–ཆོས་དབྱིངས་རྡོ་རྗེས་བསྒྱུར།
མེ་སྤྲེལ་གྱི་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་སྲུང་རྩི་གནང་མཁན་ཡོངས་ལ་མཛའ་བརྩེ་དང་འབྲེལ་བའི་སྒོ་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ང་ཚོར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཡོད་པ་ཞིག་བྱ། གལ་སྲིད་ང་ཚོར་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་ན། སྦག་རྩེད་རྩེས་ནའང་རེད། ཤ་ཟ་ནའང་འདྲ། ཆང་འཐུང་བ་དང་། ཐ་མ་བསྟར་ཆགས་འཐེན་ནའང་ནང་པ་སངས་རྒྱས་པ་ཞིག་ཡིན་ཆོག་རེད། ང་རང་ཚོ་མི་བཟང་པོ་ཞིག་དང་བསམ་ཤེས་ཅན་ཞིག་བྱ། དཔེར་ན་གཞན་གྱིས་ང་ཚོ་བྱམས་བརྩེས་བསྐྱངས་པ་ལ་དགའ་བ་ནང་བཞིན། ང་ཚོས་གཞན་དག་བྱམས་བརྩེ་བྱ་བ་ལའང་ཁོང་ཚོ་དགའ་ཡི་རེད།
ང་རང་ཚོ་ལག་པ་ཡངས་པའི་གཏོང་ཕོད་ཅན་ཞིག་བྱ། གཏོང་ཕོད་ཅན་དེའང་དངུལ་དང་རྡོ་རྗེ་ཕ་ལམ་ཙམ་གཞན་ལ་སྦྱིན་ཐུབ་པ་ཞིག་མ་ཡིན་པ། སོ་སོའི་དུས་ཚོད་དང། དུས་ཚོད་ཀྱི་བར་གསེང་། གནས་ཚུལ་རྣམས་བཅས་གཞན་ལ་སྤྲད་ནུས་པའི་གཏོང་ཕོད་ཅན་ཞིག་ཞུ་ཡི་ཡོད།
ང་ཚོས་རྫོགས་པའི་སངས་རྒྱས་ཀྱི་ཞལ་གསུང་དྲོན་མོར་གྱུར་པ། འཇིག་རྟེན་འཁོར་བའི་བྱ་གཞག་ལ་རྫོགས་མཐའ་མེད་པ་དང་། སྙིང་པོ་མེད་པ་གསུངས་པ་རྣམས་དྲན་པར་བྱ། ཆུ་ཚོད་དམ། དུས་ཚོད་རྗེས་མ་ལ་གང་དང་ཅི་འབྱུང་སུས་ཀྱང་ད་ལྟ་མི་ཤེས་པའི་རྒྱུ་མཚན་ལ་བརྟེན་ནས། འཇིག་རྟེན་གྱི་བྱ་བ་གང་དང་གང་ཡིན་ནའང་ངེས་ཅན་དུ་རྫོགས་པར་འགྲུབ་དགོས་སྙམ་པའི་སེམས་ཁྲལ་ཆེན་པོ་དེ་འདྲ་མེད་པ་ཞིག་ང་ཚོས་བྱ་དགོས། དཔེར་ན་ང་ཚོས་ད་ལྟ་ཇ་ཕོར་གང་འཐུང་གི་ཡོད་ན། ཇ་དེ་ནི་མི་ཚེ་འདིའི་ཆེས་མཐའ་མཇུག་གི་ཇ་བཏུང་བ་ཡིན་ན་ཅི་ཤེས་སྙམ་པ་ལྟ་བུས། ཆུ་ཚོད་དང་སྐར་ཆ་རྣམས་ལ་ལྷོད་ལྷོད་བྱ་གང་ཐུབ་གནང་དགོས་ཀྱི་འདུག
