བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ།
༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོས་པཎ་ཆེན་ཡང་སྲིད་ཁག་གི་སྐོར་ལ་སྤྱན་རྒྱ་མཆོག་ཏུ་ཡངས་པའི་གཟིགས་ཚུལ་བླ་ན་མེད་པ་འདི་ལ་རང་རིགས་འབྲེལ་ཡོད་དང་བཅས་པ་ཚང་མས་བློ་རྒྱ་བསྐྱེད་དེ་ཆིག་སྒྲིལ་གྱི་ནུས་ཤུགས་འདོན་པའི་སྲི་ཞུ་བསྒྲུབ་དགོས།
༢༠༡༨ ཟླ་ ༤ ཚེས་ ༢༥ ཉིན་མོའི་《བོད་ཀྱི་དུས་བབ་》གསར་ཤོག་ནང་།
“དེ་རིང་ཉིན་གུང་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཕེབས་སྐབས། གནམ་ཐང་དུ་གསར་འགོད་པ་ཞིག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དེ་རིང་ནི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ཡིན་པའི་སྐོར་ལ་དགོངས་ཚུལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས། འདི་ཏོག་ཙམ་རྙོག་དྲ་ཚ་པོ་རེད། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་བདམས་ཡོད་པ་རེད། དེ་ནས་ངོས་ནས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་རྩད་འཚོལ་ལམ་ལུགས་ལྟར་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་གཅིག་ངོས་འཛིན་བྱས་པ་ཡིན། ངོས་ཀྱི་རེ་བར་རྒྱ་ནག་གཞུང་གིས་བདམས་པའི་པཎ་ཆེན་ཡང་སྲིད་ཁོང་དགེ་བའི་བཤེས་གཉེན་ཚད་ལྡན་ཞིག་གི་དྲུང་ནས་བསླབ་པ་སློབ་གཉེར་ཚུལ་བཞིན་གནང་བཞིན་ཡོད་ཤག་དང་། ཕྱོགས་མཚུངས་ངོས་ནས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེར་མཚོན་ན། ཁོང་གི་སྐོར་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་རྩ་བ་ཉིད་ནས་མེད་པར་གར་སོང་ཆ་མེད་ལྟ་བུ་ཆགས་པ་རེད། འོན་ཀྱང་ཕྱིས་སུ་ཁུངས་ལྡན་གནས་ཚུལ་ལྟར་ན། ད་ལྟ་ཁོང་སྐུ་འཚོ་བཞུགས་ཡིན་པ་དང་། རྒྱུན་ལྡན་གྱི་སློབ་སྦྱོང་གནང་མུས་ཡིན་པའི་གནས་ཚུལ་གོ་ཐོས་བྱུང་། ལོ་བརྒྱ་ཙམ་གོང་བོད་ནང་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཞེས་པའི་བླ་མ་རྩ་ཆེན་ཞིག་བྱུང་བ་ཁོང་དགོངས་པ་གཤེགས་རྗེས་ཁོང་གི་ཡང་སྲིད་ལྔ་བྱུང་བ་རེད། སྐུ། གསུང་། ཐུགས། ཡོན་ཏན། འཕྲིན་ལས་བཅས་ལྔ་བྱུང་བ་རེད། དེར་བརྟེན་བླ་མ་གཅིག་ལའང་སྤྲུལ་པའི་ཟློས་གར་སྣ་ཚོགས་ཡོང་ཆོག་པ་ཞིག་ཀྱང་རེད། ཅེས་གསུངས་གནང་ཡོད་པ་རེད།”
