གངས་ཅན་མགོན་པོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་གྱ་སྟོན་ལ་གཞིས་བྱེས་བོད་མི་ཡོངས་ཀྱིས་དགའ་སྟོན་དང་༧སྐུའི་བརྟན་བཞུགས་འབུལ་བའི་སྐབས་འདིར་ཁ་བརྡ་དྲ་དེབ་ཀྱི་རྩོམ་སྒྲིག་ཚོགས་ཆུང་གིས་སྒོ་གསུམ་གུས་པ་ཆེན་པོས་༧སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་བ་ཡིན།
ངས་ཀྱང་དྲ་འབུ་ཡོངས་ཀྱི་ཚབ་ཞུས་ཏེ་༧མགོན་པོ་གང་གི་སྐུའི་དཀྱིལ་འཁོར་བསྐལ་བ་བརྒྱའི་བར་དུ་བདག་སྐྱེ་འགྲོའི་གཙུག་ཏུ་ལྷམ་མེ་ལྷན་ནེར་བརྟན་ཅིང་། མཛད་པའི་འཕྲིན་ལས་ཐམས་ཅད་པར་དབྱར་གྱི་ཆུ་བོ་བཞིན་རྒྱས་པ་དང་། སྒོས་སུ་ཁ་བ་གངས་ཅན་པའི་ཡིད་ལ་བརྣག་པའི་འདོད་དོན་མཐར་ཐུག་ཐུགས་རེ་ཇི་བཞིན་རིང་མིན་མྱུར་དུ་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ་བའོ།།
གངས་ཅན་མགོན་པོ་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་ལ་ལུས་ཀྱིས་གུས་ཕྱག་གྲངས་མེད་ཕུལ་བ་དང་ཆབས་ཅིག ཡིད་ཀྱིས་༸སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་དང་། ངག་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།
གྱ་སྟོན་ལ་བརྟེན་འབྲེལ་ཞུ། སྐྱེས་སྐར་ཉིན་གཡང་འབོད་བྱེད།
རྒྱལ་ཀུན་མཁྱེན་དང་བརྩེ་བའི་ནུས་པ་དགེ་སྦྱོང་བོད་ཀྱི་བླ་མའི་ཚུལ་འཛིན་པས།
གངས་ཅན་རིག་གཞུང་ཉི་མ་ནུབ་རིར་སོན་པ་སླར་ཡང་ཤར་རིའི་རྩེ་ལ་འདྲེན།
ཛམ་གླིང་ཡོངས་ལ་བོད་ཀྱི་རིག་གཞུང་འོད་ཟེར་འཕྲོ་བའི་མཛད་པ་ལྷུར་ལེན་པས།
འགྲོ་བའི་མགོན་པོ་༧་གོང་ས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་རྟག་ཏུ་རྒྱལ་གྱུར་ཅིག །
་
ཅེས་པ་ལྟ་བུ་ཞིག་གངས་ཅན་པའི་སྐད་ཀྱི་བརྡ་སྤྲོད་ཤོག་བུ་གཉིས་བརྒྱ་ཙམ་ཡོད་པའི་མཆོད་བརྗོད་དུ། ལོ་ངོ་ཉི་ཤུ་ཉེ་བའི་སྔོན་ན་རང་བློར་སྒོམ་ཕྱིར་བྲིས་པའི་གོ་དོན་ཡིད་ལ་དྲན་པས་བཀོད་པ་དགེ་བར་གྱུར་ཅིག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་གྱ་སྟོན་ཆེན་མོར་གུས་ཕྱག་དང་བཀྲ་ཤིས་བདེ་ལེགས་ཞུ། ༧སྐུ་ཚེ་མི་འགྱུར་གཡུང་དྲུང་ཁམས་སུ་བརྟན་ནས་བདག་ཅག་བོན་པོ་ཡོངས་ལ་བྱམས་བརྩེས་གཟིགས་པ་མི་ཆུང་བའི་གསོལ་འདེབས་སྙིང་ནས་ཞུ་ཞུ་ཞུ། །
