༧རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་རྒྱུར་རྒྱབ་སྐྱོར་ཡོད་ཅེས་རྒྱ་རིས་གསུངས་འདུག Posted on 2010-12-122010-12-12 By ཁ་བརྡ་ 19 Comments on ༧རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་དུ་ཕེབས་རྒྱུར་རྒྱབ་སྐྱོར་ཡོད་ཅེས་རྒྱ་རིས་གསུངས་འདུག གཤམ་གསལ་ནི་ཀུན་གླེང་ཐོག་བཅར་འདྲི་ཞུས་པ་ཞིག་རེད་འདུག གསར་འགྱུར།
འཇོན་དང་མ་འཇོན། ཕན་དང་མ་ཕན་གྱི་དྲི་བ་གཡས་བསྐྱུར་བྱས་ཏེ་དྲང་བོར་གནས་པའི་སྐད་ཆ་ཞིག་བཤད་ན། རྒྱ་རི་ནི་དངོས་གནས་བོད་མི་ས་ཡ་དྲུག་གི་ཆེད་དུ་ཕྱག་ལས་གནང་མཁན་གྱི་གྲས་ན་ཕུལ་དུ་བྱུང་བ་ཞིག་རེད་ཞེས་བཤད་ན་མ་འགྲིག་པ་མེད་པར་སྙམ། གོང་དུ་ཁོས་བཤད་པ་རྣམས་སྣང་མེད་དུ་བསྐྱུར་ཏེ་༧གོང་ས་མཆོག་གི་བཀའ་སློབ་དུམ་བུར་དེར་ཐེངས་གཅིག་ཉོན་དང་ཁྱེད་ཀྱི་མིག་མཐར་མཆི་མ་འཁོར་བར་ངེས་ལ། བགྲེས་ཡོལ་དེ་༧གོང་ས་མཆོག་གི་ཆེད་དུ་མིན་པ་གསལ་བོར་རྟོགས་ཐུབ་ན། ད་དུང་ང་ཚོས་བགྲེས་ཡོལ་ལ་རྒྱབ་སྐྱོར་ཡོད་ཅེས་རྒྱ་རིས་གསུངས་ཡོད་མེད་ལ་ཉན་དགོས་དོན་མེད་པར་མཐོང། ༧གོང་ས་མཆོག་ལ་བགྲེས་ཡོལ་དགོས་ལ་རྒྱ་རི་ལའང་ངེས་པར་དུ་བགྲེས་ཡོལ་དགོས། དེ་ལྟར་བྱུང་ན། ད་གཟོད་ང་ཚོས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་རྒྱ་ནག་གཞུང་ལ་བཙན་བྱོལ་བོད་གཞུང་འདི་དམངས་གཙོའི་གཞུང་དང་བཙན་བྱོལ་བོད་མི་རྣམས་དོན་གྱིས་དམངས་གཙོ་ལ་དགའ་བ་གསལ་སྟོན་བྱེད་ཐུབ་ལ། བོད་དོན་འདི་མི་ཁ་ཤས་ཤིག་གི་ཆེད་དུ་མིན་པའང་གསལ་སྟོན་བྱས་པ་མ་ཡིན་ནམ། འདོར་ན། ༧གོང་ས་མཆོག་ཞལ་བཞུགས་རིང་ང་ཚོས་དམངས་གཙོ་མཚན་ཉིད་ཚང་བ་ཞིག་འཛུགས་ཐུབ་པ་བྱེད་དགོས་ལ། བོད་གཞུང་དང་བོད་མི་རྣམས་དུས་རབས་དང་བསྟུན་ཏེ་གོམ་སྟབས་བསྒྱུར་ཐུབ་པའང་བྱེད་དགོས། མ་ཟད་དུས་རབས་དང་བསྟུན་ཏེ་འགྱུར་བ་ངེས་པར་དུ་གཏོང་ཐུབ་དགོས་སོ།
རྒྱ་རི་རིན་པོ་ཆེའི་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཕྱོགས་ཐད་ཡིད་སྨོན་ཤོར་སོང་ལ། ཞིབ་ཏུ་དཔྱད་ན་ལོས་ཀྱང་ཡིན་ཏེ་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རེད།
ས་འབྲུག་དང་ཀླུ་སྨྱོན་གཉིས་ཀྱིས་བཤད་པ་དེ་དེ་བཞིན། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དགོས་པ་དེ་ཁོང་གི་སེམས་ཤུགས་ཆགས་སྐད་ཆ་མ་རེད། དགོས་པ་རྒྱུ་མཙན་ཞིག་མཐོང་ནས་ཡིན་ཞེས་ལན་གྲངས་དུ་མར་གསུང་མྱོང་བསམ། འོན་ཀྱང་བཅར་འདྲི་འདིའི་ནང་དུ་རྒྱ་རི་རིན་པོ་ཆེས་༸གོང་ས་མཆོག་གི་ཐུགས་འགན་མ་བཞེས་པའི་འོག་ནས་ལས་ཀ་བྱེད་འདོད་མེད་སྐོར་ཞིག་གསུངས་སོང་། འདི་གསུང་སྟངས་ཤིག་ཡིན་ན་ལས་གཞན་དེ་འདྲའི་དགོངས་པ་རྩ་བ་ནས་མི་བཞེས་རྒྱུའི་རེ་བ་སྙིང་ནས་ཞུ། ཁ་སྔོན་བཅར་འདྲ་སྐབས་ཁ་པར་བཏང་ཡང་ལན་ཐབས་མ་བྱུང་བ་འདྲ།
དེ་རིང་ངའི་གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་ནས་ ཐེངས་འདིའི་བཅར་འདྲི་འདིའི་སྐོར་ལ་ཐུགས་ཕམ་བྱུང་བའི་གནས་ཚུལ་གསུངས་བྱུང་། རྒྱ་རི་རིན་པོ་ཆེས་བོད་དོན་གྱི་ཛ་དྲག་གི་གནས་ཚུལ་འགའ་གསུངས་འདུག་པའི་དང་པོ་ནི། བཙན་བྱོལ་བ་ཚོས་གྲ་སྒྲིག་ལེགས་པོ་མ་བྱས་ཚེ། བོད་མིའི་སྐུ་ཚབ་ཀྱི་གཞུང་ཞིག་བྱེད་ཐུབ་རྒྱུར་དཀའ་ངལ་ཡོད་སྐོར་གསུངས་པ་དེ་རེད། འདི་གནད་འགག་ཅིག་རེད་དྲན། དེ་ནས་ཁོང་གི་གསུང་བཤད་ཀྱི་ཟུར་ནས་ལྡོག་ཕྱོགས་ཀྱི་དོན་འགའ་མངོན་འདུག དོན་ཚན་གཅིག་ནི། དམངས་གཙོ་དེ་སྔོན་མ་ལས་སྡུག་ཏུ་ཕྱིན་རབས་འདྲ་ཞིག་གསུངས་སོང་། སྔོན་མ་བཅའ་ཁྲིམས་ཡོད་མ་རེད། ཆེས་མཐོའི་ཁྲིམས་ཡོད་མ་རེད། འདས་པའི་ལོ་ངོ་ ༢༠ རིང་ལ་གྲུབ་འབྲས་ཤིག་བྱུང་ཡོད་ན། དེ་ནི་ང་ཚོའི་དམངས་གཙོ་དེ་གཅིག་ཡིན་དགོས་པ་རེད། འདིའི་སྐབས་སུ་བུད་མེད་ཀྱི་ཚོགས་གཙོ་བྱུང་པ་རེད། བཅའ་ཁྲིམས་བྱུང་བ་རེད། ལས་བྱེད་ཀྱི་ཁྲིམས་ཡིག་དེ་ཚོ་བྱུང་བ་རེད། དེ་ནས། གཅན་བཟོད་རྒྱམ་གྱིས་བཤད་པ་བཞིན། ༧རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་མ་གནང་བའི་གཞུང་ཞིག་ཏུ་ཁོ་ལ་ལས་ཀ་བྱེད་འདོད་མེད་ཅེས་བཤད་སོང་། འདི་ཁོང་ལྟ་བུ་མི་ཚེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་བསྐྱལ་བ་ཞིག་གིས་གསུངས་འོས་པ་ཞིག་ཨེ་ཡིན་མ་ཤེས། གསུམ་པ་དེ། བླ་མ་དམར་ནག་གཉིས་ལྟ་བུ་ཞིག་གསུངས་སོང་། བླ་མ་དམར་པོ་དེ་ཟམ་གདོང་རིན་པོ་ཆེ་དང་བླ་མ་ནག་པོ་དེ་རྒྱ་རི་རིན་པོ་ཆེ་ཡིན་སྐོར་ཞིག་གསུངས་སོང་། ཚིག་འདི་ངས་གོ་མ་མྱོང་། ཟམ་གདོང་རིན་པོ་ཆེ་བཙན་བྱོལ་གྱི་གཞུང་གི་དཀྱིལ་ལ་ཕེབས་པ་དེ་ བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནས་མགོ་བཙུགས་པ་རེད། དེ་བས་ ༦༠ དང་ ༧༠ ལོ་དེ་དག་གི་ནང་ཁོང་ལྟར་རྡ་རམ་ས་ལར་ཆབ་སྲིད་ཀྱི་སྣེ་མོ་འཇུས་ནས་ཕྱག་ལས་གནང་ཡོད་མ་རེད་དྲན། གཅིག་བྱས་ན། ཁོང་གིས་ཟམ་གདོང་རིན་པོ་ཆེ་དང་ལྷན་དུ་འགྲན་བསྡུར་ལྟ་བུ་ཞིག་གནང་གི་ཡོད་དམ་མི་ཤེས། མཐའ་མ་དེ་བགྲེས་ཡོལ་གྱི་སྐོར་དེ་རེད། འདི་ངས་གསལ་པོ་ཞིག་མི་ཤེས། ༧སྐྱབས་མགོན་རིན་པོ་ཆེས་ད་བར་དུ་ ཉིན་རེ་བཞིན་ ཆུ་ཚོད་དགུ་པ་ནས་ཆུ་ཚོད་ལྔ་བ་བར་དུ་གཞུང་གི་ཕྱག་ལས་གནང་གི་ཡོད་མེད་མི་ཤེས་ཀྱང་། དེ་འདྲའི་ཆུ་ཚོད་གཅིག་ཆ་བགོས་གནང་ནས་གཞུང་དོན་གནང་གི་ཡོད་པའི་སྐོར་ཞིག་གོ་མྱོང་། གལ་སྲིད་དེ་འདྲ་ཡིན་ན། སྐུ་མདུན་གྱིས་ དེ་ལྟར་ཉིན་རེའི་ལས་ཁུངས་ཀྱི་ཕྱག་ལས་གནང་གི་མིན་ཞེས་གསུངས་གི་ཡོད་པ་ཡིན་པ་རེད་དྲན། དེ་མིན། སྐྱབས་མགོན་རིན་པོ་ཆེ་ནི་ བོད་ཀྱི་དབུ་འཁྲིད་ཡིན་པ་འདི་ལ་དགོངས་ཞུ་ས་ཡོད་མ་རེད་ལ། ཞུ་གི་ཡང་མ་རེད་དྲན། མང་ཙམ་ཕྱིས་སུ་འབྲི་གི་ཡིན།
ང་ནི་རྒྱ་རི་ཞེས་པའི་་མི་ལ་ཧ་སང་སོང་། རྒྱལ་བ་རིན་པོ་ཆེ་དགོངས་པ་ཞུས་ན་ང་ཡང་གཞུང་གི་ལས་ཀ་བྱེད་ཀྱི་མིན་ལྡོག་ལྡོག ངོ་མ་དེ་དམིགས་བསལ་སྐུ་ཚབ་ཞིག་སྐད་ཆ་ཡིན་ནམ།
༸གོང་ས༸མཆོག་གི་བགྲོས་ཡོལ་གྱི་སྐོར་བོད་མིའི་སྤྱི་ཚོགས་སུ་བསམ་ཚུལ་རིང་ཐུང་ཅི་རིགས་བྱུང་སོང་། མཁས་བླུན་དང་རྒན་གཞོན་ཚང་མས་རང་འདོད་ཀྱི་ཁ་ནས་གང་ཐོན་རེ་ལས་༸གོང་ས༸མཆོག་གིས་དེའི་སྐོར་གསུང་རྗེན་པར་རྣམས་ལ་གཡོལ་ཐབས་ཀྱི་སྒྲོ་སྐུར་སྣ་ཚོགས་ཀྱི་རྦ་རླབས་ཚུགས་བཞིན་པ་འདིར་བསམ་ཞིག་ནན་མོར་གཏོང་ཚེ་ངེད་རྣམས་བོད་མིར་ དྲང་ཚུབ་ཀྱིས་དཔྱོད་ལྡན་པ་ཉུང་རྐྱེན་གྱིས་རེད། ༸གོང་ས༌༸མཆོག་གིས་གསལ་ཞིང་རྒྱས་པའི་བཀའ་སློབ་སྔ་རྗེས་སུ་ གནང་བ་དེ་དག་ལ་དྲང་བདེན་གྱི་རྟོག་བཟོ་བྱེད་དགོས་དོན་གང་ཡིན་ནམ། ངས་ཁྱོད་རྣམས་ལ་ཞུ་འདོད་པ་ནི་༸གོང་ས༸་མཆོག་གིས་ཁོང་བགྲོས་ཡོལ་གྱི་སྐོར་བཀའ་སློབ་དེ་དག་གསལ་རྟོགས་ཐུབ་མཁན་སུ་ཡིན་ནམ། དེར་ལག་ལེན་སུས་སྒྲུབས་ཀྱི་རེད། ད་མཐོང་གིན་བོད་མིའི་སྲིད་དོན་དེ་མཐོང་གིན།
དམིགས་བསལ་སྐུ་ཚབ་རྒྱ་རི་ཟེར་བའི་བླ་རྫུན་དེས་སྐད་ཆ་རྫུན་མ་རྐྱང་རྐྱང་བཤད་སོང་། ཁ་སྔོ་ཁོ་བཀའ་ཁྲི་འོས་གཞིར་ལངས་རྒྱུ་མིན་པའི་ཁྱབ་བསྒྲགས་སྐབས་བཤད་པ་དང་། ད་རེས་ཀུན་གླེང་ལས་རིམ་སྐབས་བཤད་པ་གཉིས་སྦད་དེ་ཐ་དད་རེད། ད་རེས་བློ་བཟང་སེང་གེ་ལ་ཟུར་ཟའི་སྐད་བཤད་ཀི་འདུག ༡༽དང་པོ། ཁྱེད་བཀའ་ཁྲིའི་འོས་གཞིར་མི་ལངས་བའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་དྲིས་པའི་ལན་དུ། རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་སུ་བཀའ་ཁྲི་བྱེད་རྒྱུའི་སྦོབས་པ་མེད་ཟེར་བའི་ལན་འདེབས་བྱས་སོང་། དེ་སྐྱག་རྫུན་རེད། ཁ་སྔོན་ཁོ་བཀའ་ཁྲིའི་འོས་གཞི་་ལས་དགོངས་པ་ཞུ་སྐབས། སྐད་ཆ་དེ་འདྲ་བཤད་ཡོད་མ་རེད་ལ། སྐབས་དེ་དུས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གནང་མིན་གྱི་སྐད་ཆ་དེ་ཁྱོན་ཡོད་མ་རེད། ༢༽གཉིས་པ། རྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐབས་སུ་གང་ཐུབ་ཐུབ་ཞབས་ཕྱི་ཞུས་པ་ཡིན། སྐབ་བ་བཟང་པོ་བྱུང་སོང་། རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་སུ་ལས་ཀ་མུ་མཐུད་དེ་བྱེད་འདོད་མེད་ཚུལ་བཤད་སོང་། དེ་ནི་ཧ་ལས་དགོས་པ་དང་། ཧང་སང་དགོས་པའི་གནད་དོན་ཞིག་རེད། དོན་རྡོག་རྡོག་ཁོ་པས་ཁེ་བཟང་རེག་དུས་ལས་བྱེད་ཀྱི་ཡིན། ཁེ་བཟང་མེད་དུས་ལས་ཀ་བྱེད་མིན་ཟེར་གྱི་ཡོད་པ་རེད། སྐད་ཆ་དེས་ནི་བོད་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་དང་། ལྷག་བསམ་ཁྱོན་ནས་མེད་པའི་རྣམ་པ་གསལ་བསྟན་ཚར་བ་རེད། དེང་སང་གཞིས་ལུས་རྒྱ་ཆེའི་མི་མང་ནང་དུ་ཡང་ཁོ་ལ་འཇོན་ཐང་མེད་ཚུལ་གྱི་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད་ལ་དེ་བདེན་་པ་རེད།