ཅེས་བཀོད་འདུག་པ་ལྟར། ༧གོང་ས་མཆོག་གིས་གསར་འགོད་པར་བཀའ་ལན་དེ་འདྲ་གནང་བའི་ཞལ་གསུང་ཡང་གསར་འགྱུར་བརྒྱུད་ལམ་གཞན་ནས་གོ་ཐོས་བྱུང་།
༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་ནས་ད་ལྟའི་པཎ་ཆེན་ཁྲིར་བཞུགས་ཆོས་ཀྱི་རྒྱལ་པོ་ཞུ་བ་མཆོག་འདི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་ཡང་སྲིད་སྤྲུལ་པའི་ཟློས་གར་ཡིན་ཆོག་པའི་གསལ་བཤད་གནང་བ་དེ་ལ་གུས་ནས་རྨོངས་དད་ཡིན་མིན་ལ་མ་བལྟོས་པའི་སྙིང་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན།གང་ལགས་ཤེ་ན།
༡༽ རང་རེའི་སྲོལ་རྒྱུན་གྱི་བལྟ་སྟངས་བྱས་ན། བླ་མ་འགའ་རེའི་ཡང་སྲིད་ངོ་མ་རང་ཞིག་མིན་པའི་ཁྱེའུ་གཞན་ཞིག་ངོས་འཛིན་བྱས་ཚེ་ཡུན་རིང་གོང་མའི་གདན་ཁྲིར་གནས་བཞུགས་མི་ཐུབ་པར་འདས་གྲོངས་སོང་བའི་ལོ་རྒྱུས་རྒན་རབས་ཡོངས་ལ་གྲགས་ཤིང་གྲུབ་པ་ལྟར། ད་ལྟའི་པཎ་ཆེན་ཁྲིར་བཞུགས་འདི་པ་ལོ་མང་དེ་ཙམ་པཎ་ཆེན་གོང་མའི་གསེར་ཁྲིར་འཚོ་བཞུགས་ཐུབ་པ་དེ་ནི་སྐུ་གོང་མའི་རྣམ་འཕྲུལ་ལྟ་བུའི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་མེད་ན། ཡུན་རིང་དེ་ཙམ་འཚོ་བཞུགས་མི་ཐུབ་པར་འདོད་འོས་པ་རེད།
༢༽ པཎ་ཆེན་ཁྲིར་བཞུགས་འདི་པ་དེ་སྔ་གསེར་བུམ་ནང་དུ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་སོགས་དང་ཆབས་ཅིག་འོས་སྤྲུལ་ཁོངས་སུ་ཚུད་པ་ཙམ་གྱིས་གོང་མའི་ཐུགས་བསྐྱེད་སོགས་དང་འབྲེལ་བའི་གང་ཟག་ཁྱད་པར་ཅན་ཞིག་ཡིན་པར་ངོས་འཛིན་ཞུ་འོས་པའི་རྒྱུ་མཚན་ཡོད་པ་རེད།
༣༽ ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་༧སྐྱབས་རྗེ་གུང་ཐང་འཇམ་དཔལ་དབྱངས་ཞེས་༧རྒྱལ་བསྟན་སྲོག་ཟུངས་སྤེལ་བའི་མགོན་པོ་བླ་ན་མེད་པ། མང་པོས་བཀུར་བའི་སྐྱབས་གནས་དམ་པ་གང་དེས་པཎ་ཆེན་ཁྲིར་བཞུགས་འདི་པ་གང་ཟག་ཁྱད་པར་ཅན་མི་འདྲ་བ་ཞིག་ཡིན་ཚུལ་ཨ་མདོ་སྒོ་མང་དགོན་པའི་ཨ་ལག་འཇམ་པོ་མཆོག་ལ་བཀའ་གནང་ཚུལ་ཨ་ལག་ཉིད་ལས་ཐོས།
