ཕྱི་ཟླ་༥ ཚེས་༤ ཕྱི་དྲོའི་ཆུ་ཚོད་༧ ཙམ་ལ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ཝི་སི་ཀོན་སིན་མངའ་སྡེའི་མལ་སྒྲི་སིན་གྲོང་ཁྱེར་དུ་ཞབས་སོར་བདེ་བར་འཁོད་པ།
ཝི་སི་ཀོན་སིན་གནས་འཁོད་བོད་མི་རྒན་གཞོན་བར་གསུམ་མི་གྲངས་ལྔ་བརྒྱ་ལྷག་དང་ལྷན་དུ།
ཝི་སི་ཀོན་སིན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆུང་ཚེ་རིང་ལགས་ཀྱིས་ལས་སྡོམ་སྙིང་བསྡུས་སྙན་སྒྲོན་ཞུ་བཞིན་པ།
༧ དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཝི་སི་ཀོན་སིན་བོད་མི་མང་ཚོགས་ལ། བོད་མི་ཚོས་དབུ་ཁྲིད་ ༧ གོང་ས་སྐྱབས་མགོན་རིན་པོ་ཆེ་ལྟ་བུའི་རྩ་ཆེ་ཞིང་རླབས་ཆེ་བའི་དབུ་འཁྲིད་ཅིག་ཡོད་པ་ངོ་ཤེས་པ་བྱེད་དགོས་པ་དང་། ཁོང་གི་བཀའ་དགོངས་ཇི་བཞིན་བསྒྲུབ་དགོས་པ། བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་པ། གཞོན་སྐྱེས་ཚོས་བོད་སྐད་ཡིག་ལ་སྦྱང་བརྩོན་བགྱིས་དགོས་པ་སོགས་ཀྱིས་མཚོན་བླང་དོར་བཀའ་སློབ་བསྩལ་བཞིན་པ།
རི་དྭགས་ཤྭ་བའི་ཚལ་དགོན་པའི་དགེ་བཤེས་བསྟན་འཛིན་རྡོ་རྗེ་ལགས་ནས་མཇུག་སྡོམ་གསུང་བཤད་གནང་བཞིན་པ།
ས་གནས་ནད་གཅོང་རྒན་འཁོགས་ལ་ཐུགས་བརྩེ་བ་ཆེན་པོས་ཐུགས་སྨོན་གནང་བཞིན་པ།
ཕྱི་ཟླ་ ༥ ཚེས་ ༥ སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་ ༧ དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་ (University of Wisconsin-Madison)དུ་ཕྱི་ནང་མི་རིགས་ལ་བཀའ་རྒྱུད་གསོལ་འདེབས་རྡོ་རྗེ་འཆང་ཆེན་མའི་གསུང་ཆོས་བཀའ་དྲིན་བསྩལ་བཞིན་པ།
ཕྱི་ཟླ་ ༥ ཚེས་ ༥ ཕྱི་དྲོའི་ཆུ་ཚོད་ ༧ ཙམ་ལ་ ༧ དཔལ་རྒྱལ་བ་ཀརྨ་པ་མཆོག་དང་། དབང་རྩ་རིག་པའི་མཁས་དབང་རི་ཆར་ སྒྲེ་ཝི་སྒྲི་སོན་སོགས་ཀྱིས་མི་སེམས་དང་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ཐབས་བརྗོད་གཞི་ཐོག་བགྲོ་གླེང་གནང་བཞིན་པ།
ཚོགས་ཞུགས་པ་རྣམ་པས་བློ་རྩེ་གཅིག་སྒྲིམ་གྱིས་བགྲོ་གླེང་གསུང་མོལ་ལ་ཉན་བཞིན་པ།
