ཐེ་བོ་ཤེས་རབ་རྒྱ་མཚོ།
(ཨ་རིའི་ནེའུ་ཡོར་ཀི་གྲོང་ཁྱེར་སྤྱི་ཁྱབ་པ་འདྲེ་འབོད་རྐང་གླིང་གི་༧གོང་ས་མཆོག་ལ་ཕེབས་སྒུག་གི་གཏམ་བཤད།)
ང་ཚོ་ཨ་རི་བ་ཡིན། འདས་སོང་གི་ལོ་རྒྱུས་ནང་ང་ཚོ་ནི་འཛམ་གླིང་སྟེང་སྟོབས་འབྱོར་དང་མངའ་ཐང་ཆེས་ཕུལ་དུ་བྱུང་བའི་རྒྱལ་ཁབ་གཅིག་པོ་དེ་ཡིན་ལ། མ་འོངས་པ་ན་ཡང་སྔར་བཞིན་ང་ཚོ་ཆེས་ཕུལ་དུ་བྱུང་བའི་སྟོབས་འབྱོར་དང་མངའ་ཐང་ལྡན་པའི་རྒྱལ་ཁབ་གཅིག་པོ་དེ་ཡིན་དགོས། ང་ཚོས་རང་ཉིད་ཀྱི་ནུས་སྟོབས་ལ་བརྟེན་ནས་འཛམ་གླིང་ལ་སྣེ་ཁྲིད་བྱས་པ་ཡིན་ལ། མ་འོངས་པར་ཡང་ང་ཚོས་མུ་མཐུད་དུ་རང་ཉིད་ཀྱི་ནུས་སྟོབས་སྤྱད་ནས་འཛམ་གླིང་ལ་སྔར་ལས་ལྷག་པའི་སྣེ་ཁྲིད་བྱ་རྒྱུ་ཡིན། ང་ཚོ་ཨ་རི་བས་འཛམ་གླིང་ཞི་བདེ་ལ་གཏོར་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་དང་འཇིགས་སྐུལ་རིང་ལུགས་པ་སུ་འདྲ་ཞིག་ཡིན་ཡང་དྲག་འདུལ་བྱས་པ་ཡིན་ལ། ད་ལྟའང་ད་དུང་ང་ཚོ་ཨ་རི་བས་འཛམ་གླིང་ཞི་བདེ་ལ་གཏོར་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་དང་འཇིགས་སྐུལ་རིང་ལུགས་པ་རྣམས་སྔར་བཞིན་དྲག་འདུལ་བྱེད་ཀྱི་ཡོད། མ་འོངས་པ་ལ་ཡང་ང་ཚོ་ཨ་རི་བས་འཛམ་གླིང་ཞི་བདེ་དང་མིའི་རིགས་ཀྱི་རང་དབང་དང་བདེ་སྐྱིད་ལ་འགྲན་རྒོལ་བྱེད་མཁན་གྱི་རྒྱལ་ཁབ་དང་འཇིགས་སྐུལ་རིང་ལུགས་པ་དག་སྔར་ལས་ལྷག་པའི་སྒོ་ནས་དྲག་འདུལ་བྱ་རྒྱུ་ཡིན་ལ། འདི་ནི་ང་ཚོ་ཨ་རི་བ་ཡིན་པའི་རྒྱུ་མཚན་གྱིས་གཟུར་ཐབས་གཏན་ནས་མེད་པའི་འགན་འཁྲི་ཡིན་པར་བརྟེན། ང་ཚོ་ཨ་རི་བས་དེ་རིང་འཛམ་བུ་གླིང་གི་མདུན་ལ་དཔའ་ཁས་ལེན་གྱིས་དམ་བཅའ་བཞག་པ་ཡིན།