༤༽ པཎ་ཆེན་ཁྲིར་བཞུགས་འདི་པ་མི་གཤིས་བཟང་ལ། མི་རིགས་ཀྱི་ལར་ཞེན་ཡོད་པ། ཆོས་དང་རིག་གནས་སྐད་ཡིག་སྣ་ཚོགས་ལ་ཐུགས་བརྩོན་ཤིན་ཏུ་ཆེ་ལ། སྦྱངས་འབྲས་ལེགས་པར་གྲགས་པ་མ་ཟད། བར་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་མཁས་བཙུན་བཟང་པོའི་རྣམ་ཐར་ཕུལ་དུ་བྱུང་བ་དང་ལྡན་པའི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་དང་། ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་། ཨ་ཁུ་བློ་བཟང་རྒྱ་མཚོ་ཚང་བཅས་”རྒྱ་མཚོ་རྣམ་གསུམ་”དུ་གྲགས་པའི་ངེས་པ་དོན་ལྡན་གྱི་བླ་མའི་གྲས་ནས་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དབྱངས་རྒྱ་མཚོ་མཆོག་པཎ་ཆེན་ཁྲིར་བཞུགས་ཀྱི་ཡོངས་འཛིན་དུ་མངའ་གསོལ་ལྷན་བཞུགས་མཛད་དེ། གཞུང་ལུགས་དབང་ལུང་མན་ངག་གསན་བཞེས་གནང་བཞིན་པར་གྲགས་ཤིང་། ཡོངས་འཛིན་མཆོག་གིས་ཀྱང་པཎ་ཆེན་ཁྲིར་བཞུགས་འདི་པའི་ཆེ་བ་འདོན་གནང་མཛད་ཚུལ་ཐོས་རྒྱུ་ཡོད་པས། ང་ཚོས་བློ་རྒྱ་བསྐྱེད་དེ་བསྟན་འགྲོ་སྤྱི་བྱེའི་དཔལ་དུ་འགྱུར་བའི་རེ་བ་ཞུ་འོས་པ་ཞིག་ཅིས་ཀྱང་ཡིན་པར་སྙམ།
པཎ་ཆེན་གོང་མ་སྐུ་ཕྲེང་བཅུ་པ་མཆོག་ཉིད་གོང་མའི་གདན་སར་ཁྲིར་བཀོད་མཚམས་སུ་སྐབས་དེའི་འོས་སྤྲུལ་གཞན་དེར་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོས་”པཎ་ཆེན་འོས་སྤྲུལ་”གྱི་མཚན་གསོལ་ཐོག་ནས་”གསུམ་གདན་སྙེ་འབོལ་”ཞེས་པའི་གདན་ཐོབ་འབུལ་བཞེས་མཛད་དེ།བོད་ཀྱི་བླ་ཆེན་གྲས་སུ་བཞུགས་ནས།རིན་པོ་ཆེ་མཆོག་ཉིད་ད་ལྟ་ཨར་ལན་ཌིའི་རྒྱལ་ཁབ་ཏུ་ཆོས་ཚོགས་འཛིན་སྐྱོང་དང་།ཆེན་པོ་ཧོར་གྱི་ཡུལ་སོགས་ཕན་ཚུན་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་ཕེབས་བཞུགས་གནང་བཞིན་པ་ལྟར།ད་རེས་ཀྱང་བོད་ལྗོང་གཙང་དུ་གདན་ས་བཀྲ་ཤིས་ལྷུན་པོར་པཎ་ཆེན་གོང་མའི་ཁྲིར་འགོད་མངའ་གསོལ་ཞུ་རྒྱུ་མ་བྱུང་བའི་འོས་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་དེང་རབས་ཀྱི་སློབ་སྦྱོང་ཚུལ་བཞིན་འབུལ་བཞེས་ཡོད་ཚེ། “པཎ་ཆེན་འོས་སྤྲུལ་”གྱི་མཚན་ཐོག་དེང་རབས་ཀྱི་སྐུ་ཡོན་དང་འབྲེལ་བའི་སྐབས་བསྟུན་གཞན་ཕན་གྱི་འཕྲིན་ལས་ལྷུར་བཞེས་མཛད་ཕྱིར། རང་ཅག་རྣམས་ནས་པཎ་ཆེན་ཡང་སྲིད་སྤྲུལ་པའི་ཟློས་གར་ནང་གསེས་འགྲན་ཟླར་མ་སོང་བར།ཕན་ཚུན་ཐུགས་ནང་གཤིན་པོས་གཅིག་གྲོགས་གཅིག་ཕན་གྱི་མཛད་བཟང་སྐྱོང་བའི་མཐུན་འགྱུར་ཞུ་ཐབས་བྱུང་ན།འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཡང་སྲིད་སྤྲུལ་པའི་ཟློས་གར་རྣམས་ལྟར་སྨོན་གནས་སུ་འགྱུར་ཐུབ་པའི་རེ་འདུན་ཅིས་ཀྱང་ཞུ་འོས་ཉག་གཅིག་ཡིན་པས།༧གོང་ས་༧སྐྱབས་མགོན་༧རྒྱལ་བའི་དབང་པོའི་པཎ་ཆེན་ཡང་སྲིད་ཁག་གི་སྐོར་ལ་སྤྱན་རྒྱ་ཡངས་པོའི་གཟིགས་ཚུལ་འདི་ནི་དངོས་ཡོད་གནས་སྟངས་ལའང་འཕྲལ་ཕུགས་གཉིས་ཀའི་ལམ་ཕྱོགས་ཉག་གཅིག་ལྟ་བུར་དགོངས་པར་མངོན་པས།ང་ཚོ་ཚང་མས་ཞི་དལ་ལྷིང་འཇགས་ཐོག་ནས་༧རྒྱལ་བའི་བཞེད་དོན་དང་མཐུན་པའི་བློ་རྒྱ་བསྐྱེད་དེ།ཆིག་སྒྲིལ་གྱི་ནུས་ཤུགས་འདོན་དགོས་ངེས་མིན་ནམ་སྙམ།
ཁོང་གིས་ད་ག་རེ་གསུངས་བསྡད་ཀི་ཡོད་རེད།
སྐབས་རེ་ནི་སྤྲུལ་སྐུ་ལམ་ལུགས་འདི་འགྲེམ་སྟོན་ཁང་ལ་སྐྱེལ་རྒྱུ་ཙམ་ལས། སྤྱི་ཚོགས་འདིར་ལུགས་གཉིས་ལ་ཕན་ཐོགས་པའི་ལམ་སྲོལ་ཞིག་མིན་རབས་བཤད་མྱོང་། སྐབས་རེ་ནི་ཆོས་མེད་ཆབ་སྲིད་པ་དག་གིས་བསྐོས་པའི་ཡང་སྲིད་ཡང་གཅིག་གཅིག་ཉིག་ཉིག་ཡིན་རབས་འདྲ་བཤད་བསྡད་ཀི
གསེར་བུམ་དཀྲུགས་དུས་དགེ་འདུན་ཆོས་ཀྱི་ཉི་མའི་མཚན་ནང་དུ་མ་བཞག་པར་རྒྱལ་མཚན་ནོར་བུའི་མཚན་ཐོ་ཤོག་བུའི་འགའི་ཐོག་བྲིས་ཏེ་གསེར་བུམ་ནང་བཞག་ཚུལ།སྐབས་དེར་ཡོད་པའི་མི་ཨ་ལགས་ཨ་རྒྱ་ལ་རྒྱ་མི་ལས་བྱེད་ཚོའི་ཁ་བརྡ་བྱེད་བཞིན་པ་ཁོའི་དངོས་སུ་ཐོས་ཚུལ་གསུངས་པ་ཡོད། ད་ཡང་རྒྱལ་ནོར་བུ་ཁས་ལེན་དགོས་བྱུང་ན་རྙོག་དྲ་དེ་བས་ཀྱང་ཆེ་རུ་འགྲོ་རྒྱུ་གཏན་འཁེལ་ཚར་བ་རེད།མ་ཟད་དགེ་འདུན་ཆོས་ཀྱི་ཉི་མ་དང་ཁོའི་ནང་མི་ཚང་མ་དཀའ་སྡུག་འདི་མྱོང་དགོས་དོན་ཡང་འབྲས་མེད་རེད།
