འབྲེལ་ཐག འདི་རུ་བསྣུན་ནས་ཉོན།
གཞས་ཚིག
༡)
ཨ་རོ། ཡ་ལ་ཡ་ལ་དགོ ངའི་རོགས་དགའ་ལོ་ལོ་རིས་དགོ
ཨ་མདོ་ཡུལ་གྱི་དད་ལྡན་མཇལ་བ་ཚོ།།
སྟོད་ཕྱོགས་རྒྱ་གར་ཡུལ་ལ་འགྲོ་གིན་ན།།
༼ངས༽རྒྱལ་དབང་བསྟན་འཛིན་ཚང་ལ་སྐད་ཅིག་བསྐུར།།
བོད་རྒྱལ་བློ་བཟང་སེངྒེར་འཕྲིན་ཞིག་བསྐུར།།
གདོང་དམར་བོད་ཀྱི་སྡུག་བསྔལ་ལྕི་གི་ཤོད།།
འཁོར་ཡུག་སྲུང་སྐྱོབ་དབང་ཆ་མེད་ཀི་ཤོད།།
ཚང་མ་གཙབ་སྟེ་གཤགས་ནས་ཚར་ཐལ་ཤོད།།
རྒྱལ་ས་ལྷ་ས་རྒྱ་ཡིས་འཕྲོག་ཐལ་ཤོད།།
ཨ་མདོའི་རེབ་ཀོང་དམག་གིས་ཁེབས་ཐལ་ཤོད།།
དཔའ་བོ་དཔའ་མོ་ཡོད་ཚད་བཟུང་ཐལ་ཤོད།།
བོད་ཡུལ་སྡུག་གི་མུན་པས་བཀང་ཐལ་ཤོད།།
རྒྱལ་དབང་བསྟན་འཛིན་ཚང་ལ་འདི་ལྟར་ཞུས།།
བོད་རྒྱལ་བློ་བཟང་སེངྒེར་ཞིབ་ཏུ་ཞུས།།
༼ཁྱེད་ཀྱིས༽ཕྱིར་སྙན་མོ་གསུང་ཞིག་ཁྱེར་ལ་ཤོག།
༢)
རྨ་ཡུལ་རྩྭ་ཐང་མཐོང་བ་ཀུན་སྨོན་ནས།།
རྨ་ཁམས་མཐོན་པོ་གཡང་གི་ར་བ་ནས།།
རྨ་ཡུལ་ཕྱུག་མོ་གཏེར་གྱི་བང་མཛོད་ན།།
བྲག་རིའི་སྙིང་རྩ་འདར་བའི་སྒྱོགས་འཕེན་གི།
རྫ་རིའི་གསང་བ་གཏོར་ནས་གཏེར་ལེན་གི།
༼ང༽ཉམ་ཆུང་བུ་ལོར་ཞུ་རྒྱུ་འགང་མེད་དང་།།
ང་ཡང་བོད་པའི་བུ་ཞིག་ཡིན་ས་ན།།
རི་སྐྱེས་སྲོག་ཆགས་བསད་ན་སྙིང་རྗེ་གི།
སྤང་རི་ཙད་ཀྱིས་སྐམ་ན་སྙིང་ལངས་ཀི།
༼ངས༽ཤེས་ན་ཤེས་ལྡན་བུ་ལོར་བརྡ་བརྒྱབས་ནས།།
གོ་ན་རིག་པའི་བུ་ལ་སྐད་བཏང་ནས།།
བྲེ་སེར་འབྲོང་གི་ཕ་ས་སྒྱོགས་ཀྱིས་གཏོར།།
སྨད་ཕྱོགས་ཆུ་མིག་དགུ་འབྲུག་དུག་གིས་དཀྲུགས།།
ཞིང་འབྲོག་གཉིས་གའི་ཕ་ས་མྱི་ཡིས་བཟུང་།།
༼ངས༽འདི་ཕྱོགས་རིག་ན་ཡིད་སེམས་མི་སྐྱིད་ཀི།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།
དོན་ཚན་དགུ་པ། གཏེར་ཁ་དང་ཆུ་བོ། ནགས་ཚལ། རི་བོ། རྩྭ་ཐང༌། ས་རྒོད། གྲམ་ཐང་སོགས་རང་བྱུང་གི་ཐོན་ཁུངས་ཚང་མ་རྒྱལ་ཁབ་ལ་དབང་བ་སྟེ་དམངས་ཡོངས་ལ་དབང་བ་ཡིན། ཡིན་ནའང་བཅའ་ཁྲིམས་ཀྱིས་གཏན་ཁེལ་ལྟར་ཐུན་མོང་ལ་དབང་བའི་ནགས་ཚལ་དང་རི་བོ། ཆུ་བོ། རྩྭ་ཐང༌། ས་རྒོད། གྲམ་ཐང་བཅས་ནི་དེའི་ཁོངས་སུ་མི་གཏོགས།