རྒྱ་རི་རིན་པོ་ཆེ་རྒྱལ་བ་རིན་པོ་ཆེ་ལ་བཀྲིན་ཆེན་པོ་རེད་ལ། རྒྱལ་བ་རིན་པོ་ཆེ་རྒྱ་རི་རིན་པོ་ཆེ་ལ་བཀྲིན་ཆེན་པོ་རེད། དེ་བས་ཀྱང་ཁོང་རྣམ་གཉིས་ཀ་བོད་མི་ས་ཡ་དྲུག་ལ་བཀའ་དྲིན་ཆེན་པོ་རེད། བཙན་བྱོལ་ནང་གི་ཨ་མདོ་བ་ཚོ་རྒྱ་རི་ཁམས་པ་ཡིན་པ་དེས་དགའ་གི་མེད་མ་གཏོགས་ཁོང་གི་ལས་སྟངས་ལ་མི་དགའ་བ་མེད། ཁམས་པ་ཚོ་རྒྱ་རི་འཇུ་ཆེན་གྱི་འོག་ལ་མ་ཕྱིན་པ་དེས་དགའ་གི་མེད་པ་མ་གཏོགས་རྒྱ་རིའི་ལས་སྟངས་འདི་ནོར་སོང་ཟེར་བ་གཅིག་བསྟན་ཡས་མེད། དབུས་གཙང་ཚོས་རྒྱ་རིས་རྒྱལ་བ་རིན་པོ་ཆེའི་བཀའ་འོག་ལ་བསྡད་འདུག་ཟེར་ནས་དགའ་པོ་བྱེད་ཀྱི་ཡོད། རྒྱལ་བ་རིན་པོ་ཆེ་འགྲེས་ཡོལ་ལ་ཕེབས་ན་རྒྱ་རི་རིན་པོ་ཆེ་ལས་ཀ་ཤོར་བ་རེད། སྐུ་ངོ་མ་ཕེབས་འཚར་ནས་སྐུ་ཚབ་བཞུགས་ན་མི་འགྲིག རྒྱ་བོད་འབྲེལ་བ་འདི་འབྲས་བུ་མེད་པར་ད་སྐུ་ཚབ་པེ་ཅིང་ལ་ཕྱིན་ནས་དོན་མེད་མ་རེད་པས། ཡིན་ནའང་། རྒྱ་རི་འདི་འཇོན་པོ་འདུག་ལ་ད་དུང་ཁོང་གིས་རྗེས་མ་བརྫུ་སྤྲུལ་གང་འདྲ་ཞིག་བསྟན་གྱི་ཡོད་མེད་སུས་ཤེས་ཐུབ། ང་ཚོས་ཤེས་པ་གཅིག་ནི་རྒྱལ་བ་རིན་པོ་ཆེ་ལ་རྒྱ་རི་མཁོ། རྒྱ་རི་རིན་པོ་ཆེ་ལ་རྒྱལ་བ་རིན་པོ་ཆེ་མཁོ། དེ་རྟེན་འབྲེལ་གྱི་ཆོས་ཉིད་ཟབ་པོ་ཞིག་རེད། ངའི་གོ་ཐོས་ལ་འབྲུག་གི་གཞུང་གིས་རྒྱ་རི་རིན་པོ་ཆེའི་བུ་མོ་ཞིག་གནའ་མར་ལེན་རྩིས་དང་། རྒྱ་རི་མཆོག་ལ་འབྲུག་གཞུང་གི་ཕྱི་སྲིད་སློབ་སྟོན་པ་གནང་རྒྱུར་རེ་བ་བཏོན་པ་རེད་ཟེར། ཡིན་ནའང་། རྒྱལ་བ་རིན་པོ་ཆེས་རྒྱ་རི་ལ་རེ་སྐུལ་གནང་ནས་མུ་མཐུད་གངས་ཅན་བོད་ཀྱི་ཞབས་འདེགས་སྒྲུབ་དགོས་པའི་བཀའ་སློབ་གནང་ཡོད་འདུག་ལ། རྒྱ་རི་མཆོག་ནས་དེ་ལྟར་སྒྲུབ་མུས། ཚང་མར་བཀྲིས་བདེ་ལེགས།
རྒྱ་རི་ཚང་གི་གསུང་ལ་ཉན་ནས་སེམས་པ་སྐྱོ་སོང་།རྒྱ་རི་རིན་པོ་ཆེས་དྲང་མོ་བཤད་ན་བོད་དོན་ཆེད་ལས་ཀ་ཡག་པོ་བྱས་ཡོད།ཚོད་ཚོད་ལ་ཁ་བཏང་བསྡད་ན་ཡག་པོ་མ་རེད།༧གོང་ས་མཆོག་དབུར་མ་བཞུགས་པ་ཡིན་ན་ལས་ཀ་བྱེད་འདོད་མེད་འདྲ་བོ་གསུངས་སོང་།སྔོན་མ་ཞིག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་གྲོས་ཚོགས་སུ་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དེ་འགྲུབ་ན་བསམ་ནས་འདིར་བསྡད་ཡོད་མ་གཏོགས་གཞན་ཁྱོད་ཚོའི་གདོང་ལ་བལྟས་ནས་བསྡད་མེད་གསུངས་སོང་།བོད་པའི་སྤྱི་ཚོགས་འདི་མགོ་མཇུག་ཚང་རྟོགས་ཡོད་པའི་གང་ཟག་ཁོང་གཉིས་ཀྱིས་དྲང་མོ་བཤད་ན་བོད་མི་ཚོ་དང་དེའི་ནང་ནས་གཞོན་སྐྱེས་ཚོ་ཕྱོགས་གང་ནས་བལྟས་ཀྱང་རེ་བ་ཡོད་པ་ཞིག་མཐོང་གི་མེད་པ་འདྲ།ད་དེ་ཙམ།བཤད་རྒྱུ་མང་།ཡིན་ནའང་ད་ཞོགས་ཤོག
ཤེས་རབ་ལགས། ༼ངའི་གོ་ཐོས་ལ་འབྲུག་གི་གཞུང་གིས་རྒྱ་རི་རིན་པོ་ཆེའི་བུ་མོ་ཞིག་གནའ་མར་ལེན་རྩིས་དང་།༽ཟེར་བའི་ཚིག་དེར་གོ་རྒྱུ་ཅི་ཡང་མི་འདུག འབྲུག་གཞུང་གིས་རྒྱ་རི་བུ་མོ་མནའ་མར་ལེན་རྒྱུ་རེད་ཟེར་ན་གད་མོ་འཆོར། ཡིན་ན་ཡང་འབྲུག་པའི་སྐུ་དྲག་ཚང་གཅིག་ལ་རྒྱ་རིའི་བུ་མོ་ཞིག་མནའ་མར་སོང་ཡོད་ཚོད་རེད། གནད་དོན་དེ་ཁྱིམ་ཚང་གཉིས་ཀྱི་གནད་དོན་ཡིན་པ་མ་གཏོགས་འབྲུག་གཞུང་གི་གནད་དོན་མ་རེད།
༧གོང་ས་མཆོག་བགྲེས་ཡོལ་བསྐོར་གསུངས་དགོས་ལེ་དང་ རྒྱ་རི་རིན་པོ་ཆེས་གསུངས་གི་དོན་ ཟམ་གདོང་རིན་པོ་ཆེས་ཀྱང་དེ་ལྟར་གསུངས་དགོས་ལེ་་སོགས་ཚང་མའི་རྡོག་རྡོག་ཐུག་ས་གཙོ་བོ་དེ་བོད་རྒྱ་ཆེས་མི་མང་ནས་ལོ་ངོ་ ༥༠ རིང་ ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་གསུངས་ཆོས་གྲངས་ལས་འདས་པ་ཞུས་ཡོད་ཀྱང་དོན་དུ་གནོད་ཞབས་བརྡོལ་ནང་དུ་ཆུ་བསླུགས་པ་བཞིན་རང་དོན་ཁོ་ན་བྱེད་ཁན་ཤ་ཏག་མ་ཏོག་ བོད་སྤྱི་པའི་དོན་ལ་འགན་འཁུར་གྱི་མེད་སྟབས་ཁག་ཡོད་ལེ་མ་རེད་།
༧སྐྱབས་མགོན་རིན་པོ་བགྲེས་ཡོལ་དུ་ཕེབས་དང་མི་ཕེབས་དེ་བོད་མིའི་ཚེ་སྲོག་འབྲེལ་བ་ཡོད་དམ་མེད་ཐག་གཅོད་ཁག་པོ་རེད། དེ་བོད་མའི་འབྱོན་ཐང་ལ་རགས་ལས་རེད། ཕར་སྐྱབས་མགོན་རིན་པོ་ཆེ་ལས་ལྷག་པའི་ནུས་ཤུགས་ཅན་ཞིག་གང་མྱུར་བོད་མིའི་ཁྲོད་དུ་ཡོངས་རྒྱུ་ཁག་པོ་རེད། དེ་ནི་བོད་མི་རྣམས་ཀྱི་ཡིད་ཆེས་ད་གདེངས་འཇོག་ལའང་རགས་ལས་ཡོད།
