Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད༽དབུ་འབྱེད་བསྐྱངས་པ།

Posted on 2011-07-072011-07-07 By དབང་ཕྱུག་ 12 Comments on ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད༽དབུ་འབྱེད་བསྐྱངས་པ།

soft-cover-jpg

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད༽་ཅེས་བྱ་བ་འདི་ནི། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གིས་མགོན་པོ་མཆོག་མདོ་སྨད་ས་ཡི་ཐིག་ལེར་སྐུའི་མཚན་དཔེ་མངོན་པར་བཞད་དེ་དགུང་གྲངས་ ༧༥ ཕེབས་པའི་གཞུང་འབྲེལ་ལོ་འཁོར་གཅིག་གི་མཛད་འཆར་ཁོངས་སུ་རྩོམ་སྒྲིག་ཞུས་པ་ཞིག་ཡིན་ཞིང་། བརྙན་དེབ་འདི་དཔར་སྐྲུན་ཞུས་པ་བརྒྱུད། སྐལ་ལྡན་ཀློག་པ་པོ་རྣམས་ཀྱིས་༸རྒྱལ་བ་ཐམས་ཅད་མཁྱེན་པའི་མཛད་འཕྲིན་གཞལ་ཡས་ཆུ་གཏེར་ཆེན་པོ་ལས་ཟིལ་རྡུལ་ཙམ་མཇལ་བའི་བྱིན་མཐུས། མགོན་པོ་གང་གི་ཡོན་ཏན་ཚོར་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་གྱི་བསོད་ནམས་གསོག་པའི་རྒྱུ་རུ་འགྱུར་ཐུབ་པ་དང་། རྩོམ་སྒྲིག་ཚོགས་ཆུང་ནས་མདོ་སྨད་གཞིས་བྱེས་མི་དམངས་ཀྱི་ཚབ་ཞུས་ཏེ། མགོན་པོ་མཆོག་འགྲོ་བ་མིའི་རིགས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བཞད་པའི་བརྟན་བཞུགས་ཀྱི་ཚུལ་དུ་ཕུལ་བ་ཡིན།
0107201113221ལེའུ་དྲུག་གི་བདག་ཉིད་ཅན་གྱི་མཛད་རྣམ་བརྙན་དེབ་འདིར། མགོན་པོ་མཆོག་སྐུ་བལྟམས་པ་ནས་རྒྱ་དམར་ལྷ་སར་མ་འབྱོར་བར་དང་། རྒྱ་གུང་ཁྲན་དང་མཉམ་གནས་ཀྱི་ལོ་ངོ་བརྒྱད། རྒྱ་གར་དུ་བཙན་བྱོལ་སྒྲིག་འཛུགས་དང་བོད་མིའི་བདེ་རྩར་ཐུགས་བརྩོན་ཇི་མཛད། ནང་པའི་བསྟན་པ་དར་སྤེལ་དང་ཆོས་ལུགས་འཆམ་མཐུན་སྐུལ་འདེད། འཛམ་གླིང་གི་དབུ་ཁྲིད་དང་གྲགས་ཅན་མི་སྣར་མཇལ་འཕྲད་དང་བོད་དོན་བདེན་མཐའ་གསལ་ཐབས། ཕྱི་རྒྱལ་ཡུལ་གྲུར་འཇིག་རྟེན་ཀུན་ཁྱབ་འགན་འཁུར་གསེད་འགྲོལ་དང་གཟེངས་རྟགས་སྣ་ཚོགས་འབུལ་བཞེས་བཅས་ཚོས་ལྡན་ཤོག་ལྷེ་ ༣༡༤ ལས་གྲུབ་ཡོད།chapter-5_page_1
དེབ་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ སྐུའི་འཁྲུངས་སྐར་ཉིན་དབུ་འབྱེད་བཀའ་དྲིན་བསྐྱངས་གནང་བ་དང་། ཕྱོགས་མཚུངས་བཞུགས་སྒར་དྷ་རམ་ས་ལར་ཡང་དུས་ཚེས་འདི་རང་ལ་དབུ་འབྱེད་གནང་ཡོད།
བརྙན་དེབ་བླུ་འདོད་ཡོད་མཁན་ཚོས་གཤམ་གསལ་ཁ་བྱང་བརྒྱུད་འབྲེལ་བ་གནང་རོགས། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༧ ལ།

