བཅར་འདྲི་ཞུ་ཡུལ། ཤར་ཕྱོགས་ཁུག་རྟ།
དྲི་བ་འདྲི་མཁན། རྡོ་རྗེ་རབ་བརྟན།
དྲི་བ། བཀྲ་ཤིས་བདེ་ལེགས། གྲགས་ཅན་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས། དེ་རིང་དྲི་བ་འགའ་དང་ལེན་བྱས་པ་ཐུགས་རྗེ་ཆེ། ཁྱེད་བདེ་མོ།
ལན། བཀྲ་ཤིས་བདེ་ལེགས། ང་བདེ། ཁྱེད་བདེ་མོ།
དྲི་བ། བདེ་མོ་ཡིན། བཙན་བྱོལ་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་བཅས་ཀྱི་སྐོར་ལ་དྲི་བ་འགའ་གཏོང་གི་ཡིན། དྲི་བ་མང་པོ་ཕུལ་ཐུབ་ཆེད། ལན་གནད་འདུས་རེ་གསུངས་རོགས་ཞུ།
ལན། ལགས་སོ།
དྲི་བ། སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་སྲིད་འགན་རྩིས་སྤྲོད་བྱས་ནས་ལོ་གཉིས་ལྷག་ཕྱིན་པ་རེད། རླབས་ཆེ་བའི་ཁོང་གི་དགོངས་གཞི་དེ་བདེ་བླག་ངང་ལམ་དུ་བསྐྱོད་ཀྱི་ཡོད་དམ།
ལན། བཙན་བྱོལ་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཛིན་དང། ཆབ་སྲིད་ཀྱི་ཐུགས་འགན་རྣམས་བཙན་ཐབས་ཀྱིས་མང་གཙོའི་ཀ་བ་གསུམ་ལ་ཆ་བགོས་བྱས་ཏེ། བཅའ་ཁྲིམས་སོགས་ལ་འགྱུར་བ་སོང་སྟེ་འཇིག་རྟེན་སྤྱི་སྲོལ་ལྟར་བཙན་ཐབས་ཀྱིས་སྲིད་འགན་རྩིས་སྤྲོད་གནང་ཟིན་ནའང། གཞིས་ལུས་རྒྱ་ཆེའི་མི་མང་གིས་དེའི་ཐད་ཡོངས་སུ་ཤེས་རྟོགས་དང་རྒྱུས་ལོན་བྱེད་རྒྱུའི་ལམ་ཁ་མེད་པ་མ་ཟད། ༸གོང་ས་མཆོག་གི་མཛད་འཕྲིན་སྐྱོང་སྟངས་ནི་མང་གཙོའི་དབུ་འཁྲིད་ཐམས་ཅད་ཀྱི་ནང་ནས་རྩེ་གྲས་སོན་པ་ཡིན་སྟབས། ༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་གཞིས་བྱེས་བོད་རིགས་མི་མང་གི་བསམ་བློའི་གཙོ་འཛིན་དང། འདི་ཕྱི་གཉིས་ཀྱི་ལམ་སྟོན་པ་ཡིན་པ་བྱུང་རབས་ནང་༸རྒྱལ་བ་རིན་པོ་ཆེར་དད་པ་བྱེད་པ་ཙམ་དང་ཆོས་སྲིད་ཀྱི་དབུ་འཁྲིད་ཡིན་པ་ཙམ་ལས་བརྒལ་སྟེ། དངོས་དོན་དུ་༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོ་འདིའི་མཛད་པ་འཕྲིན་ལས་ཀྱིས་འཇིག་རྟེན་འདིར་གཟུ་བོར་གནས་པའི་གཞུང་མང་ཀུན་གྱི་ཡིད་སེམས་དབང་མེད་འཕྲོག་ཡོད་སྟབས། གཞིས་བྱེས་མི་མང་དང། ལྷག་དོན་གཞིས་ལུས་རྒྱ་ཆེའི་མི་མང་གི་བློ་སྙིང་བྲང་གསུམ་གཏོད་ཡུལ་༸རྒྱལ་བ་རིན་པོ་ཆེ་ཉག་ཅིག་ཡིན་པ་དེ་གསལ་བོ་ཤེས་དགོས་པའི་དོན་དག་ཅིག་རེད། ཅི་ཙམ་ཡིད་ཆེས་དེའི་ཚད་བླ་རུ་འཕར་བ་དེའི་ ཚོད་ཀྱིས་༸གོང་ས་མཆོག་གི་བོད་སྐྱོབ་མཛད་འཕྲིན་ནམ་མཁའ་གར་ཁྱབ་དུ་གནས་ངེས་པ་གསལ་བོ་ཡིན་སྟབས། ༸གོང་ས་མཆོག་རང་གི་དགོངས་གཞི་དང་ཐུགས་བཀོད་མུ་མེད་རྒྱ་མཚོ་ལྟ་བུའི་བཀའ་དྲིན་གྱིས་ལོ་གཉིས་ལྷག་རིང་སྲིད་འགན་རྩིས་སྤྲོད་བདེ་བླག་ངང་ལམ་དུ་བསྐྱོད་དང་བསྐྱོད་བཞིན་པ་རེད།
དྲི་བ། རྩིས་འགན་རྩིས་སྤྲོད་གནང་ཡུལ་གྱི་མང་གཙོའི་ཀ་བ་གསུམ་དང། ལྷག་པར་སྲིད་སྐྱོང་མཆོག་ནས་ལོ་གཉིས་ལྷག་རིང་ཕན་ནུས་ག་ཚོད་ཐོན་ཡོད་དམ།
ལན། སྤྱིར་ཡུལ་ཁྲིམས་དང་ཆབ་སྲིད་གནས་བབ་གང་ཅིའི་འོག བཙན་བྱོལ་བོད་མི་ཚོར་འགུལ་བསྐྱོད་རྒྱག་ས་ཞེ་དྲག་མེད་པ་འདི་ང་ཚོའི་མགོ་ཐོག་གི་གནམ་ལྟ་བུ་ཞིག་རེད། ཡིན་ནའང། གནས་བབ་དེའི་འོག་ཁྲིམས་ཞིབ་ཁང་ནས་གཞུང་འབྲེལ་མིན་པའི་ཁྲིམས་ལུགས་སློབ་ཐོན་པའི་ཁྱད་མཁས་ཚོགས་པ་བཙུགས་པ། སྤྱི་འཐུས་ནས་བདེན་པའི་མེ་ལྕེ་བསྐོར་བསྐྱོད་སོགས་ལས་འགུལ་གང་འཚམས་སྤེལ་བ། བཀའ་ཤག་ནས་གྲོས་ཚོགས་འཐུས་མི་མང་པོར་ཐུག་འཕྲད་བྱས་ཏེ་གྲོས་ཆོད་སྣ་ཚོགས་བསླེབས་ཐུབ་བྱས་པ། བསྒྲགས་གཏམ་སྤེལ་བ། མཆོད་འབུལ་སྨོན་ལམ་འཚོགས་པ་སོགས་བྱས་ཡོད་པ་རེད། འོན་ཀྱང། རྩ་དོན་ཐད་རང་ལུས་མེར་སྲེག་དང། བོད་རྒྱ་འབྲེལ་མོལ། བཙན་བྱོལ་ནང་ཤེས་ཡོན་སྲིད་བྱུས་སོགས་ཀྱི་ཐད་དེ་ལས་ལྡོག་སྟེ་ནུས་པ་ཐོན་ཡོད་པ་མ་རེད། རང་ལུས་མེར་སྲེག་ཐད་བསྐྱང་སྐུམ་སྣ་ཚོགས་ཡོད་པའི་སྲིད་བྱུས་ཤིག་བཟུང་ཞིང། ཐིག་ཕྲེང་ཁ་ཤས་ལས་མེད་པའི་སྲིད་བྱུས་སམ་བསྒྲགས་གཏམ་དེར་ཐ་སྙད་འགའ་ཤས་ཡར་བཅུགས་མར་བསུབ་ཀྱི་རྩེད་མོ་རྩེས་ཏེ། མདོ་དོན་རང་ལུས་མེར་སྲེག་ལ་བཀའ་ཤག་གི་ངོས་ནས་བྱུང་རབས་དེབ་ཐེར་དུ་བཞག་ཆོག་པའི་རྒྱ་ཁྱབ་ཅན་གྱི་ངོས་འཛིན་ཤིག་ཡིག་ངག་གང་ནས་ཀྱང་འདོན་ཐུབ་མེད་ཁར། མགོ་སེར་ཚོའི་ཆབ་སྲིད་ཁེ་ཕན་གྱི་ཚོང་རྭ་དང་བསྟུན་ནས་ཅུང་ཙམ་མིན་ན། སྲིད་སྐྱོང་གིས་གྲོས་ཚོགས་ནང་རང་ལུས་མེར་སྲེག་དེ་ཞེད་སྣང་ཅན་ཞིག་གི་རྣམ་པར་བསྒྱུར་རྩིས་བྱས་པ་རེད།
མདོ་དོན་རང་སྲེག་ཐད་གྲུབ་འབྲས་ཕྲན་ཙམ་ཕྱི་ནས་མ་ལོན་པའི་ཁར། རང་སྲེག་གི་བྱུང་རབས་བོད་མི་ཚོའི་སེམས་ངོར་འཇོག་ཐུབ་ལའང་རྣམ་དཔྱོད་ཡང་དག་གང་ཡང་ད་བར་བསྟན་ཐུབ་མ་སོང་བས། ལོ་ངོ་འདི་གཉིས་ནི་བོད་ཀྱི་རྩ་དོན་ཐད་ནས་བཤད་ན་མགོ་ཁྲིད་རང་བཞིན་གྱི་ཕམ་ཁ་ཆེན་པོའི་ལོ་གཉིས་ལ་ངོས་འཛིན་མི་བྱེད་ཀ་མེད་རེད། དེ་བཞིན་བོད་རྒྱ་འབྲེལ་མོལ་ཡང་དེ་མཚུངས་རེད། བཙན་བྱོལ་ནང་ཤེས་ཡོན་སྲིད་བྱུས་ཐད་འཛིན་པའི་རྣམ་འགྱུར་ཡང་དེ་མཚུངས་རེད། སོང་ཙང་རྩ་དོན་ཐོག་ལོ་ངོ་གཉིས་ལ་ལྷིང་འཇགས་དང་ཡར་རྒྱས་འགྲོ་རྒྱུ་ལས་ཕྱོགས་མང་པོར་འཐུས་ཤོར་ཆེན་པོ་བྱུང་ཡོད་པ་རེད།
དྲི་བ། དྲིས་ལན་ཁ་ཧ་ཅང་གསལ་བོ་འདུག རྒྱལ་སྤྱིའི་སྟེང་ནའང་དཔེར་ན་བོད་ཀྱི་རང་ལུས་མེར་སྲེག་ནི་ཅི་ཞིག་རེད་ཅེས་པའི་དྲི་བ་འདི་ཐོན་བཞིན་པ་རེད། རྒྱ་ཁྱབ་ཅན་གྱི་ངོས་འཛིན་གསལ་སྟོན་བྱ་ཐུབ་མེད་པ་ཟེར་བ་དེ་ངས་སྔ་མོར་གོ་མྱོང། འོ་ན། དེ་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ག་རེ་རེད་དམ།