དེ་ལྟར་རྒྱལ་མཚན་ནོར་བུ་ལ་བསམ་ཤེས་བྱེད་འདོད་ན།སྔོན་མ་ནས་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་བྱས་དོན་མེད་ལ།སྤྲུལ་སྐུ་འདྲ་མིན་ཡོང་ཆོག་པ་རེད་གསུངས་པ་ལས་དེ་ཐམས་ཅད་ངོས་ལེན་བྱེད་དགོས་པ་རེད་ཅེས་ནམ་ཡང་གསུངས་མི་འདུག སྔོན་མ་ནས་དེ་ལྟར་གསུངས་པ་རེད།
ཡང་བོད་ཀྱི་བླ་ཆེན་ཚོས་དམ་བཅའ་ཞིག་ཤོར་ཀྱིན་འདུག རྒྱ་མའི་པན་ཆེན་ལ་མགོ་བོ་སྒུར་རྒྱུ་རེད་ཤག སྤྱིར་དང་པོ་ཉིད་ནས་པན་ཆེན་ངོས་འཛིན་བྱས་མེད་ན་ཡག་པོ་ཡོད་ས་རེད། སྟབས་ལེགས་ན་དགེ་འདུན་ཆོས་ཀྱི་ཉི་མ་རྒྱ་མིས་གོ་བསྒྲིགས་འོག་ངོས་འཛིན་བྱས་ཡོད་སྲིད་པ་རེད། གལ་ཏེ་ངོས་འཛིན་མ་བྱུང་ཡང་བཙོན་ཁང་ནས་ལོ་མང་འདི་འདྲ་ཞིག་ལ་སྡོད་དགོས་རྒྱུ་མ་རེད། མ་གཞི་འདི་ཚང་མ་ལྷ་ལ་ཡིད་ཆེས་དྲག་ནས་བྱུང་བ་ཞིག་རེད། ལྷས་ལུང་བསྟན་ལྟར་པན་ཆེན་རིན་པོ་ཆེ་ངོས་འཛིན་བྱས་ཡོད་ཤག་རེད། སྐུ་མདུན་ཡང་ཆབ་སྲིད་ཀྱི་སྲིད་སྟེགས་ནས་བབས་ནས་ཆོས་ལུགས་གཅིག་པོའི་བྱེད་སྒོ་སྤེལ་བཞིན་པར་མཆིས། ཁྱད་པར་དུ་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་པར་བརྩོན་པ་བྱེད་བཞིན་ཡོད་ཚོད་རེད། ཡིན་ཡང་འདི་ནི་ནོར་འཁྲུལ་ཚབས་ཆེས་ཤོས་གཅིག་རེད། མི་ལོ་དྲུག་ཅུ་ལྷག་ཅིག་ལ་བཙན་བྱོལ་དུ་བཞུགས་ནས་ད་ལྟ་གནས་མཇལ་ལ་ཁ་གཡར་ནས་ཆ་རྐྱེན་མེད་པའི་ངང་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་འགྲོ་ཀི་ཡིན་ཟེར་ན་འོས་ཤིང་མཚམས་པ་ཞིག་ཅིས་ཀྱང་མ་རེད་སྙམ། །
བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱིས་སྤྲུལ་བའི་སྐུ་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལན་གྱི་སྤྲུལ་བའི་ཟློས་གར་སེམས་ཅན་གྱི་བསོད་ནམས་ཀྱི་རྟེན་དུ་བྱོན་སྲིད་ན་ཡང་ནང་ཆོས་དུག་ལ་རྩི་མཁན་ཆོས་མེད་ཀླ་ཀློའི་ཆབ་སྲིད་ཀྱི་མཁེ་ཕན་སྒྲུབ་རྒྱུའི་ངོས་འཛིན་བྱས་པའི་བོད་རྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་བའི་སྐུའི་ཡང་སྲིད་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལན་ཀྱི་སྤྲུལ་སྐུ་ག་འདྲ་ཞིག་འཁྲི་འདོན་བྱས་ཀྱང་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་བློ་གཉིས་སུ་མེད་པའི་ནང་པ་ཚོའི་ནམ་ཡང་མཁས་ལེན་གྱི་མ་རེད་།
