གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།
དེ་ཡང་ཕྱི་ལོ་༢༠༡༣ལོའི་ཟླ་༡༡ཚེས་༢༠བོད་ཆུ་སྦྲུལ་ལོའི་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན་ནས་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅུ་བདུན་པ་དབུ་འཛུགས་གནང་ཡོད་པའི་གནས་བསྡུས།
དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད། དེ་ནས་འཆར་ཅན་ལྟར་གཡས་རུའི་འཆད་རྩོད་ཆེན་མོའི་སྐབས་སུ་འཆར་ཁྲིད་གཙོ་བོ་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་(༡༡༩༨།༡༢༦༣)མཆོག་གིས་མཛད་པའི་༼ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཀྱི་གཞུང་འདི་ལ་ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས། བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་གླིང་སྟོད་དང་། གླིང་སྨད་གཉིས་སུ་ཕྱེས་ཏེ། དཔྱད་གསུམ་རྣམ་པར་དག་པའི་འཆད་རྩོད་དམིགས་བསལ་གནང་སྲོལ་ཡོད་པ་ལྟར།
འདི་ལོ་ཡང་གོང་ཟླའི་ཕྱི་ཚེས་༢༠ཉིན་ནས་དབུ་འཛུགས་ཞུས་ཡོད་པ་དང་། ཉིན་རེ་བཞིན་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་གཟིམ་གྱིས་ངག་སྐྱོར་དང་བློ་སྦྱོང་ཤུགས་ཆེན་གནང་དགོས་པ་དང་། འཆར་ཅན་ལྟར་ན་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་བཤད་སྒྲུབ་མཁན་སློབ་རྣམ་གཉིས་གཙོས་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་རྩོད་པའི་དཔང་པོར་བཞུགས་ཏེ། བདུན་ཕྲག་སོ་སོར་གླིང་སྟོད་སྨད་གཉིས་སུ་བྱས་ཏེ་སློབ་གཉེར་བ་རྣམས་ཀྱིས། མ་རྟོགས་མུན་པ་སེལ་བའི་སྒྲོན་མེ། ལོག་རྟོག་བྲག་རི་གཞོམ་པའི་ཐོག་མདའ། ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། བསྟན་པ་བྱི་དོར་བྱེད་པའི་ཐབས་ཀྱི་སྙིང་པོ། རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་སྐོར་མཛད་དེ། བདུན་ཕྲག་རེ་ལ་རྩོད་ཐུག་ཆེན་མོ་རེ་གནང་དགོས་པ་དང་།
དེ་ཡང་མཐའ་མའི་བདུན་ཕྲག་གི་འཁོར་དུས་གསུམ་པའི་ཐོག་ལོ་གཅིག་གི་གཡས་རུའི་འཆད་རྩོད་ཆེན་མོའི། རྩོད་ཐུག་གི་རྒྱལ་ཕམ་དང་ཁྱབ་ལོག་ཁག་འདུས་སྡེའི་ཚོགས་དབུས་སུ་སྒྲོག་སྦྱོང་ཞུ་རྒྱུ་དང་། འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་སྐབས་༧སྨན་རིའི་དཔོན་སློབ་རིན་པོ་ཆེ་གདན་ཞུས་ཀྱིས་འབྲེལ་ཡོད་དཔེ་ཁྲིད་རྒན་རྣམ་པས་གཞུང་དོན་གྱི་དཀའ་གནད་ཆེ་ཁག་ཤོག་སྒྲིལ་བཟོས་ཏེ་སློབ་གཉེར་བ་སོ་སོས་བླངས་ནས་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ་ཁོང་གིས་གསུངས་མཛད་པ་ལྟར། རིག་འཕྲུལ་གྱིས་བརྡར་ཤ་ལེགས་པར་བཅད་དེ་བདུན་ཕྲག་གཅིག་གི་རིང་རྩོད་རྒྱུགས་དམ་བཅའ་ཆེན་མོ་མཛད་དེ་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུ་འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་ཆེན་མོ་ལེན་སྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ།།
གཡས་རུའི་འཆད་རྩོད་ཆེན་མོའི་བྱུང་རབས་ལ་གཟིགས་འདོད་ན་གཤམ་གྱི་དྲ་ཐག་དེ་ལ་སྣུན་རོགས་ཞུ།
http://theyungdrungbon.com/?p=2649
བོད་གངས་ཅན་ལྗོངས་ཀྱི་མེས་པོའི་ཆོས་རིག་གཡུང་དྲུང་བོན་གྱི་བླ་གྲྭ་རྣམས་ཀྱི་ཐོས་བསམ་སློབ་གཉེར་ལ་རྗེས་སུ་ཡིད་རངས་ཞུ།
དེང་སང་བོན་འདིའི་གསང་སྔགས་ཉན་ན། ནང་ཆོས་ཀྱི་རྙིང་མའི་གཞུང་འདྲ་ཞིང་། ཚད་མར་ཉན་ན། དགེ་ལུགས་པའི་གཞུང་འདྲ་བས། ཐུན་མིན་བོན་གྱི་ཆོས་ཇི་ཡོད་ཤེས་པར་དཀའ། བོན་པོའི་ཆོས་དང་ནང་ཆོས་མི་འདྲ་སའི་གནད་འགག་འགའ་ཤས་ངོ་སྤྲོད་ཐུབ་ན་ལེགས། དཔེར་ན།
