—–ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་དག་ཁྲེགས་ཆོད་གདམས་པའི་གནད་གསང་རྟོགས།།
ལྷུན་གྲུབ་ཐོད་རྒལ་གོམས་པའི་གྲུབ་འབྲས་ལས།།
འདི་ཕྱིར་རང་དབང་ཐོབ་པའི་རྒྱལ་བའི་སྲས།།
མཁན་པོ་ཐུབ་བསྟན་ཤེས་རབ་རྒྱལ་གྱུར་ཅིག།
དང་པོ་ཐོས་བསམ་དད་བརྩོན་རྩ་བ་བརྟན།།
བར་དུ་སྒོམ་པའི་རྣལ་འབྱོར་ལོ་འདས་རྒྱས།།
མཐར་ཕྱིན་སྤངས་རྟོགས་ཡེ་ཤེས་འབྲས་བུ་མངོན།།
ཡང་དག་རྫོགས་ཆེན་བླ་མ་རྒྱལ་གྱུར་ཅིག།
ཐུབ་བསྟན་ལུང་རྟོགས་འཛིན་སྐྱོང་སྤེལ་བ་ལ།།
ཤེས་རབ་ཕར་ཕྱིན་གསང་ཆེན་རྣལ་འབྱོར་མཆོག།
བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་སྲས་རྗེ།།
བཤད་སྒྲུབ་ཕྲིན་ལས་མགོན་པོ་རྒྱལ་གྱུར་ཅིག།
ཁམས་དྲུག་དྭངས་མར་འཇའ་ལུས་ཆོས་སྐུར་གྲོལ།།
ཚངས་དབྱངས་བདེན་པས་ལོངས་སྤྱོད་རྫོགས་སྐུར་སྨིན།།
འགྲོ་འདུལ་སེམས་དཔའ་སྣ་ཚོགས་སྤྲུལ་སྐུར་ཤར།།
ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་གྱུར་ཅིག།
ཅེས་པ་རབ་གནས་ཤིང་ལུག་རྒྱལ་ཟླའི་དབང་ཕྱོགས་དགའ་བ་དང་པོར་ཤར་རྒྱལ་བ་ཀཿ་ཐོག་པའི་མཁན་པོ་ཐུབ་བསྟན་ཤེས་རབ་ཀྱི་འདས་རྟགས་ལ་ཡི་རང་བཅས་སྨོན་ཚིག་ཏུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཤྲྰི་ཨེ་མ་ཧོས་རྒྱལ་སྨོན་བགྱིས་པར་དགེའོ།། །།
མཁན་པོ་ཐུབ་བསྟན་ཞུ་བ་འདིའི་སྐོར་དང་གྲོང་རྟགས་གསལ་པོ་རེ་གསུང་མཁན་ཡོད་ན་ཉན་འདོད་ཧ་ཅང་ཆེ་ལགས། །
རྟ་བདུན་དབང་པོ་ལེགས། ཀཿ་ཐོག་པའི་མཁན་པོ་ཐུབ་བསྟན་ཤེས་རབ། དཀར་མཛེས་ཁུལ། གསེར་རྟ་རྫོང་། རག་བཀྲམ་ཡུལ་ཚོ། ཏོག་ཚ་སྡེ་བ་རེད། དགོན་པ། ཀཿཐོག་པའི་ཆོས་རྒྱུན། གཞི་ཆེན་རག་བཀྲམ་བྱམས་པ་གླིང་རེད། གཞི་ཆེན་ལ་མ་དགོན་གསུམ། བུ་དགོན་ཉེར་གཅིག་ཟེར་བ་ཡོད། གཞི་ཆེན་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གདུང་རྒྱུད་ཁམས་སུ་བྱོན་པ། གཞི་ཆེན་སྐྱབས་མགོན་ཟེར་བས་བཏབ། འདིའི་གདུང་བརྒྱུད་དར་རྩེ་མདོ་ལྕགས་ལ་རྒྱལ་པོ། ཁམས་བྲག་མགོ་གནས་ནང་དགོན་གྱི་གདུང་རྒྱུད། གཞི་ཆེན་མཁར་དམར་གླིང་གི་གདུང་རྒྱུད་བཅས་སོ། །མཁར་དམར་བུ་ཆེ་བ་གདུང་འཛིན་ཡིན་པས་གཞིས་ཀ་ཆེ་བ་དང་། གནས་ནག་ལ་གྲུབ་ཐོབ་ཚང་། ལྕགས་ལ་ལ་རྒྱལ་པོ་ཚང་ཟེར་སྲོལ་ཡོད་ཟེར། །
དྲི་མེད་ལྷག་བསམ་ལགས་བཀའ་དྲིན་ཆེ། །
གནམ་ལ་འཇའ་གུར་དང་ས་ལ་གངས་ཀྱི་མེ་ཏོག་བབས་ལུགས་ལ་བལྟས་ན་ཡ་མཚན་ཞིག་འདུག སྐྱབས་སུ་མཆི།། ཆོས་པ་ཡང་དག་དང་། བླ་མ་མཁྱེན་ནོ།།
སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་ད་དུང་ཐུགས་ལ་བཞུགས་འདུག
དྲི་མེད་ལྷག་བསམ་ལ་དྲི་གཅིག་ཡོད།
ཐུགས་ཁོམས་ན་ལན་ཞིག་ཡོད་པར་མཁྱེན་ནོ།
བླ་མ་མཚན་ལྡན་ནམ་ཆོས་པ་ཡང་དག་དང་ཁྱད་པར་འདི་ལྟར་དགེ་བའི་བཤེས་གཉེན་ཞིག་འདས་ན་སྐུ་གདུང་བཅོས་བསྒྱུར་དངམཆོད་འབུལ་དང་བདག་གཅེས་ཇི་ལྟར་དགོས་སམ།