ཨེ་མ་ཧོ།
ན་མོ་གུ་རུ་མ་ཎི་པདྨ་ཡེ།
སྣང་སྲིད་རྣམ་དག་ལྷ་དང་བླ་མ་ལ།།
སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་སྤྲུལ་འབུལ།།
ཁམས་གསུམ་ཡོངས་གྲོལ་ངང་ནས་གསོལ་བ་འདེབས།།
འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས།།
སྐྱབས་གནས་དམ་པ་འགྲོ་ཁམས་ཡོངས་ཀྱི་རྗེ།།
སྨྲ་བསམ་བརྗོད་བྲལ་རྒྱལ་བ་རིན་པོ་ཆེ།།
མཁྱེན་བརྩེ་རིག་གྲོལ་ངང་ནས་གསོལ་བ་འདེབས།།
མྱང་འདས་དཔལ་ཡོན་ཐོབ་པར་བྱིན་གྱིས་རློབས།།
ཆོས་དབྱིངས་མཉམ་ཉིད་ཡེ་ཤེས་ལྡན་ལ།།
སྤངས་རྟོགས་ཀུན་བཟང་རྒྱལ་དབང་རྡོ་རྗེ་འཆང་།།
འཁོར་འདས་རང་གྲོལ་ངང་ནས་གསོལ་བ་འདེབས།།
སེམས་ཉིད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས།།
ཨོཾ་གུ་རུ་མ་ཎི་པདྨ་སིདྡྷི་ཧྰུྃ།།
གངས་རིས་མུ་ཁྱུད་མཛེས་པའི་ཞིང་ཁམས་སུ།།
ཕན་བདེའི་འབྱུང་གནས་རྒྱལ་བ་རིན་པོ་ཆེ།།
གསང་གསུམ་མི་འགྱུར་ཆོས་བདུན་ངོ་བོར་བཞུགས།།
བཞེད་དོན་མཐའ་དག་འབད་མེད་ལྷུན་གྲུབ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ཡར་ཚེས་དགེ་བར་རྨི་ལམ་ཡ་མཚན་ཅན་རྨིས་པ་དང་དྲ་གྲོགས་བཟང་ངན་འགས་དག་སྣང་པའི་རྐྱེན་ལས་གང་དྲན་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་གསོལ་བ་འདེབས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། །།
ཆོས་སྤྱོད་ཕྱོགས་བསྒྲིགས་རཏྣའི་ཞལ་ལུང་།
༈ །།ན་མོ་སྣང་སྲིད་རྣམ་དག་གི་བླ་མ་ལ། །སྣང་སྲིད་གཞིར་བཞེངས་སུ་མཆོད་པ་འབུལ། །ཁམས་གསུམ་ཡོངས་གྲོལ་དུ་གསོལ་བ་འདེབས། །འཁོར་བ་དོང་སྤྲུགས་སུ་བྱིན་གྱིས་རློབས། །རྗེ་ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །སྨྲ་བསམ་བརྗོད་མེད་རྒྱལ་བའི་ཐུགས། །མཁྱེན་པའི་ཡེ་ཤེས་ལྔ་དང་ལྡན་“བརྩེ་བའི་བདག་ཉིད་བཀའ་དྲིན་ཅན། །འགྲོ་བ་སྐྱོབ་མཛད་རིན་པོ་ཆེ། །བདག་སེམས་ཉིད་ཀྱི་ངང་ནས་གསོལ་བ་འདེབས། །ཆོས་ཉིད་ཀྱི་ངང་དུ་བྱིན་གྱིས་རློབས༑ །སེམས་གདོད་ནས་སྐྱེ་མེད་རྣམ་དག་འདི། །བློ་འདས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས།།”