་ལ་༧གོང་ས་མཆོག་དང་སྐུ་སྒེར་ཡིག་ཚང་། བཀའ་ཤག་སོགས་ཀྱིས་སྐབས་ཐོག་སོ་སོར་གོ་བརྡ་གསལ་བོ་ཞིག་སྤྲད་མེད་ཟེར། འདིའི་སྒང་ལ་ཚིག་འགའ་ཞུ་གི་ཡིན།
འགྱུར་བ་ཕྱིན་པ་དང་འགྱུར་བའི་རིམ་པ་དེ་ཚོ། ༧གོང་ས་མཆོག་གིས་གསུང་བཤད་ཁག་ན་འདུག་ལ་བཀའ་ཤག་གི་གསུང་བཤད་ན་ཡང་འདུག སྤྱི་འཐུས་ཚོགས་གཙོའི་གསུང་བཤད་ན་ཡང་འདུག འོན་ཀྱང་། བོད་རིགས་ཚོས་། ད་དུང་། མ་མཐོང་མ་གོ་ཟེར་བ་འདིར་ངེད་རང་སྒེར་ངོས་ནས་དོགས་པ་བྱུང་། དཔེར་ན། ༢༠༠༦ལོར། རྒྱ་གར་ནང་ཁུལ་གྱི་མཐོ་རིམ་སློབ་མའི་ཟབ་སྦྱོང་ཞིག་གི་ཐོག་ཏུ། བཀའ་བློན་ཁྲི་བས་ཕྱི་ལོ་༢༠༠༢ཚུན་ལ་། བོད་རྒྱ་འབྲེལ་མོལ་གྱི་ཐད་ལ་འགྱུར་བ་ག་རེ་ཕྱིན་དང་འགྱུར་བ་འགྲོ་སྟངས་ཀྱི་རིམ་པ། དེ་ནས་དབུ་མའི་ལམ་གྱི་འགྱུར་བའི་རིམ་པ་སོགས་རེ་རེ་གཉིས་གཉིས་བྱས་ནས་གསུངས་སོང་། དེ་ངས་བྐླགས་པ་ཡིན། ༢༠༠༧ལོར། ཟབ་སྦྱོང་གཞན་ཞིག་གི་ཐོག་ཏུ་ཡང་། གནད་དོན་དེ་དག་གི་སྐོར་ལ་ཁ་གསལ་གསུངས་སོང་། དེ་དུས་ང་ཡང་དེ་རུ་ཡོད། ངས་གོ་བྱུང་། དངོས་སུ་གོ་བྱུང་། རྗེས་སུ་ཚགས་པར་སྒང་ན་ཡང་འདུག སྤྱི་འཐུས་ཚོགས་གཙོས་ཀྱང་འདིའི་སྐོར་ལ་ཐེངས་འགར་གསུངས་སོང་། འོན་ཀྱང་། གོ་མ་སོང་ཟེར་མཁན་དང་མཐོང་མ་སོང་ཟེར་མཁན་ནི་ད་ལྟ་ཡང་འདུག མི་མང་དཀྱུས་མའི་ཁྲོད་དུ་ཡོད་པ་མ་ཟད་སྤྱི་འཐུས་ལས་ཐོག་ཚོའི་ཁྲོད་ན་ཡང་འདུག འདི་ཚོའི་ན་ཚ་དེ་ངས་མགོ་ཚོས་ཀྱི་མི་འདུག
གསུམ།
ལས་ཀྱི་སྣེ་མོ་གཏོགས་མཁན་ཚོ་རེ་རེ་བཞིན་ཞུ་ཁོམ་མེད། ལས་ཀྱི་སྣེ་མོར་གཏོགས་པ་ཚོར་། མཚམས་ལན་རེར་རྒྱུག་པ་ལེབ་རྡུང་ཤོར་འགྲོ་གི་འདུག དེ་བདེན་པ་རེད།
དེ་ལ་བཟང་སྤྱོད་ཀྱི་ངོས་ནས་དགོངས་དག་ཞུ་གི་ཡོད། འོན་ཀྱང་། ད་ཕན་། བོད་དོན་ཟེར་བ་ཞིག་རྒྱལ་སྤྱིའི་སྒང་ལ་སླེབས་ཡོད་པ་དང་དེ་གསོན་པོར་གནས་ཡོད་པ་དེ་ཡང་། ཕུགས་དེད་ན། ༧གོང་ས་མཆོག་སྐུ་སྒེར་གྱི་འཇོན་ནུས་དང་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་ཞུམ་མེད་དེ་གཉིས་རེད། དེའི་ཞོར་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་འབད་བརྩོན་རེད། འདིའི་སྐབས་ཀྱི་རྒྱལ་སྤྱི་ཟེར་བ་དེ། བྱང་ཨ་མི་རི་ཀ་དང་ཡོ་རོབ་ཤར་ནུབ་གཉིས། ཤར་ཨེ་ཤེ་ཡའི་རྒྱལ་ཁབ་འགའ། ལྷོ་ཨེ་ཤེ་ཡ་བཅས་ཡིན།
