སྒྱུར་བ་པོ། རྫ་ཚེ་རིང་བཀྲ་ཤིས།
(དེ་ཡང་༼མཁྱེན་བརྩེའི་རོགས་རེས欽哲互動༽ཞེས་པའི་འཛམ་གླིང་ས་ཁུལ་འདྲ་མིན་གྱི་སློབ་མས་རང་དབང་གིས་དྲི་བ་བཀོད་པར་མཁྱེན་བརྩེ་རིན་པོ་ཆེ་སྐུ་དངོས་ཀྱིས་དྲ་ལམ་བརྒྱུད་ལན་འདེབས་གནང་སའི་དྲ་ལམ་གླེང་སྟེགས་ཞིག་གིས་སྤྱི་ལོ་༢༠༡༧ ཟླ་༡ ཚེས་༢༢ ཉིན་སྤེལ་བའི་ནང་དོན་འདི་བཞིན། ཆོས་གྲོགས་དབང་སྟོད་སྤྲུལ་སྐུ་ཐུབ་ནོར་མཆོག་ནས་བཀའ་གནང་བཞིན་འཕྲལ་དུ་སྒྱུར་བ་ཡིན་པས་ཡིག་ནོར་དོན་ནོར་གང་མཆིས་ཀློག་པ་པོར་འཆགས)
སློབ་མའི་དྲི་བ།
རིན་པོ་ཆེ་ལགས། ཁྱེད་ཀྱིས་དགོངས་ན། ནང་པ་སངས་རྒྱས་པའི་མ་འོངས་པའི་ཆེས་སྔོན་སྐྱོད་མི་སྣ(領軍人物)ར་འགྱུར་རྒྱུའི་རེ་བ་ཆེ་ཤོས་དེ་སུ་ཡིན་པར་གཟིགས་ཀྱི་འདུག
རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ལན།
ཁྱེད་ཀྱིས་དྲི་བ་འདི་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། གནས་བརྟན་སྡེ་པ་དང་། བསམ་གཏན་ཆོས་ལུགས་སམ། རྒྱ་ནག་ཐེག་ཆེན་གྱི་བརྒྱུད་པའི་ད་ཡོད་གནས་བབ་སྐོར་མང་པོ་ངས་ཤེས་ཀྱི་མེད། བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་ཡང་ཉུང་ཉུང་མ་གཏོགས་ཤེས་ཀྱི་མེད། མདོར་ན་ངས་གང་བཤད་པ་དེ་རང་ཉིད་ཀྱི་བློ་རྒྱ་ཆུང་ཆུང་དང་ཕྱོགས་ལྷུང་ཅན་གྱི་གུ་དོག་གི་མཐོང་ཚུལ་ཙམ་རེད།
འོན་ཀྱང་། སངས་རྒྱས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས། ནང་པ་སངས་རྒྱས་པའི་མ་འོངས་པའི་ཕྱོགས་ལ་སེམས་ཁྲལ་དང་དངངས་སྐྲག་རེ་ང་ལ་ཡང་ཏན་ཏན་འདུག
མི་རབས་རྗེས་མའི་ལོ་ན་གཞོན་པའི་བོད་བརྒྱུད་ནང་བསྟན་གྱི་སྣེ་ཁྲིད་མི་སྣ་དེ་ཚོས་མ་འོངས་པའི་ནང་ཆོས་ཀྱི་ཕྱོགས་ལ་འགན་འཁྲི་འཁུར་ཐུབ་པ་ཞིག་དགོས་ན་ལས་དོན་མང་པོ་ཞིག་ད་ལྟ་ནས་སྒྲུབ་དགོས་པ་ཞིག་རེད། ངས་ལབ་བཞིན་པའི་ན་གཞོན་ནི་ལོ་ཚད་ང་ཚོ་ལས་གཞོན་པ་ཚོར་ཟེར་གྱི་ཡོད།
བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ལ་མིག་སྐོར་ཞིག་རྒྱག་སྐབས། ངས་བསམ་ན་གསེར་རྟ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་ཧ་ཅང་ཁྱད་དུ་འཕགས་པ་རེད་འདུག ང་ཁོང་གཉིས་དང་མཉམ་དུ་མཚར་ལོངས་བྱུང་བ་མ་རེད་ལ། ཁོང་གཉིས་ནི་ངའི་འདྲིས་ཞིབ་ཆེ་བའི་མི་ཡང་མ་རེད། འོན་ཀྱང་ལོ་འདི་ཀའི་རིང་ལ། ངའི་དོ་སྣང་དེ་རྟག་པར་ཁོང་གཉིས་ཀྱི་ཕྱོགས་སུ་དྲངས་སོང་།
དངོས་གནས་བྱས་ན། ཁོང་རྣམ་པ་གཉིས་ཀྱི་སྐོར་ལ་གླེང་སྐབས། བཤད་མཁན་ང་ལྟ་བུ་བློ་རྒྱ་ཆུང་ཆུང་དང་ཕྱོགས་རེའི་མིག་ཅན་ཞིག་ཡིན་མིན་ལ་མ་ལྟོས་པར་ངས་གང་བཤད་བཞིན་པའི་སྐད་ཆ་འདི་དག་ལ་དོ་སྣང་དང་མཐོང་ཆེན་གནང་རྒྱུའི་རེ་བ་ཡོད།
ང་ནི་རང་མཐོང་ང་རྒྱལ། ཕྲག་དོག་དང་འགྲན་སེམས་ཆེ་ཐག་ཆོད་བསྡད་མཁན་ཞིག་ཡིན་སྟབས། ངས་འདི་ལྟར་ང་ཡིས་གུས་ཞབས་ཆེ་ཤོས་ཞུ་ཡུལ་ཁོང་རྣམ་པ་གཉིས་ཡིན་ཞེས་ལབ་ཡོང་དུས་ཁྱེད་ཚོས་སེམས་ནང་དུ་བཞག་ན་འགྲིག་གི་རེད། རྒྱུ་མཚན་གང་ཡིན་ཟེར་ན། ང་ནི་ལས་སླ་པོས་སྐད་ཆ་འདི་འདྲ་བཤད་ཐུབ་མཁན་ཞིག་མིན།
དེང་སང་གི་དུས་སྐབས་འདིར། ངས་ན་གཞོན་མང་པོ་ཞིག་གི་སྐོར་ལ་གོ་ཐོས་བྱུང་ཞིང་། གསར་སྐྱེས་སྤྲུལ་སྐུ་དེ་ཚོའི་ལས་ལུགས་བཅའ་སྟངས་ཐད། དང་ཐོག་ང་ཚོས་ཁོང་ཚོར་རེ་བ་ཆེན་པོ་བརྒྱབ་ན་ཡང་། རྗེས་མ་ཁོང་ཚོ་དང་འབྲེལ་བའི་དོན་དག་འདྲ་མི་འདྲ་མང་པོ་གོ་ཡོང་དུས། ཐ་ན་ཁོང་ཚོ་ཡང་བསྐྱར་མཐོང་འདོད་ཀྱང་མེད་པ་ཞིག་ཆགས་ཀྱི་ཡོད།
དེ་ལས་ལྡོག་སྟེ། ཁོང་རྣམ་པ་གཉིས་ཀྱི་ཡོན་ཏན་དེ་ཚོ་གསར་པོར་ཤར་ནས་དུས་ཚོད་གང་འཚམས་རིང་པོ་ཞིག་ཕྱིན་ཟིན་པ་དང་། ཁོང་གཉིས་ཀྱི་ད་ལྟའི་མཚན་སྙན་གྲགས་དང་། ཐ་ན་རྗེས་འཇུག་པའི་གྲངས་ཀ་ཁོ་ནས་བསམ་ན་ཡང་། སྤྱིར་བཏང་བ་ངན་རུལ་བ་ཞིག་ཡིན་ན་རུལ་སུངས་སུ་འགྱུར་རྒྱུའི་རྒྱུ་རྐྱེན་ཡོངས་སུ་ཚང་བསྡད་ཡོད། འོན་ཀྱང་། དེ་འདྲའི་དོན་རྐྱེན་གང་ཡང་ཐོན་མ་སོང་།
