སྟག་སྨྱོན།
བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་གལ་ཆེན་དེའི་སྐོར་ལ་ཅང་མི་བཤད་དྲན་སོང་། འོན་ཀྱང་ཉི་རེ་བཞིན་བརྗོད་གཞི་འདི་ཡང་ཡང་སེམས་ལ་འཁོར་ཡོང་གི་འདུག་པས་ཕྲན་བུ་ཞིག་མི་འབྲི་ཐབས་མེད་རེད་སོང། དེ་ཡང་ཉེ་དུས་གྲོས་ཚོགས་ཐོག་བཀའ་ཁྲིས་བསམ་འཆར་ཡིག་ཆ་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་ཡིན་ལུགས་ཁུངས་བསྐྱེལ་ཏན་ཏན་བྱས་ཟིན་ནའང། སྐབས་དེའི་བཀའ་ཁྲི་མཆོག་དང་དམིགས་བསལ་སྐུ་ཚབ་རྒྱ་རིའི་གསུངས་བཤད་དེས་འགྲེལ་བཤད་གཞན་པ་ཞིག་ཞོར་ལ་བརྒྱབ་ཡོང་གི་འདུག འོག་ཏུ་ཁོང་གཉིས་ཀྱི་བཀའ་མོལ་ལ་ཟུར་མཆན་ཉུང་ཉུང་རེ་བཀོད་ཡོད།
དང་པོ་བཀའ་ཁྲིའི་གསུངས།
བཀའ་ཁྲིས་”མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་གཉིས་ཀྱི་ཆ་རྐྱེན་འོག བསམ་འཆར་ཡིག་ཆ་དེ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན་རྒྱ་གཞུང་ལ་སྤྲད་པ་རེད། ཡིག་ཆ་དེར་དུས་ཡུན་རིང་པོར་ཆབ་སྲིད་མཁས་པ་དང་ཁྲིམས་དོན་མཁས་པ། རྒྱ་ནག་ལ་མཁས་པ་བཅས་དང་གྲོས་བསྡུར་ཞིབ་ནན་བྱས་ཤིང་། ༧གོང་ས་མཆོག་ལ་ཡང་ནས་ཡང་དུ་བཀའ་འདྲི་དགོངས་སྐོར་ཞུས་ཏེ་ཐག་གཅོད་གནང་བ་ཞིག་རེད། ཟླ་འགའ་རྗེས་༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ལ་གནང་བའི་གསུང་བཤད་ནང་། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༡ ཉིན། ང་ཚོས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤེལ་བ་ཡིན།” ཞེས་གསུངས་འདུག དེའི་ནང་ནས་“ཡིག་ཆ་དེར་དུས་ཡུན་རིང་པོར་ཆབ་སྲིད་མཁས་པ་དང་ཁྲིམས་དོན་མཁས་པ། རྒྱ་ནག་ལ་མཁས་པ་བཅས་དང་གྲོས་བསྡུར་ཞིབ་ནན་བྱས་ཤིང་” ཞེས་པའི་ཚིག་དེས་ཡིག་ཆ་དེ་༧གོང་ས་མཆོག་སྐུ་རྐྱང་གི་ཡེ་ཤེས་དབྱིངས་དཔྱད་ཙམ་མ་ཡིན་པར། ཆབ་སྲིད་མཁས་པ་དང་ཁྲིམས་དོན་མཁས་པ། རྒྱ་ནག་ལ་མཁས་པ་སོགས་མི་མང་པོའི་བསམ་ཚུལ་གྱི་སྙིང་པོ་ཕྱོགས་བསྡུས་བྱས་ནས་སྤེལ་བ་གསལ་བོ་གསུངས་འདུག
སྐུ་ཚབ་རྒྱ་རིའི་གསུངས།
༡། སྐུ་ཚབ་རྒྱ་རིས་”ལས་དོན་འདི་༧གོང་ས་མཆོག་སྐུ་སྒེར་གྱི་དོན་དག་མིན་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དག་ཡིན་སྟབས། ངེད་སྐུ་ཚབ་གཉིས་ཀྱིས་ཀྱང་། བཀའ་བློན་ཁྲི་པ་བརྒྱུད་པ་ལས་ཐད་ཀར་གཟིམ་ཆུང་ལ་བཅར་མ་དགོས་ན། ཞེས་༧གོང་ས་མཆོག་ལ་སྙན་གསེང་ཞུ་སྐབས་ཧ་ཅང་ཐུགས་དགྱེས་པོ་བྱུང་སོང་། དེ་ནས་༧གོང་ས་མཆོག་གི་མདུན་ལ་ཐད་ཀར་བཅར་རྒྱུ་མཚམས་བཞག་པ་ཡིན།” ཞེས་དང་། ཡང་ཁོང་གིས་”འགའ་རེ་ཡིས་རང་བཙན་བཤད་མཁན་ལ་ཞེད་ཀྱིན་འདུག་ཟེར་མཁན་ཡོད་མོད། དེ་བདེན་པ་མ་རེད། ངེད་གཉིས་རྒྱ་གཞུང་དང་གདོང་ཐུག་སྐབས་ཀྱང་། བོད་མི་ཚང་མས་སེམས་ནང་ཡོད་པ་རང་བཙན་འདོད་ཀྱིན་ཡོད་པ་རེད་ཅེས་བཤད་པ་ཡིན། རྒྱ་ནག་གིས་བཤད་པ་ལྟར། མཚམས་རེར་བོད་རང་བཙན་གྱི་དར་ཆ་འཁྱེར་ཏེ་བོད་རིགས་གཅིག་གྱུར་གྱི་ནུས་པར་ག་རེ་བྱས་ཡོང་ངམ་སྙམ་པའི་ཐེ་ཚོམ་ཡོང་གིན་འདུག རང་བཙན་བཤད་མཁན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་རང་བཙན་བཤད་ཀྱིན་ཡོད་རྒྱུ་རེད། ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས། སྐུ་ངོ་འཇུ་ཆེན་དང་ང་ཚོ་རྒྱ་ནག་ལ་ཕྱིན་སྐབས་ནས་བོད་རིགས་གཅིག་གྱུར་བཤད་ཀྱིན་ཡོད། སྐབས་དེར་རྒྱ་ནག་གི་དཔོན་རིགས་ཚོས། ཁྱོད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར། རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། “དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང” ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད། རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་ཅེས་གབོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།” ཅེས་པའི་སྐུ་ཚབ་ཀྱིས་ཡིད་ཆེས་དང་སྤོབས་པ་ཆེན་པོས་བཤད་ཀྱིན་པའི་སྐད་ཆ་འདིས་ཀྱང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེའི་ནང་དོན་ལ་བཟོ་ལྟ་ངེས་ཅན་ཞིག་བཟོས་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ལྟ་བུ་རེད།
