ཨེ་མ་ཧོ།
ན་མོ་གུ་རུ་པདྨ་བིརྱ་དྷ་ར་ཡེ།།
༡
ཀ་དག་ལྷུན་གྲུབ་ཁ་སྦྱོར་ཀུན་ཏུ་བཟང་པོ།།
ག་བུར་དབང་ལྟར་ང་ཚོའི་མགོན་དུ་ཕེབས་པ།།
ཅ་དག་དགེ་སྦྱོང་ཆ་ལུགས་གསུམ་ལྡན་རིག་འཛིན།།
ཇ་སེར་མདངས་འཛིན་ཉ་གང་ཞལ་རིས་ཅན་པོ།།
༢
ཏ་ཐྰ་ག་ཏ་ཐ་དག་གཅིག་གི་ངོ་བོར།།
ད་ལྟའི་སྙིགས་དུས་ན་རཀ་སྡུག་ཀུན་བསལ་ཕྱིར།།
པ་མེས་རྒྱུད་འཛིན་ཕ་གཅིག་ཡིད་བཞིན་ནོར་བུ།།
བ་ཀུ་ལ་ལྟར་མ་ལུས་འགྲོ་ཕན་ཅན་པོ།།
༣
ཙ་ནས་མཇལ་དུས་ཚ་གདུང་ཀུན་བསལ་ཟླ་བ།།
ཛ་ལན་དྷ་རར་ཝ་ལེར་མཁྱེན་བརྩེའི་བླ་མ།།
ཞྭ་དམར་བསྟན་བདག་ཟ་འོག་བེར་སྨུག་ཅན་པོ།།
འ་ཅག་མགོན་པོ་ཡ་མཚན་ཀུན་བཟང་ཉི་མ།།
༤
ར་བ་གངས་རིའི་ལ་དཀར་རྒྱུད་པ་གཙང་མ།།
ཤ་བ་རི་ལྟར་ས་ཐོབ་སེམས་དཔའ་ཆེན་པོ།།
ཧ་ཅང་སྒམ་པོ་ཨ་ཏི་ཡིད་བཞིན་ནོར་བུ།།
བདེན་དོན་མི་ནུབ་རྒྱལ་མཚན་རྩེ་རུ་སྒྲོན་ནོ།།
༥
སྔ་འགྱུར་ཆེ་ཆོས་དྲུག་ལྡན་རྫོགས་ཆེན་དམ་པ།།
འཕགས་ནོར་རིན་ཆེན་བདུན་གྱིས་རབ་ཏུ་ཕྱུག་ཅིང་།།
རྟེན་འབྲེལ་བཀྲ་ཤིས་རྟགས་བརྒྱད་ལྷུན་གྱིས་གྲུབ་ནས།།
འགྲོ་རྣམས་གང་དགར་ཐེག་དགུའི་ཆོས་ཆར་སྩོལ་ཅིག།
ཅེས་པ་རབ་རྒྱན་ཤིང་རྟའི་དགེ་ལྡན་ལྔ་མཆོད་དམ་༧སྐྱབས་རྗེ་གྲུབ་དབང་རྫོགས་ཆེན་ཡིད་བཞིན་ནོར་བུའི་འཁྲུངས་སྐར་ལ་རྫོགས་ཆེན་མཁའ་འགྲོས་སྐུལ་ངོར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་སྨོན་པར་དགེའོ།། །།
ང་༽དང་། ངའི་ཁ་༽གཉིས་ཆད་འདུག ཨེ་མ་ཧོ་ལགས།
ར་བ་གངས་རིའི་ལ་དཀར་རྒྱུད་པ་གཙང་མ་
ལ་དཀར་རྒྱུད་པར་ཐུགས་བསམ་ལེགས་པར་གཞེས་ནས་
ཡ་མ་ལུགས་ཀྱི་མཁའ་འགྲོའི་རྒྱུད་པ་བཞེས་ནས་
ལ་དཀར་རྒྱད་པའི་ཡང་སྤྲུལ་གཉིས་ཙམ་འཁྲུངས་སོ་
ཨེ་མ་ཧོ་ལགས་
༧ཀུན་གཟིགས་རྫོགས་ཆེན་ཡིད་བཞིན་ནོར་བུའི་ཞབས་བརྟན་མི་འགྱུར་ལྷུན་པོ།།
ཨོཾ་སྭ་སྟི།།
ཀུན་བཟང་རྡོ་རྗེ་འཆང་དབང་པདྨ་འབྱུང་།།
གྲུབ་པའི་རིག་འཛིན་མཆོག་ཏུ་རོལ་བའི་གར།།
བསྟན་འགྲོར་རྗེས་སུ་བརྩེ་བའི་ཡ་མཚན་ཕུལ།།
རིམ་བྱོན་སྐྱེ་བའི་ཕྲེང་བར་གསོལ་བ་འདེབས།།
རྨད་བྱུང་ཐུབ་བསྟན་ལུང་རྟོགས་འཛིན་པའི་འཕྲུལ།།
མཁྱེན་བརྩེའི་ཡེ་ཤེས་ཉི་གཞོན་འོད་པོ་ཆེ།།
སྲིད་ཞིའི་འཇིགས་བྲལ་ཕན་དང་བདེ་བའི་དཔལ།།
མི་འགྱུར་ལྷུན་པོའི་སྤོ་ལ་རྟག་ཤར་ཤོག།
ཅེས་པ་འདིའང་ཤཀྱཱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས་སྨོན་པའོ།། །།
Happy birthday to 7th H.H.Dzogchen Rinpoche. Wish longlife.
今天是伟大的大圆满成就者佐钦法王的诞生日,法王今年五十岁了,在五十年前,多珠千法王以慧眼认证了还没有出生的第七世佐钦法王,后来大堪布奘珠询问法王:“还没有出生,你怎么能够认定这个胎儿就是六世佐钦法王转世?”多珠千法王回复堪布:“我在梦境中得到了莲花生大师的指点,还梦到认证我的上师第五世佐钦法王化入她(佐钦法王的母亲)腹内,以此我断定这就是佐钦如意宝的转世活佛。”
在此祝福与祈祷佐钦法王,久住于世,常转法轮。
Today is the great Dzogchen dzogchen Rinpoche’s birthday, his Holiness is 50 years old this year, over 50 years ago, Qian King, Pearl eye certification has yet to be born the seventh dzogchen Rinpoche, buzangzhu later asked his Holiness: “yet to be born, how can you assume that the fetus is liushizuo Chin his reincarnation? “Qian King reply Khenpo, bead:” in dreams I get advice by the guru Padmasambhava, also dreamed of certification guru I into her to the fifth dzogchen Rinpoche (dzogchen Rinpoche’s mother) inside, which I am sure this is the dzogchen reincarnations of Rooibos. “Best wishes and prayers dzogchen Rinpoche, long live to the world, often turning of the wheel.
Translated by Bing