མི་རེ་ཟུང་གིས་༧གོང་ས་མཆོག་ལ་ཁ་གཏོང་ཚེ་སྐྱོ་དགོས་དོན་དང་། རེ་ཟུང་གིས་བསྟོད་བསྔགས་བྱེད་དུས་ལྷག་པར་དགའ་དགོས་དོན་ཡང་མེད། དོན་ལ་༧སྐྱབས་མགོན་མཆོག་གི་མཛད་པས་བོད་མིར་ཕན་ཐོགས་དཔག་ཏུ་མེད་འབྱུང་བཞིན་པ་མིག་མཐོང་ལག་ཟིན་ཡིན། ང་ཚོའི་སྤྱི་ཚོགས་འདི་ཆོས་ལུགས་ལས་གྲུབ་ཅིང་། ཆོས་ལུགས་ཀྱི་རྩ་བའང་ཞེན་ཁོག་ལ་བརྟེན་དགོས་པར་འདོད་པས་སྔོན་ནས་ད་ལྟའི་བར་དུ་ནོར་འཁྲུལ་མི་ཉུང་བ་ཞིག་བྱུང་ཡོད། ཀུན་གྱིས་འདོད་མོས་ཡོད་པའི་མི་ཞིག་ལ་སྨད་པའམ་ཡང་ན་ཁ་གཏད་གཅོག་ན་དེ་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ཕྱི་རོལ་ཏུ་ཕུད་པའམ། ཡང་ན་རྩ་མེད་དུ་བཟོ་དགོས་པའི་བསམ་ཚུལ་དེ་རེད། དེ་ལྟར་བྱས་ན་ང་ཚོའི་སྤྱི་ཚོགས་འདིར་སྐྱོན་ཡོན་ཡོ་བསྲངས་བྱེད་པའི་གོ་སྐབས་མེད་པ་ལྟར་གྱུར་ཡོད། དོན་ལ་མང་ཚོགས་ཀྱི་ནང་དུ་བསམ་བློ་མི་མཐུན་པ་དང་ལག་ལེན་མི་མཐུན་པ་ཤིན་ཏུ་མང་དགོས་ལ། དེ་ཐམས་ཅད་སྤྱི་ཚོགས་གཅིག་གི་ནང་དུ་འཚོ་སྡོད་བྱེད་པའི་གོ་སྐབས་ཡོད་དགོས། དེ་ནི་སྤྱི་ཚོགས་གཅིག་འཛིན་སྐྱོང་ཡང་དག་པ་དང་དམངས་གཙོ་མ་ནོར་བར་བསྐྱོད་རྒྱུའི་ལམ་ཁ་དང་པོ་དེ་རེད། ང་ཚོའི་སྤྱི་ཚོགས་ཁྲོད་དུ་སྔོན་ནས་ད་ལྟའི་བར་ལམ་ཁ་འདི་ཡང་དག་པ་ཞིག་མེད་པ་ལྟར་གྱུར་ཡོད། སྤྱིར་ནོར་འཁྲུལ་ཡོད་པར་ཧ་ལས་དགོས་དོན་གང་ཡང་མེད། འཇིག་རྟེན་ཁམས་ཀྱི་གནས་སྟངས་རེ་རེ་དང་། དངོས་པོ་རེ་རེ་བཞིན་སྐྱོན་ཡོན་གཉིས་ཡོད་པ་ཆོས་ཉིད་རེད། ༧སྐྱབས་མགོན་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་དེ་ནི་རྒྱལ་ཁབ་ཡོངས་ཀྱི་འགྲོ་ལུགས་ཤིག་རེད། ཁོང་བགྲེས་ཡོལ་དུ་ཕེབས་པ་དང་། ཁོང་གིས་བོད་མི་རིགས་ཐུགས་ཀྱིས་འདོར་བ་གཉིས་སོ་སོ་རེད། དེས་ན་ཁོང་བགྲེས་ཡོལ་དུ་ཕེབས་ཀྱང་འཇིགས་སྔངས་སྐྱེ་དོན་མེད། ཡང་དཔྱོན་ལྡན་རེ་ཟུང་གི་ཐུགས་ལ། ཁོང་བགྲེས་ཡོལ་དུ་ཕེབས་དེ་སྔོན་མཛད་འཕྲིན་བསྐྱངས་མ་ནུས་པའི་ས་ཕྱོགས་རྣམས་སུ་ཕེབས་ཐུབ་རྒྱུའི་རེ་བ་བྱེད་མོད། དེ་ནི་ཧ་ཅང་ཁག་པོ་རེད་ངས་ཡིག་རྩོམ་གཞན་གྱི་ནང་དུའང་བཀོད་ཟིན། དོན་ལ་ཁོང་གི་སྐུ་ཡོན་དང་བོད་མིའི་རིགས་གཞུང་ཁ་བྲལ་མི་ཐུབ་པས་རེད། ཅི་ཙམ་བོད་མིའི་རིག་གཞུང་ལ་ནུས་ཤུགས་བསྐུལ་འདེད་ཐེབས་པ་དེ་ཙམ་ཞིག་ལྡོག་ཕྱོགས་པའི་སེམས་ནང་ལ་འཇིགས་སྣང་ཡོང་ངེས་ཡིན།
རྒྱ་རི་རིན་པོ་ཆེ་རྒྱལ་ལོ། བོད་མི་དམངས་ལ་བཀའ་འདྲིན་ཆེའོ། སྐུ་མཁྱེན་བོད་གཞུང་ལ་མུ་མཐུད་མགོན་སྐྱབས་གནང་རོགས། འབྲུག་གཞུང་ལ་མ་ཕེབས་རོགས། རྒྱལ་བ་རིན་པོ་ཆེས་ཁྱེད་ལ་ཞུ་བ་ཕུལ་ཟིན་འདུག་པས་དེ་ལྟར་དགོངས་རོགས།
གླེང་གཞི་ཅི་ཞིག་ཡིན་རུང་བཟང་ངན་གཉིས་ཀྱི་ཆ་ནས་གླེང་རྒྱུ་ཡོད་པ་ཞིག་དང་གླེང་ཆོག་པ་ཞིག་ཀྱང་རེད། ད་ལྟ་ང་ཚོས་གླེང་བཞིན་པ་ནི་རྒྱ་རི་རིན་པོ་ཆེ་རེད། རྒྱ་རི་རིན་པོ་ཆེ་ལ་མཚོན་ནའང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་མིན་པ་བྱས། ཕྱོགས་སུ་ལྷུང་བའི་བསམ་ཚུལ་རིང་དུ་དོར་དེ་ཅིག་བཤད་ན། སྐྱོན་དང་ཡོན་ཏན། ཕན་དང་མ་ཕན་གྱི་ངོས་ཐད་ནས་བཤད་ན། རྒྱ་རི་ལ་ཡོན་ཏན་མང་ལ་རྒྱ་རིས་བོད་ལ་ཕན་ངེས་ཅན་ཞིག་བཏགས་ཡོད། མི་ལ་སྐྱོན་མེད་མཁན་དང་བཤད་ཚུལ་མི་ནོར་བ་མེད་མཁན་གཏན་ནས་མེད། ལྷག་པར་དུ་བརྙན་འཕྲིན་བརྒྱུད་ནས་གཏམ་གླེང་བྱེད་སྐབས། གློ་བུར་གློ་བུར་དུ་དྲི་བར་ལན་འདེབས་བྱེད་དགོས་པར་སོང་། ཚིག་གི་ཆ་ནས་ནོར་འཆུགས་ངེས་པར་དུ་ཡོང་སྲིད་པ་ཞིག་རེད། དེ་ནི་དཔར་ཤིང་མ་རེད་ལ་རྒྱ་རིའི་ཟིན་བྲིས་ཀྱང་མ་རེད། བརྙན་འཕྲིན་བརྒྱུད་ཐད་ཀར་གཏམ་གླེང་བྱས་པ་ཞིག་ལ་བསྟེན་ནས་ཁོང་ལ་སྐྱོན་འཛུགས་ཚད་ལ་འདས་པ་བྱེད་རྒྱུ་ནི་འོས་པའི་ཡུལ་དུ་མ་མཐོང། ཡིན་ནའང། རྒྱ་རི་རིན་པོ་ཆེའང་བགྲེས་ཡོལ་དུ་འགྲོ་རན་ནས་འཕྱིས་ཡོད།
གངས་རིས་བསྐོར་བའི་ས་མཐོའི་ཡུལ་ལྗོངས་འདིར། རྨུ་རྒོད་བོད་རྒན་འ་དུལ་དཀའི་འགྲོ་བ་རྣམས། མགོན་པོ་འདི་ཡིས་འབངས་སུ་བཞེས་པ་ཡིས། ཁ་བའི་ལྗོངས་ལ་ཞེ་བདེའི་ཉི་མ་ཤར། ད་ཆ་གསོན་དམན་ཀླ་ཀློའི་རྗེས་དྲངས་པས། མགོན་པོ་འདི་ལ་སྨོད་པའི་ཚིག་འདེབས་པ། རང་ཉིད་ཕྱི་མར་དམྱལ་བའི་གཏིང་རྡོ་རུ། གྱུར་བའི་རྒྱུ་ཚོགས་གསོག་པར་སྨྲོས་ཅི་དགོས།