ཡིན་ནའང་སྐུ་ཚབ་རྒྱ་རི་ལགས་ཀྱི་སྐད་ཆ་འདི་རྒྱ་རི་རང་ངོས་ནས་ལོ་རྒྱུས་ལ་མཉམ་ཞིབ་བྱས་ཏེ་བཤད་པ་ཡིན། ཡང་ན་སྐད་ཆ་དེ་༧གོང་ས་མཆོག་གམ་བཀའ་ཤག་གི་དགོངས་པ་ཡིན། ཡང་ན་རྒྱ་རི་ལགས་སྐུ་ཚབ་བྱས་ནས་པེ་ཅིན་ལ་ཕེབས་ཐེངས་རེ་རེ་བཞིན་རྒྱ་གཞུང་གིས་མང་པོ་མང་པོ་བཤད་ནས་ཁོང་གི་ཀླད་པའི་ནང་བླུགས་པའི་སྐད་ཆ་ཡིན་ད་དུང་བཤད་དཀའ། གང་ལྟར་ཁོང་གིས“ཁྱེད་ཚོར་གོ་སྐབས་མ་སྤྲད་པ་མ་རེད། སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར།” རྒྱ་རིས་བེད་སྤྱོད་གཏོང་བཞིན་པའི་སྐད་ཆ་འདིའི་ཁུངས་བཅོལ་ས་རྒྱ་ནག་གཞུང་ཡིན་པ་གསལ་བོ་བཟོས་འདུག འདི་ལྟར་སྐུ་ཚབ་རྣམ་གཉིས་ཀྱང་བོད་རྒྱའི་བར་གྱི་འཕྲིན་བསྐྱེལ་ཙམ་གྱིས་མི་ཚད་པར། བོད་རྒྱ་གྲོས་མོལ་གྱི་ཡིག་ཆའི་ནང་དོན་ལ་སྐུ་ཚབ་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་ཡིན་པའང་བཤད་ཐུབ་ཚོད་རེད།
མཇུག་བསྡོམས།
བསམ་འཆར་ཡིག་ཆ་དེ་༧གོང་ས་མཆོག་སྐུ་རྐྱང་གི་ཡིད་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པ་ཞིག་མ་ཡིན་པར། བཀའ་ཤག་དང་སྐུ་ཚབ་རྣམ་གཉིས། ཆབ་སྲིད་མཁས་པ་དང་ཁྲིམས་ལུགས་མཁས་པ། རྒྱ་ནག་ལ་མཁས་པ་སོགས་མི་མང་པོའི་བསམ་བློའི་ཉིང་བཅུད་ཕྱོགས་བསྡུས་བྱས་ནས་སྤེལ་བ་གསལ་བོ་ཡིན་ནའང་། བཀའ་ཁྲིས་ཉེ་དུས་ཀྱི་གྲོགས་ཚོགས་ཐོག་བསམ་འཆར་ཡིག་ཆ་དེ་མཐའ་གཅིག་ཏུ་༧རྒྱལ་རིན་པོ་ཆེའི་བཀའ་ཡིན་པར་ཤུགས་ཆེན་པོ་དང་འབུར་དུ་དོད་ནས་བསྒྲུབས་གནང་སོང་། དེ་ལྟར་གནང་དོན་བོད་མི་རིགས་ཀྱི་མདུན་ལམ་དང་འབྲེལ་བའི་ཡིག་ཆ་དེ་འདྲ་བཟོ་རྒྱུར་ཁྲིམས་མཐུན་ལག་ཁྱེར་ཡོད་མཁན་༧རྒྱལ་བ་རིན་པོ་ཆེ་གཅིག་པོ་མ་གཏོགས་ཡོད་མ་རེད། དེའི་ཕྱིར་བསམ་འཆར་ཡིག་ཆ་དེའི་ནང་བཀའ་ཤག་དང་སྐུ་ཚབ་རྣམ་གཉིས། ཆབ་སྲིད་མཁས་པ་དང་སྲིད་དོན་མཁས་པ། རྒྱ་ལ་མཁས་པ་སོགས་ཕྱོགས་མང་པོའི་བསམ་ཚུལ་འདུས་ཡོད་ནའང་། མཐའ་མ་ཡིག་ཆ་དེ་མང་མོས་ཀྱི་ཐོག་ནས་ཕུལ་བའི་ཡེ་ཤེས་དབྱིངས་དཔྱད་ཅེས་པའི་༧གོང་ས་མཆོག་གི་ལག་ཁྱེར་དེའི་མིང་ཐོག་ནས་མ་གཏོགས་སྤེལ་ཐུབ་ཀྱི་ཡོད་པ་མ་རེད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ད་དུང་ཡིག་ཆ་འདིའི་སྦུགས་ཀྱི་ཁྲིམས་ལུགས་མཁས་པ་དང་སྲིད་དོན་མཁས་པ། རྒྱ་ནག་ལ་མཁས་པའི་མི་དེ་ཚོ་སུ་སུ་ཡིན་མིན་ལྐོག་གྱུར་ཡིན་པ་དང་། རྒྱ་རིས“སྔོན་མ་སྲིད་བློན་གྱིས་བོད་རིགས་བླ་ཆེན་དཔོན་ཆེན་མང་པོ་ཞིག་བསྡུས་ཏེ། བོད་རིགས་གཅིག་གྱུར་བྱ་རྒྱུ་ཡིན་ནམ་མིན་ཞེས་འདྲིས་སྐབས། ཁོང་ཚོས་གཅིག་གྱུར་མི་དགོས། ད་ལྟའི་གནས་སྟངས་འདི་ཡག་པོ་འདུག་ཅེས་ལབ་པ་རེད་ཟེར།” བདེན་ན་བོད་མི་ཚོས་རང་གི་ལས་དབང་ཐག་གཅོད་མཁན་གྱི་བླ་མ་དང་དཔོན་པོ་དེ་ཚོའང་གཅིག་གཅིག་གཉིས་གཉིས་བྱས་ནས་ཤེས་མེད། འོན་ཀྱང་མི་དེ་ཚོ་བོད་ཀྱི་ལོ་རྒྱུས་ནང་གི་ཉེས་པ་ཆགས་ཡོད་པ་ལགས། ཁོང་ཚོའི་སྐད་ཆ་དེ་གཞི་འཛིན་སའི་ཁྲིམས་མཐུན་གྱི་སྐད་ཆ་ཆགས་མེད། ་་་་་་་་་་་་་་་་རྣམ་རྟོག་གི་སྤྲིན་པ་མང་རུ་མང་རུ་འགྲོ་གི་འདུག་པས་ནམ་ཡང་རྫོགས་ས་མ་རེད། མཇུག་མ་རྫོགས་པའི་ཟིན་བྲིས་འདི་ནས་ཨུ་ཚུགས་ཀྱིས་མཚམས་བཞག་པ་ཡིན།
༡། རྒྱ་རིས་༼རང་བཙན་བཤད་མཁན་ཚོས་བོད་རིགས་ཡོངས་རྫོགས་ཀྱི་རང་བཙན་བཤད་ཀྱིན་ཡོད་རྒྱུ་རེད། ལོ་རྒྱུས་དང་རྒྱལ་རབས་ཐོག་ནས་རང་བཙན་ཇི་ལྟར་རྩོད་རྒྱུ་ཡིན། དེ་དག་ལ་དགོངས་པ་བཞེས་དགོས།༽ ཞེས་པའི་སྐད་ཆ་འདི་སྤྱད་ནས་བོད་མི་ཚང་མ་རང་སྐྱོང་བསམ་འཆར་ཡིག་ཆ་ཟེར་བ་དེ་ལས་བརྒལ་དུ་མ་བཅུག་པར་སྟངས་འཛིན་བྱེད་རྒྱུའི་འཆར་གཞི་རེད་འདོད།