བཞི། ངེད་ཀྱིས་རྒྱ་ལོ་དོན་གྲུབ་ལ་དེའི་དགོངས་ཚུལ་བྱུང་བ་རེད་ལ་དགོངས་ཚུལ་ཡོད་སྐོར་གསར་འགོད་བརྒྱུད་ལམ་འགའ་ལ་ཡང་གསུངས་འདུག་ལབ་ཡོད། གཞན། དེའི་ཐད་དུ་སྐུ་ལས་བསྐྱོན་ཡོད་མེད་ཀྱི་ལོ་རྒྱུས་བརྗོད་མེད། འདི་གསལ་བཤད་ཙམ་ཡིན།
ལྔ་།
ཁྱེད་ཀྱིས། སྔོན་མ་པཎ་ཆེན་རིན་པོ་ཆེ་དགོངས་པ་རྗོགས་སྐབས་རྒྱ་ནག་གཞུང་གིས་སྐུ་མདུན་པེ་ཅིང་དུ་ཕེབས་པར་མགྲོན་ཤོག་ཕུལ་བ་རེད་ཞེས་བྲིས་འདུག འདི་ལ་གསལ་བཤད་ཅིག་མ་བྱས་རང་བྱས་རེད། པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་སྐབས་རྒྱ་ནག་གཞུང་གིས་སྐུ་མདུན་པེ་ཅིང་དུ་ཕེབས་པར་མགྲོན་ཤོག་ཕུལ་མི་འདུག མགྲོན་ཤོག་ཕུལ་མཁན་དེ་རྒྱ་ནག་ནང་གི་ནང་པའི་ཆོས་ཚོགས་ཤིག་རེད། མགྲོན་ཤོག་དེ་ཡང་བདུན་གཅིག་གི་སྔོན་ལ་ཕུལ་བ་རེད། ཕུལ་མཁན་ནང་པའི་ཆོས་ཚོགས་ཤིག་རེད། དུས་ཚོད་དེ་ཡང་བདུན་གཅིག་གི་ནང་ཚུན་རེད། འདིའི་སྐོར་ནས་བཀའ་ཤག་ལ་དྲིས་དང་། མགྲོན་ཤོག་དེ་ད་ལྟ་ཡང་ཡོད་བསམ། འོན་ཀྱང་། ཐབས་སྐྱོ་ཞིང་ཡིད་མུག་པ་ཞིག་ལ།
རྒྱ་ལོ་དོན་གྲུབ་ཀྱིས་ཀྱང་། ཕྱི་ལོ་༢༠༠༧ཡིན་བསམ། ཨེ་ཤེ་ཡའི་བདུན་རའི་གསར་ཤོག་གི་ཐོག་ཏུ། མགྲོན་ཤོག་དེ་རྒྱ་ནག་གཞུང་གིས་ཕུལ་བ་ཡིན་པའི་སྐོར་འདྲ་ཞིག་བཤད་འདུག
འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱིས་ཀྱང་༢༠༠༨ལོ་ཡིན་བསམ། ཀུན་གླེང་གི་ཐོག་ཏུ་། མགྲོན་ཤོག་དེ་རྒྱ་ནག་གཞུང་གིས་ཕུལ་རེད་ཟེར་བ་འདྲ་ཞིག་བཤད་སོང་།
བོད་མི་ཚོས་ཀྱང་། མགྲོན་ཤོག་དེ་རྒྱ་གཞུང་གིས་ཕུལ་བ་འདྲ་ཞིག་ཡིན་བསམ་བསྡད་འདུག གནད་དོན་འདི་ཚོའི་སྐོར། རེ་རེ་གཉིས་གཉིས་བྱས་ནས་འབྲི་རྒྱུའི་དུས་ཚོད་མི་འདུག་མ་གཏོགས་། གསལ་བོ་བཟོ་དགོས་བ་མང་པོ་འདུག དེ་ཙམ་ཡིན།
དེ་རིང་གཟའ་སྤེན་པའི་གུང་གསེང་ཡིན་ཐོག་ལ། ད་དུང་བསམ་ཚུལ་འགའ་བཤད་ཀྱི་ཡིན།
དེ་རྒྱ་ལོ་དོན་གྲུབ་ཀྱི་སྐོར་ནས་ཡིན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ། རྒྱ་ལོ་དོན་གྲུབ་ལ་བལྟ་སྟངས་འདྲ་མིན་ཡོད།
བསམ་ཚུལ་འདྲ་མིན་ཡོད། བསམ་ཚུལ་གང་ཡང་དག་དང་བསམ་ཚུལ་གང་ནོར་བ་ཡིན་མིན་ངས་མི་ཤེས། ངེད་ཀྱིས་འདི་འདྲ་བསམ་གྱིན་ཡོད། རྒྱ་ལོ་དོན་གྲུབ་སོགས་ཀྱི་སྐོར་ལ་དཔྱད་པ་རྒྱག་དུས། ང་ཚོས། ཕྱོགས་ཁ་ཤས་ནས་བལྟ་དགོས་རེད་དྲན།
བོད་མ་ཤོར་སྔོན་གྱི་རྒྱ་ལོ་དོན་གྲུབ། བོད་ཤོར་བའི་མཚམས་ཀྱི་རྒྱ་ལོ་དོན་གྲུབ། བཙན་བྱོལ་དུ་སླེབས་ནས་ཕྱི་ལོ་༡༩༧༤ལོའི་བར་བློ་སྨོན་ཐང་སྒྲིག་འཛུགས་དང་འབྲེལ་བའི་རྒྱ་ལོ་དོན་གྲུབ།་ ༡༩༧༩ལོ་ནས་ཕྱི་ལོ་༡༩༩༢ལོའི་བར་གྱི་རྒྱ་ལོ་དོན་གྲུབ་དང་བོད་རྒྱའི་འབྲེལ་བའི་རིམ་པ། ཕྱི་ལོ་༡༩༩༢ལོ་ནས་ཕྱི་ལོ་༢༠༠༢ལོའི་བར་གྱི་རྒྱལ་ལོ་དོན་གྲུབ། ༢༠༠༢ལོའི་བཀའ་ཤག་གསར་བའི་སྐབས་་ནས་ད་བར་གྱི་རྒྱ་ལོ་དོན་གྲུབ་བཅས། དུས་ཚོད་རིམ་བྱུང་གི་ཁོང་གི་ཕྱག་ལས་གནང་སྟངས་སོགས་ལ་ཕྱོགས་ངོས་མང་པོ་ནས་བལྟ་དགོས་རེད་དྲན། འདི་ང་སྒེར་གྱི་བསམ་ཚུལ་ཡིན།
གོང་དུ་། རྩོམ་པ་པོས་། ཕྱི་ཡུལ་དུ་ཚོང་རྫས་སུ་སྤྱོད་ཀྱིན་པའི་ཡིད་བཞིན་ནོར་བུ་མཆོག་ཞེས་བྲིས་འདུག
ད་ཕན། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཆོས་ཚོགས་ཀྱི་ནང་ན། ༧གོང་ས་མཆོག་ཚོང་རྫས་སུ་སྤྱོད་མཁན་ག་ཚོད་ཡོད་དམ། སྒེར་གྱི་ཚོགས་པའི་ནང་ན། ༧གོང་ས་མཆོག་ཚོང་རྫས་སུ་སྤྱོད་མཁན་ག་ཚོད་ཡོད་དམ། མི་སྒེར་བའི་ནང་ན། ༧གོང་ས་མཆོག་གི་མིང་དང་སྙན་གྲགས་བཙོང་མཁན་ག་ཚོད་ཡོད་དམ།
གནད་དོན་འདི་ཚོའི་རིགས་མཁྱེན་མཁན་མང་། བཤད་མཁན་ཉུང་། ཤེས་མཁན་མང་། ལབ་མཁན་ཉུང་། ཆོས་ཚོགས་དང་ཚོགས་པ་སྒེར་བ་ཚོའི་ནང་དུ་ཕྱག་ལས་གནང་མཁན་ཚོས།
གནད་དོན་འདིའི་རིགས་ཚང་མ་མཁྱེན་གྱི་ཡོད། འོན་ཀྱང་། འདི་ཚོས་ཁུ་སིམ་སིམ་ཁ་བཙུམས་ནས་འདུག་གི་རེད། ༧གོང་ས་མཆོག་སྐུ་མ་གཤེགས་བར་དུ་ཁ་བཙུམས་ནས་འདུག་གི་རེད།
ཡང་རིག་འབྱུང་ལགས་ལ་གསལ་བཤད་འགའ་བྱེད་དགོས་འཁེལ་སོང་། ད་ཐེངས་ཀྱི་འདི་གསལ་བཤད་རང་ཡིན། བསམ་ཚུལ་མིན། འདི་དང་པོ་ནས་ཐུགས་ལ་འཇོག་རོགས།
༡༽ རྩོམ་ཡིག་ཀློག་མིན་ཐད་ནས། ངས་ང་ལ་གཞུང་ལུགས་དང་ཉམས་མྱོང་ཡོད་ཚུལ་དང་ཁྱེད་ལ་མི་འདུག་ཅེས་པའི་དོན་མིན། ངས་རྩོམ་ཡིག་འདི་མ་བཀླག་པར་ཁང་གསར་ལགས་ལ་རྒྱབ་སྐྱོར་ཞུས་པ་ཡིན། སྐབས་དེར་སྐུ་ཉིད་ནས་ངའི་མིང་གི་བཟུང་ནས་རྩོམ་ཡིག་མ་བཀླག་པར་རྒྱབ་སྐྱོར་བྱས་པའི་རྒྱུ་མཚན་ཁ་གསལ་ཁྱེར་ཤོར་ཅེས་གསུངས་པ་རེད། སོང་ཙང་ངས་རྒྱུ་མཚན་ཁྱེར་ཡོང་བ་ཙམ་ཡིན།