འཇོན་དང་མ་འཇོན། ཕན་དང་མ་ཕན་གྱི་དྲི་བ་གཡས་བསྐྱུར་བྱས་ཏེ་དྲང་བོར་གནས་པའི་སྐད་ཆ་ཞིག་བཤད་ན། རྒྱ་རི་ནི་དངོས་གནས་བོད་མི་ས་ཡ་དྲུག་གི་ཆེད་དུ་ཕྱག་ལས་གནང་མཁན་གྱི་གྲས་ན་ཕུལ་དུ་བྱུང་བ་ཞིག་རེད་ཞེས་བཤད་ན་མ་འགྲིག་པ་མེད་པར་སྙམ། གོང་དུ་ཁོས་བཤད་པ་རྣམས་སྣང་མེད་དུ་བསྐྱུར་ཏེ་༧གོང་ས་མཆོག་གི་བཀའ་སློབ་དུམ་བུར་དེར་ཐེངས་གཅིག་ཉོན་དང་ཁྱེད་ཀྱི་མིག་མཐར་མཆི་མ་འཁོར་བར་ངེས་ལ། བགྲེས་ཡོལ་དེ་༧གོང་ས་མཆོག་གི་ཆེད་དུ་མིན་པ་གསལ་བོར་རྟོགས་ཐུབ་ན། ད་དུང་ང་ཚོས་བགྲེས་ཡོལ་ལ་རྒྱབ་སྐྱོར་ཡོད་ཅེས་རྒྱ་རིས་གསུངས་ཡོད་མེད་ལ་ཉན་དགོས་དོན་མེད་པར་མཐོང། ༧གོང་ས་མཆོག་ལ་བགྲེས་ཡོལ་དགོས་ལ་རྒྱ་རི་ལའང་ངེས་པར་དུ་བགྲེས་ཡོལ་དགོས། དེ་ལྟར་བྱུང་ན། ད་གཟོད་ང་ཚོས་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་རྒྱ་ནག་གཞུང་ལ་བཙན་བྱོལ་བོད་གཞུང་འདི་དམངས་གཙོའི་གཞུང་དང་བཙན་བྱོལ་བོད་མི་རྣམས་དོན་གྱིས་དམངས་གཙོ་ལ་དགའ་བ་གསལ་སྟོན་བྱེད་ཐུབ་ལ། བོད་དོན་འདི་མི་ཁ་ཤས་ཤིག་གི་ཆེད་དུ་མིན་པའང་གསལ་སྟོན་བྱས་པ་མ་ཡིན་ནམ། འདོར་ན། ༧གོང་ས་མཆོག་ཞལ་བཞུགས་རིང་ང་ཚོས་དམངས་གཙོ་མཚན་ཉིད་ཚང་བ་ཞིག་འཛུགས་ཐུབ་པ་བྱེད་དགོས་ལ། བོད་གཞུང་དང་བོད་མི་རྣམས་དུས་རབས་དང་བསྟུན་ཏེ་གོམ་སྟབས་བསྒྱུར་ཐུབ་པའང་བྱེད་དགོས། མ་ཟད་དུས་རབས་དང་བསྟུན་ཏེ་འགྱུར་བ་ངེས་པར་དུ་གཏོང་ཐུབ་དགོས་སོ།
རྒྱ་རི་རིན་པོ་ཆེའི་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཕྱོགས་ཐད་ཡིད་སྨོན་ཤོར་སོང་ལ། ཞིབ་ཏུ་དཔྱད་ན་ལོས་ཀྱང་ཡིན་ཏེ་གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རེད།
ས་འབྲུག་དང་ཀླུ་སྨྱོན་གཉིས་ཀྱིས་བཤད་པ་དེ་དེ་བཞིན། ༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་དགོས་པ་དེ་ཁོང་གི་སེམས་ཤུགས་ཆགས་སྐད་ཆ་མ་རེད། དགོས་པ་རྒྱུ་མཙན་ཞིག་མཐོང་ནས་ཡིན་ཞེས་ལན་གྲངས་དུ་མར་གསུང་མྱོང་བསམ།
འོན་ཀྱང་བཅར་འདྲི་འདིའི་ནང་དུ་རྒྱ་རི་རིན་པོ་ཆེས་༸གོང་ས་མཆོག་གི་ཐུགས་འགན་མ་བཞེས་པའི་འོག་ནས་ལས་ཀ་བྱེད་འདོད་མེད་སྐོར་ཞིག་གསུངས་སོང་། འདི་གསུང་སྟངས་ཤིག་ཡིན་ན་ལས་གཞན་དེ་འདྲའི་དགོངས་པ་རྩ་བ་ནས་མི་བཞེས་རྒྱུའི་རེ་བ་སྙིང་ནས་ཞུ། ཁ་སྔོན་བཅར་འདྲ་སྐབས་ཁ་པར་བཏང་ཡང་ལན་ཐབས་མ་བྱུང་བ་འདྲ།
དེ་རིང་ངའི་གྲོགས་པོ་ཞིག་གིས་ང་ལ་ཁ་པར་བཏང་ནས་ ཐེངས་འདིའི་བཅར་འདྲི་འདིའི་སྐོར་ལ་ཐུགས་ཕམ་བྱུང་བའི་གནས་ཚུལ་གསུངས་བྱུང་། རྒྱ་རི་རིན་པོ་ཆེས་བོད་དོན་གྱི་ཛ་དྲག་གི་གནས་ཚུལ་འགའ་གསུངས་འདུག་པའི་དང་པོ་ནི། བཙན་བྱོལ་བ་ཚོས་གྲ་སྒྲིག་ལེགས་པོ་མ་བྱས་ཚེ། བོད་མིའི་སྐུ་ཚབ་ཀྱི་གཞུང་ཞིག་བྱེད་ཐུབ་རྒྱུར་དཀའ་ངལ་ཡོད་སྐོར་གསུངས་པ་དེ་རེད། འདི་གནད་འགག་ཅིག་རེད་དྲན། དེ་ནས་ཁོང་གི་གསུང་བཤད་ཀྱི་ཟུར་ནས་ལྡོག་ཕྱོགས་ཀྱི་དོན་འགའ་མངོན་འདུག
དོན་ཚན་གཅིག་ནི། དམངས་གཙོ་དེ་སྔོན་མ་ལས་སྡུག་ཏུ་ཕྱིན་རབས་འདྲ་ཞིག་གསུངས་སོང་། སྔོན་མ་བཅའ་ཁྲིམས་ཡོད་མ་རེད། ཆེས་མཐོའི་ཁྲིམས་ཡོད་མ་རེད། འདས་པའི་ལོ་ངོ་ ༢༠ རིང་ལ་གྲུབ་འབྲས་ཤིག་བྱུང་ཡོད་ན། དེ་ནི་ང་ཚོའི་དམངས་གཙོ་དེ་གཅིག་ཡིན་དགོས་པ་རེད། འདིའི་སྐབས་སུ་བུད་མེད་ཀྱི་ཚོགས་གཙོ་བྱུང་པ་རེད། བཅའ་ཁྲིམས་བྱུང་བ་རེད། ལས་བྱེད་ཀྱི་ཁྲིམས་ཡིག་དེ་ཚོ་བྱུང་བ་རེད།
དེ་ནས། གཅན་བཟོད་རྒྱམ་གྱིས་བཤད་པ་བཞིན། ༧རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་མ་གནང་བའི་གཞུང་ཞིག་ཏུ་ཁོ་ལ་ལས་ཀ་བྱེད་འདོད་མེད་ཅེས་བཤད་སོང་། འདི་ཁོང་ལྟ་བུ་མི་ཚེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་བསྐྱལ་བ་ཞིག་གིས་གསུངས་འོས་པ་ཞིག་ཨེ་ཡིན་མ་ཤེས།