༢། ཡང་རྒྱ་རིས༼ལས་དོན་འདི་༧གོང་ས་མཆོག་སྐུ་སྒེར་གྱི་དོན་དག་མིན་པར་བོད་རྒྱ་ཆེའི་མང་ཚོགས་ཀྱི་དོན་དག་ཡིན་སྟབས། ངེད་སྐུ་ཚབ་གཉིས་ཀྱིས་ཀྱང་། བཀའ་བློན་ཁྲི་པ་བརྒྱུད་པ་ལས་ཐད་ཀར་གཟིམ་ཆུང་ལ་བཅར་མ་དགོས་ན། ཞེས་༧གོང་ས་མཆོག་ལ་སྙན་གསེང་ཞུ་སྐབས་ཧ་ཅང་ཐུགས་དགྱེས་པོ་བྱུང་སོང་། དེ་ནས་༧གོང་ས་མཆོག་གི་མདུན་ལ་ཐད་ཀར་བཅར་རྒྱུ་མཚམས་བཞག་པ་ཡིན།༽ ཞེས་པའི་སྐད་ཆ་བཤད་སྟངས་འདི་སྤྱད་ནས་༧རྒྱལ་བ་རིན་པོ་ཆེའང་བོད་དོན་དང་ཁ་ཐག་རིང་ཙམ་འཇོག་རྒྱུའི་འཆར་གཞི་ཡིད་སྲིད།་་་་་་་་་་་་་་་
སྐུ་ཞབས་སྟག་སྨྱོན་པ་ལགས།
སྐུ་ཁམས་བཟང༌། ཁྱེད་ཀྱི་རྩོམ་ཐུང་འདི་ཁོ་བོས་ཐེངས་གཅིག་བཀླགས་པ་ཡིན།
ད་ལྟའི་དུས་རབས་འདིར་རྒྱལ་ཁབ་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་ཀྱང་སྲིད་འཛིན་ནམ་སྲིད་བློན་ལྟ་བུ་གང་ཟག་གཅིག་གིས་བཟོས་པ་དེ་འདྲ་རྩ་བ་ནས་མེད། སྔ་མོ་སྔ་མོའི་དུས་སུ་དེ་འདྲ་ཡོད་སྲིད་ཀྱང་། ད་ཆ་དུས་ཚོད་གྱུར་ཟིན་ཅིང༌། ཆབ་སྲིད་དང་སྲིད་དོན་ཀྱི་ཁྱབ་ཚད་ཀྱང་ཇེ་ཆེར་སོང་ཟིན་པ་མཁྱེན་ཚོད་ལགས།
བོད་དོན་དང་འབྲེལ་བའི་ཡིག་ཆ་གལ་ཆེན་རྣམས་གཏན་འབེབས་བྱེད་པའི་ཚེ། སྲིད་དོན་མཁས་པ་དང༌། ཁྲིམས་ལུགས་མཁས་པ་སོགས་འབྲེལ་ཡོད་ཀྱི་ཆེད་ལས་མི་སྣ་རྣམས་དང་གོ་བསྡུར་བྱ་རྒྱུ་ནི་གལ་གནད་ཧ་ཅང་ཆེན་པོ་ཡིན། རྒྱ་དཀར་ནག་དང༌། ཨ་རི་སོགས་ཚུད་པའི་རྒྱལ་ཁབ་ཚང་མས་དེ་ལྟར་བྱེད་ཀྱི་ཡོད། གོང་ས་མཆོག་ལ་སྤྱར་བསྟར་དང་བཀའ་འདྲི་ཞུས་པ་ནི་ལུགས་མཐུན་ཡིན་པ་མ་ཟད། གོང་ས་མཆོག་གིས་ཀྱང་ཡིག་ཆའི་འབྲུ་དོན་ལ་མུས་མཐུན་ཡོད་པ་མཚོན་ཐུབ།
ཡང་གནས་ཚུལ་གསལ་པོ་གཅིག་ནི། ཡིག་ཆ་བཟོ་བའི་སྐབས་ནས་གོང་ས་མཆོག་ལ་བཀའ་འདྲི་ཐེངས་མང་ཞུས་ཞེས་པ་དེས་གང་ཞིག་སྟོན་གྱི་ཡོད་ཅེ་ན། དེས་ནི་ཡིག་ཆ་བཟོ་བའི་ཐོག་མཐའ་བར་གསུམ་གྱི་རྒྱུད་རིམ་ཐམས་ཅད་དུ་གོང་ས་མཆོག་ནས་གསལ་གསལ་ཐིང་ཐིང་མཁྱེན་གྱི་ཡོད་པ་ལས། ཡིག་ཆ་གློ་བུར་དུ་གོང་ས་མཆོག་ལ་སྤྱར་བསྟར་ཞུས་ནས་ཕྱག་མཚན་སློང་བ་དེ་འདྲ་ཡང་མིན་པ་གསལ་རྟོགས་ཐུབ།
སྔར་གྱི་སྡེ་པ་གཞུང་གི་དཔོན་རིགས་དང་། དབང་ཤུགས་ཅན་ཚོས་དེ་འདྲ་ཏན་ཏན་བཤད་ཡོད་ཀྱི་རེད། གལ་ཏེ་དེ་འདྲ་བཤད་མེད་ན་རླུང་རྟ་རེད། ཁོང་ཚོ་མང་ཆེ་བ་ཆབ་སྲིད་ཀྱི་གོ་རྟོགས་དམན་པའི་ཁར། གཞན་ཤེས་མཁན་ལ་སྐད་ཆ་འདྲི་རྒྱུར་འདོད་པ་མེད་པ་དེས། ཆབ་སྲིད་ཀྱི་ཐོག་ནས་ནོར་འཁྲུལ་དེ་འདྲ་བཟོས་ཡོད་པ་གོར་མ་ཆག ད་དེའི་གྱོང་ང་ཚོས་འཁུར་དགོས་པ་རེད། ད་དུང་ཡང་ཟབ་ཟབ་མ་བྱས་ན་དེ་ལས་མང་བ་འཁུར་དགོས་ཐུག་རྒྱུ་རེད།
(ཁོང་ཚོའི་སྐད་ཆ་དེ་གཞི་འཛིན་སའི་ཁྲིམས་མཐུན་གྱི་སྐད་ཆ་ཆགས་མེད།)་ ཅེས་ལབ་ན། ཁྱེད་རང་ཧམ་པ་ཚ་བར་འགྲོ་རྒྱུ་རེད་མ་གཏོགས་གཞན་གང་ཡང་མེད། རྒྱུ་མཚན་ནི། ཁོང་ཚོ་ནི་བོད་སྡེ་པ་གཞུང་གི་སྲིད་པར་འཛིན་པར་ཁས་འཆེས་མཁན་གྱི་སྐུ་ངོ་། བླ་ཆེན་ཚོ་རེད། (མཐོལ་ལོ་བཤགས། འབྲེལ་ཡོད་ཀྱི་བླ་མ་ཁག་ལ་ཟེར་བ་ལས། སྐབས་དེའི་བླ་མ་ཚང་མར་ཞུ་ཡི་མེད།)
སྐབས་དེར་ཁོང་ཚོ་ནི་བོད་མིའི་སྐུ་ཚབ་མ་རེད་དམ། ནོར་འཁྲུལ་ཡིན་ནའི་ཐབས་ཤེས་གང་ཡོད་རེད།
ངས་ཟམ་གདོང་རིན་པོ་ཆེ་ཚད་མར་བཟུང་ཏེ་ཕྱོགས་གཏོགས་བྱས་པའི་སྐད་ཆ་མིན། ང་རང་གི་བསམ་ཚུལ་རྗེན་པ་རྗེན་རྐྱང་ཡིན་ནོ།། གྲོགས་པོ་ལགས༎
ཝ་ར་ན་སི་ལགས། ཁྱེད་ཀྱི་བཤད་པ་བཞིན་ངས་ཀྱང་བོད་ཀྱི་གནད་དོན་དེ་༧རྒྱལ་རིན་པོ་ཆེ་གཅིག་པོས་ཐག་གཅོད་དགོས་ཟེར་གྱི་མེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡིག་ཆ་དེ་མི་མང་པོར་གྲོས་བསྡུས་བྱས་ནས་སྤེལ་འདུག་ཅེས་ལབ་པ་ལས། མི་མང་པོས་མཉམ་རུབ་ཀྱིས་སྤེལ་བ་དེ་འགྲིག་འདུག་དང་ཡང་ན་འགྲིག་འདུག་ལབ་ཀྱི་མེད།
