༄ ༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་སྩལ་བ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་གྲུབ་འཕྲལ་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་ཕྱག་དེབ་བཞེས་གནང་མཛད་རྒྱུའི་དགོངས་བཞེས་བྱུང་བ་ ལྟར། དེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་དང་དཔལ་འབྱོར་བཀའ་བློན་རྣམ་གཉིས་༸རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་དྭང་བླང་དཔྱ་དངུལ་ཕྱག་དེབ་ དངོས་སུ་འབུལ་ལམ་ཞུས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་དགྱེས་གནང་ཆེན་པོས་ཕྱག་དེབ་བཞེས་གནང་མཛད་ཡོད་པ་རེད།
༸ གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི་ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་དབང་བསྒྱུར་བའི་དགའ་ལྡན་ཕོ་བྲང་གི་གཞུང་དབུ་བརྙེས་པ་ནས་བཟུང་བོད་ཀྱི་ལུགས་གཉིས་ཀྱི་མངའ་དབང་ཆ་ ཚང་༸གོང་ས་སྐུ་ཕྲེང་ན་རིམ་ནས་བདག་གིར་བཞེས་བཞིན་པའི་རྒྱལ་ཁབ་ཀྱི་དབུ་ཁྲིད་ ཡིན་པའི་ཆ་ནས་ད་བར་དྭང་བླང་དཔྱ་དངུལ་གནང་ཐབས་མ་བྱུང་ཡང་། ད་ཆ་དེའི་གནས་བབ་འགྱུར་བ་ཕྱིན་པའི་དབང་གིས་འདི་ལོ་ཕྱི་ཟླ་ ༥ ཚེས་ ༢༩ ནས་དབུ་འཛུགས་ཀྱིས་དྭང་བླང་དཔྱ་དངུལ་གསོལ་བསྩལ་གནང་སྟེ་ཕྱག་དེབ་དགྱེས་བཞེས་ མཛད་ཡོད།
༼བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་ནས་འདིར་བཤུ་འགོད་ཞུས་པ་ཡིན།
༽
འགྲིག་གི་རེད། ཕྱི་མེད་ན་སྔ་མ་སོང་། །
ནམ་རྒྱུན་ཁ་རྒྱགས་པ་ཅན་གཞན་ལ་ངན་སྨྲས་མ་གཏོགས་ཅི་ཡང་བྱེད་མི་ནུས་པ་སྐོར་ཞིག་ལ་དེབ་ལྗང་ཁུ་ལག་མཐིལ་ལྟ་བུ་འདི་ཙམ་ཡང་མེད་ཡ།
དཔེ་ཡག་པོ་རེད། རྒྱལ་དབང་རིན་པོ་ཆེ་འདི་ངོ་མ་ཁ་ཡོད་ལག་ཡོད་ཀྱི་ངོ་ལྐོག་མེད་པའི་བླ་མ་དྭངས་མ་ཞིག་རེད་འདུག ཁོང་གི་སྐད་ཆ་ལ་སྔ་ཕྱིར་འགལ་བ་མིན་འདུག རྒྱབ་མདུན་ངོ་ལྐོག་གི་སྐད་ཆར་རྩ་བ་ནས་མཉེས་པོ་མིན་འདུག ཕྱི་ནང་ཚང་མ་་གསལ་གསལ་དྭངས་དྭངས་ཞིག་རེད། བླ་མ་འདི་འདྲ་ངོ་མ་དཀོན་པོ་ཡིན།