སྐུ་ཡི་མཚན་དཔེ་སྟག་འཚེར་ཡུལ་དུ་བཞད།།
གསུང་གི་སྣང་བ་འཛམ་གླིང་ཡོངས་ལ་ཁྱབ།།
ཐུགས་བརྩེ་ཟབ་མོས་འགྲོ་ལ་བུ་བཞིན་གཟིགས།།
ང་ཡི་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན།།
གྱ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཤོག འདི་ག་ནིག་ཡོག་ནང་གི་མདི་སྨད་པའི་གྱ་སྟོན་དགྱེས་འཛོམས་གླུ་གར་མཆོད་ཚོགས་ཡང་ཧ་ཅང་ལེགས་འགྲུབ་བྱུང་།
བགྲང་བྱ་བརྒྱད་ཅུར་ལོན་ཀྱང་གསང་བ་གསུམ།
བཅུ་དྲུག་གཞོན་ནུའི་ཚུལ་བཟུང་མི་ཡི་མགོན།
གང་གི་ཐུགས་བཞེད་མཐའ་དག་མ་འགྲུབ་བར།
སྐུ་ཚེ་འགྱུར་མེད་གཡུང་དྲུང་ཁམས་སུ་བརྟན།
ཁྱེད་ནི་འགྲོ་བའི་བློ་མུན་སེལ་བའི་ཉི་མ་གཅིག
ཁྱེད་ནི་འགྲོ་བའི་ཚ་གདུང་སེལ་བའི་ཟླ་བ་གཅིག
ཁྱེད་ནི་འགྲོ་ཁམས་ཞི་བདེར་འགོད་པའི་དེད་དཔོན་གཅིག
ཁྱེད་ནི་འགྲན་མེད་ཟླ་བྲལ་ལྷར་བཅས་སྐྱབས་མགོན་གཅིག
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
༸སྐུ་གྱ་སྟོན་ལ་བླ་ཆེན་ཁག་གི་སྨོན་ཚིག
https://www.facebook.com/karmadorje.nyerchhagpa.1
ལོ་པན་རྒྱལ་བློན་སུས་སྐྱང་མ་བྱས་ཁ་བ་རིགས་པའི་བདེ་སྐྱིད་སླད།ཧི་མ་ལ་ཡའི་གངས་ཀྱི་རི་ལ་ཞབས་ཀྱི་བཀྲ་ཤིས་རི་མོ་བསྐོད།བགྲངས་བྱ་བཅུ་ཚན་བརྒྱས་ཀྱི་རིང་ལ་བྱ་ཀའི་ངལ་བ་འབུམ་ཕྲག་གིས།ཐུ་བྷོད་བཙན་པོའི་ཆོད་དང་རིགས་གཞུང་འཛམ་གླིང་མཛེས་པའི་རྒྱན་དུ་བཏེགས།
# 12 ཇུས་མེད་ཇུས་ཏོག་་ལགས་ཀྱིས་མཆན་བཏབ་པ།:
June 22nd, 2015 at 9:18 AM
ལོ་པཎ་རྒྱལ་བློན་སུས་ཀྱང་མ་བྱས་ཁ་བ་རི་བའི་བདེ་སྐྱིད་སླད།།
ཧི་མ་ལ་ཡའི་གངས་ཀྱི་རི་ལ་ཞབས་ཀྱི་བཀྲ་ཤིས་རི་མོ་བཀོད།།
བགྲང་བྱ་བཅུ་ཚན་བརྒྱད་ཀྱི་རིང་ལ་བྱ་དཀའི་ངལ་བ་འབུམ་ཕྲག་གིས།
ཐུ་བྷོད་བཙན་པོའི་ཆོས་དང་རིག་གཞུང་འཛམ་གླིང་མཛེས་པའི་རྒྱན་དུ་བཏེགས།
དེ་འདྲ་ཡིན་ནམ་སྙམ།
ནོར་ཡོད་ན་དགོངས་དག་ཞུ།
