བཅར་འདྲི་བ།- ཨེན་ རྗོན་སོན། སྒྱུར་མཁན།- འཕྲིན་ལས་དོན་གྲུབ།
ནིའུ་ཡོག་དཔེ་དེབ་བསྐྱར་ཞིབ། ནེཧི་རུ་མཐོ་སློབ། ཉམས་ཞིབ་སློབ་མ།
(འདི་ནི་ཨེན་རྗོན་སོན་གྱི་བཅར་དྲི་དུམ་བུ་གཉིས་ལས་དང་པོ་དེ་ཡིན་བཅར་འདྲིའི་མ་ཡིག་གཤམ་གྱི་སྦྲེལ་ཐག་ནས་གཟིགས་རོགས་གནང།) http://www.nybooks.com/blogs/nyrblog/2014/aug/07/interview-tsering-woeser-wang-lixiong/
ཉེ་བའི་ཟླ་ཤས་ནང་མི་རིགས་ཀྱི་དྲག་སྤྱོད་ཇེ་མང་དུ་འགྲོ་སྐབས་རྒྱ་ནག་ཡང་ནས་ཡང་དུ་མགོ་རྨོངས་རུ་བཅུག་བཞིན་ཡོད་འདུག བོད་ནང་ཉིས་སྟོང་བརྒྱད་ནས་བཟུང་རྒྱལ་ཁབ་ཀྱི་མི་རིགས་སྲིད་བྱུས་ལ་ངོ་རྒོལ་དང་དེ་ལ་དྲག་གནོན་བྱས་སྟབས་བོད་མི་༡༢༥ལྷག་གིས་རང་ཉིད་མེ་ལ་བསྲེག་ཡོད་པ་རེད། ཤིན་ཅང་ཁ་ཆེའི་ས་ཁུལ་དུ་རྒྱ་ནག་གི་ཁྲིམས་གཞི་ལ་དྲག་སྤྱོད་པས་ཐེངས་བསྟུད་མར་རྒོལ་བརྡུང་བྱེད་བཞིན་ཡོད་འདུག སྤྱི་ཟླ་༧ པའི་ཚེས་༢༨ ཉིན་ཡུ་གུར་དང་ཧན་རྒྱ་རིགས་བཅུ་གཉིས་རྒལ་བ་གྲི་འཕྱར་རྒོལ་འཛིང་བ་དང་དེ་བཞིན་ཉེན་རྟོག་པས་མི་ཚོགས་ནང་མེ་འདའ་རྒྱབ་པ་སོགས་ཀྱིས་རྐྱེན་ལམ་དུ་བཏང་བ་གཞུང་འབྲེལ་སྙན་ཐོར་བཏོན་འདུག
འདི་ལོའི་དབྱར་ཁར་ངས་མི་རིགས་ཀྱི་ཟིང་འཁྲུག་དང་དེའི་དཀའ་ངལ་སེལ་ཐབས་དེ་བཞིན་རང་ཉིད་ཀྱིས་འབད་འབུང་ངང་ལོ་རྒྱུས་སུ་འགོད་བཞིན་པ་ལས་འགུལ་བ་བཟའ་ཟླ་ཚེ་རིང་འོད་ཟེར་(རྒྱུན་དུ་སྟབས་བདེར་འོད་ཟེར་ཞེས་བརྗོད་)དང་ལྦང་ལི་ཞུང་གཉིས་དང་ཐུགས་འཕྲད་བྱས། འོད་ཟེར། ཁོ་མོ་ལོ་བཞི་བཅུ་ཞེ་བརྒྱད་དང་བོད་པའི་སྙན་ངག་པ། རྩོམ་འབྲི་བ། དེ་བཞིན་ལས་འགུལ་བ་རེད། དེབ་དྲུག་གི་རྩོམ་པ་པོ་དང་ཁོ་མོས་འབྲི་བྱ་གཙོ་བོ་རྒྱ་ཡིག་ནང་རེད། ༢༠༠༣ལོའི་ནང་ཁོ་མོའི་དེབ་རྣམས་བཀག་འདོམས་མ་བྱས་པའི་སྔོན་ཚུད་དུ་རྒྱ་ནག་ནང་ཁྱབས་ཆེན་པོར་བལྟ་ཀློག་བྱེད་ཀྱིན་ཡོད། ཁོ་མོའི་ཟིན་བྲིས་༢༠༠༦ལོར་སྒོ་བརྒྱབ་བཅུག་ཡོད། ལྦང་ལི་ཞུང། ལོ་དྲུག་ཅུ་རེ་གཅིག་དེབ་བཅོ་ལྔ་ཡི་རྩོམ་པ་པོ་དེའི་ནང་ནས་ཀུན་གྱིས་ཤེས་རྟོགས་ཡོད་པའི་རྟོག་བཅོས་ཚན་རིག་གོད་ཆག་གི་སྒྲུང་ Yellow Peril (China Tidal Wave ཞེས་སྒྱུར་) Sky Burial: The Faces of Tibet, and My West China, Your East Turkestan. ཟླ་བ་བདུན་པའི་ཡར་སྔོན་དུ་ཁོང་གཉིས་ཉིན་གཉིས་རིང་བཟང་བཙོན་ལ་བཅུག་ནས་འོད་ཟེར་ལགས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་རྗོན་ཀེ་རི་པེ་ཅིང་ལ་ཕྱོགས་ཕེབས་བྱེད་བཞིན་པ་དང་ཐུགས་འཕྲད་བྱེད་རྒྱུར་བཀག་འགོག་བྱས་ཡོད།
ཨེན་རྗོན་སོན། འོད་ཟེར་ལགས། ཁྱེད་རང་བོད་པ་རེད་འོན་ཀྱང་པེ་ཅིང་ནང་བསྡད་ཀྱི་ཡོད། ཁྱེད་རང་བོད་ལ་འགྲོ་ཐུབ་ཀྱི་རེད་དམ།