ཁོང་གཉིས་ལ་ཕྲག་དོག་བྱེད་མཁན་ཉུང་ཤས་ཤིག་གིས་ཕྲག་དོག་གི་སྐད་ཆ་དེ་ཚོ་ལས་གཞན། ཐ་ན་མཁན་པོ་ཁོང་རྣམ་པ་གཉིས་ཀྱིས་མ་འོས་པའི་བྱ་བ་འདི་འདྲ་ཞིག་བྱས་པ་རེད་ཅེས་ལབ་པ་ཙམ་ཡང་གོ་མ་མྱོང་།
ཁོང་གཉིས་ཀྱི་མཁྱེན་པའི་ཡོན་ཏན་མི་ཚང་མས་ཤེས་པ་ཞིག་རེད། དེ་ཙམ་མ་རེད། ཁོང་གཉིས་ཕར་ལྟས་ན་ཡང་། ཁ་ཞེ་གཉིས་མེད་ཀྱིས་གཏམ་སྤྱོད་གཅིག་མཐུན་གནང་མཁན་ཞིག་ཆགས་བསྡད་ཡོད། ད་དུང་། ཁོང་གཉིས་ལ་ཆོས་རྗེས་ཆེ་གེ་མོ་དང་། རིམ་པ་མཐོ་བའི་བླ་མ་ཆེ་གེ་མོའི་ཡང་སྲིད་ཀྱི་མིང་མེད་ལ། དམིགས་བསལ་ལམ་དམིགས་བསལ་དབང་ཚད་མངའ་བའི་ཁྱིམ་རྒྱུད་དུ་སྐྱེས་པའི་རྒྱབ་ལྗོངས་ཡང་མེད། འོན་ཀྱང་། ཁོང་གཉིས་ཀྱིས་ཁོང་རང་ཉིད་ཀྱི་དཀའ་ངལ་ཁྱད་བསད་ཀྱི་འབད་བརྩོན་དང་། ཐོས་བསམ་སྒོམ་གསུམ་དང་སངས་རྒྱས་ཀྱི་ཆོས་དར་སྤེལ་གནང་བ་སོགས་ཀྱི་ཆ་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་ཐོབ་བསྡད་པ་ཞིག་རེད།
ངས་ལྷག་བསམ་ཟོལ་མེད་ཀྱིས་ཁོང་རྣམ་པ་གཉིས་སྐུ་ཚེ་རིང་པོ་ཡོང་བར་སྨོན་ལམ་འདེབས་ཀྱི་ཡོད། ཁོང་གཉིས་སྐུ་གཟུགས་བདེ་ཐང་ཡོང་བ་དང་། ཁོང་གཉིས་ཀྱི་ཆོས་ཀྱི་མཛད་ཕྲིན་དར་རྒྱས་ཡོང་བར་གསོལ་བ་འདེབས་ཀྱི་ཡོད། ཁོང་གཉིས་ལྟ་བུ་དེ་ཚོས། གཞན་གྱིས་གཅེས་ལངས་བཏང་བ་དང་། ཡང་དག་པའི་སློབ་གསོས་ཕོངས་པ། ཀླད་པ་འཚང་ནས་མགོ་ཐོག་ལ་ཆོས་ཀྱི་རྒྱལ་པོའི་མཚན་གནས་ཁུར་མཁན། བྱ་བ་གང་ཡང་མི་ཐོན་མཁན་གྱི་སྐྱེེ་སྤྲུལ་དེ་ཚོའི་སེམས་ལ་གཏོར་སྐྱོན་ཆེན་པོ་བཏང་ཡོད།
ཡིད་སྐྱོ་བ་ཞིག་ནི། དུས་རྒྱུན་ཁོང་གཉིས་ལ་བསྟོད་བསྔགས་བྱེད་མཁན་ཡོད་ས་དེར་ཕྲག་དོག་དང་བརྣབ་སེམས་བྱེད་མཁན་ཡང་ཡོད། དཔེར་ན། ངས་ཉེ་ཆར་བོད་ཡིག་གི་དྲ་ཚིགས་ཤིག་གི་ཐོག་ནས་བོད་མི་ཞིག་གིས་བླ་རུང་གི་ཁང་པ་གཏོར་བའི་དོན་རྐྱེན་དང་འབྲེལ་བའི་ཨ་ལན་སློག་པ་ཞིག་མཐོང་བྱུང་། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་ནི་ཟུར་ཟའི་ཚིག་གིས། བླ་རུང་སྒར་གྱི་རླབས་ཆེན་གྱི་སྲུང་མ་གེ་སར་རྒྱལ་པོ་གང་དུ་ཕྱིན་པ་རེད། ཆང་འཐུང་མང་དྲགས་པ་རེད་དམ། ཆང་འཐུང་བ་མང་དྲགས་ནས་རོགས་པ་མི་ཐུབ་པ་རེད་དམ་ཞེས་འཕྱ་སྨོད་བྱས་པ་ཞིག་རེད།
གེ་སར་དང་མཁན་པོ་རྣམ་པ་གཉིས་ལ་ཕྲག་དོག་གིས་ཟུར་ཟ་བྱེད་མཁན་དེ་དག་རྒྱུ་རྐྱེན་གང་འདྲ་ཞིག་གིས་ཡིན་ནའང་ཡིན། གང་ལྟར་བླ་རུང་སྒར་གྱི་ཁང་པ་གཏོར་སྐབས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས་རྣམ་པ་གཉིས་ཀྱི་ངོས་ནས་བློ་བརྟན་འགྱུར་མེད་ཀྱིས་ཁོང་གི་རྗེས་འཇུག་དག་ལ་ཡ་ལན་གང་ཡང་བྱེད་མི་ཉན་ཞེས་གསུངས་པ་རེད། རྒྱུ་མཚན་དེས་གཏོར་བཤིག་གི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་དུ་ཁོང་ཁྲོའི་འབོད་སྒྲ་གཅིག་ཀྱང་ཐོས་རྒྱུ་མེད་པར་མ་ཟད། རྣ་ལ་གཟན་པའི་ཚིག་གཅིག་ཀྱང་མེད།
དེ་ནི་ཤཱཀྱ་ཐུབ་པར་འབོད་པའི་སངས་རྒྱས་དེས་གང་ཞིག་བསླབ་པའི་དགེ་སྦྱོང་གི་ཆོས་བཞི་སྟེ། ངན་སྨས་དང་འཕྱ་སྨོད་སྤྱད་ནས་ངན་སྨྲས་དང་འཕྱ་སྨོད་ལ་ཡ་ལན་མི་སྤྲོད་པ་དང་། ཚིག་གཟེར་པོ་སྤྱད་ནས་ཚིག་གཟེར་པོ་ལ་ཡ་ལན་མི་སྤྲོད་པ། གཞན་གྱིས་བརྡུང་རྡེག་བྱས་པར་བརྡུང་བརྡེགས་ཀྱི་ཡ་ལན་སློག་རྒྱུ་མེད་ཅེས་གསུངས་པའི་དགོངས་དོན་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མཁན་པོ་བསོད་དར་རྒྱས། དེ་བཞིན་ཁོང་གཉིས་ཀྱི་རྗེས་སུ་འབྲངས་མཁན་གྱི་གསེར་རྟ་བླ་རུང་གིས་ད་ཐེངས་བཀའ་སློབ་སྒྲུབ་ཐུབ་སོང་བ་རེད།
གལ་ཏེ། འདི་ཡང་སྲུང་མ་གེ་སར་གྱི་སྲུང་སྐྱོབ་མིན་ན། འོ་ན་ག་འདྲ་ཞིག་ལ་ཆོས་སྐྱོང་བའི་སྲུང་མ་ལབ་དགོས་པ་ངས་ཤེས་མ་སོང་། འོན་ཀྱང་ངས་བལྟས་ན། གྲུབ་འབྲས་འདི་གཅིག་པུའི་ཆ་ནས་ཀྱང་གེ་སར་རྒྱལ་པོ་ལ་ཆོས་སྐྱོང་ཚང་མའི་ནང་ནས་གནས་རིམ་མཐོ་ཤོས་ཀྱི་ཆོས་སྐྱོང་གི་མཚན་གསོལ་ནའང་འགྲིག་ས་རེད།
