བཀྲ་ཤིས།
༧སྐུའི་གྱ་སྟོན་ཉིན་སློབ་མཐར་ཕྱིན་པའི་བོད་ཀྱི་གཞོན་སྐྱེས་བུ་མོ་ཞིབ་འཇུག་སློབ་མ་གཉིས།
༧གོང་ས་མཆོག་དགུང་གྲངས་༨༠ ཕེབས་པའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་འདི་ལ། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དམར་ཤོག་སྲིད་གཞུང་མཇུག་སྒྲིལ་ནས་འཛམ་གླིང་ནང་མང་གཙོ་ལམ་ལུགས་དར་སྤེལ་དང་སྲ་བརྟན་ཡོང་བར་ཆེད་དུ་དམིགས་ཏེ་༡༩༩༡ ལོར་གསར་དུ་བཙུགས་པའི་དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་རུ། བོད་ཀྱི་གཞོན་སྐྱེས་བུ་མོ་གཉིས་སློབ་མཐར་ཕྱིན་འདུག
བུ་མོ་བསྟན་འཛིན་སྒྲོལ་མ་ལགས་(གཡོན་གྱི་མིག་ཤེལ་གྱོན་མཁན) ཀྱིས་རྒྱ་གར་ནང་ནུབ་ཕྱོགས་རྩོམ་རིག་སྐོར་ལ་སློབ་མཐར་ཕྱིན་རྗེས། ཡིག་རྒྱུགས་ལམ་ནས་དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོར་བདམས་ཐོན་བྱུང་བ་མ་ཟད། དེར་སློབ་ཡོན་ཆ་ཚང་ཐོབ་ནས་དེ་རིང་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ཞིབ་འཇུག་སློབ་མའི་ཕྱག་རྟགས་བཞེས་ཐུབ་པ་བྱུང་ཡོད།
བུ་མོ་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་ཨ་རིའི་བེ་སི་ཀོན་སིན་མངའ་སྡེའི་ནང་གི་མེ་ཌི་སིན་མཐོ་སློབ་ནང་ཆབ་སྲིད་ཚན་རིག་སྐོར་ལ་སློབ་མཐར་ཕྱིན་རྗེས། དབུས་ཡོ་རོབ་གཙུག་ལག་སློབ་གྲྭ་ཆེན་མོ་ལ་སློབ་ཡོན་ཆ་ཚང་ཐོབ་ལ། དེ་རིང་སློབ་གྲྭ་ཆེན་མོ་འདིའི་ནང་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སྐོར་ལ་ཞིབ་འཇུག་སློབ་མའི་ཕྱག་རྟགས་བཞེས་ཐུབ་པ་བྱུང་ཡོད།
གང་ལྟར་གྱ་སྟོན་དུས་ཆེན་བེས་སྤྱད་ནས་རང་ཉིད་ཁྱབ་བསྒྲགས་བྱས་པར་ཡང་བཀའ་དྲེན་ཆེ་ཟེར།
ཀློག་པ་པོ་ཚོར་ཞུ་རྒྱུར།
ང་ནི་གོང་འཁོད་ཀྱི་ཚོགས་པ་དེའི་ཚོགས་མི་རྙིང་པ་ཞིག་ཡིན།་འོན་ཀྱང་འོས་སྦྱོར་འདི་གོང་གི་ཚོགས་པ་གང་རུང་ལ་འབྲེལ་བ་གང་ཡང་མེད་པའི་གསལ་བཤད་ཞུ་འདོད།་་་གང་ཡིན་ཟེར་ན་བདག་གི་གློག་འཕྲིན་གྱི་སྒྲིག་བཟོ་ཞིག་གི་དབང་གིས་ཚོགས་པའི་མིང་དེ་རང་བཞིན་གྱི་འཆར་ཡོང་བ་དེ་རྩོམ་སྒྲིག་པས་འོས་སྦྱོར་དང་མཉམ་དུ་བླུགས་འདུག་པ་མ་གཏོགས།་་་གོང་འཁོད་ཀྱི་ཚོགས་པ་དང་ང་གང་ཟག་སྒེར་གྱི་འོས་སྦྱོར་གཉིས་ལ་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་པ་ཚང་མས་དགོངས་འཇགས་ཡོད་པ་མཁྱེན།
༸གྱ་སྟོན་ཐད་གཏོང་།
http://gyalwarinpoche.com/node/52
སྒོ་སྐབས་ལེན་ཐུབ་ན་མཁེ་བཟང་རེད་ཧ་ཧ་