དམན་ལ་གཅིག་ཏུ་རྩེ་བའི་མཛད་པ་ཅན། ས་སྟེང་རྒྱ་བསྟན་ཡོངས་་རྫོགས་ཀྱི་བདག་པོ་། ཚད་ཆོས་ཟུང་འབྲེལ་གྱི་ཤིང་རྟའི་གསོལ་འབྱེད་ཆེན་པོ། གངས་ཅན་པ་ཡོངས་ཀྱི་། ཕྱི་ཡི་ལྕག་རི་། ནང་གི་ནོར་བུ། གོ་ལར་འདིར་བོད་གངས་ཅན་པའི་མཚོན་རྟགས་གཅིག་པུ།། ལྷ་མོ་དོན་འགྲུབ་། རྒྱལ་བ་ཡིད་བཞིན་ནོར་བུ་མཆོག། སྐུ་ཚེ་དྲང་སོང་་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་ཅིང། གྲུ་འཛིན་གཉིས་པའི་ཕོ་བྲང་ལ་། བོད་ཆོལ་ཁ་གསུམ་ནས་མགོན་པོ་གང་ཉིད་དགོང་གྲང་བརྒྱ་དང་བཅུ་གསུམ་པའི་གྱ་སྟོན་ཡོངས་བའི་་གསོལ་འདེབས་སྙིང་ཁོག་རུ་པའི་སྟེང་ནས་ཡང་ཡང་ཞུ་ལགས་སོ། བཀྲིས་བདེཊ་གྲངས་མེད་ཞུའོ།
གངས་ཅན་མགོན་པོའི་སྐུ་ཚེ་བརྟན་པར་ཤོག།
གངས་ཅན་བོད་ལ་རང་དབང་ཐོབ་པར་ཤོག།
གངས་ཅན་ལྗོངས་སུ་ལྷན་འཛོམས་ཡོང་བར་ཤོག།
གངས་ཅན་ཆོས་སྲིད་མངའ་ཐང་དར་བར་ཤོག།
གངས་རི་དཀར་པོའི་ཐ་སྙད་འཇིགས་ཆེ་ཡང་།།
གངས་སེང་དཀར་མོའི་ཟིལ་རྔམ་བརྗིད་ཆེ་ཡང་།།
གངས་རིའི་ཡུལ་དུ་དོན་ལ་ཁྱོད་མེད་ན།།
གངས་དཀར་ཏི་སེའི་དབུ་འཕང་ཇི་ལྟར་མཐོ།།
http://www.tibettimes.net/news.php?showfooter=1&id=10187&&comment_mode=done
གསར་འགོད་པ། འཇིཊ་མེད་རྒྱ་མཚོ་དང་དོན་གྲུབ། པདྨ་མཚོ་ལགས་སུ།
ནོར་བཅོས།
གཞུང་དམངས་ གཞུང་མང་།
སྲུང་གཙི་ སྲུང་བརྩི།
བརྟེན་བཞུགས་ བརྟན་བཞུགས།
དམངས་གཙོའི་ མང་གཙོ།
ཤཀྱ་མུ་ནེ ཤྰཀྱ་མུ་ཎི།
ཞེ་པོ་ཞིག་ ཞེད་པོ་ཞིག
བསྐྱར་གསོ་བྱ་ཡག་ བྱ་ཡ།
མ་འདང་ས་ མ་ལྡང་ས།
བོད་ཡིག་དང་བོད་སྐད་ཟ་མཁས་འཐུང་མཁས་ཤིག་གི་སྒང་ལ་ཕྱིན་པ་ཡིན་ན།
འདི།
བོད་ཡིག་དང་བོད་སྐད་ཟ་སྐད་འཐུང་སྐད་ཤིག་གི་སྒང་ལ་ཕྱིན་པ་ཡིན་ན།
ད་དུང་ཡང་ཕན་ཐོགས་ཅན་འབྲི་སྟངས་གསར་པ་འགའ་ཤས་འདུག་ཀྱང་། འདི་དག་ཀྱང་ཁས་མི་བླངས་ན་གསར་པས་ཕན་པ་ག་ལ་གྱུར་བས་འདིར་མ་བྲིས།
http://www.tibettimes.net/news.php?showfooter=1&id=10187&&comment_mode=done