རྒྱལ་ཁབ་ཀྱིས་རང་བྱུང་གི་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་པར་འགན་སྲུང་བྱེད་པ་དང༌། རྩ་ཆེ་བའི་སྲོག་ཆགས་དང་རྩི་ཤི་རྣམས་སྲུང་སྐྱོང་བྱེད་དགོས། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་བྱེད་ཐབས་གང་རུང་ཞིག་ལ་བརྟེན་ནས་རང་བྱུང་ཐོན་ཁུངས་འཛིན་སྤྱོད་དམ་གཏོར་བརླག་བྱེད་མི་ཆོག
དབུ་མའི་ལམ་གྱི་རང་བྱུང་ཐོན་ཁུངས་བེད་སྤྱོད་ཕྱོགས་ཀྱི་སྐོར་གྱི་གཞི་བཅོལ་སའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གཤམ་གསལ།
14ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ཉེར་བདུན།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་ས་གནས་དེ་གའི་རྩྭ་ར་དང་ནགས་ཚལ་གྱི་བདག་དབང་དང་སྤྱོད་དབང་གཏན་ཁེལ་བྱ་རྒྱུ།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་རྩྭ་ཐང་དང་ནགས་ཚལ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུ་དང༌། ལྗོན་འཛུགས་རྩྭ་འདེབས་བྱ་རྒྱུར་སྒྲིག་འཛུགས་དང་བསྔགས་བསྐུལ་བྱ་རྒྱུ།། རྩ་འཛུགས་དང་མི་སྒེར་སུས་ཀྱང་བྱེད་ཐབས་གང་རུང་ལ་བརྟེན་ནས་རྩ་ཐང་དང་ནགས་ཚལ་གཏོར་བརླག་བཏང་མི་ཆོག རྩ་ཐང་དང་ནགས་ཚལ་དུ་རྩ་ནགས་གཏོར་བརླག་བཏང་ནས་འདེབས་ཞིང་གསར་སྤོལ་བྱས་མི་ཆོག
15 ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ཉེར་བརྒྱད།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱིས་གཏན་འབེབས་ལྟར་ས་གནས་དེ་གའི་རང་བྱུང་གི་ཐོན་ཁུངས་ལ་དོ་དམ་དང་སྲུང་སྐྱོབ་བྱ་རྒྱུ།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བཅའ་ཁྲིམས་ནང་གསལ་གཏན་འབེབས་དང་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་འཆར་འགོད་གཞིར་བཟུང་ནས་ས་གནས་དེ་གས་ཐོན་སྒོ་ཕྱེ་ཆོག་པ་པའི་རང་བྱུང་གི་ཐོན་ཁུངས་རྣམས་ཚུལ་ལུགས་དང་མཐུན་པའི་སྒོ་ནས་ཐོན་སྒོ་སྔོན་འབྱེད་དང་སྔོན་སྤྱོད་བྱ་རྒྱུ།
16 ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་དོན་ཚན་ཞེ་ལྔ་པ།
མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་དང་ལེགས་བཅོས་བྱ་རྒྱུ་དང༌།སྦགས་བཙོག་དང་སྤྱི་བའི་གནོད་རྐྱེན་གཞན་དག་འགོད་སེལ་བྱས་ནས་མི་འབོར་དང༌། ཐོན་ཁུངས། ཁོར་ཡུག་བཅས་འཆམ་མཐུན་ངང་གོང་དུ་འཕེལ་ཐུབ་པ་བྱ་རྒྱུ།།
༢་་་་དོན་ཚན་རེ་དྲུག་པ། གོང་རིམ་རྒྱལ་ཁབ་ལས་ཁུངས་ཀྱིས་མི་རིགས་རང་སྐྱོང་ས་གནས་ཀྱི་སྐྱེ་ཚུལ་དོམཉམ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་རྣམ་གྲངས་གལ་ཆེན་དག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་ནང་དུ་བཀོད་དེ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས།
མི་རིགས་རང་སྐྱོང་ས་གནས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཚུལ་དོ་མཉམ་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་ལ་བྱས་རྗེས་བཞག་ཡོད་ན།རྒྱལ་ཁབ་ཀྱིས་ཁེ་ཕན་ཐོག་ནས་ཁ་གསབ་ངེས་ཅན་ཞིག་བྱ་རྒྱུ།
རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་གིས་མི་རིགས་རང་སྐྱོང་ས་གནས་སུ་ཐོན་སྒོ་འབྱེད་པ་དང་འཛུགས་སྐྲུན་བྱེད་སྐབས་བྱེད་ཐབས་ནུས་ལྡན་སྤྱད་ནས་ས་གནས་དེ་གའི་འཚོ་བའི་ཁོར་ཡུག་དང་སྐྱེ་ཁམས་སྲུང་སྐྱོབ་དང་ལེགས་སུ་གཏོང་རྒྱུ།སྦགས་བཙོག་དང་སྦྱི་པའི་གནོད་རྐྱེན་གཞན་དག་འགོག་བཅོས་བྱ་དགོས