འོད་ཟེར། རེད། ཡིན་ན་ཡང་ཉེ་བའི་ལོ་ཤས་ནང་ངས་ག་དུས་ཐབས་ཤེས་བྱས་ན་ཡང་ང་བཀག་བྱུང། བོད་པ་ལྷ་སར་འཛུལ་ཐབས་བྱེད་བཞིན་པར་དཀའ་ཚེགས་ཡོད་རེད། ཁོ་ཚོར་འགེངས་ཤོག་མང་པོ་བཀང་དགོས་པ་དང་ངོས་འཛིན་ལག་འཁྱེར་མང་པོ་སྟོན་དགོས་པ་དེ་དག་ལ་ཆོག་འཆན་ཐོབ་དགོས། ཧན་རྒྱ་རིགས་ལས་སླ་པོར་འཛུལ་ཐུབ།
ཕྱི་རྒྱལ་བ་ཚོ་ཡང་ལྷག་པར་དུ་ལས་སླ་པོར་འཛུལ་མི་ཐུབ།
འོད་ཟེར། བོད་པ་དང་ཕྱི་རྒྱལ་བ་ཚོ་ལྷ་ས་ལ་འཛུལ་རྒྱུར་དཀའ་ངལ་གཅིག་མཚུངས་ཡོད་རེད། ང་ཚོ་སོ་སོའི་རྒྱལ་ཁབ་ནང་ལ་འཛུལ་རྒྱུར་དཀའ་ཚེགས་ཁྱེད་རང་ལ་ཡོད་པ་ལས་ཇི་ཆེ་ཡོད་རེད། འདས་པའི་ལོ་གོང་མ་དེར་ང་ཚོས་རླངས་འཁོར་གཉིས་ནང་བོད་ལ་འཚང་བ་ཡིན་དེར་ང་ཚོ་མི་བརྒྱད་ཡོད་དེ་དག་ལས་བདུན་ཧན་དང་ང་བཅས་ཡོད། ང་གཅིག་པུ་ནང་ལ་འཛུལ་མི་ཐུབ་མཁན་དེ་རེད། ཉེན་རྟོག་པས་ང་ལ་བརྗོད་དོན་ཁྱེད་རང་ནང་ལ་འགྲོ་ཐུབ་ཀྱི་མ་རེད་དེ་མིན་ཚང་མ་འགྲོ་ཐུབ། ངའི་གྲོགས་པོ་ཚང་མ་དངོས་གནས་ཁ་སྐྱེངས་པོ་བྱུང་འདུག་། ཁོ་ཚོ་མང་ཆེ་བ་དེ་ནི་ཁོ་ཚོའི་འགྲོ་ཐེངས་དང་པོ་ཡིན་པས་ཁོ་ཚོས་ཚོར་ཤུགས་ཆེན་པོ་ཡོད་པ་ཤེས་ཀྱི་མེད། ཁོ་ཚོར་དོ་སྣང་དེ་ཡོད་མ་རེད།
ཁྱེད་རང་གིས་དམ་གཟབ་ངང་འགྲོ་ཐུབ་པའི་སྐབས་བོད་མི་མང་པོས་ཧན་རྒྱ་རིགས་བོད་ནང་གནས་སྤོ་བྱེད་བཞིན་པར་སེམས་འཚབ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ངམ།
འོད་ཟེར། འདི་གའི་ལོ་ཤས་སྔོན་ནས་ཚོར་སྣང་དེ་ཤུགས་ཇེ་ཆེ་ནས་ཇེ་ཆེ་རེད། གཞུང་གི་ཁྱབས་ཁོངས་ཚང་མ་བལྟ་ཚུལ་གཅིག་ལ་སྒྲིལ་ནས་ཡོད་གནས་སྤོ་ཇེ་མང་དུ་བཏང་ན་དེ་སྲིད་གྲངས་ཉུང་གི་ས་ཆ་རྣམས་ཧན་གྱིས་འཇུ་ཐུབ་ཀྱི་རེད། གལ་ཏེ་ཁྱེད་རང་ལྷ་ས་ལ་ཕྱིན་ན་དེ་མཐོང་ཐུབ། ང་ལྷ་ས་ལ་ག་དུས་ལོག་འགྲོ་སྐབས་དེ་ནི་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲི་ཡི་འདུག་། ན་ནིང་ལོར་ང་ལོག་སྐབས་ཧན་ནི་བོད་མིའི་གྲངས་འབོར་ལས་ལྡབ་གསུམ་རེད་འདུག་བསམ་བྱུང།
གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནང་གལ་ཏེ་ཁྱེད་རང་ཕོ་བྲང་པོ་ཏ་ལའི་མདུན་དུ་མཚན་མོ་ཕྱིན་ན་ཁྱེད་རང་གིས་བོད་པ་གཅིག་པུ་མཐོང་གི་རེད་ཕལ་ཆེར་མ་ནི་འཁོར་ལོ་བསྐོར་བཞིན་ཡོད་རེད། ཁྱེད་རང་གིས་ཧན་ག་དུས་ཡིན་ཡང་མཐོང་གི་མ་རེད། ད་ལྟ་མཚན་མོ་ས་ཆ་དེ་ལ་ཧན་ཧ་ཅང་མང་པོ་ཡོད་རེད་ཁོ་ཚོས་སྔོ་ཚལ་དང་ཡང་ན་མ་ལ་ཐང་(ཁྱིམ་མཚེས་ཟི་ཁྲོན་ཞིང་ཆེན་གྱི་སྨན་སྣ་ཅན་གྱི་ཟས ཞིག་)བཙོང་བཞིན་ཡོད་རེད། འདས་ཟིན་པའི་ནང་ཁྱེད་རང་གིས་ཧན་གྱི་ཕྲུ་གུ་དང་མི་རྒན་འཁོགས་ནང་ཡང་མཐོང་གི་མ་རེད། དེའི་སྐབས་ཚང་མ་ངལ་རྩོལ་་ལོ་ཅན་གྱི་མི་རྒྱབ་རྟེན་གཞུང་དང་བཟོ་གྲཱ་ཁག་ལ་ལས་ཀ་བྱེད་བཞིན་ཡོད། ད་ལྟའི་ཆར་ཁྱེད་རང་གིས་ཕྲུ་གུ་དང་རྒན་འཁོགས་མཐོང་རྒྱུ་ཡོད། ཁྱེད་རང་གིས་ད་དུང་སློབ་གྲཱ་དང་དེས་ཧན་གནས་སྤོ་བྱེད་པར་རོགས་རམ་བྱེད་པ་མཐོང་ཐུབ།