ངས་འདིར་འདོད་པ་མ་ཁེངས་པར་བཤད་ཨེ་ཐུབ་ལྟ་བཞིན་པ་ནི་སྐུ་ཚབ་རྒྱ་རིས་ཡིག་ཆ་དེའི་ནང་དོན་ལ་བཟོ་ལྟ་དང་ཤུགས་རྐྱེན་ངེས་ཅན་ཞིག་བཟོས་འདུག་བསམ་ནས་སེམས་འཁྲེལ་ལངས་པ་ཡིན། དེ་ཡང་ང་རྒྱ་རི་ལ་མ་དགའ་བ་མ་ཡིན་པར། རྒྱ་རི་བླ་མས་ལོ་རྒྱུས་ཐོག་བོད་ཆོལ་ཁ་གསུམ་གཅིག་གྱུར་བྱུང་མྱོང་བ་ཁས་ལེན་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོང་གི་འདུག མ་ཟད་རྒྱུ་རིས་ཆོལ་ཁ་གསུམ་གཅིག་གྱུར་དགོས་ཟེར་བ་ཁྲིམས་དང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་མི་མཐུན་པ་ཞིག་རེད་ཟེར་གྱི་འདུག དཔེར་ན་རྒྱ་རི་བླ་མས་ཉེ་ཆར་༼རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་ཅེས་གབོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།༽ ཅེས་བོད་ཆོལ་ཁ་གསུམ་གཅིག་གྱུར་དགོས་ཟེར་བ་དེ་ལོ་ངོ་སྟོང་ཕྲག་རིང་ལོ་རྒྱུས་དང་འགལ་འདུག་ཟེར་གྱི་ཡོད་པ་རེད། བྱས་ཙང་ཀུན་སློང་དང་བསམ་བློ་་ཁྱེར་སྟངས་འདི་འདྲ་ཡོད་མཁན་གྱིས་ཀྱང་བསམ་འཆར་ཡིག་ཆ་དེའི་ནང་དོན་ལ་ཤུགས་རྐྱེན་ཆེན་པོ་བཟོས་འདུག་བསམ་པ་དང་། དེ་ཉེན་ཁ་ཆེན་པོ་རེད་ཟེར་གྱི་ཡོད།
ལོ་མང་པོ་ཞིག་ལ་མདོ་སྟོད་ཀྱི་ས་ཁུལ་ཁག་ནང་རྒྱ་མིའི་ཤུགས་རྐྱེན་སླེབས་ཡོད་པ་བདེན་ཡང་། འོན་ཀྱང་དེ་ནི་ཡུལ་མི་ཇག་པའི་བར་གྱི་འབྲེལ་ཡིན་པ་ལས། གཞུང་དང་མི་མང་གི་འབྲེལ་བའི་ངོ་བོ་ནམ་ཡང་ཆགས་མྱོང་མི་འདུག་ཟེར་གྱི་ཡོད། ༡༩༥༩ ཡན་ལ་མདོ་སྟོད་ཀྱི་ས་ཆ་ཁག་ནང་རྒྱ་མི་ཚོ་ཇག་པའི་ངོ་བོའི་ཐོག་ནས་གནས་མྱོང་བ་དེར་རྒྱ་རིས་ངོས་འཛིན་གཞན་པ་བྱེད་ཀྱི་འདུག བྱས་ཙང་ཡིག་ཆ་དེའི་རྒྱབ་ལོག་གི་ཤུགས་རྐྱེན་རེ་རེའི་ཡོང་ཁུངས་དང་། ཤུགས་རྐྱེན་ཡོང་ཁུངས་ཀྱི་མི་དེ་དག་གི་དུས་རྒྱུན་བོད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་གང་འདྲ་ཡིན་མིན་གལ་ཆེན་པོ་བརྩི་གི་ཡོད། འདི་ནས་ཀྱང་བསམ་འཆར་ཡིག་ཆ་དེའི་ནང་སྐུ་ཚབ་རྒྱ་རིས་ཤུགས་རྐྱེན་ཆེན་པོ་བཏང་ཡོད་པ་མ་ཟད། ཤུགས་རྐྱེན་གཏོང་མཁན་སྐུ་ཚབ་རྒྱ་རིས་དུས་རྒྱུན་ལ་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་གནད་དོན་ལྟ་སྟངས་གང་འདྲ་ཡིན་མིན་གསལ་བོ་བཟོ་འདོད་པ་དེ་གཙོ་བ་ཡིན།
ཝ་ར་ན་སི་ལགས། ཁྱེད་ཀྱི་བཤད་པ་བཞིན་ངས་ཀྱང་བོད་ཀྱི་གནད་དོན་དེ་༧རྒྱལ་རིན་པོ་ཆེ་གཅིག་པོས་ཐག་གཅོད་དགོས་ཟེར་གྱི་མེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡིག་ཆ་དེ་མི་མང་པོར་གྲོས་བསྡུས་བྱས་ནས་སྤེལ་འདུག་ཅེས་ལབ་པ་ལས། མི་མང་པོས་མཉམ་རུབ་ཀྱིས་སྤེལ་བ་དེ་འགྲིག་འདུག་དང་ཡང་ན་འགྲིག་མི་འདུག་ལབ་ཀྱི་མེད།
ངས་འདིར་འདོད་པ་མ་ཁེངས་པར་བཤད་ཨེ་ཐུབ་ལྟ་བཞིན་པ་ནི་སྐུ་ཚབ་རྒྱ་རིས་ཡིག་ཆ་དེའི་ནང་དོན་ལ་བཟོ་ལྟ་དང་ཤུགས་རྐྱེན་ངེས་ཅན་ཞིག་བཟོས་འདུག་བསམ་ནས་སེམས་འཁྲེལ་ལངས་པ་ཡིན། དེ་ཡང་ང་རྒྱ་རི་ལ་མ་དགའ་བ་མ་ཡིན་པར། རྒྱ་རི་བླ་མས་ལོ་རྒྱུས་ཐོག་བོད་ཆོལ་ཁ་གསུམ་གཅིག་གྱུར་བྱུང་མྱོང་བ་ཁས་ལེན་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་ཡོང་གི་འདུག མ་ཟད་རྒྱ་རིས་ཆོལ་ཁ་གསུམ་གཅིག་གྱུར་དགོས་ཟེར་བ་ཁྲིམས་དང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་མི་མཐུན་པ་ཞིག་རེད་ཟེར་གྱི་འདུག དཔེར་ན་རྒྱ་རི་བླ་མས་ཉེ་ཆར་༼རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་ཅེས་གབོན་ཞིག་དང་། གོ་སྐབས་ཤིག་གནང་ཡོད་པ་དེ། ང་ཚོས་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད།༽ ཅེས་བོད་ཆོལ་ཁ་གསུམ་གཅིག་གྱུར་དགོས་ཟེར་བ་དེ་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་དང་འགལ་འདུག་ཟེར་གྱི་ཡོད་པ་རེད། བྱས་ཙང་ཀུན་སློང་དང་བསམ་བློ་་ཁྱེར་སྟངས་འདི་འདྲ་ཡོད་མཁན་གྱིས་ཀྱང་བསམ་འཆར་ཡིག་ཆ་དེའི་ནང་དོན་ལ་ཤུགས་རྐྱེན་ཆེན་པོ་བཟོས་འདུག་བསམ་པ་དང་། དེ་ཉེན་ཁ་ཆེན་པོ་རེད་ཟེར་གྱི་ཡོད།