ཉན་པ་ཡིན། ཧ་ཅང་གི་དུས་སུ་བབས་པའི་ལ་གཞས་ཤིག་རེད་ལ། དེང་ཕྱིན་ལ་གཞས་འགོག་མི་སྲིད་པའང་མ་རེད། གང་ལྟར་ལ་གཞས་ཀྱི་ནང་དོན་ངོ་མ་སྙན་སེང་ཞུ་རྒྱུ་ལས་ཡང་དབུ་མའི་ལམ་གྱི་རྒྱབ་བསྐྱོར་རེད་ཟེར་བ་ལྟ་བུའི་མགོ་བསྐོར་མི་གཏོང་བའི་རེ་བ་ཡོད། རྒྱུ་མཚན་ནི་ལ་གཞས་རང་སྟེང་གི་ནང་དོན་གྱི་ཆ་ནས་དབྱེ་ན། རོགས་དྲན་པའི་སྐོར་རེད། དེ་ནས་ཁ་བྲལ་བའི་སྐོར་ལ་སླེབས་གྲབས་ཡོད་པ་རེད། མཐའ་མཇུག་བདེ་མོ་འཇོག་པའི་སྐོར་རེད། དེ་བས། ད་རེས་ལ་གཞས་འདིའི་ནང་དོན་ཇི་མ་ཇི་བཞིན་བྱེས་སྡོད་སྐྱ་སེར་ཀུན་ཀྱིས་ཤེས་པར་བྱེད་པ་ནི་གནད་ཅིག་ཏུ་འདོད།
སྔོན་མ་ཞིག་ལ་རྒྱལ་བ་རིན་པོ་ཆེ་ལ་དོལ་རྒྱལ་ཚོགས་པས་གཞས་གནམ་བཀའ་ཐང་ལན་ཟེར་བ་ཞིག་བླངས་པ་དེ་འདྲ་པོ་ཞིག་འདུག་ག
གཞས་ཚིག་ཇི་མ་ཇི་བཞིན་འདིར་ཡིག་ཐོག་ལ་འབེབས་མཁན་བྱུང་ན་ཨང་་་་་་
ཉན་བཞིན་ཉན་བཞིན་མིག་ཆུ་འགའ་རང་དབང་མེད་པར་ས་རུ་ཟགས་སོང་་་་
གཞས་ཚིག
༡)
ཨ་རོ། ཡ་ལ་ཡ་ལ་དགོ ངའི་རོགས་དགའ་ལོ་ལོ་རིས་དགོ ་་་་སོགས་འདིར་བཀོད་པར་བཀའ་དྲིན་ཆེ།
ཨ་མདོའི་ཡུལ་སྐད་དུ།
བོད་རྒྱལ་བློ་བཟང་སེངྒེར་འཕྲིན་ཞིག་བསྐུར།།
གདོང་དམར་བོད་ཀྱི་སྡུག་བསྔལ་ལྕི་གི་ཤོད།།
འཁོར་ཡུག་སྲུང་སྐྱོབ་དབང་ཆ་མེད་ཀི་ཤོད།།
འདི།
བོད་རྒྱལ་བློ་བཟང་སེངྒེར་འཕྲིན་ཞིག་བསྐུར། །
གདོང་དམར་བོད་ཀྱི་སྡུག་བསྔལ་ལྕི་བགྱིད་ཤོད། །
འཁོར་ཡུག་སྲུང་སྐྱོབ་དབང་ཆ་མེད་བགྱིད་ཤོད། །
སྤྱི་སྐད་དུ།
བོད་རྒྱལ་བློ་བཟང་སེངྒེར་འཕྲིན་ཞིག་ཡོད། །
གདོང་དམར་བོད་ཀྱི་སྡུག་བསྔལ་ལྕི་འདི་ཤོད། །
འཁོར་ཡུག་སྲུང་སྐྱོབ་དབང་ཆ་མེད་འདི་ཤོད། །
ཡུལ་སྐད་ཀྱི། ་་་་འགོ འདི་ཡང་དོན་ཅིག བོད་སྐད་གཅིག་མཚུངས་དག་ཆ་ཅིག་ངེས་པར་དུ་ཡོད་དགོས།
ས་ཨ་མདོ་ཡུལ་གྱི་རོགས་ལོ།།
ཁྱོས་བཤད་ནོ་ཡིད་ལ་བསམ་ན།།
སྟོད་ཡ་ཆུང་ཁོག་པ་སྨུག་རེད།།
མིག་སྐམ་པོ་གཉིས་ཀ་ཆུ་རེད།།
རོགས་ཆུང་ལོ་བརྒྱ་སྟོང་འཛོམས་ས།།
སྡེ་ཆུང་ཆུང་རྡ་རམ་ས་ལའི།།
མགོན་བླ་མ་དགུང་ལོ་བགྲེས་ནི་རེད།།
དཔོན་བློ་སེང་རྐྱལ་སྟོང་ཡིན་ནི་རེད།།
མ་ཆོས་དབྱིངས་ཡག་དགའ་ཆེ་ནི་རེད།།
ཡུལ་ཕ་སའི་བྲང་མགོ་འདྲ་བོ།།