༢༽བོད་མིའི་དགོས་འདུན་ལ་འགྱུར་བ་ཕྱིན་ཡོད་པ་ལས་ཐབས་ལམ་དང་བྱེད་སྟངས་ལ་འགྱུར་བ་ཕྱིན་པའི་སྣང་ཚུལ་ད་བར་ངས་གང་ཡང་མཐོང་མ་སོང་། འགྱུར་བ་ཕྱིན་སྟངས་བཀའ་ཁྲིའི་གསལ་བཤད་དོན་ཚན་ལྔའི་ནང་ཁ་གསལ་གསུངས་འདུག དེར་གཟིགས་རོགས་གནང་ཞུ་བ་ཡིན།
༣༽སྐབས་ཐོག་སོ་སོར་ཁ་གསལ་གནང་མིན་དེ་འདིར་དཔེ་མཚོན་ཞིག་འཇོག དམངས་གཙོ་དོར་ནས་གུང་ཁྲན་ཏང་གི་མགོ་ཁྲིད་འོག་བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཆོག་ཚུལ་དེ་ཡིན། འདི་དང་པོ་སྐུ་མདུན་གྱིས་ནིག་ཡོག་དུས་བབ་ཀྱི་བཅར་འདྲི་དང་ལེན་སྐབས་གསུངས་པ་རེད། ཉིས་སྟོང་བརྒྱད་ལོར་རེད། འདིའི་སྐོར་ད་བར་དུ་༧གོང་ས་མཆོག་དང་། སྐུ་སྒེར་ཡིག་ཚང་། བཀའ་ཤག་གིས་མི་མང་གོ་བརྡ་སྤྲད་གང་ནས་འདུག ཉིས་སྟོང་བརྒྱད་རྗེས་ཀྱི་བཀའ་སློབ་དང་གསུང་འཕྲིན། ཡིག་ཚགས། བཀའ་ཤག་གི་གཏམ་བཤད་སོགས་གང་ན་འདུག
༤༽པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་སྐབས་ཀྱི་མགྲོན་ཤོག་དེ་ཆོས་ཚོགས་ཤིག་གི་ཡིན་ཚུལ་ཐུགས་ཐག་ཆོད་པོའི་ཐོག་ནས་གསུངས་འདུག མགྲོན་ཤོག་དེ་རྒྱ་ནག་གཞུང་གིས་ཕུལ་བ་རེད། སྐབས་དེའི་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲོའོ་ཕུ་ཁྲུའོ་ཡིས་མཚན་ཐོག་ནས་ཕུལ་བ་རེད།
༥༽རེབ་གོང་བཀྲ་ཤིས་ལགས་ཀྱིས་༧གོང་ས་མཆོག་བོད་དུ་གདན་འདྲེན་གནང་རྒྱུ་གཙོ་འདོན་གནང་དགོས་ཞེས་པ་དང་། སྐུ་ཉིད་ནས་བོད་དང་རྒྱ་ནག་ཏུ་ཕེབས་ཐབས་གནང་རྒྱུ་དེར་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད་ཚུལ་ཞིག་གསུངས་འདུག འོན་ཀྱང་དགོས་གལ་དང་གནས་སྟངས་སོགས་ཀྱི་ཐད་ནས་གང་ཡང་གསུངས་མི་འདུག ངས་ད་ལྟ་དྲན་སོས་པ་ཞིག་ལ། དོར་ཞི་རྒྱ་མཚོའི་བོད་ཀྱི་ཕྱུག་ཚད་ཅེས་པའི་དེབ་དེ་ནང་ཚིག་འདི་འདྲ་ཅིག་ཡོད། ཀརྨ་པ་ཡི་འབྱུང་འགྱུར་ལ།། བསལ་བློ་ཏན་ཏན་གཏོང་རྒྱུ་ཡོད།། ཅེས་པ་འདི། རྣམ་པ་གཉིས་ཀྱི་གསུང་སྟངས་དང་དོར་ཞི་རྒྱ་མཚོའི་ཚིག་རྐང་འདི་གཉིས་བར་ཁྱད་གང་ཡང་མཐོང་མ་སོང་། སོང་ཙང་ཁང་གསར་ལགས་ཀྱི་ཆོ་མི་འདུག་གསུང་སྐབས་ངས་རྒྱབ་སྐྱོར་གཙང་མ་ཞུ་དོན་ཡང་འདི་ཡིན།