སྐུ་མཁྱེན་ཚོ། ་ད་ཁྱེད་ཚོས་ཚིག་ཟུར་མ་འཕེན་རོགས་་་་བུ་མོ་འདི་གཉིས་ཀྱིས་ཕུལ་བྱུང་གཟེགས་རྟགས་མང་པོ་བླངས་མྱོང་མཁན་དེ་འདྲ་རེད་འདུག་་་་ཡིན་ཡང་རང་ཉིད་ཁྱབ་བསྒྲགས་བྱེད་མཁན་དེ་འདྲ་ཁྱོན་ནས་རེད་མི་འདུག་པས་་་་ངས་ཁོང་གཉིས་ཀྱིས་ཞིབ་འཇུག་སློབ་མ་མཐར་ཕྱིན་པར་རྗེས་སུ་ཡི་རངས་ཀྱི་ཆེད་དུ་འོས་སྦྱོར་བྱས་པ་ཙམ་ཡིན། དེ་ཡང་གསལ་བཤད་ཞུ་རྒྱུ་ཞིག་ལ་མོ་རང་གཉིས་ཀྱིས་མཐར་ཕྱིན་མཛད་སྒོ་དེ་༧སྐུའི་གྱ་སྟོན་ཉིན་མོར་འཁེལ་བས་རྟེན་འབྲེལ་ཡག་པོ་བྱུང་སྙམ།
ལོ་པན་རྒྱལ་བློན་སུས་སྐྱང་མ་བྱས་ཁ་བ་རིགས་པའི་བདེ་སྐྱིད་སླད།ཧི་མ་ལ་ཡའི་གངས་ཀྱི་རི་ལ་ཞབས་ཀྱི་བཀྲ་ཤིས་རི་མོ་བསྐོད།བགྲངས་བྱ་བཅུ་ཚན་བརྒྱས་ཀྱི་རིང་ལ་བྱ་ཀའི་ངལ་བ་འབུམ་ཕྲག་གིས།ཐུ་བྷོད་བཙན་པོའི་ཆོད་དང་རིགས་གཞུང་འཛམ་གླིང་མཛེས་པའི་རྒྱན་དུ་བཏེགས།
རང་ཉིད་ཁྱབ་བསྒྲགས་བྱེད་འདོད་ན་སྲིད་སྐྱོང་དང་སྤྱི་འཐུས་གང་རུང་གི་འོས་མིར་ལངས་ན་འོ་ཙམ་ཡོད་རེད་དཱ།
ངོ་མའི་བདེན་ལ་རེད་།
རང་མིང་གྲགས་མཁན་ཚོའི་གླ་མེད་ལ་ལས་
དཀའ་བྱས་པ་འདྲ་བོ་རྒྱ་གར་གཞུང་གི་གུན་
བསབ་གནང་བ་དེ་ཚོ་ལུག་གི་ལུད་མ་ལ་ར་གི་
ངོ་གསོ་བཏང་ནས་སྲིད་སྐྱོང་ལ་ལང་མཁན་ཡང་
འདུག་ན་ཁྱེད་ཀྱི་གསུང་ལ་རྒྱབ་སྐྱོར་དང་རང་
མིང་གྲགས་མཁན་ཚོ་སྲིད་སྐྱོང་དང་སྤྱི་འཐུས་
ལ་དཱངས་ལང་ལོང་ཤོག་ཨ་མི་མང་ལྐུག་པ་མ་
རེད་འོས་ཤོག་ཐོབ་པའི་རེ་བ་གང་ན་ཡོད་འོན་
ཀྱང་རང་མིང་གྲགས་ཐུབ་ལེ་རེད་དོ་།
ཧ་ཧ།།།། ཞིབ་འཇུག་སློབ་མ། ང་ནི་འབུམ་རམས་པ་ཐོན་པ་རེད་བསམ་སོང། རྒྱ་གར་ནང་ཉེ་བའི་ཆར་འབུམ་རམས་པ་ཐོན་ནས་ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནང་ཞིབ་འཇུག་བྱེད་བཞིན་པ་ཁ་ཤས་བྱུང་ཡོད། དམིགས་བསལ་དེང་གི་ཤེས་ཡོན་གྱི་འཕེལ་ཤུགས་འདིའི་ནང་ཞིབ་འཇུག་སློབ་ཐོན་ལྟ་བུར་ཧང་སང་ཧོན་འཐོར་ན་དེ་ནི་ཆེས་རྗེས་ལུས་ཀྱི་རྣམ་པ།
བོད་པའི་བུ་མོ་གཉིས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་དགོས་ཡོད་གང་ཡིན་ཞེ་ན་དངོས་ནས་སོ་སོས་འབད་བརྩོན་གྱི་གྲུབ་འབྲས་མཐར་སོན་པའི་རྒྱལ་བ་དགྱེས་པའི་གཟེངས་རྟགས་དག་མ་རེད། xxx མདོར་ན་བོད་པའི་བུ་མོ་རྣམ་པ་རྒྱལ་ལོ།
བུ་མོ་ཞིག་ཞིག་ནུས་བ་ཅི་ཙམ་ཡོད།
འཕྲིན་དོན་ལ་ཞུ་རྒྱུར་་་་་དེ་ན་ཁྱེད་རང་འབུམ་རམས་པར་ཧང་སངས་དོན་ཅི་ཡིན།་་་རང་བསྟོད་ཅན་གྱི་འབུམ་རམས་པ་མང་པོ་ཐོན་ན་ཡང་ཧང་སངས་རྒྱུ་མེད་ག་་་་