འབྲེལ་གཏུགས་ཁ་བྱང།
Gyalrong Dawa Tsering,
C/o Tibetan Parliament-in-Exile,
CTA, Gangchen Kyishong
Dharamsala-176215, HP, India.
Mob: 98170-96699.

གསར་འགྱུར།

Post navigation

Previous Post: ཐུགས་ཡིད་མ་སུན།
Next Post: ལྷག་དཀར་ ནི་ ཞི་རྒོལ་ གྱི་ རྩ་བ་ དང་ རང་དབང་ གི་ སྡོང་བོ་ ཡིན།

Comments (12) on “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་བརྙན་དེབ་༼འཇིག་རྟེན་མིག་འབྱེད༽དབུ་འབྱེད་བསྐྱངས་པ།”

  1. ཟླ་བ་ཆོས་འཛོམས། says:
    2011-07-07 at 6:14 am

    ཐུགས་རྗེ་ཆེ། མདོ་སྨད་པ་ཡོངས་ལ།

  2. རྡོ་རྗེ། says:
    2011-07-07 at 8:43 am

    ༄། །བརྙན་པར་གྱི་ལམ་ནས་མཛད་རྣམ་རྩོམ་སྒྲིག་ཞུ་མཁན་མདོ་སྨད་པ་དབུ་ལས་ཡོངས་ལ་ཡིད་སྤྲོའི་བསྔགས་བརྗོད་དང་བཅས་ཐུགས་རྗེ་ཆེ་ཞུ། གཞིས་སྡོད་པ་ང་ཚོར་དམིགས་ཏེ་གང་མྱུར་དྲ་ངོས་ནས་མཇལ་ཀློག་ཐུབ་པ་ཞིག་གནང་སྐྱོང་ཡོང་བའི་དགོས་འདུན་ཞུ་བཞིན་ཡོད།།

  3. ཇ་མ་ says:
    2011-07-07 at 3:08 pm

    མདོ་སྨད་པ་ཚོ་ཁ་བྲོ་བཀྲ་ཤིས། ངོ་མ་ཧྲ་གི་གོ

  4. ཁ་བའི་སྒྲོན་མེ། says:
    2011-07-07 at 7:26 pm

    སྐད་ཆ་མང་པོ་མེད། ནང་དོན་ལ་བལྟས་ནས་བཤད་ཆོག། ད་ལྟ་མཐོང་མ་སོང་། སྤྱིར་དེ་རིང་སྐུའི་འཁྲུངས་སྐར་ཡིན་དུས་བོད་མི་སྐྱེ་བོ་རྣམ་ལྡན་ཡོངས་ནས་སེམས་ནང་ཆོས་དྲན་ནས་གང་བྱས་པ་དེ་ཆོས་ཕྱོགས་སུ་འགྲོ་བ་ཞིག་གནང་དགོས། དེ་མིན། དེ་འདྲ་། དེ་འདྲ་། རྒྱ་སྟོང་། ཁྲི་འབུམ། བྱས་ན་ཕན་སྲིད་དམ་ཅེས་དྲིས་བ་ཆགས་པ་རེད།

  5. གཞོན་ནུ་ཟླ་མེད། says:
    2011-07-07 at 8:10 pm

    དཔེ་མི་སྲིད་པའི་ཡག་པོ་རེད་འདུག དགའ་བསུ་དང་བསྔགས་བརྗོད་ཡོད། གསར་ལམ་ཁག་ཏུ་དགོང་གྲངས་ ༧༦ཟེར་ནས་བསྒྲགས་བཞིན་འདུག ཁྱོད་ཚོས་དགོང་གྲངས་དེ་ནོར་བ་འ་ཡིན།