མགོ་ནག་བོད་ཀྱི་སྐྱིད་སྡུག།
ཚིག་བཤད་ནོ་རྣ་ཡིས་གོ་ནོ་རེད།།
ལག་ལས་དཀའ་མིག་གིས་རིག་ནོ་རེད།།
འདི་བསམ་ནས་ཡིད་ཐང་ཆད་ཡོད།།
འདི་གཞན་ལ་མ་བཤད་སྡུག་འགྲོ།
སྡུག་སོང་ན་ཡིད་ཐང་འགྲོ།
ས་ཨ་མདོ་ཡུལ་གྱི་རོགས་ལོ།།
ཁྱོས་བཤད་ནོ་ཡིད་ལ་བསམ་ན།།
སྟོད་ཡ་ཆུང་ཁོག་པ་སྨུག་རེད།།
མིག་སྐམ་པོ་གཉིས་ཀ་ཆུ་རེད།།
རོགས་ཆུང་ལོ་བརྒྱ་སྟོང་འཛོམས་ས།།
སྡེ་ཆུང་ཆུང་རྡ་རམ་ས་ལའི།།
མགོན་བླ་མ་དགུང་ལོ་བགྲེས་ནི་རེད།།
དཔོན་བློ་སེང་རྐྱལ་སྟོང་ཡིན་ནི་རེད།།
མ་ཆོས་དབྱིངས་ཡག་དགའ་ཆེ་ནི་རེད།།
ཡུལ་ཕ་སའི་བྲང་མགོ་འདྲ་བོ།།
མགོ་ནག་བོད་ཀྱི་སྐྱིད་སྡུག།
ཚིག་བཤད་ནོ་རྣ་ཡིས་གོ་ནོ་རེད།།
ལག་ལས་དཀའ་མིག་གིས་རིག་ནོ་རེད།།
འདི་བསམ་ནས་ཡིད་ཐང་ཆད་ཡོད།།
འདི་གཞན་ལ་མ་བཤད་སྡུག་འགྲོ།
སྡུག་སོང་ན་ཡིད་ཐང་ཆད་འགྲོ།
ཡུལ་ཁ་ཐག་རིང་བའི་དགའ་ལོ་ཚོ།།
ས་འདི་ཕྱོགས་རེ་བ་མ་རྒྱག་རོགས།།
རྗེ་བླ་མའི་དགུང་ལོ་བགྲེས་སོང་ཟིག།
དཔོན་སེང་གེར་ཁ་ལས་དོན་མི་འདུག།
བུ་དཔའ་བོ་ཆབ་སྲིད་བཙོན་པ་ཚོ།།
ས་འདི་ནས་སྒོར་མོའི་ཆེད་དུ་འདུར།།
གཞུང་ལས་ཀ་བྱེད་པའི་ལས་བྱེད་ཚོས།།
དབང་གོ་ས་རྩོད་ནས་བསྡད་ཡོད་ཀི།
འདིར་འབྱོར་བའི་སྐྱབས་བཅོལ་སྤུན་ཟླ་ཚོས།།
ལས་ཕྱོགས་ལྷུང་ཁོ་ནར་གཉེར་ནས་འདུག།
ཕྱིའི་རྒྱལ་ཁབ་འགྲིམས་པ་དམིགས་ཡུལ་རེད།།
འདི་བསམ་ན་ཨ་ཐང་ཆད་འགྲོ་གི།།
ས་འདི་ལ་རེ་བ་མ་རྒྱག་རོགས།།
ཧ་ཅང་དུས་བབ་པ་ཞིག་རེད་འདུག་གོ
སྐད་ཏག་ཏག་ཅིག་མགོ་ཙོས་ཀྱི་མིན་འདུག
གཞས་ཚིགས་རྒྱལ་བ་རིན་པོ་ཆེ་བསྐུར་ན་རན་པོ་འདུག སྲིད་སྐྱོང་མཆོག་ལ་བསྐུར་ན་བེད་སྤྱོད་མི་འདུག སྲིད་སྐྱོང་གི་འགྲོ་འདུག་བྱ་ཉལ་ཚང་མ་ནུབ་ཕྱོགས་པ་དང་གཅིག་་མཚུངས་རེད། བོད་པའི་རིག་གཞུང་གི་དྲི་མ་མི་འདུག