རྒྱ་གཞུང་གིས་འདས་པའི་ལོའི་ནང་ཧན་བོད་ཁུལ་དུ་འདྲེན་ཐབས་བྱས་ཡོད་པ་དང་དེ་ལམ་ལྷོང་བྱུང་མེད།
ལྦང་ལི་ཞུང། དེ་འདས་ཟིན་པ་དང་གཅིག་པ་མ་རེད། ཆིང་དང་མའོ་ཡི་དུས་སྐབས་ནང་ཁྱེད་རང་གིས་དཀའ་ངལ་དེ་གནས་སྤོ་བྱས་ནས་སེལ་ཐུབ་ཀྱི་མ་རེད། ཆིང་གི་སྐབས་ཁོ་ཚོས་ཧན་ཀང་འདྲིང་(ཟི་ཁྲོན་གྱི་བོད་མིའི་ས་ཁོངས་)ཙམ་ལ་འདྲེན་ཐབས་བྱས་ཡོད་ཡིན་ན་ཡང་ཁོ་ཚོས་བྲོས་ཡོང་ཡོད། ཁོ་ཚོ་ས་ཆ་ལུང་སྟོང་དེ་ལྟ་བུར་འགྲོ་འདོད་ཡོད་མ་རེད། མའོ་ཡི་དུས་སྐབས་ནང་ཁོ་ཚོས་གསར་བརྗེའི་ཚ་རླབས་བེད་སྤྱོད་བྱེད་ཐབས་བྱས་ཡོད། གལ་ཏེ་ཁྱེད་རང་འགྲོ་ན་ཁྱེད་རང་གསར་བརྗེའི་དཔའ་བོ་རེད། ཁོ་ཚོས་སེམས་གཙོ་སྨྲ་བའི་རིང་ལུགས་ལ་རེ་བ་བྱས་ནས་མི་ཁ་ཤས་བཀུག་ཐབས་བྱས་ཡོད། ཁ་ཤས་ཕྱིན་ཡོད་རེད་འོན་ཀྱང་དེ་ནི་དེ་ཙམ་གྱི་མང་པོ་མ་རེད།
བོད་མིའི་མི་ཚེ་བསྐྱལ་སྟངས་དེ་ཧན་རྒྱ་རིགས་ཀྱི་སྡོད་སྟངས་དང་ཤིན་ཏུ་ནས་མི་འདྲ། ཡིན་ན་ཡང་ད་ཆ་གཞུང་གིས་མི་བཟོས་ཁོར་ཡུག་གམ་རང་བཞིན་མ་ཡིན་པའི་ཁོར་ཡུག་བསྐྲུན་ཐབས་བྱེད་བཞིན་ཡོད་པས་དེ་ལ་ཧན་རྒྱ་རིགས་ཀྱིས་དང་ལེན་བྱེད་ཐུབ། གལ་སྲིད་ཁྱེད་རང་གིས་ལྷ་ས་ལ་བལྟས་ན་འགྲོ་ལམ་ཚང་མ་ཁྲིན་ཏུ་དང་འདྲ་བོ་ཡོད་རེད། གཞུང་ལམ་དང། ཁང་པ་ཐོག་བརྩེགས་ཅན་། ཟ་ཁང། རང་དཀྲོལ་རོལ་ཚོགས། དེ་བཞིན་གློག་དམར་གྱི་རྫོང་སོགས་རེད། ལྷོ་ཕྱོགས་ཀྱི་ལས་བྱེད་མི་སྣ་དེ་ཚོ་རྫོང་སྡེ་ཁག་ནང་སྡོད་སྐབས་དེ་ནི་ཁོ་ཚོ་འབྲི་ཆུའི་ས་ཁོངས་ནས་ཡིན་པའི་མཐོང་སྣང་ཡོད་རེད། ལས་བྱེད་པ་དེ་ཚོའི་དུད་ཁྱིམ་ལ་ཡང་སྲོག་རླུང་གི་མཐུན་རྐྱེན་སྦྱོར་ཡོད་རེད་(འཕྲུལ་ཆས་)དེར་བརྟེན་རླུང་ལ་སྲོག་རླུང་གི་རིམ་པ་འཕར་ཕྱོགས་རྒྱ་ནག་གི་ཁྱིམ་དང་གཅིག་མཚུངས་ཡོད་རེད།
ཧན་རྒྱ་རིགས་རྣམས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་གནས་སྤོ་བཏང་བ་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་སྲིད་བྱུས་གཅིག་རེད་དམ།
ལྦང་ལི་ཞུང། མི་རིགས་ཀྱི་དཀའ་ངལ་ཁག་སེལ་བ་ལ་གནས་སྤོ་འགྲོ་འོང་དེ་ཁོ་ཚོས་ཕུལ་བྱུང་གི་ལམ་ཞིག་ལ་བེད་སྤྱོད་བྱེད་ཀྱི་ཡོད་རེད། ནང་སོག་ནི་དེའི་གྲུབ་འབྲས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། ནང་སོག་ལ་མི་འབོར་ས་ཡ་༢༥ལྷག་ཡོད་པ་ལས་ས་ཡ་༢༠ད་ཆ་ཧན་མི་རིགས་རེད། མང་མཐར་ཡང་ས་ཡ་༥སོག་པོའི་མི་རེད། བྱས་ཙང་གཞུང་ལ་སྤྱིར་བཏང་གི་ཆ་ནས་ནང་སོག་ནང་གྲངས་ཉུང་མི་རིགས་ཀྱི་དཀའ་ངལ་མེད་པ་ཚོར་གྱི་ཡོད་རེད།