༄། བར་དེར་༧གོང་ས་སྐྱབས་མགོན་ཆེན་པོས་མ་འོང་དངོས་གཟིགས་ཀྱིས་བླ་མའི་སྤྲུལ་སྐུའི་སང་སྲིད་སྐོར་གསར་འགོད་པར་བཀའ་བརྩལ་བ་དེ་བོད་གཞིས་བྱེད་གཉིས་ཀྱི་མི་མང་དང་ བོད་རྒྱ་གཉིས་དབར་བསམ་ཞིབ་ནན་གཏན་བྱ་དགོས་པའི་མ་འོང་པའི་གནས་སྟངས་ཐོག་ཧ་ཅང་གལ་གནས་ཆེ་བའི་བཀའ་སློབ་ཞིག་རེད་བསམ་པ་བྱུང་ གང་ལག་ཞེ་ན་རང་རེའི་སྤྱི་ཚོགས་འདི་གཞན་དང་མི་འདྲ་བའི་ཆོས་སྲིད་གཉིས་ལྡན་ཡིན་ལ་དེའི་ནང་ནང་ནས་ཆོས་ཕྱོགས་ནས་སྐྱེས་འགྲོའི་བདེ་སྐྱིད་ཐོག་ཞབས་འདེགས་བརླབ་པོ་ཆེ་ཞིག་སྒྲུབས་ཡོད་པ་ནི་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་སྤྲུལ་པའི་མཛད་པ་རྣམ་མཐར་ནས་ཤེས་ཐུབ་པ་ཞིག་ཡིན་པ་མ་ཟད་ འདིའི་ཐོག་ང་ཚོ་གཞིས་བྱེད་བོད་མི་ཚང་མས་བསམ་ཞིབ་ནན་གཏན་ཞིག་མ་བྱུང་ན་རང་རེའི་གཏལ་དཔེའི་ནང་ཡོད་པ་ རྡོ་གཉིས་བར་ལ་ལག་མགོ་རྩབ་ བླ་གཉིས་བར་ལ་མི་སྲོག་ཕུང་ཞེས་པ་ལྟར་ཡོང་མི་སྲིད་པ་མ་ཡིན་ན་ད་ལྟའི་གནས་སྟངས་ལ་དཔག་པའི་བསམ་ཞིབ་བྱ་གལ་དུ་མཐོང།།
ཆོས་ཀྱི་རྒྱལ་པོ་པན་ཆེན་གྱི་འོས་སྤྲུལ་ལ་བཀུར་དགོས་ན། ཁྱད་པར་མི་འདུག གཙོ་བོ་ཆོས་རྒྱལ་གྱིས་འདྲེ་ལག་དོལ་རྒྱལ་བསྟེན་མཁན་དེ་ཚོར་འབྲེལ་བ་ཆོད་དགོས། བྲག་ཡབ་རིན་པོ་ཆེ་བླ་མ་བསྟེན་ཤིན་དུ་ལེགས་པ་ཞིག་རེད། གཙོ་བོ་རྒྱལ་བ་རིན་པོ་ཆེའི་འོག་ལ་འགྲོ་མཁན་ཞིག་རེད།
ཆོས་སྲིད་ཟུང་འབྲེལ་ཟེར་བ་ནི་ཧ་ཅང་མགོ་རྙོག་རེད། དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་སོགས་རྟོགས་རྒྱུ་ནི་དེ་བས་དཀའ།
ངས་བལྟས་ན། པན་ཆེན་རིནཔོ་ཆེ་མེད་པ་ལས་ཡོད་པ་དགའ། བྱས་ཙང་། བོད་ལ་རིགས་ཞེན་ཡོད་མཁན་ཞིག་དང་། བོད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་མཁན། བོད་ལ་ཤ་ཚ་བ་ཞིག་ཡིན་ན། ཁྱད་པར་མི་འདུག