ལོ་མང་པོ་ཞིག་ལ་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ནང་རྒྱ་མིའི་ཤུགས་རྐྱེན་སླེབས་ཡོད་པ་བདེན་ཡང་། འོན་ཀྱང་དེ་ནི་ཡུལ་མི་ཇག་པའི་བར་གྱི་འབྲེལ་ཡིན་པ་ལས། གཞུང་དང་མི་མང་གི་འབྲེལ་བའི་ངོ་བོ་ནམ་ཡང་ཆགས་མྱོང་མི་འདུག་ཟེར་གྱི་ཡོད། ༡༩༥༩ ཡན་ལ་མདོ་སྟོད་སྨད་ཀྱི་ས་ཆ་ཁག་ནང་རྒྱ་མི་ཚོ་ཇག་པའི་ངོ་བོའི་ཐོག་ནས་གནས་མྱོང་བ་དང་། དེའི་ཕྱིར་༡༩༥༩ ལོའི་ཡན་གྱི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་མདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ཏུ་བོད་ཀྱི་ཡུལ་མི་དང་ཕྱི་ནས་ཡོང་བའི་རྒྱའི་ཇག་དམག་བར་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུགས་ཆེ་ཆུང་རྒྱུན་མ་ཆད་པར་འབྱུང་གི་ཡོད་པ་རེད། འོན་ཀྱང་རྒྱ་རིས་གནས་སྟངས་དེར་འགྲེལ་བཤད་རྦད་དེ་ལོག་ག་ཅིག་བརྒྱག་བརྩིས་བྱེད་ཀྱི་འདུག བྱས་ཙང་ཡིག་ཆ་དེའི་རྒྱབ་ལོག་གི་ཤུགས་རྐྱེན་རེ་རེའི་ཡོང་ཁུངས་དང་། ཤུགས་རྐྱེན་ཡོང་ཁུངས་ཀྱི་མི་དེ་དག་་དུས་རྒྱུན་བོད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་གང་འདྲ་ཡིན་མིན་གལ་ཆེན་པོ་བརྩད་གཅོད་བྱེད་ན་འདོད་པ་ཡིན། འདི་ནས་ཀྱང་བསམ་འཆར་ཡིག་ཆ་དེའི་ནང་སྐུ་ཚབ་རྒྱ་རིས་ཤུགས་རྐྱེན་ཆེན་པོ་བཏང་ཡོད་པ་མ་ཟད། ཤུགས་རྐྱེན་གཏོང་མཁན་སྐུ་ཚབ་རྒྱ་རིས་དུས་རྒྱུན་ལ་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་གནད་དོན་ལྟ་སྟངས་གང་འདྲ་ཡིན་མིན་གསལ་བོ་བཟོ་འདོད་པ་དེ་གཙོ་བོ་ཡིན།
ནོར་བཅོས། ་་་་་་་་་་་་་འོན་ཀྱང་དེ་ནི་ཡུལ་མི་དང་ཇག་པའི་བར་གྱི་འབྲེལ་ཡིན་པ་ལས།་་་་་་་་་་
གལ་ཏེ་སྐུ་ཞབས་རྒྱ་རི་ལགས་ཀྱིས། (རྒྱལ་མཆོག་བཅུ་བཞི་བ་ཆེན་པོ་མཆོག་གིས་ལོ་ངོ་སྟོང་ཕྲག་རིང་བྱུང་མ་མྱོང་བའི་བོད་རིགས་ཡོངས་གཅིག་གྱུར་གྱི་ས་ཅེས་)་ པ་དེ་འདྲ་དངོས་གནས་གསུངས་ཡོད་པ་ཡིན་ན། ནོར་འཁྲུལ་ཧ་ཅང་ཆེན་པོ་ཕྱིན་ཡོད།
རྒྱུ་མཚན་ནི། ལོ་ངོ་སྟོང་ཕྲག་ཅེས་པའི་ནང་དུ་བོད་བཙན་པོའི་སྐབས་ཀྱང་ཚུད་ཡོད། ལོ་རྒྱུས་དང་དངོས་སུ་འགལ་གྱི་ཡོད།
ངས་དེ་ལ་དོ་སྣང་བྱུང་མ་སོང༌། འོན་ཀྱང་རྒྱ་མིས་དོ་སྣང་བྱུང་མེད་པ་ག་ལ་སྲིད།
སྐུ་ཞབས་རྒྱ་རི་ལགས་ད་དུང་ཡང་ཆབ་སྲིད་ཀྱི་སྡིང་ཆའི་སྟེང་དུ་བྲོ་ཡག་པོ་ཞིག་འཁྲབ་རྒྱུར་བྱང་ཆ་མེད་པ་འདྲ། ཨ་ཁ་ཁ་ཁ།
ང་རང་གི་བསམ་ཚུལ་ལ། གཞུང་འབྲེལ་གྱི་གལ་ཆེན་ཡིག་ཆ་གང་འདྲ་ཞིག་ཡིན་ཀྱང༌། ཆེད་མཁས་མི་སྣ་དང་གནད་ཡོད་མི་སྣ་མང་པོ་དང་མཉམ་དུ་གྲོས་བསྡུར་བྱས་ནས་བཟོ་དགོས་པ་རེད་ཅེས་དམིགས་སུ་བཀར་བཤད་ཀྱི་ཡོད། སྔ་མའི་མཆན་ནང་དུ་ཞུས་ཟིན་ལྟར། དེ་ནི་རྒྱལ་ཁབ་ཚང་མས་བྱེད་ཀྱི་ཡོད།
ཡིག་ཆ་གཏན་འབེབས་བྱེད་མཁན་ནང་དུ་སྐུ་ཞབས་རྒྱ་རི་ཡོད་ཀྱང༌། ཁོང་གིས་གང་བཤད་ཡིག་ཆར་སླེབས་པའི་ངེས་པའང་མེད། ཁོང་གི་ད་ལྟའི་གནས་བབས་ནི་བོད་གཞུང་གི་སྐུ་ཚབ་ཡིན་པ་ལས། བཀའ་ཤག་གི་བཀའ་བློན་མིན། དེས་ན་ཁོང་གིས་བོད་གཞུང་གི་སྲིད་བྱུས་གཏན་འབེབས་བྱེད་པར་མཐུན་རྐྱེན་སྦྱར་ཆོག་ཀྱང༌། དངོས་སུ་སྲིད་བྱུས་ལ་ཐེ་གཏོགས་གང་ཡང་བྱེད་དབང་མེད་པར་སྙམ།
བཙན་བྱོལ་བོད་གཞུང་གི་སྲིད་བྱུས་གཏན་འབེབས་ཀྱི་དབང་ཚད་མཐར་གཏུགས་པ་ནི། ད་ལྟའི་ཆར་རྒྱལ་དབང་རིན་པོ་ཆེ་དང༌། བཀའ་བློན་ཁྲི་པའི་ཕྱག་ཏུ་ཡོད་པ་ཡིན་ནོ༎ ༎
ད་དུང་ཡིག་ཆ་འདིའི་སྦུགས་ཀྱི་ཁྲིམས་ལུགས་མཁས་པ་དང་སྲིད་དོན་མཁས་པ། རྒྱ་ནག་ལ་མཁས་པའི་མི་དེ་ཚོ་སུ་སུ་ཡིན་མིན་ལྐོག་གྱུར་ཡིན་པ་དང་། ཞེས་པའི་ངའི་དྲི་བ་འདིར་ལན་གཅིག་རག་སོང་། ད་དུང་མུ་མཐུད་ནས་རྒྱབ་ཏུ་ཡུབ་པའི་མི་དེ་དག་ཕྱིར་བུད་ཡོང་བའི་རེ་བ་ཡོད།
རྒྱལ་བ་རིན་པོ་ཆེའི་མཚན་བེད་སྤྱད་ནས་ལྐོག་ལས་བྱེད་མཁན་གཅིག་ཕན་དབང་ཡིན་པ་གསལ་བོ་ཆགས་རེད། རྒྱ་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆའི་རྨང་གཞི་དང་པོ་པེ་ཅིན་ཚུར་རྒྱ་གར་རྡ་རམ་སར་ཁྱེར་བ་ཡོང་བ་དང་། རྡ་རམ་ས་ནས་རྒྱལ་བ་རིན་པོ་ཆེར་སྤྱན་འབུལ་དང་མཚན་རྟགས་བཀོད་བཅུག་རྗེས་ཕྱིར་པེ་ཅིན་ཁྱེར་ནས་སོང་བ་ཞིག་རེད་འདུག ཡིག་ཆ་དེའི་ནང་དོན་རྒྱ་ཆ་མང་ཆེ་བ་ཟམ་གདོང་གིས་འདེམས་པའི་མི་སྣ་ཕུན་དབང་སོགས་ཀྱི་དམིགས་ཡུལ་ཡིན་རེད།
