ཨེ་མ་ཧོ།
ན་མོ་གུ་ར་ཝེ།
ཀ་དག་སྤྲོས་བྲལ་གྱི་ངོ་བོ་རྟོགས་ནས།།
ཁ་སྦྱོར་བདུན་ལྡན་ལ་རང་བྱན་ཆུབ་ཅིང་།།
ག་བུར་དབང་པོ་ལས་ཀུན་ཕན་དམ་པ།།
ང་ཡི་སྙིང་ནོར་ཉིད་གང་དུ་བཞུགས་སམ།།
ཅ་ཅོ་ཀུན་བྲལ་གྱི་དབེན་གནས་འདི་ནས།།
ཆ་ཤས་ཀུན་གཙང་གི་དཀྱིལ་འཁོར་བཤམས་ཏེ།།
ཇ་འོ་དཀར་གསུམ་སོགས་དངོས་འབྱོར་ཡིད་སྤྲུལ།།
ཉ་གང་ཟླ་ཚེས་ཉིན་མཆོག་ལ་མཆོད་དོ།།
ཏ་ཐྰ་ག་ཏ་ཡི་ཀུན་འདུས་སྤྱི་གཟུགས།།
ཐ་དག་རྒྱལ་སྲས་ཀྱི་མཛད་པ་ཕྲིན་ལས།།
ད་ལྟའི་དུས་རབས་ཀྱི་རྫོགས་པའི་སངས་རྒྱས།།
ན་མོ་དད་གུས་ཀྱིས་སྙིང་ནས་གསོལ་འདེབས།།
པདྨའི་ཐུགས་སྲས་ཀྱི་རྡོ་རྗེ་བདུད་འཇོམས།།
ཕ་མེས་རིགས་བདག་གི་ཡིད་བཞིན་ནོར་བུ།།
བ་ཀུ་ལ་བཞིན་དུ་གནས་བརྟན་ཆེན་པོ།།
མ་ལུས་འགྲོ་མགོན་ཁྱེད་སྙིང་ནས་དྲན་ནོ།།
ཙརྱ་རྣམ་དག་གི་བྱང་ཆུབ་སེམས་དཔའ།།
ཚ་གྲང་ཀུན་སེལ་གྱི་སྨན་པའི་རྒྱལ་པོ།།
ཛ་ཡའི་བསྟན་འཛིན་བཅོམ་ལྡན་ཆོས་རྒྱལ།།
ཝ་ལེར་རྗེས་དྲན་གྱི་ཚོགས་འཁོར་མཆོད་དོ།།
ཞྭ་དམར་སྔ་འགྱུར་གྱི་རིག་འཛིན་བརྒྱུད་པ།།
ཟ་ཧོར་མཁན་ཆེན་གྱི་སྡོམ་རྒྱུན་གཙང་མ།།
འ་ཅག་ཆོས་རྗེ་ཉིད་སྙིང་ནས་དྲན་ཚེ།།
ཡ་ཐོད་མིག་ཟུང་གཉིས་ཟུམ་ཐབས་མི་འདུག།
ར་བ་གངས་དཀར་གྱི་ཆོས་རྗེ་དམ་པ།།
ལ་རྒྱའི་བསྟན་སྲིད་ཀྱི་དེད་དཔོན་དམ་པ།།
ཤ་ཞེན་གངས་ཅན་བླ་མ་དམ་པ།།
ས་ཐོབ་སེམས་དཔའ་ཁྱེད་སྙིང་ནས་དྲན་ནོ།།
ཧ་ཅང་སྙིགས་དུས་ཀྱི་སངས་རྒྱས་གསོན་པོ།།
ཨ་བྷྱ་ལཀྵཾ་ཉིད་སྙིང་ནས་དྲན་བཞིན།།
ཨི་ལྡན་དབྱངས་གསལ་གྱི་གསོལ་སྨོན་ཞུའོ།།
ཨུ་དུམ་ཝ་ར་བཞིན་ཕྱག་རྒྱས་སྐྱོངས་ཤིག།
ཨེ་མ་བརྒྱུད་གསུམ་གྱི་བླ་མ་རིག་འཛིན།།
ཨོ་རྒྱན་པདྨ་ཡི་རྒྱལ་ཚབ་དམ་པས།།
བདེ་ཆེན་ཞིང་མཆོག་ནས་རྟག་ཏུ་གཟིགས་ཞིང་།།
བདག་སོགས་འགྲོ་ཀུན་རྣམས་མྱུར་ཏུ་སྐྱོབ་མཛོད།།
རྩ་བརྒྱུད་བླ་མ་ཡི་བྱིན་རླབས་ཐོབ་ནས།།
ཡི་དམ་རྒྱ་མཚོ་ཡི་དངོས་གྲུབ་སྩོལ་ཅིང་།།
མཁའ་འགྲོ་དམ་ཅན་གྱིས་བར་ཆད་ཀུན་སེལ།།
བསྟན་འགྲོའི་དོན་ཆེན་ཀུན་ལྷུན་གྲུབ་སྨོན་ནོ།།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་མགོ་ཟླའི་ཉ་གང་ལ་ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་ལ་དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་བཅས་འབུལ་སྐབས་སུ་ནུབ་གླིང་འདིར་ཉི་འོད་དྲོན་པོས་དཔྱིད་མགོ་བསུས་ཞིང་། མཁའ་དབྱིངས་སུ་འཇའ་སྤྲིན་སྣ་ལྔ་དར་ཐག་བཞིན་ཤར་བ་དང་། ཕྱོགས་ཀུན་ཏུ་ཡ་མཚན་ཅན་