ཤིན་ཅང་ནང་ཡུ་གུར་དང་ཧན་མི་རིགས་གཅིག་དང་གཅིག་ལྟ་བུ་རེད། འདས་ཟིན་པའི་ནང་ཡུ་གུར་བ་རྣམས་ཏོག་ཙམ་མང་ཚོད་རེད། ཡུ་གུར་བ་ས་ཡ་༡༠ལྷག་ལ་ཧན་ས་ཡ་༨ཙམ་རེད། དེ་ཚོ་ནི་གཞུང་འབྲེལ་གྱི་གྲངས་ཀ་ཡིན་པས་ང་ཚོ་ལ་དེ་ལས་ལྷག་པ་ཅིག་གང་ཡང་འགྲོ་ཡག་མེད། ད་ལྟའི་ཆ་ལ་ཡང་ང་ཚོར་གྲངས་དེ་ཚོ་ཡོད་རེད་འོན་ཀྱང་དེ་ཕྱོགས་ལ་ཧན་གནས་སྤོ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་རེད། ཁོ་ཚོར་ཧུ་ཀོའོ་(གཏན་སྡོད་ཆོག་མཆན་གྱི་ལམ་ལུགས་ཤིག་དེས་རྒྱ་ནག་ནང་མི་འབོར་འགུལ་བསྐྱོད་ལ་བཀག་འགོག་བྱེད་ཀྱི་ཡོད་)རག་གི་ཡོད་པ་དང་ཁོ་ཚོའི་ཕྲུ་གུ་རྣམས་ཉེ་འཁོར་སློབ་གྲཱ་ཁག་ལ་འགྲོ་ཐུབ་ཀྱི་ཡོད།
དཀའ་ངལ་གྱི་གཙོ་གནད་གཅིག་ནི་ཤིན་ཅང་ཧ་ཅང་གི་ཆེན་པོ་ཡོད་རུང་དེ་ལ་ཆུ་དཀོན་། ཧན་མང་ཆེ་བ་དེ་ལ་ཞིང་ལས་བྱེད་དུ་འགྲི་ཡི་ཡོད་འོན་ཀྱང་དེ་ལ་གོ་སྐབས་ཚང་མ་ཧ་ཅང་ཉུང་ཉུང་རེད། དམིགས་བསལ་གྱིས་རྩོད་རྙོག་ཚང་མ་ཡོང་ཡོང་བ་རེད་གང་ཡིན་ཟེར་ན་མི་འབོར་གྱི་ཆ་ནས་ཧ་ལམ་གཅིག་པ་ཡིན་པས་རེད། ཕྱོགས་སོ་སོར་ཕྱོགས་གཞན་དེར་དྲག་སྤྱོད་བྱེད་པའི་ནུས་པ་ཡོད་རེད། བོད་ནང་ངའི་བསམ་པར་ཁོ་ཚོ་ཕར་འགྲོ་བ་དང་ཚུར་ལོག་ཡོང་བ་དེ་མིན་གྲོང་ཁྱེར་ཆེན་པོ་དེ་ཚོ་གཅིག་པོའི་ནང་གནས་སྡོད་བྱེད་ཀྱི་ཡོད་རེད། ཤིན་ཅང་ནི་དམག་འཁྲུག་གི་སྒར་ས་རེད། ནང་སོག་ནི་སྔ་ས་ནས་དབང་སྒྱུར་བྱས་ཟིན་པ་རེད། ས་ཁུལ་དེ་གསུམ་གྱིས་མི་འབོར་གྱི་གནས་སྤོས་རིམ་པ་མི་འདྲ་བ་གསུམ་སྟོན་གྱི་ཡོད།
ལྦང་ལི་ཞུང་། ཁྱེད་རང་གིས་མུ་ནི་ཆི་(Munich)ནང་གི་ཡུ་གུར་བཙན་བྱོལ་བ་ཁག་ལ་ཐུགས་འཕྲད་བྱས་ཡོད་རེད། ཁོ་ཚོས་༧ཏཱ་ལའི་བླ་མ་ལ་ལྟ་ཚུལ་གང་འདྲ་འདུག་གམ། ཁོང་གིས་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། ཁོང་ལ་རྒྱལ་སྤྱིའི་དོ་སྣང་དང་མཚན་གནས་མང་པོ་ཐོབ་ཀྱི་ཡོད།
ལྦང་ལི་ཞུང་། ཡུ་གུར་བ་ཚོས་༧ཏཱ་ལའི་བླ་མའི་”དབུ་མའི་ལམ་”ནི་ཁོ་ཚོས་ག་རེ་སྤང་དགོས་པའི་དཔེ་མཚོན་གཅིག་ལ་ཡིད་ཆེས་བྱེད་ཀྱི་ཡོད་རེད། ཁོང་གིས་ལོ་མང་པོ་དེའི་སྒང་ལ་ཕྱིན་ཡོད་རེད་འོན་ཀྱང་གནས་སྟངས་སྡུག་ཏུ་འགྲོ་ཡོད་རེད། ཡུ་གུར་བ་ཚོས་ཁོང་གིས་ལོ་གསུམ་ཅུ་ལྷག་འཕྲོ་བརླག་བཏང་སོང་ཚོར་གྱི་ཡོད་རེད།
ཁྱེད་རང་གིས་ཉེ་ཆར་”བགྲོ་གླེང་”ཞེས་པའི་གློག་བརྙན་ཞིག་བཟོས་འདུག དེའི་ནང་ཁྱེད་རང་གིས་༧ཏཱ་ལའི་བླ་མས་གང་འདྲ་བྱས་ནས་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་ཡིན་ན་ཡང་ཁོང་གི་སྲིད་བྱུས་དེ་ལམ་གྱི་མཐའ་ལ་སླེབས་ཡོད་པ་གསུང་འདུག