ཡག་པོ་གསུངས་འདུག
མཁས་པས་མཁས་པ་དཔྱོད་ཤེས་ཀྱི། །
བླུན་པོས་མཁས་པ་ག་ལ་ཤེས། །
མཁས་པ་མཁས་པར་འདྲི་དགོས་ཀྱི། །
བླུན་པོ་རྣམས་ལ་ཅི་བྱར་ཡོད། །
ཅེས་ཀྱང་སྨྲ་འདོད་དོ།།
དྲང་པོ་གསུངས་འདུག མ་གཞི་ནས་སྤྲུལ་སྐུ་ཡིན་ལ་མིན་ལ་མང་པོ་ཞིག་གིས་བསྟན་པ་མི་ཕན་པར་གནོད་ཀྱི་འདུག སྤྲུལ་སྐུ་འགའ་ཞིག་སོ་སོ་ནང་མི་སྤུན་མཆེད་ནང་ལ་འཁྲུངས་པ་སོགས་བླ་བྲང་གི་རྒྱུ་ནོར་གཞན་ལ་མི་ཤོར་བའི་ཆེད་དུ་རེད་འདུག དེ་ཚོ་ཆབ་སྲིད་པ་ནང་བཞིན་རེད། མདོར་ན་གསེར་རྟ་མཁན་པོ་རྣམ་གཉིས་ཀྱི་བསྟན་པ་ལ་ཕན་ཐོགས་ཆེ།
་་་་་་་ གྲུབ་འབྲས་འདི་གཅིག་པུའི་ཆ་ནས་ཀྱང་གེ་སར་རྒྱལ་པོ་ལ་ཆོས་སྐྱོང་ཚང་མའི་ནང་ནས་གནས་རིམ་མཐོ་ཤོས་ཀྱི་ཆོས་སྐྱོང་གི་མཚན་གསོལ་ནའང་འགྲིག་ས་རེད། ་་་་་་་་་ ཟེར།
དགེ་སྦྱོང་གི་ཆོས་བཞི་ནི། གཤེ་ཡང་སླར་མི་གཤེ་བ། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་རྡེག་པ། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ།
ཡང་ཆོས་ལུགས་པའི་གཡོ་བཤད་རེད་འདི་ཚོ་ལ་ངོ་ཚ་ཡ་ཟིག་མི་འདུག
རྒྱ་དམར་ཚང་གིས་གསེར་རྟའི་གྲྭ་ཤག་མང་བོ་གཏོར་བཤིགས་བྱེད་སྐབས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་བཀའ་སློབ་ཅིག་ན་ཁོང་ཚོས་བཤིགས་བཏང་ན་ང་ཚོས་སྐྱར་དུ་ཡང་ལས་ཆོག་པ་རེད་ཅེས་ཀའ་སློབ་ཅིག་འདུག དེ་ནི་ཧ་ཅང་གི་སྣང་བར་འགྲོ་མ་སོང་། བསྐྱར་དུ་ལས་དགོས་ན་མི་མང་གི་དཀའ་ལས་ཡིན་པ་ལས་བླ་མ་ཚོས་མ་ཡིན། འདི་ལྟ་བུ་ནི་འགན་ཁུར་མེད་པའི་གཏམ་བཤད་རེད་བསམ་བྱུང་། །
རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ལན། ཞེས་རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་གསུངས་པ་དེ་རྣམས་ཀློག་པོ་དང་། དེ་དག་གིས་རྗེས་སུ་འབྲང་དགོས་པ་ཞིག་གོ །
ད་རེས་རྒྱ་གཞུང་གིས་བླ་རུང་གཏོར་བཤིག་གཏོང་སྐབས། བཟོད་པ་སྒོམས་ནས་ཆོས་ཕྱོགས་ཀྱི་འཚེ་བ་མེད་པའི་ཡ་ལན་སྤྲོད་པ་འདིས། ལོ་རྒྱུས་ཐོག་གོམས་པ་གསར་པ་ཞིག་སྤོས་སོང་། ངོ་མ་རླབས་ཆེན་གྱི་ལས་འགུལ་རེད། རྣམ་དཔྱོད་ཀྱི་ལས་འགུལ་རེད། ང་ཚོ་བོད་པ་ཚོས་རྒྱ་ནག་གི་བཙན་གནོན་རེ་རེར་འདི་ལྟ་བུའི་ཡ་ལན་སྤྲད་ཡོད་ན། ད་གཟོད་ང་ཚོ་ཐབས་སྡུག་པོ་འདི་འདྲར་ལྷུངས་མེད། ང་ཚོར་མཁན་པོ་རྣམ་གཉིས་ལྟ་བུའི་དབུ་ཁྲིད་ཅིག་ཡོད་ན། ང་ཚོའི་མདུན་ལམ་ནི་བླ་རུང་གི་མདུན་ལམ་བཞིན་ཕྱོགས་བཞིར་བསྒྲེང་ཐུབ། ང་ཚོར་འདི་ལྟ་བུའི་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་བོད་ནང་ལ་མེད།
ང་ཚོས་བསམ་བློ་རྒྱ་ཆེན་པོ་བཏང་ནས་ མཁན་པོ་ཚུལ་ཁྲིམས་ལྟ་བུ་མི་རིགས་སྤྱིའི་དབུ་ཁྲིད་ལ་གསོལ་དགོས། ང་ཚོས་འདི་ཇི་ལྟར་བསྒྲུབ་ཐུབ་བམ།
ཟུར་གནས་ལགས། མཁན་པོ་མི་རིགས་སྤྱིའི་དབུ་འཁྲིད་དེ་ཁག་པོ་རེད། ཐ་ན་རྙིང་མ་ཚང་གི་དབུ་འཁྲིད་ཆགས་ཁག་པོ་རེད། ཡིན་ནའང་མཁན་པོ་མཆོག་བོད་ནང་ལ་བཀའ་སློབ་ལམ་སྟོན་ཡག་པོ་གནང་གི་འདུག
དད་པ་དག་སྣང་རང་སེམས་ལྷག་པའི་བློ་།
དད་པ་དག་སྣང་སེམས་ཉིད་གཙང་བའི་བློ་།
དད་པ་དག་སྣང་དམ་ཚིག་སྲུང་བའི་བློ་།
དད་པ་དག་སྣང་བསྟན་པ་སྲུང་བའི་བློ་།
ནུབ་ཕྱོགས་གངས་ཕྲུག་ལགས། ཁོང་རྙིང་མའི་དབུ་ཁྲིད་ཆགས་རྒྱུར་དཀའ་ངལ་ཨ་ཡོད། དེ་ཕྱོགས་ལྷུང་གི་སྐད་ཆ་མིན་ནམ།
མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་ཡུན་དུ་བཞུགས་པ་ལ་གཙོ་བོ་དགེ་འདུན་གྱི་སྡེ་སྤྱི་དང་ནང་པའི་སྤྱི་ཚོགས་ཁྱོན་ཡོངས། ནང་བསྟན་དར་སའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་། འཛམ་གླིང་གི་ནང་པ་ཁྱོན་ཡོངས་བཅས་པར་རག་ལས་པ་ཞིག་རེད་དོ།
མ་འོངས་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་ཡུན་དུ་བཞུགས་པར་གཙོ་ཆེ་ཤོས་ཤིག་ནི་དགེ་འདུན་གྱི་སྡེ་ལ་ཐུག་ཡོད་རེད། དེ་ནས་ནང་པའི་སྤྱི་ཚོགས། ནང་བསྟན་དར་སའི་རྒྱལ་ཁབ་སོ་སོའི་སྲིད་གཞུང་། ནང་པའི་སྤྱི་ཚོགས་ཁྱོན་ཡོངས་བཅས་པར་རག་ལས་པ་ཞིག་ལས་མི་རེ་གཉིས་ཀྱིས་ཅི་གང་ཞིག་གནང་ཐུབ་ཡ་ཡོད་མ་རེད་དོ།།