  6. གཞོན་ནུ་ཟླ་མེད། says:
    2011-07-07 at 8:12 pm

    དགུང་གྲངས་ཟེར་ནས་ཀློག

  7. བོན says:
    2011-07-07 at 9:52 pm

    འཁོར་འདས་མིག་འབྱེད་དམ། རྟེན་འབྲེལ་མིག་འབྱེད་བཏགས་ན་ལེགས་སྙམ། རྒྱུ་མཚན་གང་ཡིན་ཞེ་ན། འཇིག་རྟེན་མིག་འབྱེད་འདི་གུང་བྲན་ཏང་གི་གློག་བརྙན་ཞིག་ལ་འདི་འདྲ་མིང་བཏགས་འདུག

  8. ཤར་མདའ། says:
    2011-07-08 at 1:49 am

    ཡག་པོ་རེད་ཐུགས་རྗེ་ཆེ་ཡིན་ཡང་གཙོ་བོ་བཀའ་གསུང་བརྩི་རྒྱུ་དེ་བས་གལ་ཆེ།

  9. དོན་གྲུབ། says:
    2011-07-08 at 4:25 am

    ༸རྒྱལ་བའི་བཀའ་དྲིན་དྲན་ཞིང་བཀའ་བཞིན་སྒྲུབ་པའི་མཆོད་པ་བསྒྲུབ་ཆེད་དཔེ་དེབ་དཔར་བསྐྲུན་ཞུས་པ་ཞིག་ཡིན་ཚེ་ངོ་མ་དགའ་སེམས་དང་བཅས་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ལ། ང་དང་ང་འདྲ་བའི་བླང་དོར་ལ་རྨོངས་པའི་སྐྱེ་བོའི་ཚོགས་རྣམས་ཕྱག་དེབ་དེ་མཇལ་བ་དང་ཉམས་ལེན་གྱི་རྒྱུ་བྱས་ནས་རྨོངས་མུན་སེལ་ཐུབ་པའི་རེ་བ་ཆེ། དེ་མིན་མདོ་སྨད་དང་མདོ་སྨད་ཞེས་ཡང་ཡང་སྨྲོས་སྟངས་ལ་བལྟས་ཚེ་མིང་གྲགས་དོན་དུ་གཉེར་བ་མ་ཚད། ཆོལ་ཁའི་འཐེན་འཁྱེར་གྱི་བསམ་བློ་ཞིག་ངམ་ངམ་ཤུགས་ཀྱི་འདྲེན་མཁན་འདྲ་པོ་ཚོར་སོང་ན། ༸རྒྱལ་བའི་མཛད་རྣམ་དང་མཚན་བེད་སྤྱད་ནས་མདོ་སྨད་ཀྱི་མིང་གྲགས་བཟོ་རྒྱུ་ནི་ངོ་མ་ཐབས་སྡུག་ནང་གི་ཐ་ཤལ་གྱི་སྤྱོད་པ་ལས་མ་མཆིས། ལྷག་པར་དུ་ཨ་ལགས་འཇིགས་མེད་དང་། ཆབ་བྲག་ལྷ་མོ་སྐྱབས་ཟེར་བ་སོགས་དོན་དུ་ཆིག་སྒྲིལ་དང་བོད་སྤྱི་པ་ཁ་ལ་འཁྱེར་ནས་མགོ་བདེ་གནང་མཁན་ཞིག་དང་། དོན་དུ་ཆོལ་ཁའི་འཐེན་འཁྱེར་གྱི་ནང་རུལ་དུ་སོང་བ་མ་ཟད་ངོ་ཤེས་དང་ཕ་ཡུལ་གཅིག་པ་བོད་དོན་མིང་ཐོག་ནས་ནུབ་ཕྱོགས་ཡུལ་དུ་མཛངས་མཁན་ཞིག་ཡིན་པ་ཡང་ཡང་ཐཽས་སོང་བས། ངོ་མ་སྐྱོ་དགོས་པ་ཞིག་མ་ཡིན་ནམ།