ང་རང་ཚོ་ཕྱུག་པོར་ཆགས་འདོད་ཡོད་དམ། ཡོད་ན་ང་ཚོས་ཆོག་ཤེས་བྱེད་ཤེས་པ་ཞིག་ལ་བསླབ་པར་བྱ། ང་རང་ཚོ་ཡིད་དུ་འོང་བ་ཞིག་དང་། ལྟ་ན་སྡུག་པ་ཞིག་བྱ་འདོད་འདུག་གམ། འདུག་ན། ཚད་མཐོན་པོ་དང་། གོང་ཆེན་པོ་ཅན་གྱི། རྒྱ་ནག་གི་བཟོ་གྲྭ་ཝིར་ས་སི་ Versace ནས་ཐོན་པའི་དངོས་རྫས་དང་། ཨ་རིའི་བཟོ་གྲྭ་རྡོལ་སི་དང་། གྷ་བྷ་ན་ Dolce & Gabbana ནས་ཐོན་པའི་དངོས་རྫས་གྱི་བརྒྱན་ཞིང་སྤྲས་ན་སྙིང་རྗེ་བོ་དང་། ཡིད་དུ་འོང་བ་ཞིག་འགྱུར་ཐུབ་པའི་རེ་བ་རྒྱག་པའི་ཚབ་ཏུ། ང་ཚོས་སོ་སོར་གུས་ཞབས་ཡོད་མཁན་ཞིག་དང་། མི་བཟང་པོ་དང་། སྤོབས་པ་ཡོད་པ་ཞིག་བྱ།
གཞན་དག་ང་རང་ཚོའི་ཁ་ལ་ཉན་རོགས་བྱེད་ན་བསམ་པའི་འདུན་པ་ཡོད་དམ། ཡོད་ན་གཞན་དག་དང་མཉམ་དུ་ནམ་རྒྱུན་བཀའ་མོལ་གང་དང་གང་གནང་ན། ཐོག་མར་བཞིན་གྱི་འཛུམ་མདངས་དང་བཅས་པའི་སྒོ་ནས་མགོ་འཛུགས་རྒྱུ་ལས། ཚིག་རྩུབ་མི་སྨྲ་བའི་ཐབས་ཤེས་གང་ཐུབ་བྱ།
ང་ཚོའི་མི་རབས་རྗེས་མ་ཁོང་རྣམ་པར་ལུས་སེམས་ལ་བདེ་སྐྱིད་དང་། བྱ་གཞག་ལ་ལམ་ལྷོང་ཡག་པོ་ཡོད་པ་ཞིག་ཡོང་བའི་རེ་འདུན་ཡོད་དམ། ཡོད་ན་ཁོང་ཚོ་ལ་ད་ལྟ་ནས་དམིགས་ཡུལ་དང་འཆར་གཞི། དཔལ་འབྱོར་བཅས་ཀྱི་སློབ་སྦྱོང་ཡག་པོ་ང་ཚོས་སྤྲད་པར་བྱ།
ཕྲུ་གུ་རྣམས་ནམ་ཡང་གཅེས་ལང་ལ་ང་ཚོས་མི་གཏོང་། གལ་སྲིད་གཅེས་ལང་ལ་གཏོང་ན་ཡར་འཚར་ལོངས་སོང་བའི་རྗེས་ལ་ཁོང་ཚོ་ལ་ཁེར་རྐྱང་གི་ཚོར་པ་དང་། སེམས་ནད་ཅན་དུ་འགྱུར་གྱི་འདུག དེ་བཞིན་དུ་ང་ཚོས་ཕྲུ་གུ་རྣམས་མགྱོགས་མྱུར་དུ་ཡར་འཚར་ལོངས་དང་བསྐྱེད་བསྲིང་ཐབས་མི་བྱ་རྒྱུ་དང་། ཕྲུ་གུ་རྣམས་ཀྱི་སེམས་ལ་འགྲན་བསྡུར་བྱེད་རྒྱུ་དང་རྒྱལ་ཁ་ཐོབ་རྒྱུ་དེ་གནད་འགག་ཆེན་པོར་རྩི་བའི་གོམས་གཤིས་དེ་འཇགས་མི་བཅུག གཟའ་འཁོར་རེ་ལ་ཉུང་མཐའ་ནས་ཐེངས་རེ་ཙམ་སོ་སོའི་ཁྱིམ་ལ་ཞལ་ལག་མཉམ་དུ་མཆོད་པར་བྱ།
ང་རང་ཚོས་ཚད་ལས་འདས་པའི་ཉོ་བཅའ་བརྒྱབས་པའི་ཅ་ལག་གིས་ཁང་པ་ཡོངས་རྫོགས་བཀང་ཞིང་། ལོ་གྲངས་མང་པོའི་རིང་ལ་བེད་སྤྱོད་གང་ཡང་མེད་པ་ཉར་བའི་མཐར་གད་སྙིགས་གསེང་དུ་འདོར་བཞིན་པའི་རིགས་དེ་འདྲ་མི་བྱ།