ད་ལྟའི་བོན་ཆོས་དེ་བོད་ཀྱི་བཙན་པོའི་སྐབས་ལ་དར་བའི་བོན་ཆོས་དང་འབྲེལ་བ་ཡོད་དམ།
བོན་པོས་ཆོས་དང་གང་ཟག་ལ་ལྟ་བ་ཇི་འདྲ་འཛིན་ནམ།
བོན་གྱི་ཐོབ་བྱ་གང་ཡིན་ནམ།
སྤོང་བྱ་གང་ཡིན་ནམ།
བོན་གྱི་དམར་མཆོད་དང་དེའི་ལོ་རྒྱུས་ཇི་ལྟར་དར་བ་ཡིན་ནམ།
ད་ལྟའི་བོན་གྱི་གྲ་ཆས་དེ་དུས་ཚོད་ནམ་ཞིག་ནས་དར་རམ།
བོད་ཀྱི་བན་དེའི་འདུལ་ཆས་དེ་ལུང་པ་གཞན་གྱི་ནང་པ་དང་མི་མཐུན་པ་ཇི་ལྟར་བྱུང་ངམ།
བོད་ཀྱི་ནང་པར་ནང་པ་གཞན་དང་མི་འདྲ་བར་གསང་སྔགས་དང་ཐེག་ཆེན་ལས་སོགས་ཇི་ལྟར་བྱུང་ངམ།
བོད་ཀྱི་ནང་པ་གཞན་དང་མི་འདྲ་བར་ཆོ་ག་ཕྱག་ལེན་མོ་འདེབ་ལྷ་འབབ་སྨན་རྩིས་སོགས་ཇི་ལྟར་བྱུང་ངམ།
བོད་ཀྱི་ནང་པའི་གྲྭ་སར་གྲྭ་དམག་གི་ལོ་རྒྱུས་མང་ཙམ་བྱུང་འདུག་པས་དེ་ཇི་ལྟར་བྱུང་མིན་གསུང་ཐུབ་བམ།
བན་དེ་ལགས། ཁྱེད་གོང་ལ་འདྲི་བ་འདི་ལ་ལན་རྒྱག་ཐུབ་ཀྱི་མེད་ཚོད། བོན་པོའི་ཞབས་འདྲེན་མ་རེད་པས།
ཀློང་ཆུང་ལགས་གོང་དུ་ངས་དྲི་བ་དྲིས་པར་ལན་མི་འདེབ་པ་ཁྱེད་བན་དེའི་ཞབའ་འདྲེན་མ་རེད་པས།
བསྟན་པའི་སྒོ་འབྱེད་འཆད་པ་དང་། བསྟན་པའི་སྒོར་འཇུག་རྩོད་པ་དང་། བསྟན་པའི་གསལ་བྱེད་རྩོམ་པ་སོགས། སྔར་ལས་རྒྱས་པའི་སྨོན་འདུན་ཞུ།
ཀློང་ཆུང་ལགས། ཉིད་ཀྱི་དྲི་བར་བན་དེ་བས་ལྡོག་འདྲིའི་ལམ་ནས་ལན་བཏབས་འདུག་པས་ཡང་ཡང་བཟློ་བའི་གལ་གནད་མ་མཐོང་ཞིང་། གལ་དེ་ད་དུང་གསལ་པོ་ཞིག་ཡིད་ངོར་མི་འབྱོར་བ་ཡིན་ན་བན་དེ་བར་དེ་བསྟུན་གྱི་བསྐྱར་བཤད་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། གྲྭ་ཆས་ཀྱི་ཐད་ནས་བོན་པོའི་གཞུང་ལ་གཟན་དང་ཤམ་ཐབ་སྟོད་འགག་ཙམ་མ་ཟད་ཞྭ་མོ་དང་ལྷམ་སོགས་གྲྭ་ཆས་ཡོད་ཚད་ཀྱི་ཚད་གཞི་དང་མཚོན་དོན་བྱུང་རིམ་སོགས་བཤད་པ་ཞིབ་ཕྲ་འདུག་ཅིང་། གལ་ཏེ་གཟིགས་འདོད་ཡོད་ན་བོན་ལུགས་ཀྱི་༼མདོ་དྲི་མེད་གཟི་བརྗིད།༽དང་༼མདོ་གཟེར་མིག༽། ༼འདུལ་བ་ཀུན་བཏུས་༽དང་༼འདུལ་བ་མདོར་བསྡུས༽། ༼འདུལ་འགྲེལ་འཕྲུལ་གྱི་སྒྲོན་མེ༽བཅས་ལ་གཟིགས་པར་ཞུ།
མཉམ་མེད་དྭ་པོ་རིན་པོ་ཆེས། ཆོས་ཆོས་བཞིན་དུ་མ་བྱས་ན་ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད་དོ་གསུང་པ་ཅི་མ་བདེན། རྒྱ་གར་པན་གྲུབ་བཅུ་བདུན་སོགས་དང་། གངས་ཅན་བོད་ན་འཇམ་དབྱངས་རྣམ་གསུམ་སོགས་ཀྱི་ཐུགས་ལ་འཆར་མ་མྱོང་བའི་ཁུངས་མེད་ལུང་མེད་ཀྱི་རྫུན་ཆོས་དར་དྲག་ན་ཡག་རྟགས་ཅི་མ་རེད་དྲན
སོ་སོའི་ཆོས་ལུགས་སོ་སོས་ཉམས་ལེན་བྱ་ན་སྤྱི་ཚོགས་བདེ་འཇགས་དང་མཐུན་འབྲེལ་ལ་ཡག་གི་རེད། དེ་མིན་ཕན་ཚུན་སྐྱོན་ཁོ་ན་འཚོལ་སྡོད་ན་འཚོལ་རྒྱུ་ཡོད་ནི་རེད། ཐུབ་ཆོས་ནང་གཅིག་པུར་བལྟ་ནའང་ས་དགེ་བཀའ་རྙིང་བཞི་ཇི་ལྟར་བྱེ་སོང་ནི་རེད། རྩ་བའི་གྲུབ་མཐའ་དེ་དག་གི་ལྟ་བ་རྫོགས་པའི་སངས་རྒྱས་ཀྱི་རྒྱལ་ས་འཛིན་དགོས་པ་གཅིག་ནའང་གྲུབ་མཐའ་ནང་ཕན་ཚུན་སྲོལ་གཏོད་པ་པོ་དང་དེའི་རྗེས་འཇུག་བུ་སློབ་རྣམས་ཀྱིས་དགག་བཞག་རྩོད་ལན་ཞེ་ས་མ་ཞུས་ན་ཁྱོད་ཤི་ང་གསོན་ལྟ་བུ་བྱས་ཡོད་པ་ང་ཚོའི་མཇལ་ཡུལ་ཡོད་སྟབས། དེ་དག་ཡོད་ཚད་བསྔོག་དགོས་ན་དྲི་མ་ཁ་རྒྱུ་ཞིག་དང་ཆིག་སྒྲིལ་ལ་གནོད་རྒྱུ་ཞིག་ལས་ཅང་མེད་ནི་རེད། ཆོས་དང་ཉམས་ལེན་རང་ས་ནས་འབེད་ན་དེའི་ཐོབ་བྱ་རེ་ཚང་མར་ཡོད་ནི་རེད།
མནབ་བཟའི་ཆ་ཚད་དང་དབྱིབས།ཁ་དོག་སོགས་གསལ་བོར་དྲ་ཐོག་ལ་བཀོད་ན་ཞིབ་འཇུག་བྱེད་རིན་ཡོད།
མཁན་པོ་དཔལ་དགྱེས་ཨ་ཕྱི་ཆོས་སྒྲོན་གྱིས་ད་ཡང་བན་བོན་བར་དཀྲུགས་རན་འདུག ཧཧཧ
བསམ་ཤེས་ལགས། དེང་སང་བོན་པོའི་གསང་སྔགས་རྙིང་མའི་གཞུང་འདྲ་ཞིག་གསུང་ན་།
དང་པོ་སྔགས་རྫོགས་ཤཀྱ་ཐུབ་ཀྱི་གསུང་ཡོད་མེད་ལ་གཞིག་དགོས། མེད་ན་་ས་་དགེ་་བཀའ་་་རྙིང་་གང་གི་ཡང་མིན། སྔགས་རྫོགས་བསྐོར་