ཚུལ་ཁྲིམས་བློ་གྲོས་ནས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་བཙུགས་ཏེ། འབྲོག་པ་གནས་སྤོས་སྲིད་བྱུས་ལ་མཐུན་འགྱུར་བྱས། དགེ་བཅུའི་ཁྲིམས་འགལ་ལ་བསྙད་དེ་དགོན་གྲོང་བར། གྲོགས་པོའི་བར། སྐྱ་སེར་བར་དཀྲུགས་ཤིང་གང་མིན་ཚད་བྱས་པ། བན་དེ་སྐྱ་མིན་སེར་མིན། རྫོང་སེར་མཁྱེན་བརྩེ་སྤྲུལ་སྐུས་གང་ནས་ཤེས། མཁྱེན་བརྩེར་སྤྲུལ་སྐུའི་མིང་བཏགས་ཤིག་ཡིན་པའི་ཆ་ནས་ཆུང་དུས་ནས་དཔལ་འབྱོར་ཐད་དཀའ་ངལ་མ་འཕྲད་ཅིང་། རང་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་པ་སུ་གང་ལའང་བསྟུན་མི་དགོས་པར་འདོད་ཀྱི་ཡོད་ལ། སྤྱོད་པ་འཆལ་བོ་གནང་རྐྱང་གནང་གི་ཡོད། དངོས་གནས་མི་སེར་དཀྱུས་མ་གནང་འདོད་ཡོད་ཚེ། སྤྲུལ་སྐུའི་མིང་དང་འབྲེལ་བའི་དཔལ་འབྱོར་གྱི་ཡོང་འབབ་རྣམས་དང་འབྲེལ་བ་གཏན་གཅོད་ཀྱིས། རང་གི་དཀའ་སྤྱད་འབད་བརྩོན་རང་གིས་འཐུང་ཐུབ་པ་ཞིག་བྱེད་དགོས་པ་རེད། དེ་ལྟར་མི་གནང་ཁར། སྟོན་པའི་ན་བཟའ་རྩེད་སྤྱད་བྱེད་མཁན་ཞིག་གིས། གཞན་ལ་བསྟན་པ་འཛིན་མཁན་ཡག་གྲས་རེད་འདུག་ཅེས་སྨྲས་ན་རྒྱུ་འབྲས་གོ་ལྡོག་པ་མ་རེད་དམ། གྲྭ་རྐྱང་དཀྱུས་མ་ཞིག་ཡིན་ཡང་། དཔེ་ཆར་ག་ཚོད་ཡག་ཀྱང་། སྡོམ་པར་སྐྱོན་ཤོར་ཚེ་བཟང་སྤྱོད་དང་ལྡན་པའི་ངང་སྟོན་པའི་ན་བཟའ་གོན་གི་ཡོད་པ་མ་རེད། དེ་ཙམ་གྱི་བཟང་སྤྱོད་ལ་འཇུག་མི་ནུས་མཁན་ཞིག་གིས་གཞན་ལ་བསྟན་པ་འཛིན་མཁན་ཞེས་སྨྲས་ན། གླེན་པས་གླེན་པ་ཡར་བཀྱག་པ་མ་རེད་དམ། གཏམ་དེ་འདྲ། ཤེས་ཡོན་མེད་པའི་སྤྱི་ཚོགས་ནང་གོང་ཆེ་ན་མ་གཏོགས་གཞན་དུ་བྲིན་ཆེའམ། མི་རྣམས་་སྐྱུགས་མེར་མི་ལངས་སམ།
མཁན་པོ་གཉིས་ཀྱིས་རྒྱ་རིགས་ནང་ནང་ཆོས་སྤེལ་བ་དེ་དེ་ཙམ་ཡ་མི་མཚན། རྒྱ་རིགས་ཙམ་མིན་པར། འགྲོ་བ་མིའི་རྣམ་དཔྱོད་དང་བཟང་སྤྱོད། མི་ཚེའི་རིན་ཐང་གོང་མཐོར་གཏོང་ཐབས་ཀྱི་ལས་ཀ་བྱས་ཡོད་ན་དེ་ཡི་རངས་བྱ་འོས་སུ་ཆེ་ཡང་། ཚུལ་ཁྲིམས་བློ་གྲོས་ཀྱིས་ཐ་ན་གྲུབ་མཐའི་བར་དུ་འགལ་བ་འགྲོ་སྤྱད། ཐལ་ཆ་ཅན་གྱི་གཏམ་བདག་མེད་མང་དག་ཅིག་བཤད་མྱོང་ཞིང་། དཔེར་ན། རྙིང་མས་བསྡུས་གྲྭ་བསླབ་ན་དགོས་པ་མེད་མདོག་མདོག་གསུངས་པ་ད་དུང་ཚ་ལེམ་མེར་ཀུན་གྱི་དྲན་ལམ་དུ་མེད་དམ།
མཁན་པོ་ཚུལ་བློས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་དགོངས་གཞི་ཏག་ཏག་སྒྲུབ་ཀྱི་ཡོད་མེད་ལ་གསེར་སྒར་རང་དུ་རྩོད་གཞི་ཡོད་པ་རེད། ཁོང་དང་མཁན་པོ་བསོད་དར་རྒྱས་གཉིས་ལ་མཁན་པོའི་མིང་ཐོགས་པ་འདྲ་ཡང་། ལས་དོན་གནང་ཕྱོགས་ལ་གནམ་སའི་ཁྱད་པར་ཡོད་པ་ཀུན་གསལ་ཡིན། མཁན་བསོད་དར་གྲྭ་བ་དང་ཆོས་པའི་ས་མཚམས་དེ་ལས་མི་བརྒལ་ཞིང་། སྲིད་གཞུང་དང་ཁྱིམ་པའི་རྙོག་གྲའི་ནང་ནམ་ཡང་ཐེ་ཡི་མེད། དེ་ལས་ལྡོག་སྟེ་མཁན་ཚུལ་བློ་སྲིད་གཞུང་གིས་ཀྱང་གཟིགས་རྟོགས་བཟང་ཞིང་། ཁོས་ཀྱང་སྲིད་གཞུང་ལ་ཞབས་ཏོག་སྒྲུབ་ཀྱི་ཡོད། བླ་རུང་སྒར་གཏོར་བཤིག་གཏོང་སྐབས་ཁོ་སྲིད་གཞུང་གི་མིང་བཏགས་ཤིག་ཡིན་པའི་ཆ་ནས། ཟི་ཁྲོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་གཞིར་བཟུང་སྲིད་གཞུང་ལ་བདེན་དོན་བརྡར་ཤ་བཅད་མེད།
