གྲིབ་གཟུགས།
ཆུང་དུས་རྣ་བ་རུ་ཐོས་པའི་ཡིད་བཞིན་གྱི་ནོར་བུ།།
བདག་གི་བྱིས་བློ་ཡི་ཞིང་སའི་དད་རྟེན་གྱི་ཐོག་མ།།
སེམས་པ་ཆུང་ཆུང་དེས་གོམ་པ་འཁྱར་འཁྱོར་གྱི་བར་ནས།།
འཇིགས་ཤིང་སྔངས་པ་ཡི་དུས་སྐབས་ལ་སྐྱབས་གནས་སུ་བསྒོམས་ཡོད།།
ཨ་ཕས་དུས་དབང་ནས་མཇལ་བའི་ཡིད་བཞིན་གྱི་ནོར་བུ།།
མིག་གི་མཆི་མ་ལ་འདྲེས་པའི་རྒྱང་མཇལ་གྱི་སྣང་བརྙན།།
ནམ་ཡང་དད་རྟེན་དུ་བཞེངས་པའི་ཨ་ཕ་ཡི་ཞེ་བློས།།
བར་དོའི་འཇིགས་པ་ལའང་སྐྲག་པའི་སེམས་བྱུང་དེ་བོར་འདུག །
ཨ་མ་གྲོངས་ཁ་མར་འབོད་པའི་ཡིད་བཞིན་གྱི་ནོར་བུ།།
རླུང་ཁའི་བྱ་སྒྲོ་ལ་མཚུངས་པའི་བར་དོ་ཡི་སེམས་དེས།།
འཇིགས་སྐྲག་དགུ་བཏུམས་ཀྱི་ནང་ནས་འོ་དོད་ཀྱིས་འབོད་ས།།
དེ་རིང་ཁྱེད་རང་ལ་མཇལ་དུས་ཞེ་བློ་འདི་འཁྱོམས་འོང་།།
རྣམ་རྟོག་སྣ་ཚོགས་དང་སེམས་ངལ་མོད་པོ་ཡི་ཁྲོད་ནས།།
ཡིད་ལ་དྲན་པ་དང་ཆབས་ཅིག་བདེ་དགའ་ཡི་སྤྲོ་སྣང་།།
འབྱིན་མཛད་ཁྱེད་ཞལ་གྱི་མཛུམ་མདངས་པད་དཀར་གྱི་འདབ་ལོ།།
བདག་གི་མི་ཚེ་ཡི་འཕྲང་གི་འཆི་གསོས་ཀྱི་བདུད་རྩི།།
14/7/2013
ཡག་གི
བཀླགས་དང་ང་་་་སྙན་གི