ལྦང་ལི་ཞུང། ༧ཏཱ་ལའི་བླ་མས་ཁོང་གི་ལོ་རྒྱུས་ཀྱི་འགན་དེ་སྒྲུབ་ཟིན་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། ཁོང་གིས་བོད་དེ་རྒྱལ་སྤྱིའི་ཚ་རླབས་ཆེ་བའི་གནད་དོན་ཞིག་ལ་བཟོས་ཡོད། ༧ཏཱ་ལའི་བླ་མའི་གཞི་རྩའི་འཐབ་བྱུས་ནི་སོ་སོས་ནུབ་ཕྱོགས་པའི་མི་དང་ནུབ་ཕྱོགས་པའི་གཞུང་ཁག་གི་རྒྱབ་སྐྱོར་ཐོབ་ཐབས་དང་དེ་རྣམས་ཀྱིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད། དེས་རྐྱེན་པས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཆག་ཡང་བཟོ་ཐབས་དེ་རེད། ཡིན་ནའང་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ཀྱི་སྔ་རོལ་ལ་སོམས་དང་རྒྱ་ནག་ལ་དངོས་སུ་ནུབ་ཕྱོགས་པའི་མ་རྩ་དང་འཕྲུལ་ཆས་དགོས་ན་ཡང་ད་དུང་རྒྱ་ནག་གིས་ཆག་ཡང་ནམ་ཡང་བཏང་མེད། ༡༩༨༧ ནས་༡༩༨༩ བར་བོད་ནང་ལ་འབངས་གྱེན་ལང་བསྟུད་མར་བྱུང་ཡོད་འོན་ཀྱང་དེ་ཚོ་ལ་ཐབས་ལམ་གང་ཡང་དགོས་མཁོ་བྱུང་བ་དེ་ལྟར་དྲག་གནོན་ཤུགས་ཆེ་བྱས་ཡོད། གཞུང་གིས་གང་ཡང་ཁས་ལེན་བྱས་མེད། འོན་ཀྱང་ད་ཆ་རྒྱ་ནག་ལ་སོ་སོ་རང་གིས་སྐྱབས་འཇུག་ཞུ་མཁན་དེ་ནུབ་ཕྱོགས་པ་རེད། བྱས་ཙང་དེས་གང་འདྲ་སེ་ཆག་ཡང་བཟོ་ཡི་རེད་དམ།
ཁྱེད་རང་གིས་༢༠༠༨ནང་གི་༣/༡༤དོན་རྐྱེན་དེ་རྒྱུ་མཚན་གང་ལ་བརྟེན་ནས་བྱུང་བ་རེད་བསམ་གྱི་འདུག་གམ། (༢༠༠༨ཟླ་༣པའི་ཚེས་༡༤ཉིན་ཧན་རྒྱ་རིགས་ལ་དམིགས་ནས་ཟིང་ཆ་དང། མེར་བསྲེག་། གཏོར་སྐྱོན། ལྷ་སའི་ནང་དང་དེ་མིན་བོད་ཀྱི་གྲོང་ཁྱེར་ཁག་ནང་བྱུང་ཡོད།) དེ་ནི་གང་ལགས་ཤེ་ན་སྤྱི་ཟླ་གསུམ་པའི་ཚེས་༡༠ཉིན་༧ཏཱ་ལའི་བླ་མས་ང་ཚོ་ལ་གྲུབ་འབྲས་གང་ཡང་བྱུང་མེད་ཞེས་གསུང་པས་རེད། དེ་ནི་ཧ་ལས་ཧོན་འཐོར་ཞིག་རེད་བྱས་ཙང་བོད་མི་ཚོས་སོ་སོ་རང་གིས་ཡར་ལངས་བྱེད་དགོས་ཀྱི་འདུག་དྲན་པ་རེད། འོན་ཀྱང་ཐབས་ལམ་དེས་ཀྱང་ལམ་ལྷོང་བྱུང་མེད། ཁོ་ཚོ་ལ་དྲག་གནོན་བྱས་ཡོད་པ་རེད། བྱས་ཙང་དེ་ནས་རང་ལུས་མེར་བསྲེག་འགོ་ཚུགས་པ་རེད།
༧ཏཱ་ལའི་བླ་མའི་ཉེ་འཁོར་གྱི་ཆབ་སྲིད་ཕྱོགས་སྒྲིལ་གསར་བ་དེ་གང་འདྲ་འདུག་། དེས་བོད་ནང་གི་གནས་དོན་ཡར་རྒྱས་ཡོང་ཆེད་ཕན་ཐོགས་གང་རུང་བྱས་འདུག་གམ། ཁོང་གིས་བོད་མིའི་བཙན་བྱོལ་གཞུང་གི་དབང་སྒྱུར་དེ་ཧར་ལྦར་ཊི་ལ་སློབ་སྦྱོང་བྱས་པའི་ཁྲིམས་རྩོད་པ་གཞོན་སྐྱེས་བློ་བཟང་སེང་གེའི་སྟེང་ལ་སྤྲད་ཡོད།
ལྦང་ལི་ཞུང། ངའི་བསམ་པར་བཙན་བྱོལ་ནང་གི་གཞུང་གིས་རང་གི་ཀླད་པ་ཁྱོན་ནས་བེད་སྤྱོད་བྱས་ཡོད་མ་རེད། གཞུང་དེ་ད་དུང་འཛམ་གླིང་ལ་བསྐོར་བསྐྱོད་བྱེད་བཞིན། མི་སྣ་ཐུགས་འཕྲད། དེ་བཞིན་ལག་པ་གཏོང་བཞིན་ཡོད། དེ་ནི་ཕྱོགས་ཡོངས་ནས་བེད་སྤྱོད་མེད་པ་རེད། དེའི་ཚབ་ལ་དོ་ནན་བྱེད་ས་དེ་ངེས་པར་དུ་བོད་ནང་ཡོད་པའི་བོད་མིའི་སྒང་ལ་ཡིན་དགོས་པ་དང་ཁོ་ཚོ་ལ་ཁོ་ཚོའི་མ་འོངས་པ་ཐག་བཅོད་བྱེད་པར་རོགས་རམ་བྱེད་དགོས། འདས་ཟིན་པའི་ནང་བོད་ནང་གི་བོད་མིས་༧ཏཱ་ལའི་བླ་མས་ག་རེ་ཡིན་ན་ཡང་སྐྱོང་འགྲི་ཡི་ཡིན་པའི་རེ་བ་བྱེད་བཞིན་སྒུག་པ་རེད། འོན་ཀྱང་ཁོང་གིས་བྱུང་མེད་དེའི་ཚབ་ལ་རྒྱ་མི་ཇེ་མང་ནས་ཇེ་མང་ལྷ་ས་ལ་འབྱོར་བཞིན་ཡོད་པ་དང། ཁོ་ཚོའི་སྨན་སྣ་ཅན་གྱི་ཁ་ལག་། ཆང་རག་། ད་དུང་མ་ཅང་རྩེ་བཞིན་ཡོད།