ཡ་ཡ། ཡང་ཁྱེད་ཀྱིས་ཆོ་ཡོད་མེད་ཀྱི་སྐོར་གྱི་སྐད་ཆ་དེ་འཁྱེར་ནས་སླེབས་འདུག
དེ་ལ་ང་ཅུང་ཙམ་བསུན་སྣང་སྐྱེས་གི་འདུག ངེད་ཀྱིས་ཆོ་མེད་པའི་སྐད་ཆ་མང་པོ་བཤད་པར། ཁྱེད་དང་ཁང་གསར་གཉིས་ཀར་དགོངས་དག་ཞུ་གི་ཡིན། དེ་གཅིག་ཡིན།
གཞུང་ལུགས་ཀྱི་རྒྱབ་རྩ་དང་ཉམས་མྱོང་སོགས་ཀྱི་སྐོར་དེ་། ཁྱེད་ཀྱིས་ང་ལ་མི་འདུག་ལབ་འདུག་ལབ་མེད། ང་ལ་མེད། ངོ་མས་མེད། མེད་ན་མེད་ལབ་དགོས་ཀྱི་རེད་འདོད།
ཁྱེད་ལ་ཡོད་པ་དང་ང་ལ་མེད་པ་དེ་འདྲ་མང་པོ་ཡོད་རེད། དེ་ནི་གནས་ཚུལ་སྤྱིར་བཏང་བ་རེད།
དང་པོ།
ཁྱེད་ནས་འགྱུར་བའི་རིམ་པ་དེ་དག། བཀའ་ཁྲིའི་གསལ་བཤད་དོན་ཚན་ལྔ་དེ་ལ་གཞི་འདྲ་ཞིག་འཛིན་གྱི་ཡོད་ན། དེ་ཅུང་ཙམ་རྗེས་ལུས་རེད། དེའི་སྔོན་གྱི་གནས་ཚུལ་ཁག་ཞིབ་ཏུ་མ་བྐླགས་པའི་སྐྱོན་རེད། འགྱུར་བའི་རིམ་པ་དེ་དག་ཕྱི་ལོ་༢༠༠༦ལོ་ནས་ངེད་ཀྱིས་མཐོང་ཐོས་གཉིས་ཀ་བྱུང་ལབ་ནས་གསལ་བོར་བྲིས་ཡོད། དེ་ཚོ་རེ་རེ་བཞིན་ཡིག་ཚགས་བཞིན་ཉར་མེད། ཁྱེད་ལ་དགོས་ན། ངེད་ཀྱིས་ཏན་ཏན་བཙལ་ཆོག རྙེད་གི་རེད། དེ་གཅིག་ཡིན།
གཉིས།
ཁྱེད་ཀྱིས་དཔེ་བརྗོད་ཞིག་ཀྱང་བཞག་འདུག དམངས་གཙོ་དོར་ནས་གུང་ཁྲན་ཏང་གི་འོག་ལ་བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཆོག་ཟེར་བའི་སྐད་ཆ་འདི་གསར་བ་མ་རེད། ཚིག་རིས་ཇི་བཞིན་མིན་རུང་། ལམ་ལུགས་གང་གི་འོག་ན་བསྡད་ན་ཆོག་མིན་དང་ང་ཚོའི་འཐབ་རྩོད་དེ་ལམ་ལུགས་གང་གི་འོག་ལ་སྡོད་རྒྱུའི་འཐབ་རྩོད་མིན་ཚུལ་གྱི་སྐོར་ནས། ཕྱི་ལོ་༢༠༠༢ལོའི་གསར་འགོད་གསལ་བསྒྲགས་ཤིག་ཏུ་ད་ལྟའི་བཀའ་ཁྲིས་ཀྱང་གསལ་བོར་གསུངས་འདུག དེ་ནི། ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བདམས་རྗེས་བོད་རིགས་གསར་འགོད་པ་ཚོའི་དྲི་བ་དྲིས་ལན་དང་ལེན་གནང་བ་ཞིག་གི་ཐོག་ན་འདུག ད་དུང་། དེ་དེབ་ཆུང་ཞིག་གི་ངོ་བོའི་ཐོག་ལ་དཔར་ཡོད་དྲན།
གསུམ།
མགྲོན་ཤོག་དེ་ཆོས་ཚོགས་སྒེར་བའི་མགྲོན་ཤོག་རེད། དེའི་སྐོར། ངས་ཁྱེད་ལ་བཀའ་ཤག་ལ་སྐད་དྲིས་ལབ་ཡོད། བཀའ་ཤག་ལ་སྐད་ཆ་གསལ་བོ་འདྲི་རོགས།
བཞི།