ནམ་རྒྱུན་ཕྲུ་གུ་ལ་མར་བསླབ་རྒྱུའི་རིགས་རྣམས་ང་ཚོ་སོ་སོས་ཀྱང་ལག་ལེན་གང་ཐུབ་བྱ། གཞན་མ་གཏོགས་ཚིག་རྐམ་པོ་རྐྱང་པས་ཕྲུ་གུ་རྣམས་མི་རྒྱུད་བཟང་པོ་དང་། གཤིས་ཀ་ལྷོད་པོ། ཡ་རབས་གུས་ཞབས་ཅན་དང་། ཀུན་གྱིས་དགའ་བོ་བྱེད་ས་ཞིག་བཟོ་ཐུབ་ཀྱི་མ་རེད།
ང་ཚོར་མ་མཐའ་ནས་གཟའ་འཁོར་རེའི་ནང་ལ་ཆུ་ཚོད་རེ་རེའམ། ཆུ་ཚོད་གཉིས་རེ་ལ་འཆར་གཞི་གང་ཡང་མི་འཇོག་པའི་གོམས་གཤིས་ཤིག་འཇགས་ཐུབ་པར་བྱ། གང་ཡིན་ཞུས་ན། གུང་གསེང་དུ་འགྲོ་བའི་འཆར་གཞི་འཇོག་པས་ཀྱང་མཐའ་འཇུག་ལ་གུང་གསེང་གུང་གསེང་དུ་མི་འགྱུར་ནས་སེམས་ཁྲལ་གྱི་རྩ་བ་ཆགས་ཀྱི་འདུག
གལ་གནད་ཆེ་ཤོས་ཤིག་ལ། ངས་གོང་ནས་ཞུས་པའི་གཏམ་བཤད་འདི་ཞལ་ནས་ཀློག་པ་ཙམ་མ་ཡིན་པར། གཏམ་གྱི་ནང་དོན་རྣམས་ལག་ལེན་དུ་བསྟར་བའི་འགོ མེ་སྤྲེལ་ལོའི་གནམ་ལོ་གསར་བའི་ཉིན་དང་པོ་ནས་འཛུགས་པར་བྱོས། དེ་དག་སོ་སོས་ལག་ལེན་དུ་བསྟར་བ་མཐོང་བའི་སྐབས་སུ། སོ་སོར་བྱ་དགའ་འམ་ལེགས་སྐྱེས་ལྟ་བུའི་ཆེད་དུ། གཉིད་ཐུན་གཅིག་ཉལ་བའམ། གླུ་གཞས་སྙན་པོ་ལ་ཉན་པ་དང་། དེབ་ཡག་པོའི་ལྡེབ་རེ་རེ་གཉིས་གཉིས་ཀློག་པ་དང་། གཞན་ཡང་སོ་སོས་སོ་སོ་ལ། གོམ་པའི་ཁ་ཕྱོགས་འདིས་ང་ཚོ་འཇིགས་སྔངས་དང་བྲལ་བའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་ཞབས་ཞུ་བྱེད་ཐུབ་མཁན་ཞིག་ཆགས་ཐུབ་ཀྱི་ཡོད་རེད་ཅེས་ཁེར་ལབ་བྱའོ། །
༧མཆོག་སྤྲུལ་རྫོང་གསར་རིན་པོ་ཆེའི་གསུང་ནི་དུས་ཐོག་ཆར་པ་རང་རེད།
རིན་པོ་ཆེ་བཀྲིན་ཆེ་ཐུགས་རྗེ་ཆེ་།
ཨེ་མ་དུས་རབ་ཉེར་གཅིག་པའི་དུས་་ཚོད་འདིར་སྐྱབས་མགོན་ཁོང་གི་གསུངས་ནི་བླ་ན་མེད་པ་ཞིག་ཡིན་པ་ང་རང་གི་སེམས་སྟེང་ནས་དྲན་གྱི་ཡོད་ལ་གཞན་རྣམས་ཚོ་ལ་ཡང་ང་འདྲ་ཚོར་སྣང་སླེབས་སྲིད།།
དཔེ་ཡག་པོ་གསུངས་འདུག་ཐུགས་རྗེ་ཆེ། ཀློག་པོ་རྣམས་ཀྱིས་ཀྱང་ལག་ལེན་གནང་དགོས་པ་འདུག །