འོན་ཀྱང་། ང་ཚོ་ལ་དཀའ་ངལ་གཅིག་རང་གཅིག་ཡོད་དེ། དེ་ནི་ང་ཚོའི་འཚར་ལོངས་ཡོང་བཞིན་པའི་ཨ་རི་བའི་གཞོན་སྐྱེས་ཚོའི་བཟང་སྤྱོད་ཐད་ལ་ཡིན། དྲང་བོར་བཤད་ན། ང་ཚོ་ཨ་རི་བའི་གཞོན་སྐྱེས་ཚོའི་བཟང་སྤྱོད་ལ་གནད་དོན་འབུད་ཀྱིན་ཡོད།
གནད་དོན་འདི་ང་ཚོས་ཆེས་ཕུལ་དུ་བྱུང་བའི་དེང་རབས་ཀྱི་གོ་མཚོན་སྤྱད་ནས་སེལ་ཐུབ་པ་ཞིག་མིན་ལ། གལ་ཏེ་སེལ་ཐུབ་པའི་དབང་དུ་བཏང་ནའང་། ང་ཚོ་ནི་ཨ་རི་ཡིན་པས། ང་ཚོས་ཨེ་ཤ་ཡའི་ཤར་མའི་ནད་རོ་རུ་བོས་མྱོང་བའི་རྒྱ་ནག་རྒྱལ་ཁབ་ནང་བཞིན་རང་ཉིད་ཀྱི་མི་དམངས་ལ་རྒྱལ་སྲུང་དམག་དཔུང་མངགས་ནས་དྲག་གནོན་བྱ་མི་སྲིད། དེའི་རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་ཡིན་ཏེ། ཨ་རིའི་གཞུང་ནི་ང་ཚོ་ཨ་རིའི་མི་དམངས་ཡོངས་རྫོགས་ཀྱི་གཞུང་ཡིན་པ་ལས། ཚོགས་པ་བྱེ་བྲག་པ་ཞིག་གི་གཞུང་མིན། དེར་བརྟེན་དཀོན་མཆོག་གིས་ང་ཚོའི་ཨ་རིའི་གཞུང་ལ་ཨ་རིའི་མི་དམངས་ཀྱི་བདེ་འཇགས་དང་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་བསྐུར་ཡོད་པ་ལས་ཨ་རིའི་མི་དམངས་ལ་དྲག་གནོན་བྱེད་ཆོག་པའི་ཐོབ་ཐང་གནང་མེད།
འདིར་ཅིས་ཀྱང་བཤད་དགོས་པ་ཞིག་ལ། ང་ཚོ་ཨ་རི་ནི་ཆེས་ཡར་ཐོན་དང་ཆེས་སྟོབས་འབྱོར་མངའ་ཐང་དར་བའི་རྒྱལ་ཁབ་གཅིག་པོ་དེ་ཡིན་ནའང་། ཧ་ལམ་ཨ་རིའི་རྒྱལ་གཞུང་གི་ས་གནས་གང་སར་ཟླ་རེ་བཞིན་མེ་མདའི་སྐད་སྒྲ་འཇགས་ཀྱི་མེད་ཅིང་། དེ་ནི་དེང་རབས་ཀྱི་ཨ་རིའི་མ་འོངས་པའི་བདག་པོ་སྟེ། ང་ཚོའི་བྱིས་པ་ལོ་གཞོན་ཚོའི་ཀུན་སྤྱོད་ལ་གནད་དོན་འབུད་ཀྱིན་འདུག་པ་དེ་གསལ་སྟོན་བྱས་པ་ཙམ་རེད། ང་ཚོའི་ཨ་རི་བའི་གཞོན་སྐྱེས་ཚོའི་ཀུན་སྤྱོད་ལ་
གནད་དོན་བུད་པ་འདིས་དེ་རིང་ཨ་རིའི་རྒྱལ་ཚོགས་ཁང་ཆེན་གྱི་མདུན་ནས་ཀྱང་ལག་ཏུ་མེ་མདའ་ཐོགས་པའི་གཞོན་སྐྱེས་ཚོས་དོན་དག་མེད་པར་མི་གསོད་ཀྱི་ཡོད།