བསིལ་ལྡན་ལྗོངས་ཀྱི་ཕན་བདེ་མ་ལུས་པ།
གང་ལས་བྱུང་བའི་བསམ་འཕེལ་ཡིད་བཞིན་ནོར།
གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག
༧གོང་ས་༧སྐྱབས་མགོན་འདི་ཡི་བཀའ་དྲིན་ལ་བརྟེན་ནས་ང་་ཚོ་འཛམ་གླིང་ནང་མགོ་བོ་བཏེགས་ནས་འགྲོ་ཐུབ་པ་བྱུང་ཡོད།
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་པད་དཀར་འཆང་།
སྙིགས་མའི་དུས་འདིར་མི་ཡི་གཟུགས་བྱོན་ནས།
འགྲོ་རྣམས་དོན་དམ་ཞི་བདེའི་ལམ་བཟང་ལ།
འཁྲིད་པའི་དེད་དཔོན་མཆོག་ཁྱོད་བསྐལ་བརྒྱར་བརྟན།
སྟོབས་ཆེན་ཨ་རིའི་དཔོན་གྱི་གཙོ་བྱས་པའི།
འཛམ་གླིང་ཆེ་རྒུ་ཀུན་གྱི་ཅོད་པན་གྱིས།
གང་གི་ཞབས་སེན་ཐོར་ཅོག་ལ་བཅིངས་ཏེ།
བསྟོད་དབྱངས་ཚང་པའི་བུ་མོའི་མགུལ་ལ་འགྲན།
ཚན་རིག་མཁན་པོའི་མགྲིན་པའི་ཀློངས་ཡངས་ལས།
མགོན་ཁྱོད་འཛམ་གླིང་མཁས་པའི་ཡངས་རྩེ་རུ།
བཀུར་པའི་བསྟོད་དབྱངས་སྒྲོགས་པར་མ་བཟོད་ནས།
རྒྱ་དམར་ཀླ་ཀློས་མི་འདོད་རྐན་སྒྲ་སྒྲོགས།
ཇི་ལྟར་ཐུབ་པས་བྱམས་བརྩེའི་སྤྱས་རས་ཀྱིས།
ལྷས་བྱིན་བུ་སྡུག་བཞིན་དུ་བསྐྱངས་པ་བཞིན།
གདོན་འདྲེ་ལྷ་རུ་བཀུར་བའི་དམ་སྲི་རྣམས།
ཁྱོད་ཀྱི་ཐུགས་བརྩེའི་ཞག་པས་དམ་བཅིངས་ཀྱང་།
མགོན་པོ་ཁྱོད་ཀྱི་མཛད་འཕྲིན་ལ་རྒོལ་ཏེ།
བདུད་རྒན་རྒྱ་དམར་རྗེས་སུ་བསྙེགས་པ་མཚར།
གྲུ་འཛིན་མགོན་པོ་དགུང་ལོ་དོན་དྲུག་ཕེབས།
འོད་མཚན་མགོན་པོ་རྒྱ་དམར་བཙོན་དུ་ཤོར།
པོད་དཀར་པུར་རྒྱལ་བོད་ཀྱི་འབངས་མི་རྣམས།
རྒྱ་དམར་ཀླ་ཀློས་ར་ལུག་བཞིན་དུ་བསོད།
མི་ཚེ་སྐྱུ་ལ་དད་པའི་སྐྱུ་རྩི་ང་།
མི་རྟག་ལུས་འདི་ས་རྡོར་མ་ཐིམས་བར།
མགོན་ཁྱོད་པུར་རྒྱལ་ཁ་བའི་ལྗོངས་ཕེབས་ཏེ།