ལན། དེར་རྒྱུ་རྐྱེན་གཅིག་ལས་ཡོད་པ་མ་རེད། དེ་ནི་དབུ་འཁྲིད་ལ་ཉམས་མྱོང་མེད་པ། ཤེས་ཡོན་ཚད་ལྡན་མེད་པ། བོད་མི་རིགས་ལ་རྒྱུས་མངའ་ཚད་ལྡན་མེད་པ། བདེན་པ་མཐའ་བསྐྱལ་གྱི་སྙིང་སྟོབས་མེད་པ། བོད་ཀྱི་རིག་གནས་ལ་རྒྱུས་མངའ་མེད་པ་བཅས་ཀྱིས་རེད།
དྲི་བ། བོད་རྒྱ་འབྲེལ་མོལ་ནི་བོད་མི་ཙམ་མ་ཟད། བོད་ཀྱི་མཐུན་ཕྱོགས་རྒྱལ་སྤྱིའི་སྟེང་གི་གཞུང་སྒེར་ཚང་མས་རེ་བ་རྒྱག་ཡུལ་དེ་རེད། འབྲེལ་མོལ་མ་ཡོང་བའི་རྒྱུ་རྐྱེན་གཙོ་བ་ག་རེ་རེད་བསམས་ཀྱི་འདུག
ལན། དེར་རྡོག་རྡོག་བྱས་ཏེ་ཞུས་ན། དོན་གནད་གཉིས་ཡོད་པ་རེད། གཅིག འབྲེལ་མོལ་གནང་མཁན་༸གོང་ས་མཆོག་གི་སྐུ་ཚབ་བསྐོ་བཞག་བྱས་ཏེ་དེར་འབྲེལ་མཐུད་འོས་འགན་མ་སྤྲད་པ། གཉིས། བོད་རྒྱ་འབྲེལ་མོལ་ཟེར་བ་ཅི་ལྟར་བྱུང་དགོས་པ་དང་དེ་བྱུང་བ་ལ་རང་ཕྱོགས་ནས་གྲ་སྒྲིག་གང་བྱེད་དགོས་མིན་དེ་ཁས་མ་བླངས་པའམ། ལྷོད་གཡང་བཏང་བ། དོ་གལ་ཆེན་པོ་མ་བྱས་པ་བཅས་ཀྱིས་ད་ལྟ་ད་དུང་འབྲེལ་མོལ་མཚམས་ཆད་པ་རེད་བསམས། འཆར་ཟླ ༩ པའི་ནང་ཞི་མོལ་ཚོགས་ཆུང་ཐེངས ༢༦ པ་དེའང་སྔོན་མ་དག་ལྟར་གྲོས་ཚོགས་དང་མི་མང་གི་དོ་སྣང་ལ་རྣམ་འགྱུར་ཙམ་བསྟན་པ་ལས། སྐུ་ཚབ་བསྐོ་བཞག་སོགས་དངོས་སུ་ལག་བསྟར་མི་བྱེད་པ་ཚང་མས་ཚོད་དཔག་གནང་བཞིན་པ་དེ་རེད།།
དྲི་བ། འོ་ན། ཁྱེད་རང་སྲིད་སྐྱོང་མཆོག་གི་འབྲེལ་མོལ་ཆོད་སེམས་ལ་དོགས་པ་ཡོད་དམ།
ལན། ང་ཚོ་མ་རིག་པས་བཅངས་པ་ཡིན་ཙང། ཐམས་ཅད་མཁྱེན་པ་ལྟར་ཚིག་ཐག་ཆོད་པོས་གནད་དོན་ཞུ་ནུས་བྲལ་མོད། ང་ཚོར་ཁྱད་ཆོས་ཤིག་ཡོད་པ་ནི་རིགས་པས་བརྟག་པ་དང། རྟགས་ལ་བརྟེན་ནས་ཚོད་དཔག་དང་སྡོམ་ཚིག་འགོད་པ་ནི་མིའི་ཆོས་ཉིད་ཅིག་རེད། འོ་ན། སྲིད་སྐྱོང་གིས་སྐུ་ཚབ་ད་དུང་མ་བསྐོས་དོན་ག་རེ་རེད། འབྲེལ་མོལ་ཐད་དམིགས་བཀར་གྱིས་གསལ་བསྒྲགས་གཟབ་ནན་ཞིག་མ་སྤེལ་དོན་ག