བླ་མ་འདིས་བཀའ་སློབ་བཅོས་མིན་རང་རེད་འདུག་གཱ། དེང་སྐབས་ཀྱི་དངོས་ཡོད་གནས་ཚུལ་དང་ར་འཕྲོད་གསལ་གསལ་རྗེན་རྗེན་རེད་འདུག་གཱ། རྗེས་སུ་ཡི་རང་ཡོད། བདེན་པ་དང་དྲང་འདེན་ཉིད་རྒྱལ་གྱུར་ཅིག །།
སྐྱབས་སུ་མཆི། ང་ཚོ་རེ་བཅའ་ས་བླ་མ་ཁྱེད་ལྟ་བུ་ཡིན་པས་སྐུ་ཚེ་བརྟན་པར་ཤོག།
ཨོཾ་སྭ་སྟི།།
འཇམ་དབྱངས་རྣམ་གསུམ་དགོངས་པ་གཅིག་དུ་འདྲིས།།
སྤྱན་རས་གཟིགས་དབང་བྱམས་བརྩེའི་མངའ་བདག་གྱུར།།
ཕྱག་ན་རྡོ་རྗེའི་མཐུ་སྟོབས་མངོན་གསལ་བའི།།
འཇམ་དབྱངས་མཁྱེན་བརྩེ་སྤྲུལ་སྐུ་གསོལ་བ་འདེབས།།
འཛམ་གླིང་ཞི་བདེ་མཛད་པར་ཞབས་བརྟན་ཤོག།
སྤྲེལ་ལོས་ལོ་སར་ལ་རྫོགས་ཆེན་པ་པདྨས་སོ།།
xxཞལ་གདམས། རང་གིས་ལག་ལེན་ལ་མེད་མཁན་ཁ་བདེ་མོ་དང་བཤད་རྒྱུ་ཡོད། ཕུང་གསུམ་པ་འདི་ཚོ་ལ་བསླབ་བྱ་འདྲ་རྒྱག་ཁུལ་བྱས་་་་་་་
་་་་་་་་་་ ང་ཚོར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དང་འདོད་ཡིད་ཆེས་ཀྱི་དད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་ཡོད་པ་ཞིག་བྱ། གལ་སྲིད་ང་ཚོར་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་ཡོད་ན། སྦག་རྩེད་རྩེས་ནའང་རེད། ཤ་ཟ་ནའང་འདྲ། ཆང་འཐུང་བ་དང་། ཐ་མ་བསྟར་ཆགས་འཐེན་ནའང་ནང་པ་སངས་རྒྱས་པ་ཞིག་ཡིན་ཆོག་རེད། ་་་་་་་་
དངོས་གནས་ཡག་པོ་གསུང་འདུག བཀའ་དྲིན་ཆེ། འོན་ཀྱང་ཁོང་རང་ལ་ཞུ་རྒྱུ་གཅིག་འདུག དེ་ནི་བསྟན་པ་སྤྱིའི་མིག་ལྟོས་ལ་གཟིགས་ནས་སྐྱ་མིན་སེར་མིན་བར་མ་དོར་གྱི་མཛད་སྤྱོད་བཞགས་ནས་ཤ་ཡིན་ན་ཟ་ཤག་དང་རྨེན་ཡིན་ན་དབྱུགས་ཤག་གནང་རོགས་ཞུ་ཡ་ཡིན།
ཏྲེ་ཧོར་བྱམས་པ། དོན་དག་མེད་ས་ནས་ལས་ངན་ཚབས་ཆེན་མ་གསོག ཡ་མཚན།ྲ
བེ་རི་གདོང་ནག་གི་གསུང་བ་ལ་རྒྱབ་སྐྱོར་ཡོད
ངས་དངོས་ཡོད་དང་བདེན་པར་གཞི་བཞག་ནས་བཤད་ཀྱི་ཡོད་ཙང་དེས་ལས་ངན་བསགས་ན་བློ་འགྱོད་རྩ་བ་ནས་མེད་གདའ་་་་ལོ་ཡག་གམ་ནག་ཁུང་གབ་རྫུན་གོ་བར་གྱིས་ཤིག་་་་་་
ཆགས་མེད་བདེ་སྨོན་ལས།
ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ།།
བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་བ་བཏབ།།
དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས།།
་་་་་་་་་་་་་་་་་ཞེས་ཀྱང་གསུངས་གདའ།
ཧཧཧཧཧཧ་་་་་་་ང་ལ་སྡིག་པའི་སྐོར་བཤད་ཀྱི་འདུག་གདའ། ནམ་མཁའ་ལ་ཉི་མ་བདུན་ཤར་ཟེར་བ་དེ་ད་རེད་འདུག་གདའ། ཤ་ཚ་སྙིང་རྗེ་ད་དུང་རྨོངས་ཞེན་ལས་གྲོལ་བར་ལམ་ཐག་རིང་མོ་རེད་འདུག་་་་་་གང་དྲག་ཨ་་་་་་
ནམ་མཁའ་ལ་ཉི་མ་བདུན་ལས་མི་ཚད་བགྲང་གིས་མི་ལོངས་པ་ཡོད། ང་ཚོ་དང་བར་ཐག་རིང་ཆེས་ནས་ཉི་མར་མ་མཐོང་བ་རེད་མ་གཏོགས་དོན་ལ་སྐར་མ་ཚང་མ་ཉི་མ་རེད། གལ་སྲིད་རྒྱུ་རྐྱེན་ཞིག་གིས་སྐར་མ་མདུན་ང་ཚོའི་ཉེ་ས་སྟེ། ད་ལྟའི་ཉི་མ་གང་ན་ཡོད་པ་དེ་གར་སླེབས་སོང་ན་ཉི་མ་བདུན་ཤར་བ་མིན་ན་ཅི་ཡིན། མི་སྲིད་པ་ཞིག་ག་ནས་ཡིན།
རྫོང་གསར་མཁྱེན་བརྩེས།
་་་་་་་་་ As I said, enlightenment is an absence of paranoia ་་་་་་་་
https://www.facebook.com/photo.php?fbid=10153811359454927&set=gm.10156637148785294&type=3&theater
རིན་པོ་ཆེས་བོད་ཡིག་ལ་མཐོང་སྤྲོད་གི་མིན་འདུག་ག
ཧཧཧཧཧཧ རིན་པོ་ཆེ་་་་་་་་ཧཧཧཧ
ཉིམ་བདུན་ཤར་བའི་དོན་ནི། ལོ་དུ་ཕྱུར་མང་པོའི་རྗེས་ལ་ང་ཚོ་ལོངས་སྤྱོོད་དུ་གྱུར་པའི་ཉི་མ་དེ་ཉིད་བསིལ་བུར་འགྱུར་བ་དང་། དེའི་ཆ་ཤས་དྲུག་གམ་བདུན་གྱིས། ང་ཚོའི་རྒྱ་མཚོ་སྐེམ་པར་བྱེད་པ་དང་། མཐར་གོ་ལ་བསྲེག་པར་འགྱུར་བ་ངེས་པ་ལ་དགོངས་ནས། ཉི་མ་བདུན་ཤར་ནས་ཞེས་པའི་དོན་དུ་གོ་དགོས་སྙམ་ལགས།
མཛོད་ལས་བཤད་པའི་མེ་བདུན་ཆུ་གཅིག་གིས་འཇིགས་པར་བཤད་པའི་དོན་ནི་སྐབས་དེརབཉི་མ་བདུན་དུ་ཤར་བའི་དོན་མིན་ཅིང་ད་ལྟའི་ཉི་མ་བས་བདུན་འགྱུར་གྱིས་ཚ་བར་ཤར་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་འཇིགས་པར་བཤད་པ་ལས་ཉི་མའི་གྲངས་བདུན་ཤར་བར་ངོས་མི་འཛིན་རོགས་དེ་ནི་རྩོད་མེད་ལ་རྩོད་པ་བཟོས་པ་རེད།།