ཞིབ་གསལ་མཁྱེན་འདོད་ཡོད་ན་ཚ་བ་མདའ་སྨྱུག་གི་རྩོམ་ལ་གཟིག་པར་མཛོད།
ད་སྐབས་ཀྱི་བོན་ཆོས་ནི་བཙན་པོའི་ཡར་སྔོན་ནས་དར་ཆབ་བྱུང་བ་ཞིག་རེད།
གང་ཟག་དང་བོན་ཆོས་བར་ལ་་་་ལྟ་བ་ཡས་ཕུབ་ཅིག། སྤྱོད་པ་མས་འཛེགས་ཅིག། གཞི་སྙིང་རྗེ་ཆེ་པོ་ལ་ལོངས་ཤིག། ཐབས་ཕ་རོལ་ཕྱིན་བཅུ་ལ་སྤྱོད་ཅིག།
ཞེས་གསུང་སོ།
སྤོང་བླང་གི་བྱ་བཞག་ནི་དགེ་སྡིག་ཡིན།
གདོད་མའི་བོན་གྱི་དམར་མཆོད་བྱེད་པ་བདེན། ཡིན་ཡང་སྟོན་པ་གཤེན་རབ་མི་བོ་ཆེའི་གཅིག་གསོ་ཅིག་གསོད་བྱེད་པའི་བོན་ནི་ངས་མི་སྟོན།
གསུང་ནས་གདོད་མའི་དམར་མཆོད་ཀྱི་ལུགས་མཐའ་དག་མེད་པར་བཟོས་ཏེ་གཡུང་དྲུང་གི་བོན་རིན་པོ་ཆེ་སྲོལ་གཏོད་པ་རེད།
གདོད་མའི་བན་དྷེ་ནི་ཧིན་དྷི་ཡིན་ལ་དེ་དག་གི་དམར་མཆོད་ནི་འཛམ་གླིང་ནང་དམར་མཆོད་ཤུག་ཆེ་ཤོས་དེ་ཡིན་པ་ད་སྐབས་མཐོང་ཐོས་སུ་གྱུར་པ་འདི་རེད།
ཤཀྱ་ཐུབ་པ་ཐོག་མར་ཧིན་དྷིའི་ཆོས་པ་ཞིག་ཡིན་ལ་ཕྱིན་སུ་དམར་མཆོད་ཀྱི་ལུགས་སྲོལ་བཀག་དེ་ད་སྐབས་ཀྱི་བན་དྷེ་འདི་སྲོལ་གཏོད་པ་རེད།
ད་སྐབས་བོན་པོ་རྣམས་ཀྱི་གྲ་ཆས་ནི་སྔོན་གཤེན་རབ་མི་བོ་ཆེ་རབ་དུ་བྱུང་ནས་འདུལ་བ་གོས་དྲུག་ཞེས་ད་སྐབས་བོན་པོའི་གྲ་ཆས་ག་རེད།
བན་དྷེའི་གྲ་ཆས་ནི་སྔོན་སྟོན་པ་ཤཀྱ་མཆོག་རབ་ཏུ་བྱུང་སྐབས་འདུལ་ཆས་གང་ཡོད་པ་དག་ཡིན།
དར་ཁྱབ་ཡིག་ནོར
དམུ་ཐག་གི་བུ་ལགས།
བོན་གྱི་མདོ་དྲི་མེད་གཟི་བརྗིད་སོགས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ངེས་པར་དུ་བལྟ་བར་བྱེད། ངས་བོན་ལ་གྲྭ་ཆས་ཇི་ལྟར་དར་བའི་སྐོར་ལ་དྲ་ཐོག་ནས་ཞིབ་འཚོལ་བྱས་རུང་། ད་བར་གོ་བདེ་བ་ཞིག་བརྙེད་མ་བྱུང་། གལ་ཏེ་སྐུ་ཉིད་ནས་དྲ་རྒྱའི་ཐོག་ལ་འདིའི་སྐོར་གྱི་གནས་ཚུལ་གཟིགས་མྱོང་ན་དྲ་ཐག་འདིར་འཇོག་རོགས་གནང་།
མི་ལོ་སྟོང་གི་ཡར་སྔོན་གྱི།།
རང་རིགས་ལོ་རྒྱུས་ཤེས་འདོད་དག།
བོན་གྱི་ཡིག་རྙིང་ཁག་དག་ལ།།
གཟུར་གནས་བློ་ཡིས་བལྟ་བར་རིགས།།
མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་སྣང། བདེན་པའི་རྒྱབ་བརྟེན་གསལ་བཤད་ཇི་ལྟར་བྱས་ཀྱང་བདེན་པ་ནམ་ཡང་མཐོང་མི་འགྱུར། དེ་ནི་ངལ་བའི་རྒྱུ་ལས་མ་འདས་སོ།
འདྲེ་རྐང་ཐོ་ལགས་ལ་ཞུ་བ།
མི་ལོ་སྟོང་གི་ཚུན་ཆོད་ལ།།ས་གཏེར་རྡོ་གཏེར་ལས་བྱུང་བའི།།བོན་གྱི་ཡིག་གསར་འདི་དག་ལས།།གནའ་བོའི་ལོ་རྒྱུས་ཤེས་འདོད་འཁྲུལ།
༼ ཞིན་ཧྭ་དྲ་བའི་ལྷ་སར་ཟླ་༡༡པའི་ཚེས་༡༠ལ། གློག་འཕྲིན་བཏང་བར། འཛམ་གླིང་སྒལ་ཚིགས་ཀྱི་ཡང་སྟེང་དུ་བསྔགས་པའི་མངའ་རིས་ནི། རི་བོ་སྟོང་ཕྲག་གི་འདུ་གནས་དང་ཆུ་ཁྲི་འབུམ་གྱི་འབྱུང་ཁུངས་སྟེ། གནའ་བོའི་མངའ་རིས་ས་ཆའི་ཞང་ཞུང་ཤེས་རིག་ལ་འཚོལ་ཞིབ་བྱས།
ཞང་ཞུང་ཞེས་པ་ནི་གནའ་བོའི་ཞང་ཞུང་གི་སྐད་སྟེ། ཞང་ཟེར་བ་ནི་རིགས་རུས་ཀྱི་མིང་སྟེ་ཁྱུང་དང་། ཞུང་ཞེས་པ་རི་ལུང་གི་དོན་རེད། བོད་སྐད་དུ་བསྒྱུར་བར་ཁྱུང་ལུང་ཟེར་བའི་དོན་རེད།
རྒྱ་བོད་ཡིག་གི་དེབ་ཐེར་ལས་བཀོད་པར། ཞང་ཞུང་རྒྱལ་རབས་ནི་ཉུང་མཐའ་ཡང་ལོ་ངོ་༣༨༠༠ལྷག་གི་སྔོན་ནས་ཆགས་ཤིང་། དུས་རབས་བདུན་པའི་སྐབས་སུ་མངའ་ཐང་དར་བའི་རྩེ་མོར་གྱུར། དུས་རབས་༧པའི་དུས་མགོ་རུ་ཡར་ཀླུང་རིག་གནས་ཤུགས་ཆེན་དར་སྟེ་བོད་བཙན་པོའི་རྒྱལ་རབས་བྱུང་ཞིང་། ཞང་ཞུང་རིམ་བཞིན་ཉམས་རྒུད་དུ་གྱུར། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་མཐའ་མཚམས་ཞང་ཞུང་དབང་འོག་ཏུ་བསྡུས་ཤིང་། སྐབས་དེ་ནས་ཞང་ཞུང་ཞེས་པ་ལོ་རྒྱུས་ཀྱི་སྟེགས་བུ་ལས་གཞོལ་བར་གྱུར།
ཤེས་ལྡན་དག་གིས་ཞིབ་འཇུག་ལྟར་ན། གནའ་བོའི་ཞང་ཞུང་གི་ས་ཆ་ནི་མཚོ་བོད་མཐོ་སྒང་གི་ནུབ་ཕྱོགས་དང་། ས་གནས་ཁོར་ཡུག་ཐག་རིང་བས་མཐའ་རུ་གྱུར་བའི་རྐྱེན་གྱིས་ཞང་ཞུང་རྒྱལ་རབ་དང་ཀྲུང་ཧྭ་ས་དཀྱིལ་འབྲེལ་འདྲིས་ཀྱི་གོ་སྐབས་ཤིན་ཏུ་དཀའ་བ་རེད། དེ་བས་རྒྱ་ཡིག་གི་དེབ་ཐེར་དག་ལས་ཞང་ཞུང་གི་སྐོར་ཤིན་ཏུ་དཀོན་པའི་རྒྱུ་མཚན་དེ་ལྟར་རེད།
ལོ་རྒྱུས་རྒྱུ་ཆ་དཀོན་པ་དང་། མཐའ་མཚམས་སུ་གྱུར་བའི་ཞང་ཞུང་རྒྱལ་རབས་ཀྱི་དབང་འོག་གྱུར་བའི་མངའ་ཐང་སོགས་ལ་བཞེད་པ་སྣ་ཚོགས་པ་བྱུང་། འོན་ཏེ་མཁས་པ་གང་མང་གིས་ཡར་ཀླུང་ཚོ་ཁག་མ་བྱུང་བའི་སྔོན་ནས་ཞང་ཞུང་ནི་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ཆེན་པོ་ཞིག་དང་། དེ་ཡི་མངའ་རིས་ནི་ཕལ་ཆེར་བོད་ཁམས་ཕལ་ཆེ་བ་ཡིན་པར་འདོད།
རྒྱ་ཡིག་གི་གཏམ་མཛོད་ལས། ཡང་ཐུང་༼ཞང་ཞུང་༽ཆེན་པོ་ནི། ཤར་ནུབ་དུ་ལེ་དབར་སྟོང་ཕྲག་ཡོད་ལ་དཔའ་རྟུལ་དམག་དཔུང་ཁྲི་བརྒྱད་དགུ་ཡོད་པར་བཤད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་པ་ཚེ་རིང་ཐར་ལགས་ནས་ངོ་སྤྲོད་དུ། ཐུ་བྷོད་སྔོན་དུ་ཞང་ཞུང་གི་མངའ་རིས་ནི་དེང་གི་མཚོ་སྔོན་ཡུལ་ཤུལ་གྱི་ས་ཆ་ཁ་ཤས་དང་། ཤར་ཕྱོགས་སུ་ཆབ་མདོ་ས་གནས། ཕལ་ཆེར་བོད་ཁམས་ཡོངས་ཞང་ཞུང་གི་ཁོངས་སུ་འདུ་བ་རེད་ཟེར།
ངག་རྒྱུན་དུ། ཞང་ཞུང་གནའ་མཁར་ཁྱུང་ལུང་དངུལ་མཁར་སྟེ། ༢༠༠༤ལོར་ཟི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་སྡེ་ཁག་དང་བོད་ལྗོངས་རིག་དངོས་ཅུའུ་མཉམ་འབྲེལ་གྱིས་མངའ་རིས་ས་ཁུལ་སྒར་རྫོང་གི་མོན་ཐོ་ཤང་གི་ས་ཆར། ཁྱུང་ལུང་གུ་རུ་མཁར་གྱི་ས་ཆར་གནའ་ཤུལ་རྙེད་ཅིང་། ཞིབ་འཇུག་བྱས་པར་འདི་ནི་བཤད་རྒྱུན་དུ་གྲགས་པའི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཟེར་བ་དེ་རེད།
ཟི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་སོའོ་ཡི་དགེ་རྒན་ཆེན་མོ་ལི་ཡོན་ཞིན་གྱིས་ངོ་སྤྲོད་དུ། གནའ་རྫས་རྟོག་དཔྱོད་ལས་རྙེད་པར། ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་ནི་གཞི་རྒྱ་ཆེ་བའི་དུར་ས་མང་པོ་ལས་གྲུབ་པ་དང་། གཞི་སྡོད་ཀྱི་འཛུགས་སྐྲུན་ས་ཆ། ཆོས་ལུགས་ཆོ་ག་སྤེལ་ས། ཐོན་སྐྱེད་དངོས་ཟོང་གི་ཤུལ་བཞག་སོགས་འདི་ལས་མཚོན་པ་ནི་སྤྱི་ཚོགས་ཀྱི་རྩ་འཛུགས་ཞིག་གཏན་སྡོད་དང་། དབང་ཆ་གཅིག་གྱུར། དཔལ་འབྱོར་ཐོན་སྐྱེད་རང་ཉིད་ཀྱི་སྙོམས་སྒྲིག་བྱེད་སའི་ཚོ་བ་ཆེན་པོ་ཞིག་འདུ་འཛོམས་བྱེད་ས་རེད། ཞེས་དང་། ཡིན་པ་ནི་མཐའ་མཇུག་ཞང་ཞུང་རྒྱལ་རབས་ཀྱི་རྒྱལ་ས་ཡིན་པར་ར་འཕྲོད་དང་། ད་རུང་གོམ་གང་མདུན་སྤོས་ཀྱི་ཞིབ་འཇུག་ལ་ཧུར་བརྩོན་མང་པོ་བྱེད་དགོས། ཞེས་བཤད།
མི་མང་ཆེ་བས། ས་རྒྱ་ཆེ་བའི་འགྲིམ་འགྲུལ་ལྟེ་བར་གྱུར་བའི་གནའ་བོའི་ཞང་ཞུང་ནི་གདོད་མའི་སྐབས་སུ་དཔལ་ཡོན་འབྲེལ་འདྲིས་བྱེད་སའི་བཞི་མདོ་ལྟ་བུ་སྟེ། མཁས་པ་ལ་ལས། ཁེར་རྐྱང་དུ་གྱུར་བའི་མདོ་དབུས་མཐོ་སྒང་ནི་སྔོན་མར་ཕྱི་ཕྱོགས་སུ་འབྲེལ་འདྲིས་ཀྱི་བཀག་རྒྱ་ཐེབས་པའི་ས་གནས་ཁྱད་པར་བ་ཞིག་རེད། དེ་ལས་ཨེ་ཤ་ཡ་དཀྱིལ་མ། ནུབ་མ། ལྷོ་མ་བཅས་ལ་འབྲེལ་བའི་ས་གནས་ཁོར་ཡུག་དམིགས་བསལ་ཅན་ཞིག་ནི་ཞང་ཞུང་སྟེ་དར་གོས་སྲང་ལམ་གྱི་གནས་མལ་འདི་ནི་ནམ་མཁའ་ལས་ཡངས་བའི་དགེ་མཚན་ཞིག་ཏུ་གྱུར་བ་རེད།
བོད་རིག་པའི་མཁས་ཅན་ཧྲི་ཐེ་ཨན་ལགས་ནས་འདི་ལ་སྔ་མོ་ནས་ཤེས་ཚོར་བྱུང་བ་དང་། ཁོང་གིས། ནུབ་ཕྱོགས་ཞང་ཞུང་གིས་བོད་ཀྱི་ཤེས་རིག་དར་བར་ནུས་པ་གལ་ཆེན་ཐོན་པ་དང་། དེ་རུ་ས་ཐེ་དང་འབྲེལ་བའི་གྷི་རིག་དང་རྒྱ་གར། སྟག་གཟིག་སོགས་ཀྱི་དཔལ་ཡོན་བོད་ཡུལ་དུ་དྲངས་འདུག ཅེས་བཤད།