གྱི་འཇའ་ཐིག་སྣ་ཚོགས་ཤར་བ་སོགས་ཆོས་རྗེ་བླ་མ་དམ་པ་དངོས་བྱོན་པ་ལྟ་བུ་རྟེན་འབྲེལ་འཆར་བ་དང་།དད་དམ་གཙང་མའི་སློབ་མ་ཟག་མེད་སྡེ་ཚན་ཉེར་གཅིག་གི་གྲངས་ལྡན་གྱིས་བླ་སྒྲུབ་བྱས་མཐར་ཨེ་ཝྃ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་༧དམ་པ་ཉིད་ལ་མི་ཕྱེད་པའི་དད་གུས་ཅན་ཨེ་མ་ཧོས་གསོལ་བ་འདེབས་པར་དགེའོ།། །།
བླ་མ་བླ་རྒན་ཚོར་གསོལ་བ་དེ་འདྲ་མངས་བོ་བཏབས་ནས་ཅི་བྱེད། བོད་ཁ་བ་ཅན་གྱི་མི་ཚང་མ་ཚར་སོང་ནི་མ་རེད་མོ། དུས་ཚོད་ལྷག་མ་ཡོད་ན་དགེ་སེམས་བསྐྱེད་དགེ་དོན་སྒྲུབ་ན་མི་ལེགས་སམ། སྟོན་པ་ཤཀྱ་ཐུབ་པའང་གཤེགས་རྒྱུ་ཡོད་ན་ཤ་ཁྲག་གདོས་བཅོས་ཀྱི་སྐྱེས་བུ་སུ་རྟག་ཏུ་མ་འཇིག་པར་བསྡད་ཡོད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཆོས་གཟུགས་དྲ་འབུ་ཚོ།
་་་་་་་་་་་་་་་་ མཁའ་དབྱིངས་སུ་འཇའ་སྤྲིན་སྣ་ལྔ་དར་ཐག་བཞིན་ཤར་བ་དང་། ཕྱོགས་ཀུན་ཏུ་ཡ་མཚན་ཅན་གྱི་འཇའ་ཐིག་སྣ་ཚོགས་ཤར་བ་སོགས་ཆོས་རྗེ་བླ་མ་དམ་པ་དངོས་བྱོན་པ་ལྟ་བུ་རྟེན་འབྲེལ་འཆར་བ་་་་་་་་་ཟེར།
སྡར་ཀརྨཔ་སྐུ་ཕྲེང་བཅུ་དྲག་སྐུ་མ་གྲོངས་གོང་ནས་བཞུགས་ཁྲིའི་སྟེངས་བཞུགས་བཞིན་དུ་སྐུ་འཇའ་ལུས་ཀྱི་རྣམ་པའི་སྐུ་པར་ཅིག་ཁྱབ་སྤེལ་བྱས་པ་དེ་ཡང་དྲན་དུ་བཅུགས་སོང་། འདིའི་རིགས་དད་པ་འཕེལ་དང་། དད་ལོག་སྐྱེས་པ་གཉིས་སྐྱེས་མཉམ་རེད་སྙམ་པས་གཟབ་དགོས་པ་མང་པོ་འདུག་སྙམ་མོ།།
https://www.youtube.com/watch?v=pC4JR5qiTpw&feature=youtu.be
ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
བྱང་ཆུབ་སེམས་པ་རྣམས་ལ་བཀུར་བ་བཏབ་་།
དོན་མེད་སྡིག་ཆེེན་བསག་པ་མཐོ་ལོ་བཤགས་།
ཨོམ་སྦ་རྫ་ས་ཏོ་ཧུང་།་་་་་
བ་ཀུ་ལ་བཞིན་དུ་གནས་བརྟན་ཆེན་པོ།།
འདིདང་།
ཞྭ་དམར་སྔ་འགྱུར་གྱི་རིག་འཛིན་བརྒྱུད་པ།།
ཟ་ཧོར་མཁན་ཆེན་གྱི་སྡོམ་རྒྱུན་གཙང་མ།།
ཞེས་པ་གཉིས་ནི། སྔགས་འཆང་ཅིག་ལ་སྒྲོ་བཀུར་སོགས་སུ་མི་འགྲོའམ། ལགས། ཨེ་མ་ཧོ་ལགས།
གྲྭ་པ་ཡིན་ན། རབ་འབྱུང་བཙུན་པའམ། དགེ་སློང་དང་དགེ་ཚུལ་ཡིན་པས་མ་ཁྱབ་ཙང་། དེ་ལྟར་གླེང་བ་ཡིན།
བཀའ་རྙིང་ ནང་ལ། གྲྭ་པ་དང་། སྔགས་འཆང་ དགེ་བསྙེན་གྱི་ གཞི་མཐུན་ ཡོད་པ་ འདི་ལ་ ང་ མི་དད།
ཀརྡོ་ཁྱོད་རང་གིས་ངོ་མ་ཤེས་འདོད་ཡོད་ན་ཨེ་མ་ཧོས་འདི་ན་བཀོད་འདུག https://www.facebook.com/photo.php?fbid=938108986214285&set=pcb.938110016214182&type=1&theater