བསྐྱར་དུ་གསལ་བོར་བརྗོད་རྒྱུ་ཞིག་ལ། ངས་འདི་ན་རང་གི་རྨོངས་འཆར་འགའ་ྐློག་མཁན་ཚོར་བགོ་བཤའ་རྒྱག་གི་ཡོད་མ་གཏོགས། སུའི་སྐད་ཆ་ཆོ་མེད་ཡིན་མིན་དང་སུ་ཅོལ་ཆུང་ཡིན་མིན་འདྲ་རྩོད་ཀྱི་མེད། ད་དུང་། བསམ་ཚུལ་མི་མཐུན་པ་ཡོད་ན། དགག་པ་ཆར་བ་འབབ་འབབ་གནང་རོགས།
ད་ཁྱེད་ཀྱིས་དོར་ཞི་རྒྱ་མཚོའི་སྐོར་གླེང་ཡོང་དུས། ངའི་སེམས་ལ་ཡང་གཅིག་དྲན་སོང་།
དེ་ནི། བོད་ནང་གི་མཆོད་མེ་དྲ་ཚིགས་ཡིན་བསམ། དེའི་ཐོག་གི་རྩོམ་ལ་བསམ་ཚུལ་འབྲི་དུས། རྒྱབ་སྐྱོར་དང་ངོ་རྒོལ་ཟེར་བ་གཉིས་འདུག་དྲན།
ང་ནི། གཞན་གྱི་རྩོམ་ལ་བསམ་ཚུལ་བཤད་དུས། རྒྱབ་སྐྱོར་ཡོད་ཟེར་བ་འདྲ་བོ་དང་། ངོ་རྒོལ་ཡོད་ཟེར་བ་འདྲ་བོ། ཆོ་མེད་རེད་ཟེར་བ་འདྲ་བོ།
ཆོ་ཡོད་རེད་ཟེར་བ་འདྲ་བོ་ལབ་ནས་བསམ་ཚུལ་འབྲི་མཁན་གྱི་རིགས་དེ་མིན། འདི། ཞོར་འཕྲོས་ཙམ་ཡིན།
གང་ལྟར། ཁྱེད་ཀྱིས། ཆོ་མེད་རེད་ཟེར་བཞིན་ཟེར་བཞིན། བསམ་ཚུལ་མང་པོ་བཤད་སོང་། དེ་ལ་བཀའ་དྲིན་ཆེ་ཞུ་གི་ཡིན། དེ་དངོས་གནས་ཡག་པོ་འདུག་དྲན།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་པཎ་ཆེན་དགོངས་རྫོགས་མཛད་སྒོར་རྒྱལ་བ་རིན་པོ་ཆེར་མགྲོན་ཤོག་ཕུལ་བ་དེ་རྒྱ་ནག་གཞུང་གིས་ཕུལ་བ་མ་རེད་གསུངས་པ་དེ་འགྲིགས་མེད་པ་འདྲ། མགྲོན་ཤོག་ཕུལ་མཁན་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཟེར་བ་དེ་རེད། དེའི་སྐབས་ཀྱི་ཚོགས་གཙོའི་མིང་ལ་གྲུའུ་ཕུའུ་ཁྲུའུ་ཟེར་བ་རེད། ཁོའི་མིང་ཐོག་ནས་ཕུལ་བ་རེད། འདི་རྒྱ་ནག་དབུས་གཞུང་གི་ལས་ཁུངས་ཤིག་རེད། འདིའི་རྒྱ་ནག་གཞུང་གི་ཚབ་བྱེད་ཐུབ་དགོས་རྒྱུ་་རེད། མ་གཞི་རྒྱ་ནག་ནང་ན་སྒེར་གྱི་ཚོགས་པ་ཞིག་གིས་རྒྱལ་བ་རིན་པོ་ཆེ་ལ་མགྲོན་ཤོག་ཕུལ་ཟེར་བ་མི་སྲིད་པ་ཞིག་རེད། འདི་སྐོར་ལོ་ཤས་གོང་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཞིག་ཏུ་ཡང་རྒྱ་ནག་གཞུང་གི་མགྲོན་ཤོག་ཡིན་ཚུལ་བཤད་འདུག
དང་པོ།
ལོ་ཤས་གོང་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་གཞུང་གི་མགྲོན་ཤོག་ཡིན་ཚུལ་གསུངས་བ་དེར། འདིའི་རྒྱབ་ན་གོ་རྒྱུ་དང་བརྟག་རྒྱུ་གཉིས་ཀ་ཡོད་རེད་དྲན།
ཡིག་ཆ་དེ་སྐབས་དེར་དགོས་དོན་གང་གི་སླད་དུ་བེད་སྤྱོད་བཏང་འདུག་བལྟ་དགོས་རྒྱུ་རེད། འདི་གཅིག་ཡིན།