ཟམ་གདོང་སོགས་ཀྱིས་ཕུན་དབང་ལ་སྐྱབས་བཅོལ། ཕུན་དབང་རྒྱ་དམར་ལ་མགོ་བཏགས། བོད་དོན་རང་བཞིན་གྱིས་བརླག་ཚར་བ་རེད། རྡ་སའི་སྒྲིག་འཛུགས་འདི་ནི་ཕྱི་རྣམ་པ་ཙམ་ལས། དོན་གྱིས་སྒྲིག་འཛུགས་འདི་རྒྱ་དམར་གྱིས་ལག་གཡོག་ཏུ་གྱུར་བའི་བོད་མི་འབའ་བ་ཕུན་དབང་སོགས་ཀྱི་ལག་འོག་ཏུ་ལྷུང་འདུག
གླེང་གཞི་ཡག་པོ་ཞིག་བཏོན་འདུག ངས་ནམ་རྒྱུན་དོན་རྐྱེན་འདི་ལ་ཟམ་གདོང་པར་གཞིའི་དབུ་མའི་ལམ་འབོད་ཀྱི་ཡོད། དོན་ལ་ཕྱི་ལོ༢༠༠༢ལོ་ནས་ཟམ་གདོང་རིན་པོ་ཆེ་ཡིས་ཆེད་དུ་ལས་བྱེད་བསྐོ་འཛུགས་ཀྱིས་རྒྱ་དམར་གཞུང་གི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་གཞི་བོད་བསྒྱུར་གྱིས་ཞིབ་འཇུག་གནང་བཞིན་འདུག་པས། ཕྱིས་སུ་རྒྱ་གཞུང་ལ་སྤྲད་པའི་ཡིག་ཆ་དེ་གྲུབ་པ་རེད། ད་ལྟའི་ཆར་ཟམ་གདོང་རང་ཉིད་ཀྱི་བཤད་སྟངས་ལྟར་ན། ཕུན་དབང་ལ་བློ་འདྲི་བྱས་ཡོད་ཟེར། འོན་ཀྱང་། ཡིག་ཆ་དེ་གྲོས་ཚོགས་ལ་བསྟན་མེད་པས། གཞན་ལ་སྟོན་སྲིད་དམ། ཧ་ལམ་ལོ་རྒྱུས་ཀྱི་ནོར་འཛོལ་ལ་གཡོལ་ཐབས་ཤིག་འཚོལ་བཞིན་པ་མིན་ནམ་སྙམ།
རྒྱ་རི་རིན་པོ་ཆེ་ཡིས་ལོ་ངོ་སྟོང་ཕྲག་རིང་བོད་གཅིག་གྱུར་བྱུང་མྱོང་མེད་ལབ་ཀྱིན་པ་ནི་བསྟོད་པའི་ཟོལ་གྱིས་རྒྱ་དམར་གཞུང་གི་བཤད་སྟངས་ལ་རྒྱབ་བསྐྱོར་གནང་བ་ཞིག་རེད། དེང་སྐབས་རྒྱལ་བ་རིན་པོ་ཆེ་ཨ་རིར་ཕེབས་ཐེངས་རེར་རྒྱ་རི་རིན་པོ་ཆེ་ཕྱི་ལོགས་སུ་ཕེབས་འགྲོ་བར་ལྟ་སྐབས། འདི་ནའང་གནད་དོན་ཆེན་པོ་ཞིག་ལྷགས་འདུག་བསམ།
་རྒྱ་གཞུང་གིས་སྔར་སྲིད་བློན་གྱིས་བོད་རིགས་མཐོ་རིམ་མི་སྣར་གཅིག་གྱུར་དགོས་མིན་ཟེར་བ་དེ་ཕྱི་ལོ ༡༩༥༧ལོའི་ཆིན་ཏོ་མི་རིགས་ལས་དོན་ཚོགས་འདུ་ཟེར་བ་དེ་རེད་ལ། སྐབས་དེར་འབའ་བ་ཕུན་དབང་སོགས་ཀྱིས་ཤུགས་བརྒྱབ་ནས་བོད་ཁུལ་གཅིག་གྱུར་ཐད་ཞིབ་འཇུག་ཚོགས་ཆུང་ཞིག་ཀྱང་བཙུགས་འདུག འོན་ཀྱང་། རྗེས་སུ་མདོ་སྟོད་སྨད་ཀྱི་བླ་མ་དང་འགོ་བ་ཚོར་མངོན་ལྐོག་གཉིས་ནས་ཤུགས་རྐྱེན་སྤྲད་དེ་ལམ་འགྲོ་བྱུང་བཅུག་ཡོད་པ་མ་རེད།
འདི་ལྟར་ལྟ་སྐབས། ཕུན་དབང་གྲོངས་པ་དང་བསྟུན་ནས་ཟམ་གདོང་རིན་པོ་ཆེ་ཡིས་སྔར་རྒྱལ་བ་རིན་པོ་ཆེ་ཡིས་གཙོ་བྱས་པའི་ཡུལ་གྱར་གནང་དོན་ལ་འབབ་ས་ཞིག་བཙལ་གྱིན་པར་སྣང་། དེའི་དོན་ནི་རྒྱལ་བ་རིན་པོ་ཆེ་ཕྱི་ལ་གྱར་དོན་བོད་ཁུལ་གཅིག་གྱུར་གྱི་རང་སྐྱོང་ཡིན་པ་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བམ། མེས་རྒྱལ་ཁ་བྲལ་གྱི་བྱ་སྤྱོད་ཅིག་མ་ཡིན་པར་སྒྲུབ་འདུན་ཡོད་པ་འདྲ། ད་ཚང་མས་བགྲོ་གླེང་གནང་རོགས།
༡༩༥༠ལོའི་ཟླ་བ་༡༠པའི་ཚེས་༦ཉིན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཆབ་མདོའི་དམག་ཐབས་བསླངས་པ་དང་། མི་གྲངས་བརྒྱད་སྟོང་ཙམ་ལས་མེད་པའི་བོད་དམག་ཕམ་པར་བྱས། ཚེས་༡༩ཉིན་བཅིངས་འགྲོལ་དམག་གི་ཆབ་མདོ་ཟུངས། བཅིངས་འགྲོལ་དམག་གིས་མདོ་སྨད་ཕྱག་མཛོད་ང་ཕོད·ངག་དབང་འཇིགས་མེད་ཚུད་པའི་དམག་དཔོན་དང་དམག་མི་༢༦༠༠འཛིན་ཟུངས་བྱས། ༡༩༥༡ལོའི་ཟླ་བ་༤པར་ང་ཕོད·ངག་དབང་འཇིགས་མེད་ཀྱིས་གཙོ་བྱས་པའི་མི་ལྔའི་སྐུ་ཚབས་ཚོགས་པ་པི་ཅིན་དུ་བསྐྱོད། ༡༩༥༡ལོའི་ཟླ་བ་༥པའི་ཚེས་༢༣ཉིན་སྐུ་ཚབས་ཚོགས་པས་བོད་ཀྱི་སྲིད་གཞུང་ལ་སྙན་གསེང་མ་ཞུས་(རྒྱུ་རྐྱེན་མི་གསལ)པའི་ཐོག་ནས《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་པ་རེད། ༡༩༥༠ལོའི་ཟླ་བ་༡༠པའི་ནང་ཆབ་མདོའི་ཟིང་འཁྲུག་ལངས། དམག་འཐབ་དུས་ཡུན་ཉིན་༡༨ཙམ་བྱས་ནས་མཐར་བཅིངས་འགྲོལ་དམག་གིས་བོད་དམག་༥༧༠༠ལྷག་ཙམ་བསད་པ་དང་ཆབ་མདོ་བཅིངས་འགྲོལ་བཏང་། དེས་བཅིང་འགྲོལ་དམག་བོད་དུ་བསྐྱོད་པར་ཐོག་མའི་སྒོ་མོ་ལྟ་བུ་ཞིག་ཕྱེ་བ་ཡིན་ཞེས་བརྗོད། གནས་ཚུལ་དེ་༡༩༥༡ལོའི་ཟླ་བ་ལྔ་པའི་ཚེས་༢༧ཉིན་པི་ཅིན་ཀུན་ཁྱབ་རླུང་འཕྲིན་ནས་ཏྰ་ལའི་བླ་མའི་སྙན་ལམ་དུ་ཐོག་མར་ཐོས། ༡༩༥༡ལོའི་ཟླ་བ་༡༠པའི་ཚེས་༢༤ཉིན་ཏྰ་ལའི་བླ་མས་མའོ་ཙི་ཏུང་ལ་གློག་འཕྲིན་བསྐུར་མནང་ནས་གྲོས་མཐུན་དོན་ཚན་བཅུ་བདུན་དང་ལེན་མནང་བའི་ཞལ་བཞེས་མནང་། རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་རྗེས་སུ། ༡༩༥༩ལོའི་ཟླ་བ་༦པའི་ཚེས་༢༠ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཞལ་བཞེས་མནང་མེད་པའི་ཁྱབ་བསྒྲགས་མནང་བ་དང་གྲོས་མཐུན་དོན་ཚན་བཅུ་བདུན་ནི་བོད་ས་གནས་སྲིད་གཞུང་དང་བོད་ལྗོངས་མི་དམངས་ཀྱིས་དྲག་ཤུགས་གིས་བཙན་ཤེད་འོག་མིང་རྟགས་བཀོད་པ་ཞིག་རེད་གསུངས།
ནང་དོན།
དང་པོ།
བོད་མི་དམངས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས།
གཉིས་པ།[རྩོམ་སྒྲིག]
མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོར་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ།
གསུམ་པ།[རྩོམ་སྒྲིག]
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་གྱི་མི་རིགས་སྲིད་ཇུས་གཞིར་བཟུང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་སྒྲིལ་གྱི་འགོ་ཁྲིད་འོག བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོངས་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད།
བཞི་པ།[རྩོམ་སྒྲིག]
བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བཅོས་བསྒྱུར་མི་བྱེད་པར། ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམན་རྣམས་ཀྱང་སྔར་བཞིན་གནས་རྒྱུ།
ལྔ་པ།[རྩོམ་སྒྲིག]
པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇགས་གནས་དགོས།
དྲུག་པ།[རྩོམ་སྒྲིག]
ཏཱ་ལའི་བླ་མ་དང༌། པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང༌། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་དབང་ཆའོ།
བདུན་པ།[རྩོམ་སྒྲིག]
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་ཇུས་ལག་ལེན་བྱས་ཏེ། བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང༌། ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག་བྱེད་རྒྱུ་དང༌། དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད།
བརྒྱད་པ།[རྩོམ་སྒྲིག]
བོད་ཀྱི་དམག་སྒར་རིམ་གྱིས་བཅིངས་འགྲོལ་དམག་ལ་ཚུར་བསྒྱུར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་དྲག་ཤུགས་ཀྱི་ཆ་ཤས་ཤིག་ཏུ་བསྒྱུར་རྒྱུ།
དགུ་པ།[རྩོམ་སྒྲིག]
བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ་སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ།
བཅུ་པ།[རྩོམ་སྒྲིག]
བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་ཀྱི་སོ་ནམ་དང༌། ཕྱུགས་ལས། བཟོ་ལས། ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་
སུ་གཏོང་རྒྱུ།
བཅུ་གཅིག་པ།[རྩོམ་སྒྲིག]
བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌། མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ།
བཅུ་གཉིས་པ།[རྩོམ་སྒྲིག]
སྔར་ཕན་གྱི་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་འབྲེལ་བ་བྱེད་པའི་དཔོན་རིགས་ཀྱིས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་གི་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ། ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱེད་ཆོག་པར་སྔར་བྱས་ལ་རྩད་གཅོད་མི་བྱེད།
བཅུ་གསུམ་པ།[རྩོམ་སྒྲིག]
བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་གོང་གསལ་དོན་ཚན་རྣམས་ཀྱི་སྲིད་ཇུས་ལ་སྲུང་བརྩི་བྱེད་རྒྱུར་མ་ཟད། ཉོ་ཚོང་དྲང་འཇོག་གིས་མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་གང་བྱུང་ལེན་མི་ཆོག