  10. རྡོ་རྗེ། says:
    2011-07-08 at 2:26 pm

    ༄། །གོང་དུ་ལག་ནས་ཤིག་མི་ཆོར་བར་ཁ་ནས་སྐམ་བཤའ་མཁན་གྱི་དྲ་འབུ་ཁ་ཤས་མཐོང་སྟེ། སྐད་ཆ་མང་པོ་མེད། ནང་དོན་ལ་བལྟས་ནས་བཤད་ཆོག།ཅེས་དང་། འཁོར་འདས་མིག་འབྱེད་དམ། རྟེན་འབྲེལ་མིག་འབྱེད་བཏགས་ན་ཟེར་བ་འདི་རིགསས་ཅི་ཡང་མི་ཤེས་པའི་ཀླད་སྟོང་གནམ་གྱི་སྐར་མ་ལ་ཟུག་པའི་ནོར་སྐྱོང་བརྒྱགས་པ་ཞིག་ཡིན་པར་གོ་ཞིང་། དེ་བས་ཀྱང་། དེ་མིན་མདོ་སྨད་དང་མདོ་སྨད་ཞེས་ཡང་ཡང་སྨྲོས་སྟངས་ལ་བལྟས་ཚེ་མིང་གྲགས་དོན་དུ་གཉེར་བ་མ་ཚད། ཆོལ་ཁའི་འཐེན་འཁྱེར་གྱི་བསམ་བློ་ཞིག་ངམ་ངམ་ཤུགས་ཀྱི་འདྲེན་མཁན་འདྲ་པོ་ཚོར་སོང་ན། སོགས་བྱབ་ཆུང་གི་ཚིག་རོ་མང་བོ་ཞིག་བྲིས་པ་དེས་རང་ཉིད་དོན་དུ་ཆོལ་ཁའི་འཐེན་འཁྱེར་གྱི་ནང་རུལ་བྱེད་འདོད་ཆེ་བ་ཤེས་ཐུབ་ནའང་། དེའི་ནུས་པ་ཁྱེད་ལ་ཨེ་ཡོད། ཁྱོད་ལྟར་ན། མདོ་སྨད་པས་དྲ་ཚིགས་ཕྱེ་བ། ས་བྱི་ཞི་རྒོལ་ཆེན་མོའི་དེབ་དུས་ཐོག་ཏུ་བཏོན་པ། ༧ གོང་ས་མཆོག་གི་སྲིད་དོན་གྱི་མཛད་རྣམ་ཀྱག་ཀྱོག་ཆེ་བའི་བཞུད་ལམ་དང་འོད་སྟོང་འབར་བའི་མི་ཚེ་དང་། ༧ཀུན་གཟིགས་རིན་པོ་ཆེའི་མཛད་རྣམ་ཟླ་བའི་རང་མདངས་རྩོམ་སྒྲིག་འགྲེམས་སྤེལ་ཞུས་པ། ། དོལ་རྒྱལ་སྐོར་གཡའ་སེལ་མེ་ལོང་བརྩམས་ནས་བཀྲམ་པ་སོགས་ཀྱང་ཆོལ་ཁའི་འཐེན་འཁྱེར་གྱི་ནང་རུལ་བྱེད་འདོད་ཡིན་མཆི། དོན་དངོས་སུ་བདེན་པའི་བྱུང་རབས་དེ་དག་མི་ཤེས་པ་ཚོར་ཤེས་སུ་བཅུག མ་གོ་བ་གོ་བར་བྱས། བླང་དོར་གྱི་དམིགས་ཕྱེ། མཛད་ཕྲིན་གལ་ཆེན་རྣམས་དུས་ལས་མ་ཡོལ་བར་ཡིག་ཐོག་ཏུ་བཀོད་དེ་བསྐལ་བ་ནམ་གནས་ཀྱི་བར་བརྗེད་མེད་སྙིང་བཅང་ཡོང་བའི་ཆ་རྐྱེན་བསྐྲུན་པ་སོགས་ཕྱོགས་ངོས་མང་པོ་ནས་ཕན་རླབས་ཆེ་ཞིང་། ད་ལྟའི་བོད་ཡུལ་གང་སར་ཤིན་ཏུ་མཁོ་ཆེ་བ་ལགས་ཀྱང་ཁྱེད་ཅག་ལྟ་བུར་ཅི་ཆ། དེས་ན། གཙང་བཀྲས་ལྷུན་དགོན་གྱི་རྗེས་འཇུག་ཚོས་ཞིང་གཤེགས་༧ཀུན་གཟིགས་རིན་པོ་ཆེ་དང་མཆོག་སྤྲུལ་ཟླ་བ་གཞོན་ནུའི་ཆེད་དྲ་ཚིགས་ཤིག་ཀྱང་གཉེར་མེད་པ་ལ་བསྔགས་བརྗོད་ཞུ་རྒྱུ་ཨེ་ཡིན། དུང་དཀར་སེར་མཐོང་གི་ནད་གདོན་གྱིས་ཟིན་པའམ། དོལ་འདྲེས་བརླམས་པ་གང་ཞིག་ཡིན་ངེས་འདི་དག་ལ་བསྟན་སྲིད་མི་རིགས་ཀྱི་ལས་དོན་ལ་ཕན་པའི་བྱ་གཞག་སྒྲུབ་རེ་མ་མཐོང་བས་ཞབས་འདྲེན་ཉག་གཅིག་ཞུ་མཁན་གླེན་ལྐུགས་སྙིང་རྗེའི་གནས་སུ་བལྟའོ།།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-08 at 10:12 pm

    ཁྱེད་རྣམས་ཀྱི་དགེ་བའི་འབད་རྩོལ་ལ་རྗེས་ཡི་རངས། མཛད་རྣམ་དེ་ཨ་རིའི་རྒྱལ་ས་ན་་བླུ་ཡོན་ལ་ཞུ་ཐུབ་པའི་རེ་འདུན་ལགས།

  12. བསྟན་འཛིན་ཐོས་བསམ། says:
    2011-07-09 at 6:31 am

    རྗེས་སུ་ཡི་རངས་ཡིན་དང་ཡིན། ཨ་རི་ནས་༧སྐུའི་འཁྲུངས་ལྷ་ཡར་གསོལ་ཀྱི་མཛད་སྒོའི་སྟེང་༧གོང་ས་མཆོག་ལ་ཐད་ཀར་འབུལ་ཐུབ་བྱུང་འདུག་པར་ཧ་ཅང་དགའ་བོ་བྱུང་སོང་། དེ་ལྟར་ཕུལ་བར་དགའ་སྤོབས་ཆེན་པོ་བྱུང་ཡང་ད་དུང་མཇལ་ཐུབ་མ་སོང་། ལེགས་པོ་དང་འཐུས་ཚང་རང་བཞིན་ལྡན་པ་བྱུང་ཡོད་པར་ཡིད་ཆེས་ཡོད། གང་ཐུབ་རིན་གོང་ཆུང་ཆུང་གིས་བོད་ཕྱི་ནང་གཉིས་ལ་ཁྱབ་འགྲེམས་རྒྱ་ཆེར་ཡོང་ཐབས་གནང་གལ་ཤིན་ཏུ་ཆེ་བར་མཐོང་། ཞེས་འབོད་སྐུལ་དང་བཅས་བྲིས་པའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (59)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (46)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (32)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme