དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཆོས་དབྱིངས་སྤྲོས་བྲལ་གཉུག་མའི་ངོ་བོ་ལས།།
ལོངས་སྤྱོད་རྫོགས་སྐུ་ཀུན་རིག་རང་བཞིན་དཔལ།།
སྣ་ཚོགས་སྤྲུལ་པའི་རྣམ་རོལ་རྡོ་རྗེ་འཛིན།།
ས་སྐྱའི་གོང་མ་རིམ་བྱོན་མངོན་པར་བསྟོད།།
ངག་གི་དབང་ཕྱུག་འཇམ་དཔལ་དཔའ་བོའི་གདུང་།།
འགྲོ་ཀུན་དགའ་བྱེད་མཁྱེན་བརྩེའི་ཕྲིན་ལས་ཅན།།
ཐེག་ཆེན་ཤིང་རྟའི་ཡོན་ཏན་དཔལ་འབར་བ།།
བསམ་འཕེལ་དབང་གི་རྒྱལ་པོ་ཞབས་བརྟན་གསོལ། །
སྐུ་ཚེ་བརྟན་པ་ཚེ་མཐའ་ཡས་དང་མཉམ།།
གསུང་ཆོས་སྤེལ་བ་ནམ་མཁའི་མཐའ་དང་མཉམ།།
ཐུགས་རྗེ་མཚུངས་མེད་རྒྱལ་ཀུན་དགོངས་པ་མཉམ།།
གསུམ་ལྡན་རྡོ་རྗེ་འཆང་ཆེན་ཞབས་བརྟན་ཤོག།
ཅེས་པ་འདི་ཡང་རབ་གནས་མེ་བྱའི་ས་ག་ཟླ་བའི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་འཁྲུངས་སྐར་གྱི་ཉིན་མོར་ཐུབ་ཆོག་པདྨ་དཀར་པོ་ལེགས་གྲུབ་སྐབས་སུ་གཏེར་ཆེན་རཏྣ་གླིང་པའི་ཡང་སྲིད་ཞེ་ཆེན་མཁན་པོ་དང་ཧཱུྃ་ཏཱཾ་དང་སྤྲུལ་སྐུ་བསྟན་འཛིན་རྡོ་རྗེས་མངོན་བསྟོད་ཀྱི་བཀའ་མོལ་ལས་གང་ཤར་དུ་དབྱིན་ཡུལ་སྔ་འགྱུར་དཔལ་ཡུལ་ཆོས་ཚོགས་ཁང་དུ་མཁན་ཆེན་བླ་མ་རིན་པོ་ཆེ་འམ་དངོས་མིང་དཔལ་དགྱེས་པ་རྡོ་རྗེས་སྨོན་པར་ཤྲཱིཿསརྦ་བི་ཛ་ཡནྟུ།། །།
ཁྱེད་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ་།
རྗེས་སུ་ཡིད་རངས་ཞུ་།
ཐུགས་རྗེ་ཆེ་།
བཀྲིན་ཆེ་།
ཤིན་ཏུ་ལེགས་།