ལོ་རྒྱུས་ཡིག་ཆར་ཞང་ཞུང་གི་སྐོར་བཀོད་པ་ཤིན་ཏུ་ཉུང་ལ། འོན་ཏེ་འདི་ཙམ་གྱིས་སྐབས་དེ་དུས་ཀྱི་དཔལ་ཡོན་དར་བའི་ཞང་ཞུང་གི་མཐའ་མཚམས་རྒྱལ་ཁག་ལ་འབྲེལ་བ་མེད་པ་མཚོན་མི་ཐུབ། ཚེ་རིང་ཐར་ལགས་ནས་བཤད་ཞིབ་བྱས་པར། ལོ་རྒྱུས་སྟེང་བོད་དང་སྟག་གཟིག་བར་གླ་རྩིའི་ཚོང་ལམ་ཤིན་ཏུ་དར་ཞིང་། ཞང་ཞུང་ནི་ཀྲུང་ནུབ་གཉིས་ཀྱི་བར་ན་རྒྱ་ལམ་བཞི་མདོ་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་མཐའ་འབྲེལ་གྱི་རྒྱལ་ཁབ་མང་པོར་ཚོང་དོན་འགྲོ་འོངས་བྱེད་ས་རུ་འོས་སུ་མཆིས། ཞང་ཞུང་གི་ཆོས་ལུགས་དང་། ཡི་གེ་སོགས་གཙང་པོའི་འབྱུང་ཁུངས་ནས་དར་སྤེལ་གྱིས་བོད་ཁམས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་དར་ཁྱབ་བྱུང་ཡོད།
ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་ཁག་བཅོ་བརྒྱད་ཀྱི་སྐབས་སུ། དབུ་ན་གཤེན་རབ་རྣམས་བྱིན་ཆགས་ཤིང་། གཤམ་ན་རྒྱལ་པོ་དག་བརྗིད་ཆགས་པ། ཞེས་པ་ལས་ཀྱང་བོན་ཆོས་ནི་ཞང་ཞུང་སྐབས་སུ་གོ་ཐོབ་བླ་ལྷག་གི་མཐོན་པོ་ཡོད་པ་མཚོན།
བོན་ཆོས་ཀྱིས་རྗེས་མར་བོད་མིའི་ཆོས་ལུགས་འཚོ་བར་ཤན་ཞུགས་ཐེབས་པ་ཤིན་ཏུ་གསལ་ལ། ཚེ་རིང་ཐར་གྱིས། བོན་ཆོས་རིག་གནས་མེ་མཆོད་དང་ཉི་འོད་ལ་དད་པ་སོགས་དང་། དཔེར་ན་བསུར་གཏོང་བ་རྗེས་ནས་བསང་ལ་འགྱུར་བའི་མེ་མཆོད་སོགས་བོན་ཆོས་མ་གཏོགས་ལོ་རྒྱུས་གང་ལའང་འབྲེལ་མེད་དུ་གནས་པའོ།
གཞན། ཚེ་རིང་ཐར་ལགས་ནས་ངོ་སྤྲོད་དུ། དེ་རིང་བོད་མིའི་ཡུལ་སྲོལ་གོམས་གཤིས་ཀྱི་འཚོ་བའི་རྣམ་པ་མང་དག་ཅིག་ཞང་ཞུང་དུས་རབས་ནས་བརྒྱུད་འོངས་ཤིང་། དཔེར་ན་གངས་བསྐོར་མཚོ་སྐོར་ལ་འགྲོ་བ་དང་། དར་ལྕོགས་རླུང་རྟ། མ་ཎི་རྡོ་བརྐོ། རྡེའུ་འབུམ་བཞེངས་པ། མོ་རྩིས་ལུང་བསྟན་སོགས་ཚང་མ་བོན་ལས་བྱུང་བའི་རྟགས་མཚན་རེད།༽
ང་རྒྱལ་སྤོབས་སེམས་ཀྱི་རང་རྒྱུད་རྐྱལ་བ་བཞིན་དུ་སྦོས་པ་ཁག་ཅིག་ལ་ཕུལ་བ་ཡིན།
ཞིན་ཧྭ་ཚང་གིས་ཞང་ཞུང་སྐོར་རིང་པོ་ཞིག་བཤད་འདུག ད་ངེད་ཚང་གི་ཨ་མྱེ་དྲིན་ཅན་གཤེན་རབ་སྐོར་རེ་བཤད་མཁན་ཡོད་ན་ངོ་མ་ཉན་འདོད་ཡོད།
ཚེ་རིང་ཐར་འདི་ངར་མ་ཟིག་རེད། ཁྲི་ཀའི་ཡུལ་ལ་བོན་པོའི་དགོན་པ་དང་སློབ་གྲྭ་བརྒྱབ་ནས་སློབ་མ་མང་བོ་ཡོད་པར་མ་ཟད། སློབ་སྦྱོང་ཐད་ནས་ཀྱང་བོན་ཆོས་དང་རིག་གནས། རྒྱ་ཡིག དབྱིན་ཡིག་སོགས་དེང་རབས་སློབ་སྦྱོང་ཡང་མང་པོ་ཞིག་ཕྱི་རབས་པ་རྣམས་ལ་སྤྲོད་ཀྱི་ཡོད་པ་འདྲ། ང་རྒྱ་གར་ན་ཡོད་པའི་གྲོགས་པོ་ཁ་ཤས་ནས་སློབ་གྲྭ་དེར་དགེ་རྒན་བྱེད་ཀྱི་ཡོད་ཟེར།། ཁོང་ཚོས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་འདུག
ད་ཡང་ལྟོས་ཨ། འདིའི་འོག་ན་མཆན་བརྒྱ་འགོར་འབུད་པ་ཐག་གིས་ཆོད། ཧ་ཧ་ཧ།
བན་བོན་གཉིས་ཀའི་རྩོད་པ་འདི།།
ལུས་ཀྱི་གཡན་པ་ཞིག་དང་འདྲ།།
གཅིག་རེ་གཉིས་རེ་འཕྲིག་ན་བདེ།།
གཡན་པ་མེད་ན་དེ་ལས་བདེ།།
འོན་ཀྱང་ཁ་བདེ་ལྕེ་བདེ་འགའ།།
དྲེད་མོང་ཞིག་དང་འདྲ་བ་སྟེ།།
རྐུབ་ཀྱི་གཡེམ་པ་འཕྲིག་ནས་བཀོག།
སྒལ་བའི་པགས་པ་ལྷན་པར་བྱེད།།
དགེ་བཤེས་ཆེན་མོ་བོན་ལྷ་རམས་པ་ཉི་མ་འོད་ཟེར་ནས། ཤིན་ཧྭ་གསར་འགྱུར་ལས་ཁང་བདེན་པར་འཛིན་པར་ཁས་ལེན་ན། པན་ཆེན་སྐུ་གོང་མ་རིན་པོ་ཆེའི་དོལ་འདྲེའི་ཆོ་ག་དང་མངོན་རྟོགས་དང་སྒྲུབ་ཐབས་སོགས་བརྩམས་ཡོད་རབས་དང་བཅུ་གཅིག་པ་འདི་ཡང་དེ་འདྲ་ཡིན་རབས་རྒྱ་པན་འགལ་ཟླ་ཏག་ཏག་བཤད་འདུག་པས་ཁས་ལེན་ནུས་སམ། ཤིན་ཧྭ་་་་་ཧ ཧཧ
ཚན་རིག་གི་ལམ་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་བོན་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་འབྱུང་གནས་ཞང་ཞུང་གི་སྐོར་ལ་དོ་སྣང་བྱེད་མཁན་གྱི་རིགས་ལ་དགའ་བསུ་ཡོད་དེ་མིན་རང་གི་རིག་གནས་ཐམས་ཅད་རྒྱ་སོག་ལ་བློ་གཏད་བྲང་བཅོལ་བྱེད་པ་དེ་ཚོར་ཡི་རངས་ཀྱི་མི་འདུག