ང་ཚོ་ཨ་རི་བའི་གཞོན་སྐྱེས་ཚོའི་ཀུན་སྤྱོད་ཀྱི་གནད་དོན་འདི་ལ་མཛུབ་སྟོན་གནང་རྒྱུར་ནུས་པ་ཡོད་པའི་མི་གཅིག་རང་གཅིག་ཡོད་པ་དེ་ནི། བྱིས་པ་ཆུང་ཆུང་ཞིག་དང་འདྲ་བར་ལྷད་མེད་འཛུམ་མདངས་ཀྱིས་ཞལ་རས་ཡོངས་སུ་འཁྱུད་པའི་སྐྱེས་ཆེན་ཞིག་སྟེ། ཁོང་གི་ལེགས་བཤད་ཀྱི་བདུད་རྩི་བསིལ་མས་ད་གཟོད་ང་ཚོ་ཨ་རི་བའི་གཞོན་སྐྱེས་ཚོའི་ཀུན་སྤྱོད་ཀྱི་ནག་ནོག་དག་གཙང་མར་བཀྲུ་ཐུབ་ངེས་ཡིན་པ་དང་། ཁོང་ནི་ད་ལྟའང་ད་དུང་འཛམ་གླིང་འདིའི་སྒང་གཟི་འོད་དང་བཅས་ཏེ་བཞུགས་ཡོད་པ་དེ་ང་ཚོ་ཨ་རི་བ་ཡོངས་ཀྱི་བསོད་སྡེ་རེད་ལ། ང་ཚོ་འཛམ་གླིང་གི་མི་ཡོངས་རྫོགས་ཀྱི་བསོད་སྡེ་ཡང་རེད། ང་ཚོ་ཨ་རི་བས་འཇིག་རྟེན་འདིའི་ཕ་རོལ་ཏུ་སངས་རྒྱས་གསོན་པོ་ཤིག་བཞུགས་ཡོད་པར་མི་འདོད་ནའང་། སྐྱེས་ཆེན་ཁོང་ནི་ང་ཚོ་ཨ་རི་བས་འཇིག་རྟེན་འདི་ན་དངོས་སུ་ཞལ་བཞུགས་ཡོད་པའི་སངས་རྒྱས་གསོན་པོ་དེ་ཡིན་པར་བསྒོམས་ཡོད། ང་ཚོས་སངས་རྒྱས་གསོན་པོོ་དངོས་ཡིན་པར་བསྒོམས་པའི་སྐྱེས་ཆེན་དེ་ནི། ཐུགས་ཀྱི་བྱམས་བརྩེ་འཛམ་གླིང་ཁྱོན་ལ་ཁྱབ་པའི་བོད་ཀྱི་༧གོང་ས་ཏཱ་ལའི་བླ་མ་མཆོག་རེད། སངས་རྒྱས་དེ་ད་ལྟ་རྒྱ་གར་གྱི་རྡ་རམ་ས་ལའི་གྲོང་བརྡལ་ཆུང་ཆུང་ཞིག་ཏུ་ཧ་ཅང་ཞི་དུལ་དང་། ཧ་ཅང་བག་ཡོད། ཧ་ཅང་གཉོམ་ཆུང་དང་། ཧ་ཅང་ཚུལ་མཐུན་གྱིས་བཞུགས་ཡོད་ནའང་ཐུགས་ཀྱི་བྱམས་བརྩེ་ནི་འུ་ཚོའི་མགོ་ཐོག་ལ་ཤར་བའི་ཉི་མ་འདི་ནང་བཞིན་འཛམ་གླིང་གི་ཤར་ནུབ་དང་ཉིན་སྲིབ་ཀྱི་དབྱེ་བ་མེད་པར་འཕྲོ་བཞིན་ཡོད།
ང་ཚོ་ཨ་རི་བའི་དུས་གསུམ་གྱི་མི་དམངས་ཚང་མས་གཏན་དུ་བརྗེད་མི་སྲིད་པ་ཞིག་དང་། ང་ཚོ་ཨ་རི་བའི་ལོ་རྒྱུས་ཀྱིས་ཀྱང་དུས་གཏན་དུ་བརྗེད་མི་སྲིད་པ་ཞིག དེ་བས་ཀྱང་ང་ཚོའི་ནེའུ་ཡོར་ཀི་གྲོང་ཁྱེེར་ལོ་རྒྱུས་ཀྱིས་དུས་གཏན་དུ་བརྗེད་མི་སྲིད་པ་ཞིག་ནི། ཁོང་གང་མགྱོགས་ང་ཚོ་ཨ་རིའི་ནེའུ་ཡོར་ཀི་གྲོང་ཁྱེར་ནང་ལ་ཆིབས་སྒྱུར་གནང་རྒྱུ་དེ་རེད།
འོན་ཀྱང་། ང་ཚོ་ལ་ད་དུང་དཀའ་ངལ་འཐེབ་པ་གཅིག་ཡོད་པ་ནི་ཁོང་གི་ཆིབས་སྒྱུར་ལ་སྒུག་རྒྱུ་དེ་རེད། ཡིན་ཡང་། རེ་བའི་མིག་ཟུང་ས་ཡ་མང་པོས་རྒྱ་གར་རྡ་རམ་ས་ལར་བཞུགས་ཡོད་པའི་བོད་ཀྱི་སངས་རྒྱས་གསོན་པོ་དེ་ང་ཚོ་ཨ་རིའི་ནེའུ་ཡོར་ཀི་གྲོང་ཁྱེར་ལ་ཕེབས་སྒུག་བྱ་རྒྱུ་འདི་ནི་ང་ཚོའི་སེམས་ནང་གི་ཆེས་ཆེ་བའི་སྤྲོ་སྣང་གཅིག་པོ་དེ་རེད། ཐུགས་རྗེ་ཆེ།
༢༠༡༣/༡༠/༤
ཟུར་མཆན། འདི་རྟོག་བཟོ་ཡིན་པས་གཞི་འཛིན་ས་མེད། འོན་ཀྱང་པར་དེ་དག་དངོས་མ་ཡིན།
ཤིན་ཏུ་ལེགས་ མི་སེམས་བསྒུལ་བའི་རྟོག་འགྱུའི་རྩོམ་ཡིག་ཅིག་རེད་ལགས།
འཆལ་གཏམ་ལ་དགའ་བའི་མི་འདི་ཚོས་ཅི་ཞིག་བསམ་གྱི་ཡོད་ན། གཞི་མེད་སྐད་ཆ་ལྡོམ་པོ་འདི་ཁ་སང་ནས་དྲྭ་ལམ་ན་ལྡོམ་ནས་འདུག འདིས་ཡང་བོད་ནང་གི་མི་སེམས་ག་ཚོད་ཅིག་ལ་འདྲོགས་བསླངས་ཡོད་པ་སུས་ཤེས།
བླ་མ་ཚོང་ལས་བྱས་ན་དགེ་བ་ཡིན་ནམ།
༧གོང་ས་མཆོག་གང་དུ་ཕེབས་ཀྱང་མཛད་འཕྲིན་རྒྱས་བཞིན་པ་ནི་ཞུ་མ་དགོས་པ་ཞིག་རེད། ང་ཚོའི་བསོད་ནམས་རེད་ལ་ང་འཚོའི་རྒྱན་ཡང་རེད། འོན་ཀྱང་ང་ཚོས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི་ཕྱི་རྒྱལ་བ་༧གོང་ས་མཆོག་ལ་མཇལ་ཁར་ཡོང་བའི་ཁྲོད་ན་ལྟད་མོ་བ་མང་པོ་ཡོད་པ་རེད། གློག་བརྙན་ལ་ལྟ་བ་དང་། རྩེད་མོ་རུ་ཁག་གི་འགྲན་སྡུར་ལ་ལྟ་བ་ཇི་བཞིན་ལྟད་མོ་ལྟ་རུ་ཡོང་གི་ཡོད་རེད། འདི་མཁྱེན་དགོས་ཀྱི་འདུག
རྩོམ་དེ་སྙན་པོ་འདྲ་བྲིས་བཞག འོན་ཀྱང་ཆོས་ལུགས་གཞན་ལ་ཡང་ཅི་འདྲ་གསུངས་ཡོང་། ཐུགས་རྗེས་གཟིགས། ཐམས་ཅད་སྙོམས་པར་གཟིགས་ན་དེ་འདྲའི་དགའ་བ་ལ།
ཡག་པོ་གསུངས་ཤག