ཚན་རིག་པའི་གྲུབ་དོན་ལྟར་ན། ད་ལྟའི་ཉི་མ་འདི་ནི། གཞོན་གཞོན་ནམ་གཞོན་ནུ་དར་ལ་བབ་པ་ཡིན་པར་གསུང་བགྱིན་འདུག དེས་ན། ད་ལྟའི་ཉི་མའི་མེ་དྲོད་འདི་ལས་ཆུང་དུ་འགྲོ་བ་ལས། ཚ་རུ་འགྲོ་རུ་འགྲོ་རྒྱུ་མེད་པ་ནི། རིགས་པས་བསྒྲུབས་སྟེ། ཤིང་དང་སྣུམ་འདྲ་བོའི་ཚ་རུ་འགྲོ་ཡ་ཁ་སྣོན་འོངས་ས་མེད་པའི་ཕྱིར་རོ།།
ང་ཚོས་འདས་པའི་སངས་རྒྱས་འོད་སྲུངས་ཕེབས་ཤུལ་མ་རྙེད་པ་དང་། མ་འོངས་པའི་སངས་རྒྱས་བྱམས་པ་འོངས་སྟངས་རིགས་པས། མ་བསྒྲུབས་པར། ཉི་མ་ཟླ་བའི་བྱུས་གཏོགས་འདི། སུ་གང་ལ་ཕན་མི་ཡོང་ངོ་།།
གནམ་གཤིས་ཚ་དྲོད་འཕེལ་བཞིན་པ་གོ་ཐོས་བྱུང་ཡོད་ས་མ་རེད། ད་ལྟ་སྔར་ལས་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད་པར་ཚན་རིག་པས་བཤད་ཡོད། ཉི་མས་མ་ཚ་ནས་འཛམ་གླིང་འདིར་ཚ་དྲོད་གང་ནས་ཡོང་ངམ། ཡང་ན་ཟླ་བ་ལས་བྱུང་ངམ། ཚན་རིག་གོ་ཐོས་མེད་པས་ཚན་རིག་བཤད་ཁུལ་མ་བྱེད་རོགས།
རང་གི་ཐབ་ཚང་ནང་གི ཚ་དྲོད་ཆེན་པོ་དེ། རང་གིས་བཟོས་པ་ལས། ཉི་འོད་ཚ་དྲགས་པས། མིན་པ་ལྟར། གོ་ལ་ཚ་དྲོད་ཆེ་རུ་འའགྲོ་བ་དེ་ཡང་མིའི་འདོད་རྔམས་ལས་བྱུང་བ་ལས། ཉི་འོད་ཚ་རུ་ཕྱིན་པ། ཚན་རིག་པ་སུས་ཀྱང་བཤད་མི་འདུག་གོ།
རྫོང་གསར་མཁྱེན་བརྩེས།
་་་་་་་་་ As I said, enlightenment is an absence of paranoia ་་་་་་་་
འཁྲུལ་སྣང་གི་paranoiaསྨྱོ་བློ་མེད་ན། ཐམས་ཅད་མཁྱེན་པ་ཆགས་ན། འཕགས་པའམ། ཉན་རང་དགྲ་བཅོམ་པ་རྣམས། ཆོས་ཅན། ཐམས་ཅད་enlightenmenམཁྱེན་པ་ཡིན་པར་ཐལ། ་་་་་་་་་ ཞེས་པ་གཅིག་བརྩོད་ན། རིན་པོ་ཆེ་ལ་ལན་ག་རེ་ཡོད་དམ། ལགས། རིན་པོ་ཆེ། ལགས།
ཀརྡོ་ལགས། རྫོང་གསར་གྱིས་ཚུལ་གསུམ་ཚད་མས་གྲུབ་ཚུལ་ལམ་ཀ་ནང་འགྲོ་ཨེ་ཤེས་སྙམ། ཤེས་ན་ལན་བློ་ཁ་ཚིམ་པ་ཅིག་རྒྱག་འོང་། ཕལ་ཆེར་ཁག་པོ་རེད་ཡ། ལྟོས་ཨ།