ཨ་ཕྱི་ལགས། (དགེ་བཤེས་ཆེན་མོ་བོན་ལྷ་རམས་པ་ཉི་མ་འོད་ཟེར་ནས། ཤིན་ཧྭ་གསར་འགྱུར་ལས་ཁང་བདེན་པར་འཛིན་པར་ཁས་ལེན་ན། )འདིའི་གོ་དོན་ཡག་པོ་ཞིག་གོ་མ་སོང་། གསལ་བཤད་ཅིག་གནང་རོགས།
ཡ་ཡ། མ་ཤེས་ན་ཤོད། མ་གོ་ན་སྟོན་ཟེར་རྒྱུ་བོ་རེད། དེས་ན་འོག་ལ་གསལ་བཤད་འདུག
# 25 དམུ་ཐག་གི་བུ་རྒྱུད།་ལགས་ཀྱིས་མཆན་བཏབ་པ།:
November 22nd, 2013 at 5:29 AM
ཨ་ཕྱི་ལགས། (དགེ་བཤེས་ཆེན་མོ་བོན་ལྷ་རམས་པ་ཉི་མ་འོད་ཟེར་ནས། ཤིན་ཧྭ་གསར་འགྱུར་ལས་ཁང་བདེན་པར་འཛིན་པར་ཁས་ལེན་ན། )འདིའི་གོ་དོན་ཡག་པོ་ཞིག་གོ་མ་སོང་། གསལ་བཤད་ཅིག་གནང་རོགས།
# 19 ཆོས་འཁོར་ཉི་མ་འོད་ཟེར།་ལགས་ཀྱིས་མཆན་བཏབ་པ།:
November 21st, 2013 at 7:39 PM
༼ ཞིན་ཧྭ་དྲ་བའི་ལྷ་སར་ཟླ་༡༡པའི་ཚེས་༡༠ལ། གློག་འཕྲིན་བཏང་བར། འཛམ་གླིང་སྒལ་ཚིགས་ཀྱི་ཡང་སྟེང་དུ་བསྔགས་པའི་མངའ་རིས་ནི། རི་བོ་སྟོང་ཕྲག་གི་འདུ་གནས་དང་ཆུ་ཁྲི་འབུམ་གྱི་འབྱུང་ཁུངས་སྟེ། གནའ་བོའི་མངའ་རིས་ས་ཆའི་ཞང་ཞུང་ཤེས་རིག་ལ་འཚོལ་ཞིབ་བྱས།
ཞང་ཞུང་ཞེས་པ་ནི་གནའ་བོའི་ཞང་ཞུང་གི་སྐད་སྟེ། ཞང་ཟེར་བ་ནི་རིགས་རུས་ཀྱི་མིང་སྟེ་ཁྱུང་དང་། ཞུང་ཞེས་པ་རི་ལུང་གི་དོན་རེད། བོད་སྐད་དུ་བསྒྱུར་བར་ཁྱུང་ལུང་ཟེར་བའི་དོན་རེད།
རྒྱ་བོད་ཡིག་གི་དེབ་ཐེར་ལས་བཀོད་པར། ཞང་ཞུང་རྒྱལ་རབས་ནི་ཉུང་མཐའ་ཡང་ལོ་ངོ་༣༨༠༠ལྷག་གི་སྔོན་ནས་ཆགས་ཤིང་། དུས་རབས་བདུན་པའི་སྐབས་སུ་མངའ་ཐང་དར་བའི་རྩེ་མོར་གྱུར། དུས་རབས་༧པའི་དུས་མགོ་རུ་ཡར་ཀླུང་རིག་གནས་ཤུགས་ཆེན་དར་སྟེ་བོད་བཙན་པོའི་རྒྱལ་རབས་བྱུང་ཞིང་། ཞང་ཞུང་རིམ་བཞིན་ཉམས་རྒུད་དུ་གྱུར། བོད་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་མཐའ་མཚམས་ཞང་ཞུང་དབང་འོག་ཏུ་བསྡུས་ཤིང་། སྐབས་དེ་ནས་ཞང་ཞུང་ཞེས་པ་ལོ་རྒྱུས་ཀྱི་སྟེགས་བུ་ལས་གཞོལ་བར་གྱུར།
ཤེས་ལྡན་དག་གིས་ཞིབ་འཇུག་ལྟར་ན། གནའ་བོའི་ཞང་ཞུང་གི་ས་ཆ་ནི་མཚོ་བོད་མཐོ་སྒང་གི་ནུབ་ཕྱོགས་དང་། ས་གནས་ཁོར་ཡུག་ཐག་རིང་བས་མཐའ་རུ་གྱུར་བའི་རྐྱེན་གྱིས་ཞང་ཞུང་རྒྱལ་རབ་དང་ཀྲུང་ཧྭ་ས་དཀྱིལ་འབྲེལ་འདྲིས་ཀྱི་གོ་སྐབས་ཤིན་ཏུ་དཀའ་བ་རེད། དེ་བས་རྒྱ་ཡིག་གི་དེབ་ཐེར་དག་ལས་ཞང་ཞུང་གི་སྐོར་ཤིན་ཏུ་དཀོན་པའི་རྒྱུ་མཚན་དེ་ལྟར་རེད།
ལོ་རྒྱུས་རྒྱུ་ཆ་དཀོན་པ་དང་། མཐའ་མཚམས་སུ་གྱུར་བའི་ཞང་ཞུང་རྒྱལ་རབས་ཀྱི་དབང་འོག་གྱུར་བའི་མངའ་ཐང་སོགས་ལ་བཞེད་པ་སྣ་ཚོགས་པ་བྱུང་། འོན་ཏེ་མཁས་པ་གང་མང་གིས་ཡར་ཀླུང་ཚོ་ཁག་མ་བྱུང་བའི་སྔོན་ནས་ཞང་ཞུང་ནི་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་ཆེན་པོ་ཞིག་དང་། དེ་ཡི་མངའ་རིས་ནི་ཕལ་ཆེར་བོད་ཁམས་ཕལ་ཆེ་བ་ཡིན་པར་འདོད།
རྒྱ་ཡིག་གི་གཏམ་མཛོད་ལས། ཡང་ཐུང་༼ཞང་ཞུང་༽ཆེན་པོ་ནི། ཤར་ནུབ་དུ་ལེ་དབར་སྟོང་ཕྲག་ཡོད་ལ་དཔའ་རྟུལ་དམག་དཔུང་ཁྲི་བརྒྱད་དགུ་ཡོད་པར་བཤད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་པ་ཚེ་རིང་ཐར་ལགས་ནས་ངོ་སྤྲོད་དུ། ཐུ་བྷོད་སྔོན་དུ་ཞང་ཞུང་གི་མངའ་རིས་ནི་དེང་གི་མཚོ་སྔོན་ཡུལ་ཤུལ་གྱི་ས་ཆ་ཁ་ཤས་དང་། ཤར་ཕྱོགས་སུ་ཆབ་མདོ་ས་གནས། ཕལ་ཆེར་བོད་ཁམས་ཡོངས་ཞང་ཞུང་གི་ཁོངས་སུ་འདུ་བ་རེད་ཟེར།
ངག་རྒྱུན་དུ། ཞང་ཞུང་གནའ་མཁར་ཁྱུང་ལུང་དངུལ་མཁར་སྟེ། ༢༠༠༤ལོར་ཟི་ཁྲོན་སློབ་ཆེན་གྱི་གནའ་རྫས་རྟོག་ཞིབ་སྡེ་ཁག་དང་བོད་ལྗོངས་རིག་དངོས་ཅུའུ་མཉམ་འབྲེལ་གྱིས་མངའ་རིས་ས་ཁུལ་སྒར་རྫོང་གི་མོན་ཐོ་ཤང་གི་ས་ཆར། ཁྱུང་ལུང་གུ་རུ་མཁར་གྱི་ས་ཆར་གནའ་ཤུལ་རྙེད་ཅིང་། ཞིབ་འཇུག་བྱས་པར་འདི་ནི་བཤད་རྒྱུན་དུ་གྲགས་པའི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཟེར་བ་དེ་རེད།