གསར་འགོད་པ། འཇིཊ་མེད་རྒྱ་མཚོ་དང་དོན་གྲུབ། པདྨ་མཚོ་ལྷན་རྒྱས་གསུམ་པོ་གང་རུང་ཅིག་གིས། ཡང་ན་ངའི་ནོར་བཅོས་ལ་དགག་པ་བརྒྱབ་དགོས། ཡང་ན་ནོར་བཅོས་ཁས་བླངས་དགོས། དེ་མིན་སྣང་མེད་དུ་བཞག་ན་ནི། སྤྱི་དོན་གཡང་ལ་བསྐྱུར་བ་དང་མཚུངས་སོ།། འདི་ཡང་རྒྱ་ལ་དབང་མཆོག་གི་༸སྐུ་ཚེ་ཡུན་དུ་བརྟན་པའི་ཕྱིར་བྲིས་པ་ལགས།
ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཆོག་གི་དགུང་གྲངས་བརྒྱད་ཅུར་ཕེབས་པར་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་དང་། མ་འོང་པར་སྐུ་ཡི་དགོངས་བཞད་བཞིན་བོད་མིའི་བདེན་མཐའ་མྱུར་དུ་སེལ་ཞིང་གཞིས་བྱིས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ།
ལྷག་པར་དུ་ཀ་རྡོ་གཉེར་ཕྱག་པ་མཆོག་གིས།
མ་འདང་ས་ མ་ལྡང་ས། ཞེས་པ་སོགས་་ཞུས་དག་མཛད་པ་དེ་འོས་ཤིང་འཚམས་པས་བོད་ཡིག་འབྲི་བ་པོ། བདག་ལ་སོགས་པ་དག་གིས་རང་རང་གི་ཁ་ནས་གང་འཐོན་པ་དེ་གཙོ་བོ་མ་བྱས་པར་བོད་ཀྱིས་མཁས་དག་གིས་བྲིས་པ་རྣམས་ལ་རྩི་འཇོག་བྱེད་ན། བདག་ཅག་གི་རྣམ་འདྲེན་༧རྒྱལ་བ་རིན་པོ་ཆེ་ཡང་ཐུགས་དགྱེས་ཏེ། ཞབས་པད་ཡུན་རིང་དུ་བརྟན་པར་འགྱུར་རོ། །
༸གོང་ས་མཆོག་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་ཞབས་པད་བསྟན་པ་དང་། ཐུགས་ཀྱི་བཞེད་དགོངས་ཐམས་ཅད་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུའོ།།
ཡུན་རིང་བཞུགས་ན་ལོས་བཟང་ཡིན་ཡང་། ད་ལོའི་འཁྲུངས་སྐར་འདི་བསུས་ན་ཡང་ལོ་གཅིག་རྫོགས་སོང་བ་རེད། ངའི་ནི་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་སེམས་སྐྱོ་གི ཁ་གཡང་ཞིག་གིས་ཅི་ཕན།
༸གོང་ས་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །
སྐུ་འདིའི་སྐུ་ངོ་ཁྱོད་ལ་དྲང་བཞག་གིས་བརྗོད་ན།།
འཕཊ་མཆོག་སྤྱན་རས་གཟིཊ་དབང་འཁྲུལ་མེད་ཀྱི་རང་མདངས།།
བྱམས་བརྩེ་ཉི་མའི་འོད་སྣང་འཚེར་འཚེར་དུ་འཕྲོ་བ།།
ཞལ་གསུང་བདུད་རྩིའི་བྱིན་རླབས་ཤག་ཤག་དུ་འཕྱོ་བ།།
མགོན་པོ་གང་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་སྟོང་གི་བསུ།