མཁན་ཚུལ་བློ་གསང་སྤྱོད་ནང་ཕྱིན་པ་ཕུད། དེ་ལས་གཞན་རྣམས་པར་དང་བཅས་བསྟོད་ར་དང་བཅས་དྲྭ་ཐོག་ཀུན་དུ་ཐོན་གྱི་ཡོད། དེ་ཅི་ལྟར་ཐོན་པ་རེད་དམ། མཁན་ཚུལ་བློས་རང་ཤག་ཏུ་ཇ་བསྐོལ། རྩམ་པ་ཟ་བཞིན་པའི་པར་ཡང་ཐོན་དགོས་དོན་ཅི་རེད། ཐམས་ཅད་གཞན་གྱིས་བཙན་པོས་པར་དུ་བཏབས་ཏེ། དང་བས་ཀུན་ནས་བསླངས་ཏེ་བསྟོད་ར་གནང་བ་རེད་དམ། དེ་གཏན་ནས་མ་རེད། དེའི་ནང་ཁོང་གི་འདོད་ཕྱོགས་འདྲེས་ཡོད་པ་གླེན་པས་ཀྱང་མི་ཤེས་སམ། དེའི་ཆ་ནས་ཁོང་གཏམ་གྲགས་ལ་ཅི་ཙམ་དགའ་བ་ཀུན་གྱིས་མི་ཤེས་སམ། མཁན་བསོད་དར་རྒྱས་ཀྱིས་དེ་ལྟར་གནང་གི་འདུག་གམ། དེ་འདྲ་ཚད་ལས་བརྒལ་བ། དམ་པའི་མིག་ལ་སུན་པ། སྔོན་བྱོན་སྐྱེས་ཆེན་ཁྲེལ་བའི་རྒྱུ་དེ་འདྲ་རྩ་ནས་གནང་གི་མ་རེད། ངས་སྒྲུང་ཞིག་བཤད། བརྙན་ཞིག་གི་ནང་གི མཁན་ཚུལ་བློས་ལག་ཏུ་དཔེ་ཆ་སྣ་རིང་ཞིག་གླགས་ཤིང་བར་བཅུགས་ཏེ། གཟན་འོག་ཕུ་ཐུང་དམར་པོ་ཞིག་གྱོན་ནས་འགྲོ་སྐབས། གྲྭ་བཙུན་མང་པོས་མགོ་གཏུགས་སྐྱབས་འཇུག་ཞུས། ཁ་བཏགས་དང་སྒོར་མོ་ཕུལ། དེར་ཁོང་གིས་མི་འདོད་པའི་རྣམ་འགྱུར་ཆེན་པོ་བསྟན་ཡོད། གཞན་དང་གཞན་ནས་ཀྱང་དེ་ལྟར་གནང་མྱོང་། ཡིན་ནའང་། ཁོ་འབྱོར་ལྡན་རེད། ཁོ་མ་ཟད། ཁོ་ལ་བརྟེན་ནས་ཁོ་ལ་བརྟེན་ནས་ཁོའི་སྤུན་རྣམས་ཀྱང་འབྱོར་ལྡན་ཆགས་ཡོད། ཁང་པ་བརྒྱབས་ཡོད། དེ་མི་ཚོགས་ནང་ཡོངས་གྲགས་རེད།
དེ་དང་དེ་འདྲ་མཁྱེན་བརྩེ་སྤྲུལ་སྐུས་མ་ཤེས་པའི་ཚུལ་བློ་རྣམ་ཐར་མང་། ད་དུང་ཚབས་ཆེ་བ་ཞེ་དྲག་མང་པས་ཞིབ་འཇུག་གནང་རོགས་མཁྱེན་བརྩེ་ལགས།
༅༅། གང་ལྟར་ཡང་རྒྱ་དམར་པོས་བླ་རུང་གཏོར་བཤིག་ཚད་མེད་བཏང་པ་མ་ཚད་་་བཙུན་མ་རྣམས་
གྲ་ཆས་གྱོན་ནས་དམར་གཞས་བཏང་བཅུག་པ། བཙུན་མ་ཁག་གཅིག་གྲ་ཆས་ཕུད་དེ་དམག་ཆས་གྱོན་
ནས་གཞས་བཏང་བཅུག་པ་འདི་མི་རབས་ནས་མི་རབས་ཚེ་རབས་ནས་ཚེ་རབས་བར་བརྗེད་ཐབས་མེད་
པ་ཞིག་རེད། བཟོད་སྒོམ་ཐུབ་ས་རེད་པས། སེམས་ནང་ནས་ནམ་ཡ་བརྗེད་མི་ཐུབ།
ཉིན་གྲངས་མང་པོ་མཚན་མོའི་གཉིད་ཀྱང་མ་ཁུག་པའི་གནས་སྟངས་མང་པོ་བྱུང་།
འདི་འདྲ་བའི་ལས་དབང་གང་ཡིན་ནམ། འདི་འདྲ་བའི་ལས་འབྲས་གང་ཡིན་ནམ།
འདི་འདྲ་བའི་ལས་བསྐོས་གང་ཡིན་ནམ།
ལྷ་སྲུང་་མ་ཡོད་ན་སྐྱོབ་པར་མཛོད། ཡུལ་ལྷ་གཞི་བདག་ཡོད་ན་སྲུང་བར་མཛོད།
དེ་འདྲ་བའི་ནུས་པ་མེད་ན་ནི། ཁྱེད་ལྷ་སྲུང་ཡུལ་ལྷ་གཞི་བདག་རྣམས་ད་གསོལ་ནས་དགོས་པ་
ཅང་མི་འདུག་ལགས། སོམས་དང། སོམས་དང་གཟུགས་ཅན་མི་དང། གཟུགས་མེད་ལྷ་རྣམས་མཁྱེན།
ཆོས་མེད་ཀླ་ཀློའི་ཆོས་སྒར་ས་རྡོར་རྒྱུར་།
ཆོས་མེད་ཀླ་ཀློའི་ཆོས་ཁྲིམས་རྩབ་རལ་བཏང་།
ཆོས་མེད་ཀླ་ཀློའི་གྲ་བརྩུན་རང་ཁྱིམ་སློག་།
ཆོས་མེན་ཀླ་ཀློའི་བླ་སློབ་དབྱེན་སྦྱོར་མང་།
བོད་འབངས་བསོད་ནམས་ལ་ཁའི་ཉི་མ་འདྲ་།
བོད་འབངས་སྐྱིད་སྡུག་རྒྱ་མཚོའི་ཆུ་གཉེར་འདྲ་།
བོད་འབངས་བདེ་སྐྱིད་དབྱར་གྱི་ཆར་སྤྲིན་འདྲ་།
བོད་འབངས་བདེ་བའི་སྤྱི་མཐུན་བསོད་ནམས་བསོགས་།
་་་་་་་་་་ སྟོན་པའི་ན་བཟའ་རྩེད་སྤྱད་བྱེད་མཁན་ཞིག་གིས། གཞན་ལ་བསྟན་པ་འཛིན་མཁན་ཡག་གྲས་རེད་འདུག་ཅེས་སྨྲས་ན་རྒྱུ་འབྲས་གོ་ལྡོག་པ་མ་རེད་དམ། ་་་་་་་་་
ཆོས་སྐུའི་བསྟན་པ་རྒྱ་གར་ཡུལ་དུ་དར་།
ལུང་སྐུའི་བསྟན་པ་ནུབ་གླིང་ཡུལ་དུ་དར་།
སྤྲུལ་སྐུའི་བསྟན་པ་བོད་ཀྱི་ཡུལ་དུ་དར་།
ཆོས་ལུང་སྤྲུལ་གསུམ་སེམས་ཅན་འགྲོ་དོན་མཛོད་།
ཆོས་སྐུའི་བསྟན་པ་རྒྱ་གར་ཡུལ་དུ་དར་།
ལུང་སྐུའི་བསྟན་པ་ནུབ་གླིང་ཡུལ་དུ་དར་།
སྤྲུལ་སྐུའི་བསྟན་པ་བོད་ཀྱི་ཡུལ་དུ་དར་། ་་་་་་ འདི་ནི་བེདན་པ་མ་རེད་དོ། ཆོས་ལོངས་སྤྲུལ་གསུམ་ག་དར་ཆེ་ཤོས་དེ་བོད་ལས་ལྷག་པ་ཛམ་གླིང་གང་དུ་ཡང་དར་མེད་ལ། མ་འོངས་པ་ལ་ཡང་དར་མི་སྲིད་དོ།།
བོད་ཀྱི་སྲུང་མ་མང་པོ་ཅིག་སློབ་དཔོན་པདྨས་དམ་གཞག་གནང་བ་ནས་བོད་ལྷའམ། བོད་ཀྱི་སྲུང་མ་གྲངས་ཤིན་ཏུ་མང་ཡང་། གེ་སར་སྲུང་མར་འདོད་པ་ནི། རྒྱ་གར་གྱི་ནང་ཆོས་ཀྱི་ཁུངས་གཙང་མ་མ་ཡིན་དེ་ཡང་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེའོ།།
ཀརྡོ་རབ་འབྱམས་གསུང་པ་ལ་མངོན་པར་བསྟོད་དོ་།
གེ་སར་དམག་གི་རྒྱལ་པོ་།
སྟག་གཟིགས་ནོར་གྱི་རྒྱལ་པོ་།
རྒྱ་གར་ཆོས་ཀྱི་རྒྱལ་པོ་།