ཡག་པོ་ཞེ་དྲག་བསྒྱུར་འདུག ཐུགས་རྗེ་ཆེའོ།
ལེགས་སོ་ཁ་བརྡ་ཚང་བཀའ་དྲིན་ཆེ།
ལྷ་སྲས་དཀར་པོའི་འཕྲིན་ལན།
སྤྱི་ཁྱབ་པ་འདྲེ་འབོད་རྐང་གླིང་ལགས།
ཁྱེད་ཀྱིས་ང་ཚོའི་སངས་རྒྱས་གསོན་པོ་ཆིབས་སྒྱུར་གནང་རྒྱུར་རེ་སྒུག་བྱེད་ཀྱིན་པར་དགའ་བོ་བྱུང། ཁོང་ཕེབས་ངེས་རེད། འོན་ཀྱང་དེ་ལ་སྔོན་འགྲོའི་ཆ་རྐྱེན་གསུམ་ཡོད།
༡༽ ཨ་རི་བའི་མི་མང་གིས་རང་སྲུང་མེ་མདའ་འཛིན་ཆོག་པ་དེ་མེད་པར་བཟོས་ནས་སངས་རྒྱས་གསོན་པོའི་སྐུ་འདྲ་རེ་ཁྱིམ་ལ་ཉར་དགོས།
༢༽ ཨ་རིའི་གཞོན་སྐྱེས་གང་མང་ཞིག་བཞུགས་སྒར་རྡ་རམ་ས་ལ་དང་བོད་ཀྱི་དགེན་སྡེ་ཆེ་ཁག་ལ་ལྟ་སྐོར་དུ་འཁྲིད་དགོས།
༣༽ སངས་རྒྱས་གསོན་པོའི་གསུང་མཆོག མི་ཚེའི་ལམ་སྟོན་གྱི་བསླབ་བྱ་ཚང་མ་ཕྱོགས་བསྒྲིགས་ཀྱིས་ཨ་རི་བའི་གཞོན་སྐྱེས་ཚང་མར་རིན་མེད་དུ་འབུལ་དགོས།
སྤྱི་ཁྱབ་ཁྱེད་ཀྱིས་གོང་གསལ་ཆ་རྐྱེན་གསུམ་པོ་ལེགས་སྒྲུབ་ཐུབ་བམ།
རྟོག་སྒྲུང་ཡག་པོ་བྲིས་འདུག ཆབ་བྲག་ལྷ་མོས་སངས་རྒྱས་གསོན་པོ་སྐུ་འདྲ་རེ་ཁྱིམ་ལ་ཉར་དགོས་ཟེར་བ་དེ། ཆོ་མེད་ཀྱི་སྐད་ཆ་རེད། ད་དུང་ཨ་རི་གཞོན་སྐྱེས་རྡ་རམ་ས་ལ་ཁུག་སྐྱོག་ལ་བཏང་ནས་ཨ་རི་གཞོན་སྐྱེས་ཚང་མ་ཞི་མི་ལས་མཉོམ་ཆུང་བ་བཟོ་རྒྱུ་ཡིན་པས།
ཨ་རི་བ་ནི་གཉོམ་ཆུང་ལ་ཐུབ་ཚོད་གཏོང་མཁན་དང་། སྟོབས་ཆེན་ལ་སྤྲེལ་ལད་འཁྲབ་མཁན། གཡོ་སྒྱུ་མཚོ་ལས་ཟབ་པ། ཁ་འཇམ་ཁོག་ནག་ཅིག་ཡིན་པས། སྐྱབས་མགོན་རིན་ཆེན་པོས་ཆོས་ཀྱི་འཁོར་ལོ་བསྐོར་ནས་སེམས་ཅན་མ་རུང་བ་འདི་རྣམས་འདུལ་ནུས་པར་ཤོག
རང་བཟོ་ནི་རང་བཟོ་རེད། ཨ་རི་བའི་ནང་སངས་རྒྱས་གསོན་པོ་ལྟ་ཅི། སངས་རྒྱས་ལ་དད་པ་ཡོད་མཁན༢%ལས་མེད། དངོས་གནས་ཞེན་འདོད་ཀྱི་རྟོགས་སྒྲུང་རང་རེད།