གྲུ་འཛིན་ཕོ་བྲང་འོད་ཀྱིས་གང་བར་སྨོན།
སྐྱབས་མགོན་རིན་པོ་ཆེའི་དཔྱ་ཁྲལ་ལག་དེབ་བཞེས་གནང་རྒྱུ་དེ་ཏོག་ཙམ་ཕྱི་མ་དྲགས་ན་སྔ་རྩ་བ་ཉིད་ནས་མི་འདུག རབ་བྱུང་ན་དེ་སྔ་བར་གྱི་དཔྱ་ཁྲལ་རྣམས་གནང་ཐུབ་ན་ཡག་པོ་ཡོང་བ་འདུག ཐུགས་རྗེ་ཆེ།
འགྲོང་བུ་སོ་ཚ་ཁྱོད་ད་བར་ག་པར་འཛུལ་ནས་འདས་སམས་ སྐྱབས་མགོན་རེན་པོ་ཆེས་ད་བར་དཔྱ་ཁྲལ་ཕྱག་དེབ་གཞེས་མེད་ཀྱང་ ད་བར་ཁོང་གིས་དབུ་ཁྲིད་གནང་བའི་གཞུང་འདི་ལ་ཕྱག་དངུལ་ས་ཡའ་མང་པོ་གནང་ཡོད་ མི་ཁྱོད་ལྟ་བུའི་གཤས་ཏང་ནི་དྲིན་ལན་ལ་ལོགས་མཇལ་བྱེད་མཁན་མ་ཡིན་ནམ།
༸གངས་ཅན་མགོན་ཁྱེད་དཔྱ་དེབ་བཞེས་མིན་གྱིས།།
གངས་ལྗོངས་རྩ་དོན་ཕན་གནོད་མི་འབྱུང་སྟེ།།
གངས་རིཌྷཌྷིའི་ར་བ་ཕྱི་ནང་བོད་མིའི་བློར།།
གངས༸་མགོན་ཉིད་ནོར་མཆོག་ཡིན་པའི་ཕྱིར།།
རང་གིས་ཅི་འཇོན་རང་ལ་མ་བརྟག་པར།།
༸གོང་སར་སྨོད་པ་དྲིན་ལན་ལོག་འཇལ་ཏེ།།
རང་སྐྱོན་རི་དབང་རྒྱབ་ཏུ་འཁུར་བཞིན་དུ།།
གཞན་སྐྱོན་རྡུལ་ཕྲན་འཚོལ་འདི་རྨོངས་པའི་ཕྱིར།།
བླུན་པོ་ངན་སྨྲའི་ཆོ་ངེ་འདོན་པ་རྣམས་བག་དང་ལྡན་་པར་བྱས་་ནས་སྨྲ་བ་ཉུང་ན་ད་གཟོད་བོད་ཀྱི་བསྟན་
སྲིད་སྤྱི་ལ་ཕན་རླབས་ཆེ་བས་དེ་ལྟར་གྱིས་ཤིག།
ཧཧཧཧཧཧ་ངོ་མ་རེད་ཡ་ཨུ་མ་ནས་བཤད་པ་་་དཔྱ་ཁྲལ་ལག་དེབ་ལ་ལོ་གཅིག་དངུལ་ག་ཚོད་རེད་་་་་མགོན་པོ་མཆོག་ཕྱག་ནས་དངུལ་ག་ཚོད་ལེན་ཀི་ཡོད་རེད་ཨ་ཁ་ད་དུང་སྐད་ཆ་དེ་འདྲ་ཧཧཧཧཧཧ་ཁག་མེད་ཧ་མ་གོ་ཡིན་རྒྱུ་རེད་ཡ་
སྐྱུ་རྩི་ལགས་ཐུགས་རྗེ་ཆེ་ཁྱེད་རང་ནས་ཡག་པོ་ཞེ་དྲག་བྲིས་འདུག་ང་གཉིས་གངས་ལྗོངས་སུ་ཡུན་རིང་འགྲོགས་པའི་ཚོར་བ་དང་བཅས་ཁྱེད་གསུངས་པ་ལ་མངོན་པར་བསྟོད་དོ།།
སྐྱུ་རྩི་ལགས་ཐུགས་རྗེ་ཆེ་ཁྱེད་རང་ནས་ཡག་པོ་ཞེ་དྲག་བྲིས་འདུག་ང་གཉིས་གངས་ལྗོངས་སུ་ཡུན་རིང་འགྲོགས་པའི་ཚོར་བ་དང་བཅས་ཁྱེད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།