གསེར་རྟ་སྒར་ཕར་ཞོག བོད་གངས་ཅན་པའི་ན་གཞོན་ཁྲོད་བོད་མི་མང་ཆེ་བས་གུས་བརྩི་བྱེད་ས་དེ་ཚུལ་ཁྲིམས་བློ་གྲོས་རེད་འདུག དེ་ལ་མ་གུས་པའི་གཏམ་འཆལ་ཇི་ལྟར་བཤད་ཀྱང་ན་གཞོན་ཁྲོད་བོད་མི་རིགས་དང་རིག་གཞུང་། སྟོན་པའི་བསྟན་པ་ལ་ཞབས་ཞུ་སྒྲུབ་མཁན་ཁ་ཡོད་ལག་ཡོད་ཁོང་ལས་དྲག་ཞིག་གནས་སྐབས་མི་འདུག གསེར་རྟའི་སྒར་ན་ཁོང་གི་སློབ་མ་མ་གྱུར་པ་སུ་ཡོད་ཤོད་དང་གསལ། བསོད་ནམས་ལྡན་པ་རྣམས་ལ་འཁོར་ཡང་བསོད་ནམས་ལྡན་འབྱུང་བས་ཁོང་གི་འཁོར་ཡུག་གི་མི་ལ་དཔལ་འབྱོར་ཡོད་པ་མིག་ཚ་དགོས་པ་མ་མཐོང་། ཁོང་གི་དཔལ་འབྱོར་ལོག་སྤྱོད་ཀྱིས་རང་གི་གྲགས་པ་སྒྲུབ་ཏེ་ཁྱབ་སྒྲགས་དང་ཚོང་ལས་གཉེར་བ་ནི་ནམ་ཡང་མ་མཐོང་། ཁོང་གི་མཛད་པས་ཡིད་འཕྲོག་ཏེ་འཚོ་བའི་གནས་ཚུལ་གཞན་གྱིས་སྒྲོགས་པ་ལ་ཁོང་གིས་བདག་པོ་བྱེད་ཚོད་དུས་ཀྱིས་ཡང་ལོང་བར་མི་འགྱུར་སྙམ། མཁན་པོ་བསོད་དར་ཡང་ཚུལ་ཁྲིམས་བློ་གྲོས་ཀྱི་སློབ་མ་དང་མཆེད་གྲོགས་རེད། ཁོང་གཉིས་གཞན་ཟེར་གྱིས་ཐུགས་འགལ་མི་འབྱུང་བའི་དམ་བཅའ་རྡོ་རྗེ་ལྟར་བརྟན་པོ་ཡོད་མཁན་གཉིས་རེད། །མདོར་ན་ཁོང་གཉིས་སྐུ་ཚེ་ཞབས་པད་བརྟན་པར་སྨོན། །
རིན་པོ་ཆེས་གསུང་འདི་ངོ་མ་ཡང་དག་པ་རེད་བསམ། དོན་ལ་གཟུ་བོར་གནས་པ་མཁས་པའི་རྟགས། འཆལ་འཆོལ་མང་བཤད་སྥྱི་ལ་གནོད་པའི་རིགས
ཁུ་བྱུག་ཟེར་བ་ཞིག་གིས་
ཕྲག་དོག་གི་གཏམ་མང་དག་ཅིག་བཤད་འདུག
དམ་པ་དགེ་ཆོས་ཀྱིས།
མངོན་འགྱུར་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་།།
ངམ་ནག་བཞིན་གྱི་གཉེར་མ་མི་སངས་པར།། མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་དེ། །སོགས་ཀྱི་ཚིག་བཞི་དེ་ཝ་ལེར་དྲན་ཡོང་གིན་བོད་པ་ཚང་ནི་ཕྲག་དོག་གིས་སྔར་ཡང་ཕུང་ཡོད་ལ། ད་ལྟ་ཡང་ཕུང་བཞིན་ཡོད། མ་འོངས་པར་ཕུང་བར་འགྱུར། དེས་ན་ནང་ཆོས་ནི་ཉོན་མོངས་ཀྱི་གཉེན་པོ་ཡིན་རབས་མང་དག་ཅིག་བཤད་བསྡད་ཀི་འདུག་སྟེ། མདོ་དེད་ཡོང་ན་ཕྲག་དོག་གི་གཉེན་པོར་འགྲོ་བའི་མན་ངག་ཅིག་ཕལ་ཆེར་ནང་ཆོས་ནང་དུ་བསྟན་ཡོད་ས་མ་རེད། དེས་ན་ལོ་ཟླ་ཡི་ངལ་དུབ་ཁུར་དུ་བླངས་ཏེ་ནང་ཆོས་ལ་འབད་ཀྱང་། ངལ་བ་དོན་མེད་ཡིན་ས་མ་རེད་བེ།
ཁུ་བྱུག། ཁྱེད་རངང་སྐད་ཆ་དེ་ཚོ་སེམས་ནང་ལ་ག་རེ་དྲན་ན་བཤད་ཆོག་རེད་བསམ་ན་ཚང་མ་ཕོག་ཐོག་འགྲོ་བ་འདུག་པས་གཟབ་ན་དགའ་ཡོང་། ནར་ནར་ལྕེ་ལ་དྲན་ཤེས་མ་ཟིན་ན། མི་ཚེའི་ལམ་ལ་སྐུ་ལས་ཡོང་ཉེན་ཆེ་བས་གཟབ་ན་མི་དགའ་འམ། མ་གཞི་ཁྱེད་རང་བྲིས་པའི་ཚིག་དོན་ལ་བསམ་ན། ཕྲག་དོག་འཁོན་འཛིན་ཁོ་ནར་ཡོད་པ་རྟགས་མཚན་རེད་འདུག ཡིན་ནའང་མི་ཁྱོད་རང་གཤིས་ཀ་དེ་འདྲ་ཡིན་པ་ངས་གོ་ཐོས་ཡོད།
ཕྲག་དོག་བརླམ་པའི་ཁུ་བྱུག་ལགས། ཁྱེད་ཀྱི་བསྔགས་བརྗོད་ཞུ་ས་མི་སུ་ཡིན་ནམ་མིང་་ཞིག་བྲིས་དང་།
བོད་འདི་རྒྱ་དམར་འོག་ལ་ཡོད་པ་དེ་རྟག་རྟག་རེད། མ
ཟད་༧གོང་ས་མཆོག་ནས་དབུ་མའི་ལམ་དེ་འང་དགོངས་པ་དེའང་མ་འོངས་བོད་པ་ནང་ཁུལ་ཕྲག་དོག་དང་འགྲན་སེམས་ཀྱིས་སྔོན་མ་ཡིན་ནའང་བླ་མ་མང་པོ་ཞིག་མགྲིན་པ་བཏུབ་པ་རེད། དེ་ཡིན་ངུས་རྒྱ་དམར་རྩ་ཁྲིམས་ནང་ལ་བསྡད་ན་ཕན་ཚུན་ལ་དེ་ཙམ་མི་ཡོང་བར་རྟེན་གསུངས་པ་ལ་བདེན་ནོ། བོད་ཀྱི་ཆོས་དག་རིག་གཞུང་མ་ཉམས
པ་རྒྱ་དམར་ནང་ལ་ཡོད་པ་དཧའ་བསུ་ཡོད།
འང་འང་འང་འདི་ན་ཡང་ཆོས་ལུགས་པ་ཚོས་ཉོག་ཟ་གི་འདུག སུན་པོ་འདུག
ཆོས་ལུགས་ཀྱི་དབུ་ཁྲིད་བྱེད་ཐུབ་མིན་སྐད་ཆ་བཤད་ཤེས་མཁན་དང་ཁ་བདེ་མིན་ལ་རག་ལས་མིན།སྤྱོད་པ་དང་སྤྱི་སེམས་ཡོད་མེད་ལ་རག་ལས་ཡོད།དེ་ལ་རོགས་སྐྱོར་ཡག་པོ་ཞིག་དགོས།
ངས་མཁན་ཆེན་ཚུལ་བློ་ལ་ཕྲག་དོག་བྱེད་དགོས་དོན་གང་ཡང་མེད། ངེད་གཉིས་ཀྱི་མི་ཚེའི་དམིགས་ཡུལ་མི་གཅིག ལས་རིགས་མི་གཅིག ལམ་ཁ་མི་གཅིག ས་ཆ་གཅིག་ལ་མེད། ཁོས་གནམ་ས་སྒུལ་ནའང་ངའི་ལྟོ་གོས་ལ་འབྲེལ་བ་ཅི་ཡང་མེད། ལས་དོན་ལ་དེ་བས་ཀྱང་འབྲེལ་བ་གང་ཡང་མེད། དེ་ལྟར་ངས་གང་བྱས་ལའང་ཁོང་དང་འབྲེལ་བ་ཅི་ཡང་མེད། རྫོང་སེར་མཁྱེན་བརྩེ་ཡིན་ནའང་དེ་བཞིན་རེད།
ངས་ཡི་རངས་ཞུ་ས། སྤྱོད་ཡོན་གཉིས་ལྡན་གྱི་གང་ཟག་དག་ཡིན།