བཅུ་བཞི་པ།[རྩོམ་སྒྲིག]
ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་མཐའ་དག་གཅིག་གྱུར་གྱིས་བྱེད་རྒྱུ་དང༌། འདྲ་མཉམ་གཉིས་ཕན། ཕན་ཚུན་གྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་ལ་བརྩི་འཇོག་ཐོག་ཉེ་འདབས་རྒྱལ་ཁབ་དང་ཞི་མཐུན་གྱིས་གནས་རྒྱུར་མ་ཟད། དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་གོང་འཕེལ་གཏོང་རྒྱུ།
བཅོ་ལྔ་པ།[རྩོམ་སྒྲིག]
གྲོས་མཐུན་འདི་ཉིད་ལག་ལེན་བསྟར་བའི་འགན་ལེན་ཕྱིར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྒར་གྱི་དམག་སྤྱི་ཁང་འཛུགས་རྒྱུ་དང༌། ཀྲུང་དབྱང་གིས་བཏང་བའི་ལས་བྱེད་མ་ཚད། བོད་ཁུལ་གྱི་ལས་བྱེད་ཀྱང་གང་མང་རུག་སྟེ་ལས་ཀ་བྱེད་རྒྱུ། དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མི་རྣམས་བོད་ཀྱི་ས་གནས་སྲིད་གཞུང་དང༌། ཡུལ་ཕྱོགས་སོ་སོ། དགོན་པ་གཙོ་ཆེ་བ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེན་ཡོད་པ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང༌། གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་བཞག་གནང་བ་ཞུ་རྒྱུ།
བཅུ་དྲུག་པ།[རྩོམ་སྒྲིག]
དམག་སྲིད་ཨུ་ཡོན་ལྷན་ཁང་དང༌། ས་གནས་དམག་སྤྱི་ཁང༌། བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་གི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཏོང་རྒྱུ། བོད་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་འགྲོལ་དམག་ལ་འབྲུ་དང༌། གཞན་ཡང་ཉེར་མཁོ་སྒྲུབ་རྒྱུ། སྐྱེལ་འདྲེན་བཅས་ལ་རོགས་རམ་བྱེད་རྒྱུ།
བཅུ་བདུན་པ།[རྩོམ་སྒྲིག]
གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ།
http://bo.wikipedia.org/wiki/བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་#.E0.BD.93.E0.BD.84.E0.BC.8B.E0.BD.91.E0.BD.BC.E0.BD.93.E0.BC.8D
སྟག་སྨྱོན་ལགས།
རྒྱ་རིས་་་༼རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། “དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང” ཞེས་བཀོད་ཡོད། དེ་དག་ནོར་འཁྲུལ་མ་རེད། སྐབས་དེའི་དངོས་ཡོད་གནས་ཚུལ་རེད།༽ཅེས་བཤད་པ་འདི་དོན་མཐུན་ཞིག་ཅང་ཡིན་ས་མ་རེད་འདོད།
གྲོས་མཐུན་དོན་ཚན་༡༧་ནང་གི་བཅུ་གཉིས་པ།[རྩོམ་སྒྲིག]
༼སྔར་ཕན་གྱི་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་འབྲེལ་བ་བྱེད་པའི་དཔོན་རིགས་ཀྱིས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་གི་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ། ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱེད་ཆོག་པར་སྔར་བྱས་ལ་རྩད་གཅོད་མི་བྱེད།༽ཅེས་གྲོས་ཆོད་བཞག་འདུག
བོད་གཞུང་བཀབ་ཤག་གིས་ངོས་ནས་གོ་མིང་ཏང་གི་དབང་སྒྱུར་བྱས་མྱངས་སའི་འབྲུ་ཆུ་མར་ཕྱོགས་བོད་ཀྱི་ས་ཁུངས་འདོད་ཀྱི་མེད་ན་རྒྱ་བོད་བར་དུ་གྲོས་མཐུན་བཞག་དགོས་དོན་མི་འདུག་ག གོ་མིང་གི་ཏང་ལ་འབྲེལ་བ་བྱེད་མཁན་དང་ཁྲལ་སྤྲད་མཁན་འབྲུ་ཆུའི་མར་ཕྱོགས་ཀྱི་བོད་ཤར་ཕྱོགས་པ་རྣམས་རེད། བོད་གཞུང་བཀའ་ཤག་གིས་ངོས་ནས་འབྲུ་ཆུའི་མར་ཕྱོགས་རྒྱ་ཁུངས་རེད་འདོད་ཀྱི་ཡོད་ན་རྒྱ་བོད་བར་དུ་གྲོས་ཆོད་ཡོང་སྟངས་ཤེས་ཐབས་མི་འདུག་འདོད།
རྒྱ་ནག་གིས་ལ་བོད་བཙན་འཛུལ་བྱས་སྐབས། བོད་གཞུང་བཀའ་ཤག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་བདེ་སྡུག་ཞུས་སྐབས། “དུས་ཡུན་རིང་པོའི་བོད་རྒྱའི་ས་མཚམས་འབྲུ་ཆུ་བརྒལ་ཏེ་བཙན་འཛུལ་བྱས་སོང” ཞེས་བཀོད་ཡོད་པའི་སྙན་ཞུའི་ཡིག་ཆ་འདིར་མཐོང་མྱངས་མཁན་དང་འདྲ་དང་ཡིག་ཆ་འདྲ་ཤུལ་ copyཡོད་མཁན་ཡོན་ན་ངོ་སྤྲོད་གནང་རོགས་ཅེས་རེ་བ་ཞུ་བཞིན་ཡོད།