གཉིས་པ།
ངེད་ཀྱིས་མགྲོན་ཤོག་དེ་རྒྱ་ནག་གཞུང་གི་མགྲོན་ཤོག་མ་རེད་ཟེར་དོན་ལ་ཁུངས་ཤིག་ཡོད། ངེད་ལ་འདི་གསལ་བོར་བརྗོད་མཁན་བཀའ་ཁྲིའི་དྲུང་ཡིག་ཞིག་ཡིན།
གཅིག་བྱས་ན། ངེད་ཀྱི་ཁུངས་དེ་ཡང་དག་མིན་སྲིད། ངེད་ཀྱི་དེ་རྨོངས་གཏམ་ཡིན་སྲིད། གང་ལྟར། སྐད་ཆ་འདི་ངེད་ཀྱིས་བཤད་པ་ཡིན་པས་འདིའི་འགན་ཡང་ངེད་ཀྱིས་འཁུར་གི་ཡིན། རྒྱ་གར་དུ་སླར་ཡང་འབྲེལ་བ་བྱས་ནས་གནས་ཚུལ་ཞིབ་གཅོད་བྱེད་ཀྱི་ཡིན། དེ་ནས། ལན་གསལ་བོ་ཞིག་ཨེ་རག་བལྟ། མ་རེད་དམ།
ད་མང་པོ་ཞིག་བཤད་ན་འདོད་མ་སོང་། ངས་བོད་མིའི་དགོས་འདུན་ལ་འགྱུར་བ་བྱུང་སྐབས་༧སྐུ་མདུན་དང་སྐུ་སྒེར་ཡིག་ཚང་། བཀའ་ཤག་སོགས་ཀྱིས་སྐབས་ཐོག་སོ་སོར་ཁ་གསལ་གྱི་འགྲེལ་བརྗོད་གནང་མེད་ཅེས་ཞུས་པ་ཡིན་ལ། དེའི་དཔེ་མཚོན་ཞིག་དྲངས་ཡོད། རིག་འབྱུང་ལགས་ཀྱིས་༢༠༠༢་ལོའི་བཀས་ཁྲིའི་གསུང་བཤད་ཅིག་དྲངས་ནས་ཁ་གསལ་གནང་ཚུལ་གསུངས་འདུག བཀའ་ཁྲིའི་ལམ་ལུགས་གང་གི་འོག་ཏུ་བསྡོད་མིན་འཐབ་རྩོད་མིན་ཚུལ་གསུངས་པ་དེ་གུང་ཁྲན་ཏང་གི་འོག་ནས་བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཆོག་ཅེས་པའི་འགྱུར་བ་འདིའི་ཁ་གསལ་གྱི་འགྲེལ་བརྗོད་དེ་ཡིན་ནམ། ཐུགས་བསམ་བཞེས་ནས་གསུང་མོལ་གནང་རྒྱུར་ཞེན་སྐུལ་ཞུས་པ་ཡིན། དེ་མ་གཏོགས་ངོ་མས་ཆོ་མེད་རང་ཆགས་ཉེན་འདུག
ད་ང་ཡང་ཐང་ཆད་སོང་། ངོ་མས་ཐང་ཆད་སོང་། དུས་ཚོད་འཕྲོ་བརླག་ལ་གཏོང་རྒྱུར་ཐང་ཆད་སོང་། དུས་ཚོད་འཕྲོ་བརླག་རང་རེད། རྗེས་མ། གོང་བཀོད་གནད་དོན་འདི་ཚོའི་སྐོར་ལ་གསལ་གསལ་ཐང་ཐང་ཞིག་བཟོ་གི་ཡིན། ཁ་གསལ་གཏིང་གསལ་ཞིག་འབྲི་གི་ཡིན།
འདི་ལྟར། བསམ་ཚུལ་ཐུང་ཐུང་རེ་བཤད་བསྡད་ན། བོད་ཡིག་ལ་ལོ་ཙཱ་བྱེད་དགོས་བའི་ཚོད་ལ་སླེབས་ས་རེད། ད་བདེ་མོ་བྱོས།
༧གོང་ས་མཆོག་བོད་དུ་ཕེབས་ཐབས་གཙོ་འདོན་གནང་རོགས་ཞེས་པའི་རྩོམ་རྙོག་འདི་ཐད་ང་ཡིས་གསལ་བཤད་ཐུང་ཐུང་ཞིག་ཞུ་དགོས་བྱུང་སོང་། མཛོ་སུམ་ཅུ་རྭ་ཁ་དྲུག་ཅུ་དང་། མི་སུམ་ཅུ་བསམ་པ་སུམ་ཅུ་ཡིན་པའི་གནས་ལུགས་དབང་གིས་དྲ་གྲོགས་ཁང་གསར་རྡོ་རྗེ་ལགས་ཀྱིས་རྩོམ་དེ་ཆོ་མེད་ཅིག་ནས་དུས་ཚོད་འཕྲོ་བརླག་རང་ཡིན་པ་བརྗོད་འདུག ང་ཡིས་ཀྱང་དེ་རྩོམ་རྙོག་ཅིག་ཡིན་པ་ཤེས་བཞིན་དུ་བྲིས་པ་ཡིན་པ་ལས། དེ་རྩོམ་ཡག་དོན་ལྡན་ཅན་ཞིག་ཏུ་གཏན་ནས་རློམ་མྱོང་མེད་ལ། རང་རློམ་ཆེན་པོའི་འཁྲུལ་སྣང་རིགས་ནི་དེ་བས་ཀྱང་མེད། ཡིན་ན་ཡང་ཁྱེད་ཀྱིས་ཆོ་མེད་དུ་གཟིགས་པ་ཙམ་གྱིས་ཆོ་མེད་ཡིན་པའི་ངེས་པ་གཏན་ནས་མེད་པ་འདི་གཅིག་ཡིན།