ཕྱི་ཚེས་ ༥ ཉིན་གྱི་མཛད་རིམ་རྣམས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་གྱི་བདེ་ཐང་སེམས་ཁམས་ཞིབ་འཇུག་ལྟེ་གནས་ (Center for Investigating Healthy Mind) དང་གཏེར་སྒར་ཆོས་ཚོགས་ (Tergar) གཉིས་ཀྱིས་གོ་སྒྲིག་ཞུས་འདུག
པར་པ་ཤེས་རབ་ལྷ་བཟང་།
མཐོང་གྲོལ་རིན་པོ་ལ་ན་མོ།
མཚུར་ཕུ་ཀརྨ་པ་ལ། བོད་མི་ཚོས་ཆོས་བརྒྱུད་གཞན་གྱི་བླ་ཆེན་མི་འདྲ་བར་ཆེ་མཐོང་སྤྲོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ངའི་བསམ་ན་ཆོས་བརྒྱུད་གཞན་གྱི་བླ་སློབ་ཚོས་སེམས་ཁམས་ལ་རྨ་ཁ་མ་བཟོས་ན་ལེགས། ས་སྐྱ་གོང་མ་དང་རྙིང་མའི་དབུ་འཛིན། འབྲི་འབྲུག་གི་སྐྱབས་མགོན་རྣམ་པ། དགའ་ལྡན་ཁྲི་པ་དང་བོན་གྱི་དབུ་འཛིན་སོགས་བོད་ཀྱི་བླ་ཆེན་ཚོས་བོད་པའི་ཆོས་དང་རིག་གཞུང་སོགས་ལ་ཞབས་ཕྱིའམ་ཡང་ན་ལེགས་སྐྱེས་མང་པོ་ཕུལ་ཡོད། དེ་དག་ལའང་ཆེ་མཐོང་ངེས་པར་སྤྲོད་དགོས།
བླ་མ་ཚོ་བདག་འཛིན་ལས་གྲོལ་ཟིན་པ་མ་ཡིན་ནམ། བདག་མེད་ཀྱི་ཆོས་བཤད་ནས་བདག་འཛིན་གྱི་མེ་འབར་ན་ཡག་པོ་རང་འདུག་གམ། འདི་ནི་བླ་མའི་ཆོས་ལུགས་ཀྱི་ཁྱད་ཆོས་ཡིན་ནམ།
བོད་མི་ཚོས་ཏཱ་ལའི་བླ་མ་དང་མཚུར་ཕུ་ཀརྨ་པ་གཉིས་ལ་གུས་བཀུར་ཆེན་པོ་བྱེད་པ་དེ་ནི་ཁོང་རྣམ་པ་གཉིས་ཀྱིས་སྐྱེ་བའི་ཕྲེང་བ་ཚོས་བོད་ཀྱི་སྤྱི་ཚོགས་ལ་ཆེ་ཆེ་འཇིག་འཇིག་གིས་ཞེད་སྣང་མང་པོ་བསླངས་མྱོང་ཡོད་པས་རེད།
བླ་མ་ཡིན་པ་གཅིག་མཚུངས་ཡིན་ན་ཡང་། སྤྱི་དོན་སྒྲུབ་མཁན་དང་། མི་སྒྲུབ་མཁན་གྱི་ཁྱད་པར་ཤོར་བ་ལས། བླ་མ་རྩ་ཆེ་ཆུང་གི་སྐད་ཆ་ཅིག་མ་རེད་དོ།། སྤོབས་མཐའ་ལགས།
དཔལ་རྒྱལ་བ་ཀརྨ་པའི་དབུ་ཞྭ་མགའ་འགྲོ་མ་བྱེ་བ་འབུམ་གྱི་དབུ་སྐྲ་ལས་གྲུབ་པའི་རྒྱ་ནག་གོང་མས་བོད་མགོ་གཡོག་པའི་འཐོམ་ཞྭ་དེ་ག་བ་ཡོད་ནམ། སེར་ར་བྱམས་ཆེན་རྗེ་ལ་ཡང་ཅིག་ཡོད་པས་སེར་ར་བ་ཚོས་འཐོམ་ཞྭ་ཡིན་པ་ཚོར་ནས་པན་ཞྭ་ལ་སྦྱོར་བ་སྐད། བོད་ཀྱི་བླ་ཆེན་མང་པོ་འཐོམ་ཞྭ་འདི་འདྲ་མང་པོས་བོད་རང་བཙན་ཤོར་བའི་རྒྱུ་སྔོན་སོང་ཡིན་ནོ།