རང་བཟོ་འདིའི་རིགས་རྒྱ་མི་ལ་དགོས་པ་དེ་རེད་། རྒྱ་རོས་ཕྱི་སྡོད་བོད་རིགས་མ་མིན་མཁྱོག་བཤད་ཀྱང་ཀྱང་རེད་ཅེས་པ་དེ་ལམ་ཁ་དང་དཔེ་ཅིག་རག་པ་རེད། ཁྱོད་དེ་མིན་གང་ཡང་བྲིས་ཡག་མི་འདུག་གམ་ ཨ་ཁ་ཁ་ ཡིན་ན་ཡང་ཁྱོད་རང་གིས་རྟོག་བཟོ་ཡིན་ཅེས་ཁ་གསལ་པོ་བཟོས་པ་དེ་ལ་དགའ་བསུ་ཡོད།
བོད་ནང་གི་མི་མང་པོ་ཞིག་གིས་འདི་དངོས་གནས་རེད་བསམས་ཏེ། སྐད་འཕྲིན་སོགས་སུ་སྤེལ་གྱིན་འདུག ཡིན་ནའང་། དེ་རིང་འདིར་མིང་ཡག་པོ་ཞིག་བཏགས་འདུག དེ་མིན་ཉེ་སྔོན་མིང་ཡང་མི་འདུག གང་ཞིག་ནས་བསྒྱུར་པ་ཡིན་ཁུལ་བྱས་འདུག
དངོས་གནས་ཨ་རི་བ་ཞིག་གི་གསུང་བཤད་ཡིན་ཤག་གིས་དགའ་སྤོབས་མནོན་མི་ཤེས་པའི་ངང་ནས་བཀླགས་མོད། མཇུག་མཐར་བོད་མི་ཞིག་གི་རྟོག་བཟོ་རུ་ཤེས་པས་སྟོང་ལྷང་ལྷང་དུ་གྱུར། ཡིན་ན་ཡང་གོ་རྒྱུ་ཟབ་མོ་ཡོད་པའི་དངོས་པར་དེ་ཚོ་དྲ་ངོས་སུ་བཀོད་པར་ཐུགས་རྗེ་ཆེ་ཞུ།
དང་པོ་ཀློག་དུས་དགའ་བ་སྟོང་གི་མྱོས་ན་ཡང་། མཐའ་མ་དེ་ལ་སྐབས་འཚོལ་རིང་ལུགས་པ་ཞིག་གི་རྟོགས་བཟོ་བྱས་པ་ཡིན་པ་ཤེས་དུས་བློ་ཕམ་བྱུང་། རྗེས་མ་འདི་དང་འདྲ་བའི་རྙོག་རྩོམ་རིགས་མི་སྤེལ་རོགས་ཞུ།
གསང་མི་ཐུབ་པའི་གསང་བ་ཕྱིར་ལ་དོན་ཡོངས་བའི་རེ་འབོད་ཞུ་ཀྱི་ཡོད་དེ་ཡང་ཕྱི་ལོ་༢༠༡༣་ཟླ་༡༠་ཚེས་ཤེར་ལ་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་བློ་བུར་དུ་ཨ་རིའི་ལ་ཁོངས་དང་མཉམ་དུ་རོགས་པ་ཁག་དང་མཉམ་དུ་ཡོངས་དགོས་པའི་རྒྱུན་མཚན་ཅི་ཡིན་སུ་ཡང་མི་ཤེས་དེ་རྒེར་དོན་ཡིན་སྤྱི་དོན་ཡིན་ཤིན་ཏུ་ནི་ཧ་གོ་དཀའ་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ནས་རྒྱབ་གཉེར་དང་ཕྱི་སྤྱོད་ལགས་འཁྱེར་ཐོག་དཱོགས་སྣང་དྲང་པོ་དྲང་བཞག་གནང་དགོས་པ་ཅི་སྨྲོས་དགོས།།
ཨ་རིའི་གཡོག་ཕྲུག་ཚོ་ཁ་བརྡར་ནི་མ་འདུག