ཟི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་སོའོ་ཡི་དགེ་རྒན་ཆེན་མོ་ལི་ཡོན་ཞིན་གྱིས་ངོ་སྤྲོད་དུ། གནའ་རྫས་རྟོག་དཔྱོད་ལས་རྙེད་པར། ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་ནི་གཞི་རྒྱ་ཆེ་བའི་དུར་ས་མང་པོ་ལས་གྲུབ་པ་དང་། གཞི་སྡོད་ཀྱི་འཛུགས་སྐྲུན་ས་ཆ། ཆོས་ལུགས་ཆོ་ག་སྤེལ་ས། ཐོན་སྐྱེད་དངོས་ཟོང་གི་ཤུལ་བཞག་སོགས་འདི་ལས་མཚོན་པ་ནི་སྤྱི་ཚོགས་ཀྱི་རྩ་འཛུགས་ཞིག་གཏན་སྡོད་དང་། དབང་ཆ་གཅིག་གྱུར། དཔལ་འབྱོར་ཐོན་སྐྱེད་རང་ཉིད་ཀྱི་སྙོམས་སྒྲིག་བྱེད་སའི་ཚོ་བ་ཆེན་པོ་ཞིག་འདུ་འཛོམས་བྱེད་ས་རེད། ཞེས་དང་། ཡིན་པ་ནི་མཐའ་མཇུག་ཞང་ཞུང་རྒྱལ་རབས་ཀྱི་རྒྱལ་ས་ཡིན་པར་ར་འཕྲོད་དང་། ད་རུང་གོམ་གང་མདུན་སྤོས་ཀྱི་ཞིབ་འཇུག་ལ་ཧུར་བརྩོན་མང་པོ་བྱེད་དགོས། ཞེས་བཤད།
མི་མང་ཆེ་བས། ས་རྒྱ་ཆེ་བའི་འགྲིམ་འགྲུལ་ལྟེ་བར་གྱུར་བའི་གནའ་བོའི་ཞང་ཞུང་ནི་གདོད་མའི་སྐབས་སུ་དཔལ་ཡོན་འབྲེལ་འདྲིས་བྱེད་སའི་བཞི་མདོ་ལྟ་བུ་སྟེ། མཁས་པ་ལ་ལས། ཁེར་རྐྱང་དུ་གྱུར་བའི་མདོ་དབུས་མཐོ་སྒང་ནི་སྔོན་མར་ཕྱི་ཕྱོགས་སུ་འབྲེལ་འདྲིས་ཀྱི་བཀག་རྒྱ་ཐེབས་པའི་ས་གནས་ཁྱད་པར་བ་ཞིག་རེད། དེ་ལས་ཨེ་ཤ་ཡ་དཀྱིལ་མ། ནུབ་མ། ལྷོ་མ་བཅས་ལ་འབྲེལ་བའི་ས་གནས་ཁོར་ཡུག་དམིགས་བསལ་ཅན་ཞིག་ནི་ཞང་ཞུང་སྟེ་དར་གོས་སྲང་ལམ་གྱི་གནས་མལ་འདི་ནི་ནམ་མཁའ་ལས་ཡངས་བའི་དགེ་མཚན་ཞིག་ཏུ་གྱུར་བ་རེད།
བོད་རིག་པའི་མཁས་ཅན་ཧྲི་ཐེ་ཨན་ལགས་ནས་འདི་ལ་སྔ་མོ་ནས་ཤེས་ཚོར་བྱུང་བ་དང་། ཁོང་གིས། ནུབ་ཕྱོགས་ཞང་ཞུང་གིས་བོད་ཀྱི་ཤེས་རིག་དར་བར་ནུས་པ་གལ་ཆེན་ཐོན་པ་དང་། དེ་རུ་ས་ཐེ་དང་འབྲེལ་བའི་གྷི་རིག་དང་རྒྱ་གར། སྟག་གཟིག་སོགས་ཀྱི་དཔལ་ཡོན་བོད་ཡུལ་དུ་དྲངས་འདུག ཅེས་བཤད།
ལོ་རྒྱུས་ཡིག་ཆར་ཞང་ཞུང་གི་སྐོར་བཀོད་པ་ཤིན་ཏུ་ཉུང་ལ། འོན་ཏེ་འདི་ཙམ་གྱིས་སྐབས་དེ་དུས་ཀྱི་དཔལ་ཡོན་དར་བའི་ཞང་ཞུང་གི་མཐའ་མཚམས་རྒྱལ་ཁག་ལ་འབྲེལ་བ་མེད་པ་མཚོན་མི་ཐུབ། ཚེ་རིང་ཐར་ལགས་ནས་བཤད་ཞིབ་བྱས་པར། ལོ་རྒྱུས་སྟེང་བོད་དང་སྟག་གཟིག་བར་གླ་རྩིའི་ཚོང་ལམ་ཤིན་ཏུ་དར་ཞིང་། ཞང་ཞུང་ནི་ཀྲུང་ནུབ་གཉིས་ཀྱི་བར་ན་རྒྱ་ལམ་བཞི་མདོ་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་མཐའ་འབྲེལ་གྱི་རྒྱལ་ཁབ་མང་པོར་ཚོང་དོན་འགྲོ་འོངས་བྱེད་ས་རུ་འོས་སུ་མཆིས། ཞང་ཞུང་གི་ཆོས་ལུགས་དང་། ཡི་གེ་སོགས་གཙང་པོའི་འབྱུང་ཁུངས་ནས་དར་སྤེལ་གྱིས་བོད་ཁམས་ཀྱི་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་སུ་དར་ཁྱབ་བྱུང་ཡོད།
ལོ་རྒྱུས་ལས། ཞང་ཞུང་གི་རྒྱལ་ཁག་བཅོ་བརྒྱད་ཀྱི་སྐབས་སུ། དབུ་ན་གཤེན་རབ་རྣམས་བྱིན་ཆགས་ཤིང་། གཤམ་ན་རྒྱལ་པོ་དག་བརྗིད་ཆགས་པ། ཞེས་པ་ལས་ཀྱང་བོན་ཆོས་ནི་ཞང་ཞུང་སྐབས་སུ་གོ་ཐོབ་བླ་ལྷག་གི་མཐོན་པོ་ཡོད་པ་མཚོན།
བོན་ཆོས་ཀྱིས་རྗེས་མར་བོད་མིའི་ཆོས་ལུགས་འཚོ་བར་ཤན་ཞུགས་ཐེབས་པ་ཤིན་ཏུ་གསལ་ལ། ཚེ་རིང་ཐར་གྱིས། བོན་ཆོས་རིག་གནས་མེ་མཆོད་དང་ཉི་འོད་ལ་དད་པ་སོགས་དང་། དཔེར་ན་བསུར་གཏོང་བ་རྗེས་ནས་བསང་ལ་འགྱུར་བའི་མེ་མཆོད་སོགས་བོན་ཆོས་མ་གཏོགས་ལོ་རྒྱུས་གང་ལའང་འབྲེལ་མེད་དུ་གནས་པའོ།