གཉིས་པ་དེར། ངེད་ཀྱི་རྩོམ་རྙོག་དེ་ནི་༧གོང་ས་མཆོག་བོད་དུ་ཕེབས་ཐབས་གཙོ་འདོན་གནང་རོགས་ཞེས་རེ་སྐུལ་འདྲ་མཚོན་བྱེད་དུ་བྲིས་ཡོད་ཅིང་། དེ་ཡང་ཁ་བཤད་ཧ་ཅང་མང་ཡང་ལག་ལེན་རྐང་གཅིག་མེད་པའི་ལས་སྣེ་མང་པོའི་བྱེད་བབ་དང་། བོད་ནང་གི་བོད་མི་ཚོའི་༧གོང་ས་མཆོག་ལ་མཇལ་འདོད་ཀྱི་རེ་སྒུག་རིང་མོ་དེ་དག་ལ་གཙོ་གཞིགས་བྱས་ནས་བྲིས་པ་ཞིག་ཡིན། དོན་དངོས་སུ་འདས་ཟིན་པའི་མི་ལོ་ལྔ་བཅུ་ལྷག་གི་དུས་ཡུན་རིང་ལ་༧གོང་ས་མཆོག་གི་སྐུ་དྲིན་ལ་གཙོ་བོར་བརྟེན་ནས་མ་གཏོགས། ལས་སྣེ་གཞན་སུ་ཞིག་གིས་༧གོང་ས་མཆོག་ནང་བཞིན་བོད་དོན་ཐད་ཁ་ཞེ་གཉིས་མེད་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད་དམ། དེ་ལ་ཁང་རྡོར་ཁྱེད་ཀྱིས་གསལ་བཤད་ཆོ་ཡོད་ཅིག་གནང་ན་ལེགས། གཞན་དུ་ན་ཁྱེད་ཀྱི་རྨོངས་བཤད་བསམ་ཚུལ་འབུར་འཛོམས་དང་འུར་རྒྱག་པ་ཞེས་པ་དེ་ཡང་བཟི་གཏམ་ཁོ་ནར་ཟད་ཉེན་སྣང་།
གསུམ་པ་དེར། ལས་ཀྱི་སྣེ་མོར་གཏོགས་པ་ཚོ་ཞེས་པའི་སྐབས་སུ་གོང་བཤད་ལྟར་ཁ་བཤད་མང་ལ་ལག་ལེན་ཅི་ཡང་མེད་པའི་གཞུང་འབྲེལ་གྱི་མཐོ་རིམ་མི་སྣའི་རིགས་ལ་བརྗོད་ཀྱི་ཡོད་ཅིང་། དེ་ཡང་ལས་འཁྱུར་བྱུང་ཡོད་མེད་ལ་མ་བལྟོས་པར། དེའི་ནང་དུ་བཀའ་ཤག་དང་། སྤྱི་འཐུས། འབྲེལ་ཡོད་སྡེ་ཚན་གཞན་གྱི་མཐོ་རིམ་ལས་བྱེད་སྐོར་ཞིག་འདུས་ཡོད། ༧གོང་ས་མཆོག་དང་། བོད་མི་མང་གིས་དེ་ཚོ་ལ་རེ་བ་དང་ཡིད་ཆེས་ཆེན་པོའི་སྒོས་ལས་འགན་ཆེད་བཅོལ་བྱས་ཡོད་ཀྱང་། དེ་དང་འབྲེལ་བའི་གྲུབ་འབྲས་ནི་ཅི་བྱུང་ཀུན་གྱིས་མཁྱེན་གསལ་ལགས་པས་ང་ཡིས་ཞིབ་ཞུ་བྱེད་དགོས་མི་འདུག གང་ལྟར་གཞིས་བཞུགས་བོད་མི་མང་གི་གཞི་རྩའི་མངོན་འདོད་ཁག་དང་། རང་རེའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཁ་གཡང་བཅས་ལ་ཞིབ་ཏུ་དཔྱོད་ཤེས་དང་གསན་བཞེས་གནང་ན་དེ་གས་འཐུས་ཞེས་ཞུས་པ་ཡིན། རེ་ཞིག་དེ་ཙམ་བཅས།