ལགས་རེད། ཁ་བརྡའི་བོད་ཡིག་དྲ་རྒྱ་ཀློག་ཁོམ་ཡོད་བགྱིད་མ་རེད། ཁ་བརྡ་ཀློག་པ་དང་། ཁ་བརྡར་བྲིས་ནས་རིན་པོ་ཆེ་ལ། དད་པ་བྱེད་མཁན་མང་དུ་དང་། ཡོན་ཕུལ་མཁན་མང་དུ་འགྲོ་བགྱི་མེད་མཁྱེན་ཙང་་་་་་ ཧཧཧ། །
enlightenment ཞེས་པའི་ཚིག་དེ་ལ་གོ་དོན་མང་པོ་ཡོད་རེད།༼ ཀརྡོ་གཉེར་ཕྱག་པ་
ཏྲེ་ཧོར་བྱམས་པ་རིན་ཆེན།༽
དང་པོ་སྒྲ་ཡངས་དོག་ཤེས་ནས་ཚིག་དེ་འི་གོ་དོན་ཤེས་པར་བྱོས། དེར་མིན་ཁྱེད་ཀྱིས་ཉན་རང་དང་། དགྲ་བཅོམ་སོགས་ཆོས་ཅན་དུ་བཞག་ནས་རྩོད་པ་ནི།
ཕྱོགས་སྔའི་ལམ་མ་ལང་སྔོན་ལ་འགག་པའི་ཉི་མ་ཤར་བ་ལས་མ་འདས་པས།
དེས་ན་བློ་ཁ་ནང་ལ་ཕྱོགས་ནས་བསམ་ཞིབ་གནང་རོགས།
དཔལ་ལོ་ལགས།
བློ་ཁ་ནང་ལ་ཕྱོགས་ནས། རིན་པོ་ཆེ་ལ་རྟགས་གསལ་ཕུལ་ཡོད། ཁྱེད་རང་༸ཁོང་གི་ཚབ་བྱས་ནས། ལན་འདི་ལས་ལྷག་མེད་ན། ད་དུང་དཔེ་ཆ་མང་ཙམ། གཟིགས་གྲོགས་མཛོད་ཅིག་ཀྱེེ།
ཡང་ན། རྫོང་གསར་རིན་པོ་ཆེ་ཡང་། རྒྱ་གཞུང་གིས་བཤད་པ་ལྟར། ལི་living Buddhaཝིང་བུ་དྷཅིག ་ཡིན་ན་ནི་གང་ཤེས། ཧཧཧཧཧཧཧཧ། ཀུ་རེ་དང་བཅས།། །།
རླུང་འཕྲིན་ཁང་གི་དྲི་བར་ལན་འདེབས་གནང་བ་ཅིག
https://www.facebook.com/rfa.tibetan/videos/884135405039033/
འབྲུག་གི་ཁང་གི་འཛིན་ཤོག་གམ། ཤོག་དངུལ་གསར་པ།
https://www.facebook.com/photo.php?fbid=971383006243842&set=a.682733125108833.1073741837.100001164542756&type=3&theater
འབྲུག་གཞུང་གིས། དཔལ་འབྱོར་མེད་ཀྱང་། བདེ་སྐྱིད་ཡོད་ཟེར་སྲོལ་འདུག ག་འདྲ་ཡིན་ནམ། མི་ཤེས་སོ།།
ཧཧཧཧ་་་་་་འབྲུག་གི་ཁྱོ་ཀ་ཚང་མའི་ཉྭ་རིལ་སྐྱ་ལེར་ལེར་སྟོན་པ་དང་སྐྱེས་དམན་ཚང་མའི་མགོ་སྐྲ་ཕོར་ཀོར་ནང་བཞིན་གཏུབ་འཇོག་བྱས་དུས་རིག་གཞུང་རྒྱུན་འཛིན་གྱིས་དཔལ་འབྱོར་མེད་ཀྱང་བདེ་སྐྱིད་ཡོད་ཐག་ཆོད་རེད། ངོ་མ་སྲིད་དབང་གཅིག་སྡུད་རིང་ལུགས་འོག་ལ་ད་དུང་མི་ལོ་ག་ཚོད་ཙམ་་་་་་་་་
འབྲུག་ཡུལ་དང་། བལ་ཡུལ་ལ་༸གོང་ས་མཆོག་ཕེབས་མི་ཆོག་པ་འདི། བློ་ཕམ་པའི་ལོ་རྒྱུས་སྐྱུར་མོ་ཞིག་རེད་གདའ།།