གཏམ་དྲང་པོ་བཤད་ནས་འཇིག་རྟེན་ཐོག་གི་མི་ཡོངས་རྫོགས་དགྲ་རུ་ལངས་ན་འགྱོད་པ་ཡོད་མ་རེད། དེར་བརྟེན་ཁུ་བྱུག་གིས་བཤད་པར་བདེན་ཆ་ཡོད། ལྷག་པར་དུ་རྫོང་གསར་མཁྱེན་བརྩེ་མིང་ཅན་ཕུང་གསུམ་པར་ཧཧཧཧཧཧ་་་་་་་རེད།
ཏྲེ་ཧོར་བྱམས་པ་རིན་ཆེན། ཁྱོད་ཀྱི་ཁུ་བྱུག་ལ་རྒྱབ་བསྐྱོར་བྱས་པ་དེར་བདེན་ཆ་གང་ཡང་མི་འདུག མཁན་ཆེན་རྣམ་གཉིས་བོད་ནང་ལ་གྲགས་པ་ཆེ། རྫོང་གསར་མཁྱེན་བརྩེ་ཕྱི་རྒྱལ་ལ་སྐད་གྲགས་ཅན་རེད་དོ། ད་ཁྱེད་རང་ཚོ་སེ་འབྲས་དགེ་གསུམ་ཚོ། དགོན་པའི་ཆོས་རྭའི་ནང་ལ་ཁ་སྟོང་པ་རྩོད་ནས་མ་སྡོད་པར། དགོན་པའི་ཕྱི་ལ་ཐོན་ནས་ཤུགས་རྒྱབ་པའི་དུས་ལ་བབ་འདུག དེ་མིན་ན་དགེ་ལྡན་བསྟན་པ་ཉམས་འགྲོ་ས་རེད།
ནུབ་ཕྱོགས་གངས་ཕྲུག་ལགས། གདན་ས་སེ་འབྲས་དགའ་གསུམ་ལ་ཁྱོད་ཀྱིས་ཐུགས་འཕྲེང་མི་དགོས། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་མ་བཟོ། ཁུ་བྱུག་གིས་དངོས་ཡོད་གང་ཡིན་པ་གསལ་བཤད་བཟོས་འདུག་ཙང་ངས་རྒྱབ་སྐྱོར་བྱས་ཡིན། དེར་བརྟེན་ང་ལ་བདེན་ཆ་ཡོད་ལ་ཁུངས་སྐྱེལ་དགོས་ན་ཟུར་འབྲེལ་གནང་དང་ངོ་མ་ཡོད་གདའ།
སྟོན་པ་གཅིག་གི་བསྟན་པ་དང་བླ་མ་གཅིག་གི་སློབ་མ་སྤྲེལ་
བྲག་གཉིས་ཀྱི་རིགས་མྱུགས་དགྲ་གུང་ཁྲན་ལ་ཁ་གཏད་བཅོག་
མཁན་གཅིག་པ་བོད་རིགས་ཙམཟན་གཅིག་རྒྱུར་ལ་སོང་ཟུར་ཟའི་གཏམ་སྙོགས་བཞག་ནས་
དོན་དངོས་དང་མཐུན་པའི་མཆན་འགོད་སྤེལ་མཁན་ལ་དགའ་བསུ་ཡོད་།
དད་པ་དག་སྣང་དམ་ཚིག་གི་རྩ་བ་རེད་།
དད་པ་དག་སྣང་ཆོས་ཀྱི་ལམ་སྟོན་རེད་།
དད་པ་དག་སྣང་བླ་སློབ་ཡིད་ཆེས་རེད་།
དད་པ་དག་སྣང་ཆོས་ཀྱི་བཙན་ས་རེད་།
ཏྲེ་ཧོར་བྱམས་པ་རིན་ཆེན་ལགས། སེ་འབྲས་དགེ་གསུམ་ནས་ཐོན་པའི་དགའ་ལྡན་ཁྲི་པ་ལ། བོད་པའི་སྤྱི་ཚོགས་ནང་ནས་མཐོང་མེད་ལ་འགྲོ་དོན་ཡང་རྒྱ་ཆེན་པོ་གནང་མི་ཐུབ། སེ་འབྲས་དགེ་གསུམ་གྱི་གྲྭ་པ་ཚོར་རིག་གནས་ཀྱི་ཤེས་བྱ་མེད། དགེ་བཤེས་ཚོར་མི་མང་ལ་བཀའ་སློབ་གནང་ཐུབ་པའི་གནས་ཚད་མེད། གསར་དུ་འཛུམ་མཁན་གྲྭ་པ་ལོ་རེ་ནས་ཇེ་ཉུང་དུ་འགྲོ དེ་འདྲ་སོང་ཙང་སེམས་འཕྲལ་འདུག ཧ་ཧ་
གུས་པ་རང་ལྟ་བུར་ཡིན་ན་སྤྱིར་བཏང་དགེ་ལུགས་པའི་བསྟན་པ་དད་པ་དང་གུས་པ་ཅན་ཡིན་མཟད་རྗེ་ཙོང་ཁ་པ་མཆོག་ལ་འཇམ་དབྱངས་མིའི་གཟུགས་སུ་རོལ་བའི་རྣམ་སྤྲུལ་ཡིན་པ་སྙིང་དབུས་ནས་ཡིད་ཆེས་དང་དད་པ་ཡོད། དེ་དེ་བཞིན་དུ་རི་བོ་དགེ་ལྡན་བསྟན་འཛིན་སྐྱེས་བུ་དམ་མང་པོར་དད་པ་བླ་ལྷག་ཅན་ཡིན། དེ་དད་པ་དང་གུས་ཡོང་རྒྱུ་རྐྱེན་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཡབ་སྲས་ཀྱི་གདམས་ངག་ལས་བྱུང་། རང་ཉུད་ལ་ཐོལ་བྱུང་ཡོང་མ་ཡིན་། དོན་མེད་ལ་ཕན་ཚུན་ཐོབ་རྒྱུ་སྐར་མ་གཅིག་མེད་པ་ལ་ཆགས་སྡང་གི་གཏམ་མང་པོ་མ་གནག་བར་ངས་རེ་བསྐུལ་ཞུའོ། ལྷག་དོན་ཁུ་བྱུག་ཟེར་མི་དེས་ཁ་ལ་བདག་པོ་ཡག་པོ་རྒྱབ་ན་ཚོགས་བསག་དེ་ལས་ཅི་ཡོད
དད་པ་དག་སྣང་བླ་སློབ་བདེ་འགྲོའི་ལམ་།
དམ་ཚིག་མ་ཐུབ་བླ་སློབ་ངན་འགྲོའི་ལམ་།
དམ་ཚིག་དར་དཀར་མདུད་པ་གྲོལ་མི་ཉན་།
དད་དམ་གཙང་མས་ས་ལམ་བགྲོད་པ་ཤོག་།
སྐྱེ་བ་ཀུན་ཏུ་ནང་པའི་བསྟན་དང་འཕྲད་།
སྐྱེ་བ་ཀུན་ཏུ་དགེ་བཅུའི་ལས་ལ་བརྩོན་།
སྐྱེ་བ་ཀུན་ཏུ་གཞན་ཕན་བྱ་བར་བརྩོན་།
སྐྱེ་ཤི་གཉིས་སྤང་ཡང་དག་ས་ལ་འགོད་།
ཧཧཧཧཧ་་་་་བདེན་པའི་གནས་ལུགས་བཤད་ནས་མགོ་བོ་ས་ལ་ཟག་ན་འགྱོད་པ་ཡོད་མ་རེད། སྨྲ་བརྗོད་རང་དབང་ལ་འགོག་ཐབས་བཟོས་ན་ཁོག་དཀའ་མོ་རེད། ཚང་མའི་ལྟ་སྤྱོད་གཅིག་མཚུངས་བཟོ་དགོས་ཟེར་ན་གུང་བྲན་ཏང་གི་ཁ་ལ་ཉོན་ཅིག་་་་་་་ཁ་བཙུམ་ན་ཡག་ཀི་ཟེར་ནས་སྡིག་ར་གཏོང་འདྲ། དེ་འདྲ་ཡིན་ན་ང་ཨ་མའི་བུ་ནུ་ཞོ་འཐུང་བ་དོན་མེད་རེད། ཅི་བྱ་རྒྱུ་ཡོད་ན་ང་ལ་སྒེར་འབྲེལ་གནང་ཤོག་དང་ཕྱིར་འཐེན་རྟ་རྔ་ཙམ་མེད་ལགས། དགེ་སྐྱོན་གླེང་མི་ཆོག་མཁན་ཚོས་གོ་བར་གྱིས་ཨ།
ནུབ་ཕྱོགས་གངས་ཕྲུག་ལགས།