གསུམ་པ་དེ། བླ་མ་དམར་ནག་གཉིས་ལྟ་བུ་ཞིག་གསུངས་སོང་། བླ་མ་དམར་པོ་དེ་ཟམ་གདོང་རིན་པོ་ཆེ་དང་བླ་མ་ནག་པོ་དེ་རྒྱ་རི་རིན་པོ་ཆེ་ཡིན་སྐོར་ཞིག་གསུངས་སོང་། ཚིག་འདི་ངས་གོ་མ་མྱོང་། ཟམ་གདོང་རིན་པོ་ཆེ་བཙན་བྱོལ་གྱི་གཞུང་གི་དཀྱིལ་ལ་ཕེབས་པ་དེ་ བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནས་མགོ་བཙུགས་པ་རེད། དེ་བས་ ༦༠ དང་ ༧༠ ལོ་དེ་དག་གི་ནང་ཁོང་ལྟར་རྡ་རམ་ས་ལར་ཆབ་སྲིད་ཀྱི་སྣེ་མོ་འཇུས་ནས་ཕྱག་ལས་གནང་ཡོད་མ་རེད་དྲན། གཅིག་བྱས་ན། ཁོང་གིས་ཟམ་གདོང་རིན་པོ་ཆེ་དང་ལྷན་དུ་འགྲན་བསྡུར་ལྟ་བུ་ཞིག་གནང་གི་ཡོད་དམ་མི་ཤེས།
མཐའ་མ་དེ་བགྲེས་ཡོལ་གྱི་སྐོར་དེ་རེད། འདི་ངས་གསལ་པོ་ཞིག་མི་ཤེས། ༧སྐྱབས་མགོན་རིན་པོ་ཆེས་ད་བར་དུ་ ཉིན་རེ་བཞིན་ ཆུ་ཚོད་དགུ་པ་ནས་ཆུ་ཚོད་ལྔ་བ་བར་དུ་གཞུང་གི་ཕྱག་ལས་གནང་གི་ཡོད་མེད་མི་ཤེས་ཀྱང་། དེ་འདྲའི་ཆུ་ཚོད་གཅིག་ཆ་བགོས་གནང་ནས་གཞུང་དོན་གནང་གི་ཡོད་པའི་སྐོར་ཞིག་གོ་མྱོང་། གལ་སྲིད་དེ་འདྲ་ཡིན་ན། སྐུ་མདུན་གྱིས་ དེ་ལྟར་ཉིན་རེའི་ལས་ཁུངས་ཀྱི་ཕྱག་ལས་གནང་གི་མིན་ཞེས་གསུངས་གི་ཡོད་པ་ཡིན་པ་རེད་དྲན། དེ་མིན། སྐྱབས་མགོན་རིན་པོ་ཆེ་ནི་ བོད་ཀྱི་དབུ་འཁྲིད་ཡིན་པ་འདི་ལ་དགོངས་ཞུ་ས་ཡོད་མ་རེད་ལ། ཞུ་གི་ཡང་མ་རེད་དྲན། མང་ཙམ་ཕྱིས་སུ་འབྲི་གི་ཡིན།
ང་ནི་རྒྱ་རི་ཞེས་པའི་་མི་ལ་ཧ་སང་སོང་།
རྒྱལ་བ་རིན་པོ་ཆེ་དགོངས་པ་ཞུས་ན་ང་ཡང་གཞུང་གི་ལས་ཀ་བྱེད་ཀྱི་མིན་ལྡོག་ལྡོག
ངོ་མ་དེ་དམིགས་བསལ་སྐུ་ཚབ་ཞིག་སྐད་ཆ་ཡིན་ནམ།
༸གོང་ས༸མཆོག་གི་བགྲོས་ཡོལ་གྱི་སྐོར་བོད་མིའི་སྤྱི་ཚོགས་སུ་བསམ་ཚུལ་རིང་ཐུང་ཅི་རིགས་བྱུང་སོང་། མཁས་བླུན་དང་རྒན་གཞོན་ཚང་མས་རང་འདོད་ཀྱི་ཁ་ནས་གང་ཐོན་རེ་ལས་༸གོང་ས༸མཆོག་གིས་དེའི་སྐོར་གསུང་རྗེན་པར་རྣམས་ལ་གཡོལ་ཐབས་ཀྱི་སྒྲོ་སྐུར་སྣ་ཚོགས་ཀྱི་རྦ་རླབས་ཚུགས་བཞིན་པ་འདིར་བསམ་ཞིག་ནན་མོར་གཏོང་ཚེ་ངེད་རྣམས་བོད་མིར་
དྲང་ཚུབ་ཀྱིས་དཔྱོད་ལྡན་པ་ཉུང་རྐྱེན་གྱིས་རེད། ༸གོང་ས༌༸མཆོག་གིས་གསལ་ཞིང་རྒྱས་པའི་བཀའ་སློབ་སྔ་རྗེས་སུ་
གནང་བ་དེ་དག་ལ་དྲང་བདེན་གྱི་རྟོག་བཟོ་བྱེད་དགོས་དོན་གང་ཡིན་ནམ། ངས་ཁྱོད་རྣམས་ལ་ཞུ་འདོད་པ་ནི་༸གོང་ས༸་མཆོག་གིས་ཁོང་བགྲོས་ཡོལ་གྱི་སྐོར་བཀའ་སློབ་དེ་དག་གསལ་རྟོགས་ཐུབ་མཁན་སུ་ཡིན་ནམ། དེར་ལག་ལེན་སུས་སྒྲུབས་ཀྱི་རེད། ད་མཐོང་གིན་བོད་མིའི་སྲིད་དོན་དེ་མཐོང་གིན།
དམིགས་བསལ་སྐུ་ཚབ་རྒྱ་རི་ཟེར་བའི་བླ་རྫུན་དེས་སྐད་ཆ་རྫུན་མ་རྐྱང་རྐྱང་བཤད་སོང་། ཁ་སྔོ་ཁོ་བཀའ་ཁྲི་འོས་གཞིར་ལངས་རྒྱུ་མིན་པའི་ཁྱབ་བསྒྲགས་སྐབས་བཤད་པ་དང་། ད་རེས་ཀུན་གླེང་ལས་རིམ་སྐབས་བཤད་པ་གཉིས་སྦད་དེ་ཐ་དད་རེད། ད་རེས་བློ་བཟང་སེང་གེ་ལ་ཟུར་ཟའི་སྐད་བཤད་ཀི་འདུག
༡༽དང་པོ། ཁྱེད་བཀའ་ཁྲིའི་འོས་གཞིར་མི་ལངས་བའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་དྲིས་པའི་ལན་དུ། རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་སུ་བཀའ་ཁྲི་བྱེད་རྒྱུའི་སྦོབས་པ་མེད་ཟེར་བའི་ལན་འདེབས་བྱས་སོང་། དེ་སྐྱག་རྫུན་རེད། ཁ་སྔོན་ཁོ་བཀའ་ཁྲིའི་འོས་གཞི་་ལས་དགོངས་པ་ཞུ་སྐབས། སྐད་ཆ་དེ་འདྲ་བཤད་ཡོད་མ་རེད་ལ། སྐབས་དེ་དུས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གནང་མིན་གྱི་སྐད་ཆ་དེ་ཁྱོན་ཡོད་མ་རེད།
༢༽གཉིས་པ། རྒྱལ་བ་རིན་པོ་ཆེ་བཞུགས་པའི་སྐབས་སུ་གང་ཐུབ་ཐུབ་ཞབས་ཕྱི་ཞུས་པ་ཡིན། སྐབ་བ་བཟང་པོ་བྱུང་སོང་། རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་སུ་ལས་ཀ་མུ་མཐུད་དེ་བྱེད་འདོད་མེད་ཚུལ་བཤད་སོང་། དེ་ནི་ཧ་ལས་དགོས་པ་དང་། ཧང་སང་དགོས་པའི་གནད་དོན་ཞིག་རེད། དོན་རྡོག་རྡོག་ཁོ་པས་ཁེ་བཟང་རེག་དུས་ལས་བྱེད་ཀྱི་ཡིན། ཁེ་བཟང་མེད་དུས་ལས་ཀ་བྱེད་མིན་ཟེར་གྱི་ཡོད་པ་རེད། སྐད་ཆ་དེས་ནི་བོད་མི་རིགས་ཀྱི་ཆེད་དུ་སེམས་ཤུགས་དང་། ལྷག་བསམ་ཁྱོན་ནས་མེད་པའི་རྣམ་པ་གསལ་བསྟན་ཚར་བ་རེད། དེང་སང་གཞིས་ལུས་རྒྱ་ཆེའི་མི་མང་ནང་དུ་ཡང་ཁོ་ལ་འཇོན་ཐང་མེད་ཚུལ་གྱི་གླེང་སློང་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད་ལ་དེ་བདེན་་པ་རེད།