འདི་ལ་བོད་གཉིས་ཡོད། གཅིག་ནི་བོད་ས་མཚམས་ཀྱི་ཕྱི་རོལ་ལ་དང་གཞན་དེ་ནི་བོད་ས་མཚམས་ཀྱི་ནང་རོལ་ལ་ཡོད། བོད་ས་མཚམས་ཀྱི་ནང་རོལ་དེ་ལ་སོ་སོའི་བསམ་ཚུལ་དང་ངོ་ཚབ་ཡོད་མ་རེད། ཕྱི་རྒྱལ་ལ་བོད་མི་སྟོང་ཕྲག་བརྒྱ་ཁོར་ཞིག་ཡོད་ཡིན་ན་ཡང་ཁོ་ཚོ་དངོས་གནས་བོད་མིའི་ངོ་ཚབ་རེད་དམ། དོན་དང་ལྡན་པའི་ཕྱིའི་རྒྱལ་ཁབ་ཁག་གི་མི་རྣམས་ཀྱིས་རང་ལུས་མེར་བསྲེག་སྐོར་ལ་བློ་ཕམ་གྱི་ཚོར་སྣང་ཡོང་གི་ཡོད། འོན་ཀྱང་ཁོ་ཚོ་སུས་ཀྱང་གང་འདྲ་སེ་བོད་ནང་གི་བོད་མི་ཚོར་རོགས་རམ་བྱེད་དགོས་པ་ཤེས་ཀྱི་མེད། དེ་འདྲ་སོང་ཙང་ཁོ་ཚོས་བཙན་བྱོལ་ནང་གི་བོད་མིར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ན་ཡང་དོན་དངོས་ལ་ཕྱོགས་གཉིས་ཀྱི་བོད་མི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་རང་རྐྱ་འཕེལ་བའི་འབྲེལ་ལམ་ཞིག་མེད། དེ་ནི་དངོས་གནས་ཆོ་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད། བོད་ནང་གི་བོད་མི་ག་ཚོད་མང་བ་རང་ལུས་མེར་བསྲེག་བཏང་བ་དེ་ཙམ་གྱིས་བཙན་བྱོལ་ནང་གི་བོད་མི་ཚོར་བརྩི་མཐོང་ཇི་ཆེར་ཐོབ་ཀྱི་ཡོད། དེའི་རྗེས་ལ་གལ་ཏེ་ཕྱི་རྒྱལ་གྱི་བོད་མི་ཚོའི་མི་ཚེ་ཁག་ཏུ་འགྲོ་ན་ཁོ་ཚོས་དེ་མ་ཉིད་དུ་རྒྱལ་ཁབ་གཞན་ལ་གནས་སྤོ་བྱེད་ཀྱི་རེད།
འོད་ཟེར། ཁེ་ན་ཊས་བོད་མི་གཅིག་སྟོང་ཙམ་ལ་ཕྱི་བསྐྱོད་ལག་འཁྱེར་གསར་པ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་རེད། ཕྱི་བསྐྱོད་ལག་འཁྱེར་དེ་ཚོས་བོད་ནང་གི་བོད་མི་ལ་ཕན་ཐོགས་བྱེད་ཡག་ཡོང་གི་མ་རེད། འོན་ཀྱང་ཕྱི་རྒྱལ་ལ་སྔོན་ཚུད་ནས་ཡོད་པའི་བོད་མིར་ཕན་ཐོགས་བྱེད་ཀྱི་རེད།
ལྦང་ལི་ཞུང། གལ་ཏེ་ཁོ་ཚོ་བོད་ནས་གསར་དུ་འབྱོར་བའི་སྐྱབས་བཅོལ་བ་ཡིན་ན་དེ་ཡང་གཅིག་རེད། འོན་ཀྱང་ཕལ་ཆེ་བ་རྒྱ་གར་ནང་སྐྱེས་པའི་བོད་མི་རེད། དེ་ནི་མང་གཙོའི་རྒྱལ་ཁབ་རེད། ཁོ་ཚོ་དཔལ་འབྱོར་གྱི་གནས་སྤོ་བ་ཙམ་རེད། བྱས་ཙང་རྒྱ་གར་ནང་གི་བོད་མི་ཁ་ཤས་ཀྱིས་ད་ཆ་ཁོ་ཚོ་སྒེར་གྱི་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་བཞིན་ཁོ་ཚོ་རྒྱ་གར་ནང་སྐྱེས་པ་མ་ཡིན་པར་ཁར་ཐུག་རྒྱ་ནག་ནས་བྲོས་པ་ཡིན་ཞེས་བརྗོད་བཞིན་ཡོད།
འོད་ཟེར། ༧ཏཱ་ལའི་བླ་མས་གནས་སྟངས་དེ་མཁྱེན་གྱི་རེད་ཁོང་གིས་དངོས་སུ་བོད་ནང་གི་བོད་མི་ལ་དམིགས་ཡག་གི་ཐབས་ཤེས་བྱེད་ཀྱི་ཡོད་རེད། ཁོང་གིས་ཕྱི་རྒྱལ་གྱི་བོད་མི་ཚོར་ཚད་ལས་མི་རྒལ་བ་དང་རང་བཙན་ལ་ཤུགས་མ་བརྒྱབ་ཞེས་གསུང་གི་ཡོད། ཁོང་གིས་ཡང་ནས་ཡང་དུ་ཕྱི་རྒྱལ་གྱི་བོད་མི་ཚོར་རང་ལུས་མེར་བསྲེག་དང་བོད་ནང་གི་ཆག་སྒོ་དེ་ཚོ་བེད་སྤྱོད་བྱེད་ཡག་མ་བཟོ་ཞེས་གསུང་གི་ཡོད།