གཞན། ཚེ་རིང་ཐར་ལགས་ནས་ངོ་སྤྲོད་དུ། དེ་རིང་བོད་མིའི་ཡུལ་སྲོལ་གོམས་གཤིས་ཀྱི་འཚོ་བའི་རྣམ་པ་མང་དག་ཅིག་ཞང་ཞུང་དུས་རབས་ནས་བརྒྱུད་འོངས་ཤིང་། དཔེར་ན་གངས་བསྐོར་མཚོ་སྐོར་ལ་འགྲོ་བ་དང་། དར་ལྕོགས་རླུང་རྟ། མ་ཎི་རྡོ་བརྐོ། རྡེའུ་འབུམ་བཞེངས་པ། མོ་རྩིས་ལུང་བསྟན་སོགས་ཚང་མ་བོན་ལས་བྱུང་བའི་རྟགས་མཚན་རེད།༽
ང་རྒྱལ་སྤོབས་སེམས་ཀྱི་རང་རྒྱུད་རྐྱལ་བ་བཞིན་དུ་སྦོས་པ་ཁག་ཅིག་ལ་ཕུལ་བ་ཡིན།
ཨ་ཕྱི་ལགས། ཤིན་ཧཱ་གསར་ཁང་གི་སྐད་ཆ་དེའི་དོན་གོ་མ་སོང་ཟེར་བ་མིན། ཁྱོད་ཀྱི་སྐད་ཆ་(ཤིན་ཧྭ་གསར་འགྱུར་ལས་ཁང་བདེན་པར་འཛིན་པར་ཁས་ལེན་ན།)འདི་དོན་ཟེར་བ་ཡིན།
རྨུ་བུ་ལགས་ཁྱོད་ཀྱིས་ག་རེ་བཤད་ཀི་ཡོད་མ་ཤེས་ན་ཐབས་ཤེས་དབེན་ཀྱང་། ངས་ཞུ་འདོད་པ་དེ་ཚན་རིག་དང་འདྲ་བཟོ་མང་པོ་ཞིག་ལ་ཡིད་ཆེས་གཏན་ནས་མེད། ཁྱད་པར་ཤིན་ཧྭ་གསར་འགྱུར་ལ་ཡིད་ཆེས་མེད། དེ་ཚོ་ལ་ཡིད་ཆེས་དྲག་ནས་ང་ཚོའི་བོད་འདི་འཆི་ཁ་མ་ལ་སོང་བ་རེད། བོན་འདི་ཡང་ཕ་མེས་ཀྱི་ཆོས་ལུགས་རྩོད་མེད་ཅིག་ཡིན་ན་ང་ཚོའི་བསོད་ནམས་རེད་མོད། ཡིན་ན་ཡང་རང་མགོ་རང་གིས་གཡོགས་པའི་སྐྱག་རྫུན་གྱི་ལོ་རྒྱུས་རྫུན་བསྒྲིག་དེ་ཚོ་ལ་རྨོངས་པ་འགའ་རེ་གྲགས་རྒྱུགས་ང་བརྒྱད་སྐབས་ཀྱི་བོད་མི་འགའ་རེ་ཡིས་ལས་ངན་བསགས་པ་དང་སྒྲུབ་པར་སྣང་བ་ཞིག་ཚང་མ་ཡིད་ཆེས་སམ། ལྷག་པར་དེང་དུས་བླ་ཆེན་འགའ་རེས་འཇིག་རྟེན་པའི་ངོ་འཚོ་བའི་ཕྱིར། གནས་ལུགས་མེད་པར་ལོ་རྒྱུས་བདེན་དཔུང་དག་ནག་བསུབས་བཏངས་ན་གངས་ཅན་པ་སྤྱི་ལ་ཕན་པ་ལས་གནོད་པར་མཐོང་ནས་ཚིག་གནག་མོ་འགའ་ཤོར་སོང་། སྔོན་མར་གཤིན་བུ་ཟེར་བ་བོན་པོ་ཞིག་གིས་དགོངས་དག་ཡག་པོ་ཞུས་སོང་། དེ་འདྲ་བོན་པོ་སོང་ལ་ཡོད་ན་ཐུན་སྒྲིལ་དང་ཆིག་སྒྲིལ་ལས་སླའོ་རེད། དེ་མིན་ས་དགེ་བཀའ་རྙིང་ཚང་མ་ནོར་བ་ཡིན་པ་བོན་ཁོ་ན་ཕ་མེས་ཆོས་འདོད་པ་ནི་མུན་ནག་ཀློང་གི་ཀི་ཅོ་འབའ་ཞིག་ཏུ་འཁུམས་སོ།།
ལགས་སོ་ཨ་ཕྱི་ལགས། ད་ལོ་རྒས་ནས་ཧོན་ལོག་སོང་བ་འདྲ། ཧ་ཧ་ཧ།
ཨ་ཁ། ཕར་ཡག་པོ་བཤད་བཞག་ན་ཡང་རྒྱུ་མཚན་ཉན་མ་ཤེས་ན་དམོ་ངན་དམུ་ངན་ཁྱེད་ཚོ་དེ་མོས་རེད་ཡ།
ཨ་ཕྱི་ཆོས་སྒྲོན་ཟེར་མཁན་འདི་ནི་ཕྱོགས་ཞེན་ཆེ་ལ་རིག་གནས་མེད་པ། མཐོང་རྒྱ་ཆུང་ལ་ཐོས་རྒྱ་མེད་པ། དྲང་བདེན་མེད་ལ་ཕྱོགས་སུ་ལྷུང་བ།
རང་ཚུགས་མེད་ལ་གཞན་བརྟེན་ཆེ་བ། དྲང་པོའི་གཞུང་ལ་འཆོག་པོ་བཟོ་མཁན་ཞིག་རེད། དེ་ཡིན་དུས་མཁས་པ་རྒྱ་ལ་ང་མི་ཞེད་ཡང། རྨོང་པ་གཅིག་ལ་ང་ཞེད་ཟེར་བ་ལྟར་རེད་
ཧཧཧཧཧཧཧཧཧཧ
ཧ་ཧ་ཧ་ཧ ཨ་ཕྱིའི་ཁ་འདི་རྐུབ་ཕྱིས་འདྲ། རྐུབ་ཕྱིས་བསྔོག་ན་དྲི་ངན་འཐུལ། ཕར་བཤད་པའི་སྐད་ཆ་མི་གོ་བར། ཚུར་མ་དྲིས་ཁ་ངན་ལུང་པ་གང་། ཧེ་ཧེ་ཧེ། རྩེད་མོ་ཡིན་དཱ། རྨོ་རྒན་འཁོགས་ལ་དེ་འདྲ་ཞུས་ན་་་་་་་།
བོན་པོའི་ཆོས་འདི་སྐྱག་པ་འདྲ། །སྐྱག་པ་གར་ཡོད་དྲི་མ་ཁ། །ཕག་རྒན་དམུ་རྒྱུད་དེ་ལ་འཁོར། །བཤང་ཁང་རུལ་བའི་དུག་འབི་རེད། ། ཧ ཧ ཀུ་རེ་ཡིན་གདའ། ཧ ཧ
སྔོན་མ་ཡིན་ན་ཁ་བརྡ་དྲ་རྒྱ་འདིའི་ནང་ན་རྩོམ་ཡིག་ཡག་པོ། མཆན་ཡག་པོ། བགྲོ་གླེང་ཡག་པོ། རྩོད་པ་ཡག་པོ། རྩོམ་པ་པོ་ཡག་པོ། ཞབས་མཆན་པ་ཡག་པོ། རྒྱག་རེས་རྒྱག་མཁན་ཡག་པོ་རྐྱང་ཡོད། བར་སྐབས་ཞིག་ནས་ཁ་བརྡ་དྲ་རྒྱ་ནང་ལ་ཉུལ་མ་ཐུབ། ཁ་སང་དེ་རིང་ཞིག་ལ་འདིའི་ནང་ལ་ཡོང་ན་ཡང་མུ་གེ་དགུ་ནག་ཐེབ་བསྡད་ཡོད་ཀི འདི་ལ་ངས་མོ་ཅིག་བརྒྱབ་པ་ཡིན། གདོན་རྫས་ཞིག་འདུག གདོན་དེ་གཡུག་ནས་གཡང་འགུགས་བྱས་ན་ད་བཟོད་སྔོན་མ་ལྟར་ཡག་པོ་ཡོང་བའི་ལྟས་འདུག བན་བོན་གཉིས་ཀའི་ཕྱོགས་ནས་གཏོ་བྱས་དང་གཡང་འགུགས་ཕྱོགས་ལ་འབད་པ་བྱས། ཆོས་མེད་དེ་ཚོ་ཇ་མ་ཆུ་ལེན་དང་ཇ་སྡེ་ལ་རྒྱུགས་འའའའ
ཧཧཧཧཧཧཧ་ཨ་ཕྱི་ཆོས་སྒྲོན་གྱི་རང་མདོག་མངོན་ཡོང་གི་འདུག་བ། ངས་གོང་ནས་འཕངས་པའི་མདའ་མོ་དེ་གནད་ལ་ཁེལ་བ་ཞིག་ཕོག་
འདུག་བ།