རྒྱ་རི་རིན་པོ་ཆེ་རྒྱལ་བ་རིན་པོ་ཆེ་ལ་བཀྲིན་ཆེན་པོ་རེད་ལ། རྒྱལ་བ་རིན་པོ་ཆེ་རྒྱ་རི་རིན་པོ་ཆེ་ལ་བཀྲིན་ཆེན་པོ་རེད། དེ་བས་ཀྱང་ཁོང་རྣམ་གཉིས་ཀ་བོད་མི་ས་ཡ་དྲུག་ལ་བཀའ་དྲིན་ཆེན་པོ་རེད། བཙན་བྱོལ་ནང་གི་ཨ་མདོ་བ་ཚོ་རྒྱ་རི་ཁམས་པ་ཡིན་པ་དེས་དགའ་གི་མེད་མ་གཏོགས་ཁོང་གི་ལས་སྟངས་ལ་མི་དགའ་བ་མེད། ཁམས་པ་ཚོ་རྒྱ་རི་འཇུ་ཆེན་གྱི་འོག་ལ་མ་ཕྱིན་པ་དེས་དགའ་གི་མེད་པ་མ་གཏོགས་རྒྱ་རིའི་ལས་སྟངས་འདི་ནོར་སོང་ཟེར་བ་གཅིག་བསྟན་ཡས་མེད། དབུས་གཙང་ཚོས་རྒྱ་རིས་རྒྱལ་བ་རིན་པོ་ཆེའི་བཀའ་འོག་ལ་བསྡད་འདུག་ཟེར་ནས་དགའ་པོ་བྱེད་ཀྱི་ཡོད།
རྒྱལ་བ་རིན་པོ་ཆེ་འགྲེས་ཡོལ་ལ་ཕེབས་ན་རྒྱ་རི་རིན་པོ་ཆེ་ལས་ཀ་ཤོར་བ་རེད། སྐུ་ངོ་མ་ཕེབས་འཚར་ནས་སྐུ་ཚབ་བཞུགས་ན་མི་འགྲིག རྒྱ་བོད་འབྲེལ་བ་འདི་འབྲས་བུ་མེད་པར་ད་སྐུ་ཚབ་པེ་ཅིང་ལ་ཕྱིན་ནས་དོན་མེད་མ་རེད་པས།
ཡིན་ནའང་། རྒྱ་རི་འདི་འཇོན་པོ་འདུག་ལ་ད་དུང་ཁོང་གིས་རྗེས་མ་བརྫུ་སྤྲུལ་གང་འདྲ་ཞིག་བསྟན་གྱི་ཡོད་མེད་སུས་ཤེས་ཐུབ།
ང་ཚོས་ཤེས་པ་གཅིག་ནི་རྒྱལ་བ་རིན་པོ་ཆེ་ལ་རྒྱ་རི་མཁོ། རྒྱ་རི་རིན་པོ་ཆེ་ལ་རྒྱལ་བ་རིན་པོ་ཆེ་མཁོ། དེ་རྟེན་འབྲེལ་གྱི་ཆོས་ཉིད་ཟབ་པོ་ཞིག་རེད། ངའི་གོ་ཐོས་ལ་འབྲུག་གི་གཞུང་གིས་རྒྱ་རི་རིན་པོ་ཆེའི་བུ་མོ་ཞིག་གནའ་མར་ལེན་རྩིས་དང་། རྒྱ་རི་མཆོག་ལ་འབྲུག་གཞུང་གི་ཕྱི་སྲིད་སློབ་སྟོན་པ་གནང་རྒྱུར་རེ་བ་བཏོན་པ་རེད་ཟེར། ཡིན་ནའང་། རྒྱལ་བ་རིན་པོ་ཆེས་རྒྱ་རི་ལ་རེ་སྐུལ་གནང་ནས་མུ་མཐུད་གངས་ཅན་བོད་ཀྱི་ཞབས་འདེགས་སྒྲུབ་དགོས་པའི་བཀའ་སློབ་གནང་ཡོད་འདུག་ལ། རྒྱ་རི་མཆོག་ནས་དེ་ལྟར་སྒྲུབ་མུས། ཚང་མར་བཀྲིས་བདེ་ལེགས།
རྒྱ་རི་ཚང་གི་གསུང་ལ་ཉན་ནས་སེམས་པ་སྐྱོ་སོང་།རྒྱ་རི་རིན་པོ་ཆེས་དྲང་མོ་བཤད་ན་བོད་དོན་ཆེད་ལས་ཀ་ཡག་པོ་བྱས་ཡོད།ཚོད་ཚོད་ལ་ཁ་བཏང་བསྡད་ན་ཡག་པོ་མ་རེད།༧གོང་ས་མཆོག་དབུར་མ་བཞུགས་པ་ཡིན་ན་ལས་ཀ་བྱེད་འདོད་མེད་འདྲ་བོ་གསུངས་སོང་།སྔོན་མ་ཞིག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་གྲོས་ཚོགས་སུ་རྩ་བའི་བླ་མ་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དེ་འགྲུབ་ན་བསམ་ནས་འདིར་བསྡད་ཡོད་མ་གཏོགས་གཞན་ཁྱོད་ཚོའི་གདོང་ལ་བལྟས་ནས་བསྡད་མེད་གསུངས་སོང་།བོད་པའི་སྤྱི་ཚོགས་འདི་མགོ་མཇུག་ཚང་རྟོགས་ཡོད་པའི་གང་ཟག་ཁོང་གཉིས་ཀྱིས་དྲང་མོ་བཤད་ན་བོད་མི་ཚོ་དང་དེའི་ནང་ནས་གཞོན་སྐྱེས་ཚོ་ཕྱོགས་གང་ནས་བལྟས་ཀྱང་རེ་བ་ཡོད་པ་ཞིག་མཐོང་གི་མེད་པ་འདྲ།ད་དེ་ཙམ།བཤད་རྒྱུ་མང་།ཡིན་ནའང་ད་ཞོགས་ཤོག
ཨ་་་ཨ་་་ འདི་ཡ་ཚན་ལ་ འབྲུག་གི་གཞུང་གི་གནའ་མ་ཟེར་ན་ཆི་ཞིག་ཟེར་ལེ་རེད་།
ཤེས་རབ་ལགས། ༼ངའི་གོ་ཐོས་ལ་འབྲུག་གི་གཞུང་གིས་རྒྱ་རི་རིན་པོ་ཆེའི་བུ་མོ་ཞིག་གནའ་མར་ལེན་རྩིས་དང་།༽ཟེར་བའི་ཚིག་དེར་གོ་རྒྱུ་ཅི་ཡང་མི་འདུག འབྲུག་གཞུང་གིས་རྒྱ་རི་བུ་མོ་མནའ་མར་ལེན་རྒྱུ་རེད་ཟེར་ན་གད་མོ་འཆོར། ཡིན་ན་ཡང་འབྲུག་པའི་སྐུ་དྲག་ཚང་གཅིག་ལ་རྒྱ་རིའི་བུ་མོ་ཞིག་མནའ་མར་སོང་ཡོད་ཚོད་རེད། གནད་དོན་དེ་ཁྱིམ་ཚང་གཉིས་ཀྱི་གནད་དོན་ཡིན་པ་མ་གཏོགས་འབྲུག་གཞུང་གི་གནད་དོན་མ་རེད།
༧གོང་ས་མཆོག་བགྲེས་ཡོལ་བསྐོར་གསུངས་དགོས་ལེ་དང་ རྒྱ་རི་རིན་པོ་ཆེས་གསུངས་གི་དོན་ ཟམ་གདོང་རིན་པོ་ཆེས་ཀྱང་དེ་ལྟར་གསུངས་དགོས་ལེ་་སོགས་ཚང་མའི་རྡོག་རྡོག་ཐུག་ས་གཙོ་བོ་དེ་བོད་རྒྱ་ཆེས་མི་མང་ནས་ལོ་ངོ་ ༥༠ རིང་ ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དང་གསུངས་ཆོས་གྲངས་ལས་འདས་པ་ཞུས་ཡོད་ཀྱང་དོན་དུ་གནོད་ཞབས་བརྡོལ་ནང་དུ་ཆུ་བསླུགས་པ་བཞིན་རང་དོན་ཁོ་ན་བྱེད་ཁན་ཤ་ཏག་མ་ཏོག་ བོད་སྤྱི་པའི་དོན་ལ་འགན་འཁུར་གྱི་མེད་སྟབས་ཁག་ཡོད་ལེ་མ་རེད་།
༧སྐྱབས་མགོན་རིན་པོ་བགྲེས་ཡོལ་དུ་ཕེབས་དང་མི་ཕེབས་དེ་བོད་མིའི་ཚེ་སྲོག་འབྲེལ་བ་ཡོད་དམ་མེད་ཐག་གཅོད་ཁག་པོ་རེད། དེ་བོད་མའི་འབྱོན་ཐང་ལ་རགས་ལས་རེད། ཕར་སྐྱབས་མགོན་རིན་པོ་ཆེ་ལས་ལྷག་པའི་ནུས་ཤུགས་ཅན་ཞིག་གང་མྱུར་བོད་མིའི་ཁྲོད་དུ་ཡོངས་རྒྱུ་ཁག་པོ་རེད། དེ་ནི་བོད་མི་རྣམས་ཀྱི་ཡིད་ཆེས་ད་གདེངས་འཇོག་ལའང་རགས་ལས་ཡོད།