གཞས་ཚིགས་འདི་་རྒྱལ་བ་རིན་པོ་ཆེ་བསྐུར་ན་རན་པོ་འདུག ༧ གོང་ས་མཆོག་བོད་མི་རྩམ་གཟན་ཡོངས་་ཀྱི་འདི་་ཕྱིའི་སྐྱབས་གནས་དང། མི་ལོ་༧༠ རིང་ལ་བོད་མི་རིགས་ཀྱི་ཆེད་དུ་ཉིན་མཚན་ཀུན་ཏུ་ཕྱག་ལས་གནང་བ་དང། འཛམ་གླིང་ནང་་བོད་པ་ Tibetan ཟེར་དུས་་མི་མང་ཆེ་བས་དགའ་བོ་བྱེད་ས། སོ་སོ་རང་ཉིད་ཀྱང་བོད་པ་ཡིན་བསམ་ནས་སྤོབས་པ་བྱེད་རྒྱུ་ཡོད་པ་། གཞན་ཡང་བླང་དོར་ལེགས་ཉེས་ཀྱི་བཀའ་སློབ་ལམ་སྟོན་ཕ་མའི་ཕྲུ་གུར་གནང་བ་བཞིན། དུས་རྟག་ཏུ་བརྩེ་བ་ཆེན་པོས་གཟིགས་སྐྱོང་གནང་གི་ཡོད་པ་ལོང་བས་མཐོང་ཐུབ་པ་དང་འོན་པས་གོ་ཐུབ་པའི་དངོས་ཡོད་གནས་ཚུལ་རེད། སྲིད་སྐྱོང་མཆོག་ལ་བསྐུར་ན་བེད་སྤྱོད་མི་འདུག ཁོང་གདང་སུམ་སླེབས་པའི་དཔོན་པོ་རེད། ལོ་ཤས་མཚམས་ནས་ཨ་རིར་ལོག་འགྲོ་མཁན་རེད། སྲིད་སྐྱོང་གི་འགྲོ་འདུག་བྱ་ཉལ་ཚང་མ་ནུབ་ཕྱོགས་པ་དང་གཅིག་་མཚུངས་རེད། བོད་པའི་རིག་གཞུང་གི་དྲི་མ་མི་འདུག དེ་འདྲ་སོང་ཙང་༧གོང་ས་མཆོག་དང་སྲིད་སྐྱིང་གཉིས་མཉམ་བསྲེས་་མ་གནང་རོགས། བོད་ཡུལ་གྱི་བོད་མི་ལར་ཞེན་ཅན་ཚོ།
ཨ་མདོ་ནས་ཡིན་པའི་མཁས་པ་ཞིག་གིས་ཚང་མས་གོ་སླད་ཡང་བསྐྱར་ལ་གཞས་འདི་ཡིག་སྐད་ནང་ཕབ་པ་གཤམ་གསལ། ཚང་མས་གཟིགས་གནང་ཡོང་བ་ཞུ།
གོང་ས་༧སྐྱབས་མགོན་རིན་པོ་ཆེ་དང་སྲིད་སྐྱོང་བློ་བཟང་སེང་གེ་གཉིས་ལ་ཨ་མདོ་དམངས་ཁྲོད་ལ་གཞས་ཀྱི་ལམ་ནས་སྤྲིངས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར།
དང་པོ།
ཨ་མདོ་ཡུལ་གྱི་དད་ལྡན་མཇལ་བ་ཚོ།།
སྟོད་ཕྱོགས་རྒྱ་གར་ཡུལ་ལ་འགྲོ་རྒྱུ་ན།།
རྒྱལ་དབང་བསྟན་འཛིན་ཚང་ལ་སྐད་ཅིག་བསྐུར།།
བོད་རྒྱལ་བློ་བཟང་སེང་གེར་འཕྲིན་ཞིག་བསྐུར།།
གདོང་དམར་བོད་ཀྱི་སྡུག་བསྔལ་ལྕི་བར་ཤོད།།
ཁོར་ཡུག་སྲུང་སྐྱོབ་དབང་ཆ་མེད་པར་ཤོད།།
ཚང་མ་གཙབས་པའི་བཤགས་ནས་ཚར་བར་ཤོད།།
རྒྱལ་ས་ལྷ་ས་རྒྱ་ཡིས་འཕྲོག་པར་ཤོད།།
ཨ་མདོ་རེབ་གོང་དམག་གིས་ཁེབས་པར་ཤོད།།
དཔའ་བོ་དཔའ་མོ་ཚང་མ་བཟུང་པར་ཤོད།།
བོད་ཡུལ་སྡུག་གི་མུན་པ་བཀང་པར་ཤོད།།
རྒྱལ་དབང་བསྟན་འཛིན་ཚང་ལ་དེ་ལྟར་ཞུས།།
བོད་རྒྱལ་བློ་བཟང་སེང་གེར་ཞིབ་ཏུ་ཞུས།།
ཞུས་རྗེས་སྙན་པའི་ལན་ཞིག་འཁྱེར་ནས་ཤོག།
གཉིས་པ།
རྨ་ཡུལ་རྩྭ་ཐང་མཐོང་བ་ཀུན་སྨོན་ནས།།
རྨ་ཁམས་མཐོན་པོ་གཡང་གི་རྭ་བ་ནས།།
རྨ་ཡུལ་ཕྱུག་མོ་གཏེར་གྱི་བང་མཛོད་ན།།
བྲག་རིའི་སྙིང་རྩ་འདར་བའི་སྒྱོགས་འཕེན་གི།
རྫ་རིའི་གསང་བ་གཏོར་ནས་གཏེར་ལེན་གི།
ཉམས་ཆུང་བུ་ལ་ཞུ་རྒྱུ་གཞན་མེད་ཀྱང་།།
ང་ཡང་བོད་པའི་བུ་ཞིག་ཡིན་པས་ན།།
རི་སྐྱེས་སྲོག་ཆགས་བསད་ན་སྙིང་རྗེ་གི།
སྤངས་རི་ཚ་བས་སྐེམ་ན་ཁོང་ཁྲོ་ལངས།
ཤེས་ན་ཤེས་ལྡན་བུ་ལ་བརྡ་བསྟནད་ནས།།
གོ་ན་རིགས་པའི་བུ་ལ་སྐད་བཏང་ནས།།
བྲེ་སར་འབྲོང་གི་ཕ་ས་སྒྱོགས་ཀྱིས་གཏོར།།
སྨད་ཕྱོགས་ཆུ་མིག་དགུ་འགྲིག་དུག་གིས་དཀྲུགས།།
རོང་འབྲོག་གཉིས་ཀྱི་ཕ་ས་གཞན་གྱིས་བཟུང་།།
འདི་དག་མཐོང་ན་ཡིད་སེམས་མི་སྐྱིད་གི།
༼ཚང་མས་གོ་བའི་ཆེད་དུ་དུང་དཀར་པ་ཡིས་ཡིག་སྐད་ལ་བཅོས།༽
སྲིད་སྐྱོང་ཤེས་འཇོན་ཅན་ཞིག་ཡིན་པ་གཞིས་ལུས་བོད་མིས་ཤེས་ནི་དགའ་སྤོབས་ཆེན་པོས་བོད་རྒྱལ་བློ་བཟང་སེང་གེ་ཞེས་གུས་བཀུར་ཆེན་པོ་ཞུ་གི་ཡོད་་པ་དང་། དེ་བཞིན་བྱེས་སུ་ཡོད་པའི་་བོད་རིགས་རྒྱ་ཆེའི་མང་ཚོགས་ཀྱིས་མང་པོའི་ནང་ནས་རྩེ་ཕུད་དེ་འདེམས་པ་མ་རེད་པས། ང་ཚོ་བོད་པའི་བཤད་སྲོལ་ལ། །རི་མཐོ་ན་ཁ་བ་ལས་ཀྱིས་བབ། །མོ་མཚར་ན་མི་ཁ་ལས་ཀྱིས་ཟུག་། ཟེར་བའི་དཔེ་འདི་ཅིས་མི་བདེན། ཧ་ ཧ་ ཧ་
ཁ་ལ་གཞས་ལེན་ན་ལ་གཞས་ལེན།
ཁ་ལ་གཞས་བོད་ཀྱི་རྩ་དོན་ལེན།
བོད་ཁ་བའི་རྩ་དོན་བཤད་དུས་ན།
ཁྲི་ཟམ་གདོང་ཐབས་མཁས་དབང་ཕྱུག་རེད།
མ་ཐུབ་ནོ་འཐབ་ཕྱོགས་གཅིག་གྱུར་རེད།
དཔེ་འདི་མོ་འཇོག་ལ་ཡུན་གྱིས་ལེན།
ཁ་ལ་གཞས་ལེན་ན་ལ་གཞས་ལེན།
ཁ་ལ་གཞས་རྒྱ་རྩོད་བོད་རྩོད་ལེན།
རྒྱ་བོད་གཉིས་རྩོད་པ་རྒྱག་དུས་ན།
རྒྱ་རི་ཚང་རྒྱུག་པའི་སྔོན་མ་རེད།
རྒྱུག་རྒྱུག་ནས་ཐོན་དུས་ལག་སྟོང་རེད།
དཔེ་འདི་མོ་འཇོག་ལ་ཡུན་གྱིས་ལེན།