བྱས་ན་ཕྱི་རྒྱལ་བ་ཚོས་ག་རེ་བྱེད་དགོས་རེད་དམ།
འོད་ཟེར། དེ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། གལ་སྲིད་ཕྱི་རྒྱལ་གྱི་བོད་མི་ཚོས་གཅིག་མ་བྱས་ན་དེ་ཡང་ཡག་པོ་ཅིག་མ་རེད། མ་རེད་དམ། དེ་ཙམ་གྱི་མི་ཚེ་སྐྱིད་པོ་དང་ཁེ་བཟང་ངང་འཚོ་བཞིན་པ། ཁོ་ཚོས་ངེས་པར་དུ་བཀག་རྒོལ་བྱེད་དགོས།
ལྦང་ལི་ཞུང། ང་མོས་མཐུན་མེད། འགོག་རྒོལ་བྱེད་པ་ཙམ། དེ་ཡག་པོ་ག་རེ་རེད་དམ། ཁོ་ཚོས་ལོ་མང་པོར་འགོག་རྒོལ་བྱེད་བཞིན་ཡོད་རེད། འོན་ཀྱང་འདིས་གང་ཡང་སྒྲུབ་ཡོད་མ་རེད། གལ་ཏེ་ཁྱེད་རང་གིས་ལོ་ངོ་སུམ་ཅུའི་གོང་དང་དེ་རིང་གི་བརྙན་ཐུང་དེ་ཚོར་བལྟས་ན་དེ་ཚོ་ཚང་མ་གཅིག་པ་རེད། འབོད་ཚིག་ཚང་མ་གཅིག་པ། བྱེད་སྟངས་ཚང་མ་གཅིག་པ། གཅིག་བྱས་ན་གྱོན་གོས་ཀྱི་ཆ་ལུགས་སམ་གྱོན་སྟངས་ཁ་ཤས་ལ་བརྗེ་བོ་ཐེབས་ཡོད་སྲིད་དེ་མིན་གང་ཡང་མེད།
ཝང་ནི་རྒྱ་མི་ཞིག་རེད་ ང་ཚོའི་འཐབ་རྩོད་ལ་ཁོས་སློབ་སྟོན་བྱེད་དགོས་དོན་མེད་ ཁོས་ཤེས་དགོས་པ་ཞིག་ལ་སྔར་ཕྱི་བར་གསུམ་ལ་ང་ཚོའི་འབོད་ཚིག་ནི་༼བོད་ཀྱི་བདག་པོ་བོད་མི་ཡིན་ བོད་རང་བཙན་གཙང་མ་ཡིན་༽དེ་ཡིན་ དེ་ང་ཚོའི་བདེན་པ་ཡིན་པས་ནམ་ཡང་འགྱུར་སྡོག་གཏང་ཡས་རྩ་བ་ནས་མེད་པ་ཞིག་རེད་
ཝང་རྒྱ་མི་ཡིན་པ་བདེན་ཀྱང་ཁོང་གིས་བསམ་ཚུལ་བཤད་མི་ཆོག་པའི་གནད་དོན་གང་ཡང་མེད། རྒྱུ་མཚན་དང་གནས་ལུགས་ཡོད་ན་རྒྱ་བོད་སུ་ཡིན་ཡང་དབྱེ་བ་མེད། དཔེར་ན་གོང་ས་མཆོག་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་འགྲོ་དགོས་པ་སོགས་དགོངས་ཚུལ་གསུངས་སྐབས་སུས་ཀྱང་ཁྱེད་བོད་མི་རེད། དེའི་སྐོར་གསུངས་པའི་ཐབ་ཐོང་མེད་ཟེར་མཁན་སུ་ཡང་མེད། དེར་བརྟེན་བློ་གནལ་དུ་ཕབ་ནས་སྐད་ཆ་ཤོད།
ལྷ་མོ་དཔུང་མེད་ཞིག་དང་སྡུད་རྒན་རྭ་མེད་ཞིག་གིས། དགྱའི་ངོ་འདོད་སྲུབ་པའི་སྐད་ཆ་དེ་འདྲ་ལ་ང་ཚོ་བཙན་བྱོལ་བས་རིན་ཐང་སྐྱག་ཐིགས་སྐམ་པོ་ཙམ་ཡང་མི་སྤྲད་དོ།
དྲི་ལེན་དེ་དག་ལ།
བོད་ཕྱི་ནང་གི་མཛའ་བརྩེ་གཅོད་བྱེད་ཀྱི་སྟ་རེ་གཅིག།
འཛམ་གླིང་དང་བཙན་བྱོལ་བར་གྱི་མཐུན་སྒྲིལ་གཏོར་སྤྱད་ཀྱི་དུག་མདའ་གཅིག།
བོད་ནང་གི་བོད་མིའི་འཐབ་རྩོད་པ་ལ་སྙིང་རྗེ་མེད་པའི་འཇིགས་སྐུལ་གཅིག།
མི་ལོ་དེ་དག་གི་རང་ལ་བོད་ཀྱི་བདག་པོ་བོད་མི་གཅིག་པོ་ཡིན་པ་ལས་དགྲ་བོ་དགྱ་དམར་ཚང་ལ་བདག་དབང་གོ་ཐོབ་ཅི་ཡང་མེད་ལབ་པ་ལ་སྡུག་སྐད་གཅིག་ཅེས།
བོད་སྟུའི་ནང་ལ་དགྱ་མཇེ་ཡིས་བཅད་ནས་རེ་ཞིག་གནམ་བདེ་རོ་ཐང་ཆེན་མོ་ལ་སྐུ་བཞུགས་སོ་ཞེས་འཁོད་འདུག་གོ།
༧གོང་ས་མཆོག་ལས་བརྒལ་ཏེ། འོད་ཟེར་དང་ཝང་ལི་ཞུང་ལ་གཅར་འདྲི།
༧གོང་ས་མཆོག་གི་ཕ་རོལ་ན། འོད་ཟེར་དང་ཝང་ལི་ཞུང་ལ་གཅར་འདྲི།
བཅར་འདྲིའི་མིང་བྱང་དང་ནང་དོན་ཚང་མ་ལ་བལྟས་ན་ཚིག་ཉོག་ཁོ་ན་རེད། དུས་ཚོད་ཕྲོག་བརླག་འགྲོ་སོང་།