མི་རེ་ཟུང་གིས་༧གོང་ས་མཆོག་ལ་ཁ་གཏོང་ཚེ་སྐྱོ་དགོས་དོན་དང་། རེ་ཟུང་གིས་བསྟོད་བསྔགས་བྱེད་དུས་ལྷག་པར་དགའ་དགོས་དོན་ཡང་མེད། དོན་ལ་༧སྐྱབས་མགོན་མཆོག་གི་མཛད་པས་བོད་མིར་ཕན་ཐོགས་དཔག་ཏུ་མེད་འབྱུང་བཞིན་པ་མིག་མཐོང་ལག་ཟིན་ཡིན། ང་ཚོའི་སྤྱི་ཚོགས་འདི་ཆོས་ལུགས་ལས་གྲུབ་ཅིང་། ཆོས་ལུགས་ཀྱི་རྩ་བའང་ཞེན་ཁོག་ལ་བརྟེན་དགོས་པར་འདོད་པས་སྔོན་ནས་ད་ལྟའི་བར་དུ་ནོར་འཁྲུལ་མི་ཉུང་བ་ཞིག་བྱུང་ཡོད། ཀུན་གྱིས་འདོད་མོས་ཡོད་པའི་མི་ཞིག་ལ་སྨད་པའམ་ཡང་ན་ཁ་གཏད་གཅོག་ན་དེ་བོད་ཀྱི་སྤྱི་ཚོགས་ཁྲོད་ནས་ཕྱི་རོལ་ཏུ་ཕུད་པའམ། ཡང་ན་རྩ་མེད་དུ་བཟོ་དགོས་པའི་བསམ་ཚུལ་དེ་རེད། དེ་ལྟར་བྱས་ན་ང་ཚོའི་སྤྱི་ཚོགས་འདིར་སྐྱོན་ཡོན་ཡོ་བསྲངས་བྱེད་པའི་གོ་སྐབས་མེད་པ་ལྟར་གྱུར་ཡོད། དོན་ལ་མང་ཚོགས་ཀྱི་ནང་དུ་བསམ་བློ་མི་མཐུན་པ་དང་ལག་ལེན་མི་མཐུན་པ་ཤིན་ཏུ་མང་དགོས་ལ། དེ་ཐམས་ཅད་སྤྱི་ཚོགས་གཅིག་གི་ནང་དུ་འཚོ་སྡོད་བྱེད་པའི་གོ་སྐབས་ཡོད་དགོས། དེ་ནི་སྤྱི་ཚོགས་གཅིག་འཛིན་སྐྱོང་ཡང་དག་པ་དང་དམངས་གཙོ་མ་ནོར་བར་བསྐྱོད་རྒྱུའི་ལམ་ཁ་དང་པོ་དེ་རེད། ང་ཚོའི་སྤྱི་ཚོགས་ཁྲོད་དུ་སྔོན་ནས་ད་ལྟའི་བར་ལམ་ཁ་འདི་ཡང་དག་པ་ཞིག་མེད་པ་ལྟར་གྱུར་ཡོད།
སྤྱིར་ནོར་འཁྲུལ་ཡོད་པར་ཧ་ལས་དགོས་དོན་གང་ཡང་མེད། འཇིག་རྟེན་ཁམས་ཀྱི་གནས་སྟངས་རེ་རེ་དང་། དངོས་པོ་རེ་རེ་བཞིན་སྐྱོན་ཡོན་གཉིས་ཡོད་པ་ཆོས་ཉིད་རེད། ༧སྐྱབས་མགོན་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུ་དེ་ནི་རྒྱལ་ཁབ་ཡོངས་ཀྱི་འགྲོ་ལུགས་ཤིག་རེད། ཁོང་བགྲེས་ཡོལ་དུ་ཕེབས་པ་དང་། ཁོང་གིས་བོད་མི་རིགས་ཐུགས་ཀྱིས་འདོར་བ་གཉིས་སོ་སོ་རེད། དེས་ན་ཁོང་བགྲེས་ཡོལ་དུ་ཕེབས་ཀྱང་འཇིགས་སྔངས་སྐྱེ་དོན་མེད།
ཡང་དཔྱོན་ལྡན་རེ་ཟུང་གི་ཐུགས་ལ། ཁོང་བགྲེས་ཡོལ་དུ་ཕེབས་དེ་སྔོན་མཛད་འཕྲིན་བསྐྱངས་མ་ནུས་པའི་ས་ཕྱོགས་རྣམས་སུ་ཕེབས་ཐུབ་རྒྱུའི་རེ་བ་བྱེད་མོད། དེ་ནི་ཧ་ཅང་ཁག་པོ་རེད་ངས་ཡིག་རྩོམ་གཞན་གྱི་ནང་དུའང་བཀོད་ཟིན། དོན་ལ་ཁོང་གི་སྐུ་ཡོན་དང་བོད་མིའི་རིགས་གཞུང་ཁ་བྲལ་མི་ཐུབ་པས་རེད། ཅི་ཙམ་བོད་མིའི་རིག་གཞུང་ལ་ནུས་ཤུགས་བསྐུལ་འདེད་ཐེབས་པ་དེ་ཙམ་ཞིག་ལྡོག་ཕྱོགས་པའི་སེམས་ནང་ལ་འཇིགས་སྣང་ཡོང་ངེས་ཡིན།
རྒྱ་རི་མཆོག་གི་གསུང་ལ་རྒྱབ་སྐྱོར་ཡོད།
རྒྱ་རི་རིན་པོ་ཆེ་རྒྱལ་ལོ། བོད་མི་དམངས་ལ་བཀའ་འདྲིན་ཆེའོ།
སྐུ་མཁྱེན་བོད་གཞུང་ལ་མུ་མཐུད་མགོན་སྐྱབས་གནང་རོགས། འབྲུག་གཞུང་ལ་མ་ཕེབས་རོགས། རྒྱལ་བ་རིན་པོ་ཆེས་ཁྱེད་ལ་ཞུ་བ་ཕུལ་ཟིན་འདུག་པས་དེ་ལྟར་དགོངས་རོགས།
གླེང་གཞི་ཅི་ཞིག་ཡིན་རུང་བཟང་ངན་གཉིས་ཀྱི་ཆ་ནས་གླེང་རྒྱུ་ཡོད་པ་ཞིག་དང་གླེང་ཆོག་པ་ཞིག་ཀྱང་རེད། ད་ལྟ་ང་ཚོས་གླེང་བཞིན་པ་ནི་རྒྱ་རི་རིན་པོ་ཆེ་རེད། རྒྱ་རི་རིན་པོ་ཆེ་ལ་མཚོན་ནའང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་མིན་པ་བྱས། ཕྱོགས་སུ་ལྷུང་བའི་བསམ་ཚུལ་རིང་དུ་དོར་དེ་ཅིག་བཤད་ན། སྐྱོན་དང་ཡོན་ཏན། ཕན་དང་མ་ཕན་གྱི་ངོས་ཐད་ནས་བཤད་ན། རྒྱ་རི་ལ་ཡོན་ཏན་མང་ལ་རྒྱ་རིས་བོད་ལ་ཕན་ངེས་ཅན་ཞིག་བཏགས་ཡོད། མི་ལ་སྐྱོན་མེད་མཁན་དང་བཤད་ཚུལ་མི་ནོར་བ་མེད་མཁན་གཏན་ནས་མེད། ལྷག་པར་དུ་བརྙན་འཕྲིན་བརྒྱུད་ནས་གཏམ་གླེང་བྱེད་སྐབས། གློ་བུར་གློ་བུར་དུ་དྲི་བར་ལན་འདེབས་བྱེད་དགོས་པར་སོང་། ཚིག་གི་ཆ་ནས་ནོར་འཆུགས་ངེས་པར་དུ་ཡོང་སྲིད་པ་ཞིག་རེད། དེ་ནི་དཔར་ཤིང་མ་རེད་ལ་རྒྱ་རིའི་ཟིན་བྲིས་ཀྱང་མ་རེད། བརྙན་འཕྲིན་བརྒྱུད་ཐད་ཀར་གཏམ་གླེང་བྱས་པ་ཞིག་ལ་བསྟེན་ནས་ཁོང་ལ་སྐྱོན་འཛུགས་ཚད་ལ་འདས་པ་བྱེད་རྒྱུ་ནི་འོས་པའི་ཡུལ་དུ་མ་མཐོང། ཡིན་ནའང། རྒྱ་རི་རིན་པོ་ཆེའང་བགྲེས་ཡོལ་དུ་འགྲོ་རན་ནས་འཕྱིས་ཡོད།
གངས་རིས་བསྐོར་བའི་ས་མཐོའི་ཡུལ་ལྗོངས་འདིར།
རྨུ་རྒོད་བོད་རྒན་འ་དུལ་དཀའི་འགྲོ་བ་རྣམས།
མགོན་པོ་འདི་ཡིས་འབངས་སུ་བཞེས་པ་ཡིས།
ཁ་བའི་ལྗོངས་ལ་ཞེ་བདེའི་ཉི་མ་ཤར།
ད་ཆ་གསོན་དམན་ཀླ་ཀློའི་རྗེས་དྲངས་པས།
མགོན་པོ་འདི་ལ་སྨོད་པའི་ཚིག་འདེབས་པ།
རང་ཉིད་ཕྱི་མར་དམྱལ་བའི་གཏིང་རྡོ་རུ།
གྱུར་བའི་རྒྱུ་ཚོགས་གསོག་པར་སྨྲོས་ཅི་དགོས།
ང་ཚོས་རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩེ་བཀུར་ཞུ་དགོས།