སྨན་པ་བསྟན་འཛིན་གྲགས་པ།
༄༅།། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ཟླ་བ་དང་པོའི་ཚེས་བཅུའི་གཟབ་གསོལ་སྐབས་ཀྱི་གཞུང་བསྟེན་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་དོན་བཞིན་ཞབས་རིམ་ཁག་ཅིག་གནད་སྨིན་འབད་སྒྲུབ་ཞུ་དགོས་པ་གཤམ་གསལ།
༡། གཟུངས་སྔགས་ཡིག་དྲུག ཨོཾ་མ་ཎི་པདྨེ་ཧཱུཾ།
༢། ཐུབ་པའི་མཚན་སྔགས། ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་ཡེ་སྭཱཧཱ།
༣། སྒྲོལ་མའི་གཟུངས་སྔགས། ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།
༤། གུ་རུའི་གཟུངས་སྔགས། ཨོཾ་ཨཱ:ཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧ྄ཱུཾ།
༥། རྟ་མགྲིན་གཟུངས་སྔགས། ཧྲཱི:བཛྲ་ཀྲོ་དྷ་ཧཱ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།
༦། སྨན་བླའི་གཟུངས་བསྡུས་པ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ། མཧཱ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ། རཱ་ཛཱ་ས་མུངྒ་ཏེ་སྭཱཧཱ།
གཞན་ཡང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་དང་། མཧཱ་གུ་རུའི་ཐུགས་དམ་གནད་བསྐུལ། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། བོད་ལྗོངས་ལྷ་སྲུང་གི་འཕྲིན་བསྐུལ། ཨོ་རྒྱན་འབྱུང་བཞིའི་ལྷ་མོའི་གསོལ་འདེབས། དང་།
སྤྱི་རིམ་གསལ་བསྒྲགས།
༄༄། །༧རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་བདེ་ཐབས། དེང་གི་ཆར་ཡང་སྐྱེ་འགྲོའི་སྤྱི་མཐུན་ལས་ཀྱིས་སྨིན་པའི་འཛམ་གླིང་འདིའི་ནད་ཡམས་ཞི་བ་དང་སྐྱེ་འགྲོའི་བསོད་ནམས་གསོག་ཕྱིར། བླ་ལྷའི་ཐུགས་དམ་དགོངས་དོན། མང་ཚོགས་སྤྱི་བྱིངས་ནས་རྒྱུན་དུ་ཐུབ་པའི་མཚན་སྔགས་དང་། ཡི་གེ་དྲུག་མ་འགྲོ་གང་ཆེ། ཏཱ་རེའི་བསྟོད་པ་དང་འབྲེལ་གཟུངས་སྔགས་རང་རང་བབ་ཀྱི་རྒྱུན་བསྲིངས་དགོས་པ་བཅས་རང་དོན་རང་གཅེས་ཀྱིས་བསྒྲུབ་གལ་ཆེ་བའི་འབོད་སྐུལ་དུ། དགའ་ལྡན་ཕོ་བྲང་ཡིག་ཚང་ནས། སྤྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ ལ།།
མ་ཤེས་པ་འགའ་རེ་ཡོད་སྲིད་པས། དེས་ན་ཞབས་རིམ་གསལ་བསྒྲགས་ཁག་གཉིས་འདིར་ལྷོ་བྲག་ལྷ་ཁང་བ་སྨན་པ་བསྟན་འཛིན་གྲགས་པས་སྤྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༨ ཉིན་ཕུལ། ། སརྦ་མངྒ་ལཾ། །