བསྟན་པ་དང་འགྲོ་བའི་དོན་བྱེད་ཚུལ་མ་ནོར་བ་ནི་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་སྒོ་ནས་གཞན་ལ་སྤེལ་བ་ཡིན་ཏེ།
རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད། །
ཤུགས་དྲག་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།།
འགྲོ་བའི་ཡིད་ཀྱི་མུན་པ་བསལ་བྱས་ནས། །
རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག
བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །
ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།།
སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །
ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །
ཞེས་པ་ལྟར་དགའ་ལྡན་ཁྲི་བ་རེ་རེ་ལ་དེ་ལྟ་བུའི་ཡོན་ཏན་ཡོད་པས་སྤྱི་ཚོགས་ནང་མཐོང་མི་འདུག་ཅེས་བབ་ཅོལ་མ་སྨྲ་ཞིག
འབྲོན་སྟོན་པས།
མི་ཉན་པ་ལ་ཁ་ཏ་བྱེད་པ་མཚང༌། །མི་ཤེས་པ་ལ་གྲོས་ཕུགས་འདྲི་བ་མཚང༌། །མཚང་དུ་ཤེས་ནས་ད་རུང་མི་འདོར་ན། །རང་ཉིད་སྨྱོན་པ་ཡིན་པར་ཤེས་པར་བྱ། །
སྤྱིར་གྲྭ་བ་རྣམས་་དགོན་པའི་ཕྱི་ལ་ཐོན་རྒྱུ་མང་དྲག་ན་ཕལ་ཆེ་བའི་ངོ་ཚ་དང་ཁྲེལ་ཡོད། དད་པ་དང་དག་སྣང་ཡང་དཔྱིད་ཀའི་ཆབ་རོམ་བཞིན་ཞི་འགྲོ་བས་ཆོས་པ་ཚད་ལྡན་བཞུགས་ས་དགོན་པ་དང་རི་ཁྲོད། ཡང་ན་སྦས་ནས་སྡོད་དགོས་པ་མཁས་གྲུབ་གོང་མ་རྣམས་ཞལ་མཐུན་པར་གསུངས། ཆོས་ལ་བརྟེན་པའི་འཇིག་རྟེན་གྱི་བསྒྲུབས་པ་ནི་གཤང་ཚོང་བྱས་ཏེ་དངུལ་སྒྲུབ་པ་ལས་ཀྱང་ཐབས་སྐྱོ། །འོན་ཀྱང་ཞིབ་ཏུ་བཤད་ན་ཆེན་པོ་རྣམས་ཀྱི་མཚང་ལ་ཕོག་འགྲོ་བ་དང་། རང་གཞན་དགེ་བའི་ལྗོན་པ་བསྲེག་པར་འགྱུར་ཏེ།
དངུལ་ཆུའི་བསླབ་བྱ་རིན་ཅེན་དོ་ཤལ་ལས།
རིགས་ལུས་ཚུལ་ཁྲིམས་ཀུན་སྤྱོད་སྐྱོན་སྒྲོགས་སོགས། །ཕ་རོལ་སྙིང་ལ་བསྣུན་པའི་ཚིག་རྩུབ་མོས། །
རང་གཞན་དགེ་བའི་ལྗོན་ཤིང་བསྲེག་འགྱུར་བས། །རྩུབ་མོའི་ཚིག་ཏེ་གྲེ་བར་བསྐྱིལ་བར་མཛོད། །ཅེས་པ་ལྟར་རེ་ཞིག་ངལ་གསོ། །གྲྭ་ས་སེ་འབྲས་ཀྱི་འཆད་ཉན་ནི་སྨོན་པའི་ཡུལ་ཡིན། གུས་པ་དང་མཆོད་པའི་ཞིང་ས། རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུས་སྲོག་ལོངས་སྤྱོད་ལ་མི་ལྟོས་པར་འཛིན་པའི་སྡེ་ཡིན་པ་གང་ནས་གཞལ་ཀྱང་ཤེས། རང་ལ་མཚོན་ན་ཚེ་འདི་ཕྱིའི་སྐྱབས་གནས་ཡང་ཡིན། འོན་ཀྱང་དེང་དུས་ཆོས་ཕུང་བརྒྱད་ཁྲིའི་དགོངས་པ་དོན་མེད་པར་བསྒྲུབ་ཏེ་རང་ཉིད་གང་ལ་དགའ་ཕྱོགས་དེར་ཐམས་ཅད་འཇུག་དགོས་པའི་བཀའ་ནན་གྱིས་གདུལ་བྱའི་ཁམས་དང་དབང་པོ་ཆུད་ཟོས་སུ་བྱེད་པའི་ཕྱོགས་ཀྱིས་རྒོལ་བ་ལ་ཡ་ལན་མི་བྱ་ལ། ལེགས་སོ་ཡང་ཞུ་མི་དགོས་ཏེ། གནའ་བོའི་ལུགས་ཀྱི་ཐོས་བསམ་བྱེད་སྟངས་དང་། ཆོས་པའི་སྤྱོད་པ་ལ་ཀླད་རྙིང་ཟེར་བའི་དུས་རབས་ཀྱི་མེ་ལྕེ་མཆེད་བཞིན་པའི་དུས་དེ་ལ་ཁ་སྣོན་ཀྱི་ཏིལ་མར་སྣོན་ཨེ་ཤེས་ལྟ་དགོས་པའང་མ་མཐོང་སྟེ།
ཐུའུ་བཀྭན་ཆོས་ཀྱི་ཉི་མས།
གནའ་བོའི་དུས་ཀྱི་མི་ཆོས་གཙང་མ་ལ། །གནས་ན་དེང་དུས་མི་ཁྱུར་མི་ཚུད་ཅིང་། །
གཡོ་སྒྱུ་ཆགས་སྡང་སུ་ཆེ་འགྲན་པ་ཡི། །དུས་འདིའི་མི་ཆོས་ཁོ་བོས་བསླབ་ཅི་དགོས། །ཅེས་གསུངས་པ་ལྟར་རོ། །
དྲི་མེད་ལྷག་བསམ་བདེན་པ་རེད་ལགས། ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་པ་ཚོར་སྡིགས་ན་ཆོག་མོད་ཀྱང་ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ་ཡིན་པ་མ་ཤེས་ནས་གྲུབ་མཐའི་ཕྱོགས་ཞེན་རྐྱང་རྐྱང་གི་སྒང་ལ་སོང་ན་གནས་ལུགས་དང་དེ་ཉིད་རྟོགས་མི་ཐུབ་པ་གསལ་པོ་རེད། ཆགས་སྡང་གི་དབང་དུ་གཞན་གྱི་ཕུན་ཚོགས་ལ་ཕྲག་དོག་དང་རང་གི་ཀུན་སྤྱོད་ལེགས་པོ་ཁ་ལོ་བསྒྱུར་མི་ཐུབ་པའི་མི་དེ་དག་ནི་ནམ་ཞིག་རྐུབ་བརྡོལ་ངེས་རེད། སྤྱོད་པ་ཉམས་ན་རིག་དོན་མེད་ཅེས་གསུངས་པ་རེད།
་་་་་་་་་ ཆོས་ལ་བརྟེན་པའི་འཇིག་རྟེན་གྱི་བསྒྲུབས་པ་ནི་གཤང་ཚོང་བྱས་ཏེ་དངུལ་སྒྲུབ་པ་ལས་ཀྱང་ཐབས་སྐྱོ། ་་་་་་་་་་་