ང་ཚོའི་འབོད་ཚིག་ནི་བདེན་པ་ཡིན་ དེ་ལ་ནམ་ཡང་འགྱུར་བ་མེད་ ང་ཚོ་ནམ་ཡང་རྒྱ་མིར་མི་འགྱུར་ བོད་དེ་ནམ་ཡང་རྒྱ་ཡུལ་ལ་མི་འགྱུར་
ལྷ་སྲས་དར་མ་ལགས།། དུས་ཚོད་འཕྲོ་བརླག་འགྲོ་སོང་བས་ཕངས་པོ་རེད། གསེར་དང་དངུལ་གང་གིས་ཀྱང་གསབ་མི་ཐུབ། ཕྱིས་སུ་མ་ཀློག་གོང་ནས་གཟབ་གཟབ་བྱེད་ཡོད་ཚད་སོ་སོའི་རང་དབང་རེད།།།།
བཙན་བྱོལ་བ་ལ་བོད་པའི་འབོད་ཚིག་རྣམས་འགྱུར་བ་དགོས་སྐོར་སློབ་སྟོན་པ་ཝང་སོགས་རྒྱ་རྒན་འདི་ཚོ་རེད། ཝང་གིས་ད་དུང་བཤད་པར་བཙན་བྱོལ་ནང་གི་གཞུང་གིས་རང་གི་ཀླད་པ་ཁྱོན་ནས་བེད་སྤྱོད་བྱས་ཡོད་མ་རེད་ཟེར། དེར་མཛད་གཙོ་རྣམ་པས་འགྲེལ་བཤད་གང་ཡོད་དམ།
བོད་ནང་གི་བོད་མི་ག་ཚོད་མང་བ་རང་ལུས་མེར་བསྲེག་བཏང་བ་དེ་ཙམ་གྱིས་བཙན་བྱོལ་ནང་གི་བོད་མི་ཚོར་བརྩི་མཐོང་ཇི་ཆེར་ཐོབ་ཀྱི་ཡོད། དེའི་རྗེས་ལ་གལ་ཏེ་ཕྱི་རྒྱལ་གྱི་བོད་མི་ཚོའི་མི་ཚེ་ཁག་ཏུ་འགྲོ་ན་ཁོ་ཚོས་དེ་མ་ཉིད་དུ་རྒྱལ་ཁབ་གཞན་ལ་གནས་སྤོ་བྱེད་ཀྱི་རེད།
འོད་ཟེར། ཁེ་ན་ཊས་བོད་མི་གཅིག་སྟོང་ཙམ་ལ་ཕྱི་བསྐྱོད་ལག་འཁྱེར་གསར་པ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་རེད། ཕྱི་བསྐྱོད་ལག་འཁྱེར་དེ་ཚོས་བོད་ནང་གི་བོད་མི་ལ་ཕན་ཐོགས་བྱེད་ཡག་ཡོང་གི་མ་རེད། འོན་ཀྱང་ཕྱི་རྒྱལ་ལ་སྔོན་ཚུད་ནས་ཡོད་པའི་བོད་མིར་ཕན་ཐོགས་བྱེད་ཀྱི་རེད།
ལྦང་ལི་ཞུང། གལ་ཏེ་ཁོ་ཚོ་བོད་ནས་གསར་དུ་འབྱོར་བའི་སྐྱབས་བཅོལ་བ་ཡིན་ན་དེ་ཡང་གཅིག་རེད། འོན་ཀྱང་ཕལ་ཆེ་བ་རྒྱ་གར་ནང་སྐྱེས་པའི་བོད་མི་རེད། དེ་ནི་མང་གཙོའི་རྒྱལ་ཁབ་རེད། ཁོ་ཚོ་དཔལ་འབྱོར་གྱི་གནས་སྤོ་བ་ཙམ་རེད། བྱས་ཙང་རྒྱ་གར་ནང་གི་བོད་མི་ཁ་ཤས་ཀྱིས་ད་ཆ་ཁོ་ཚོ་སྒེར་གྱི་ལོ་རྒྱུས་ལ་བསྐྱར་ཞིབ་བྱེད་བཞིན་ཁོ་ཚོ་རྒྱ་གར་ནང་སྐྱེས་པ་མ་ཡིན་པར་ཁར་ཐུག་རྒྱ་ནག་ནས་བྲོས་པ་ཡིན་ཞེས་བརྗོད་བཞིན་ཡོད།
དུས་ནི་མིན་འགྱུར་ མི་རྣམས་འགྱུར་བ་ཡིན་ ཞེས་པ་ལྟར་དིང་སྐབས་ཡིད་འཆེད་བྱེད་ས་ནི་རྒྱ་ནག་གི་རྒྱ་མི་དང་ཨ་རིའི་རྒྱ་མོ་རེད་
ང་ཚོའི་འབོད་ིཚིག་ལ་འགྱུར་བ་ཐེངས་བཞི་ཕྱིན་པ་རྒྱ་གཞུང་ཕར་ཞོག་ ཝང་གིས་ཀྱང་ཤེས་མིན་འདུག་
ལོ་ཉི་ཤུའི་གོང་ལ་ བོད་རང་བཙན་གཙང་མ་ཡིན་ དེ་ནས་ལོ་བཅུ་ལྔའི་གོང་ལ་ བོད་སྐྱོབས་ དེ་ནས་ལོ་བཅུའི་གོང་ལ་ འགྲོ་བ་མིའི་ཐོབ་ཐང་དགོས་ དེ་ནས་ལོ་ལྔའི་གོང་ལ་ ༧གོངས་ས་ཏ་ལའི་བླ་མ་ཁྲི་ལོ་བརྟན་པར་ཤོག་
དིང་སྐབས་ བྱང་ཆུབ་སེམས་མཆོག་རེན་པོ་ཆེ་ མ་སྐྱེས་པ་རྣམས་སྐྱེས་འགྱུར་ཅིག་ ངས་བྱས་ན་དེ་འགྱུར་སྡོག་ཆེན་པོ་ཕྱིན་པ་རེད་
ད་དུང་ལོ་ལྔའི་རྗེས་ལ་ རྒྱ་མིའི་གཞུང་ཚབ་ལ་གསུམ་བཅུའི་དུས་དྲན་ཉིན་ཁ་ཏག་ཁྱེར་ནས་འགྲོ་རྒྱུ་དེ་རེད་
བསྒྱུར་ཐབས་ཆགས་་་་་དུས་ཚོད་ཆུད་ཟོས་རང་རེད།