་རེ་རེད། མ་ཤེས་པ་རེད་དམ། མ་བྱས་པ་རེད། དོགས་པ་མཚམས་འདི་ནས་བྱས་ཆོག་གི་རེད། དེ་བཞིན་ཕྱོགས་གཞན་ཞིག་ནས་འབྲེལ་མོལ་གྱི་བྱུང་རབས་ལ་གཟིགས་དགོས་པ་རེད། སྔ་མོར་འབྲེལ་མོལ་ལ་དམིགས་བཀར་ནུས་ཤུགས་ག་ཚོད་བསྐྱོན་འདུག དེ་རིང་སང་ཉིན་དེ་ལྟར་བསྐྱོན་མི་དགོས་དོན་ག་རེ་རེད། བསྐྱོན་མ་ཐུབ་པ་རེད་དམ། མ་བསྐྱོན་པ་རེད། འདི་ལྟར་བལྟས་ཡོང་དུས། ང་ཚོས་ཆོད་སེམས་དེའི་རྒྱུ་སྤུས་ལ་མྱང་ཞིབ་བྱེད་མ་ཐུབ་པ་རྩ་ནས་ཡོད་པ་མ་རེད།
དྲི་བ། ཁྱེད་རང་གི་བཤད་ཚུལ་དང་སྲིད་སྐྱོང་གི་ཚིག་འགྲོས་ཁ་ཤས་འགལ་བ་རྐྱང་རྐྱང་རེད། དཔེར་ན། བོད་རྒྱ་འབྲེལ་མོལ་ལ་གྲ་སྒྲིག་ཨང་གསར་དང་མཐའ་མའི་འབབ་ས་འབྲེལ་མོལ་ཡིན་ཅེས་པ་དང། དབུ་མའི་ལམ་མུ་མཐུད་དམ་འཛིན་ཞུ་ཡི་ཡོད། ལོ་གཉིས་རིང་ལྷིང་འཇགས་པོ་བྱུང་སོང། གསུངས་པ་འདི་དག་རེད།
ལན། གྲ་སྒྲིག་ཨང་གསར་ཡོད་ན་རྒྱ་ནག་གཞུང་ལ་བསྟན་དགོས་པ་རེད། གྲོས་ཚོགས་དང་མི་མང་ལ་འགན་འཁུར་ནས་ལན་འདེབས་གསལ་བོར་ཞུ་དགོས་པ་རེད། སྔ་མོར་བཀའ་ཤག་གི་ལས་འགུལ་དང་བསྒྲགས་གཏམ་སོགས་སུ་མཐའ་མའི་འབབ་ས་འབྲེལ་མོལ་ཡིན་ཞེས་ཁ་གསལ་བོས་ཅི་བྱས་འབྲེལ་མོལ་ཆེད་ཡིན་པ་ཞིག་གསལ་སྟོན་གནང་ཡོད་པ་མ་རེད། ཁ་སང་འཁྲུངས་སྐར་ནས་ཚིག་གསར་པ་འདི་བཟོས་པ་རེད། དེ་རྒྱ་ནག་གཞུང་ཕར་ཞོག ང་ཚོ་བོད་རིགས་གཟུར་གནས་དོ་སྣང་ཅན་ཚོས་ཀྱང་ཁས་ལེན་གྱི་མ་རེད། བཟོ་བཅོས་བྱས་པ་དེས་དངོས་གནས་མཚོན་གྱི་མ་རེད་ལ། བཟོ་བཅོས་བྱས་པ་དེ་རྒྱ་བོད་ཕྱོགས་གང་ནས་ཀྱང་དོ་སྣང་རྩ་བ་ནས་གནང་མདོག་ཁ་པོ་མ་རེད། དེ་བཞིན་ལོ་གཉིས་རིང་ལྷིང་འཇགས་པོ་བྱུང་ཡོད་ན། རྩ་དོན་ཐད་ལྷིང་འཇགས་པོ་བྱུང་བ་རེད་དམ། གང་ནས་བྱུང་འདུག དེ་གསལ་བོར་བསྟན་གནང་ན་མི་མང་གི་སེམས་ལ་འབབ་པ་ཞིག་ཡོང་གི་རེད། དེ་མིན་ཡིག་ཐོག་ཏུ་འབྲི་མཁན་རང་ཉིད་དང་བརྗོད་བྱ་རང་ཉིད་ཀྱིས་གང་བྱས་སྐོར་ཡིན་དུས། ཁྱེད་ཀྱིས་བསམས་ན་འབྲི་མཁན་དེས་མི་མང་དང་རྩ་དོན་དབུས་སུ་བཞག་སྟེ་འབྲི་ཡི་རེད་དམ། རང་ཉིད་དབུས་སུ་བཞག་ནས་འབྲི་ཡི་རེད། དེར་གཟིགས་ཤིང་དཔྱད་ན་ཤེས་པ་འདི་རེད།
དྲི་བ། ཁྱེད་ཀྱི་ལྟ་ཚུལ་རྣམས་ཁ་གསལ་བོ་དང་ཚིག་ཐག་ཆོད་པོ་རྐྱང་རྐྱང་རེད། ཁྱེད་རང་དབུ་མའི་ལམ་གྱི་ཚབ་མཚོན་མི་སྣ་ཞིག་རེད། ཁྱེད་ནས་བོད་རང་བཙན་དེ་དངོས་གནས་ཐོབ་རྒྱུ་མེད་པ་ཞིག་ལ་ངོས་འཛིན་བྱས་ཡོད་དམ།
ལན། བོད་རང་བཙན་ཐད་བྱུང་རབས་ཀྱི་ལྟ་སྟངས་ནི་ཕྱོགས་སྣ་མང་ཡོད་པ་ཚང་མས་ཤེས་གསལ་རེད། ངས་རང་ཉིད་བོད་པ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་བོད་གཞུང་དང་བོད་ཀྱི་མཁས་པའི་བྱུང་རབས་ལྟ་སྟངས་མཁྲེགས་འཛིན་བྱེད་ཀྱི་མེད། ལོ་རྒྱུས་ཐད་ནས་ང་ཚོར་དངོས་དོན་ག་རེ་ཡིན་པའི་བྱུང་བ་དྲང་བརྗོད་ཀྱི་སྲིད་དོན་གླེགས་བམ་ཞིག་དགོས་པ་དེ་གལ་ཆེན་རེད། ད་ལྟའི་མགོ་ཉོག་ཧ་ཅང་ཚ་བོའི་བྱུང་རབས་འདིས་ལོ་རྒྱུས་ཀྱི་རང་བཙན་འཐབ་རྩོད་ཀྱི་སྙིང་སྟོབས་ཆ་ཚང་ཞིག་སུ་ལའང་སྤྲོད་མི་ཐུབ་པ་དེ་གནད་དོན་ཞིག་རེད། སྤྱིར་ཡུལ་ལུང་བྱེ་བྲག་པ་ཁེ་གཙང་མངའ་དབང་རང་བཙན་བྱེད་རྒྱུར་ལོ་རྒྱུས་ཀྱི་བདེན་དོན་དགོས་དང་མི་དགོས་གཉིས་ཀ་ཡོད་པ་རེད། དེའི་ཆ་ནས་ང་ཚོའི་བྱུང་རབས་གཙང་བཙོག་ག་རེ་ཡིན་ནའང་རང་བཙན་ཟེར་བ་དེ་ཁོ་ནར་ལྟ་དགོས་པ་ཞིག་མ་རེད།
འོན་ཀྱང། རང་བཙན་དང་རང་སྐྱོང་གང་བརྩད་ཀྱང། འགྲུབ་ཀྱི་ཡོད་མེད། འགྲུབ་ཐུབ་པ་ལ་ལམ་དུ་ཕྱོགས་མིན་རིགས་པའི་ལམ་ནས་སྒྲུབ་ཐུབ་པ་ཞིག སྒྲུབ་དགོས་པ་དེའི་སྙིང་དོན་གཙོ་བོ་ག་རེ་ཡིན་མིན། སྙིང་དོན་དེ་རང་བཙན་དང་རང་སྐྱོང་གི་གནས་བབ་གང་གི་འོག་ཏུ་ཕྱིན་ན། བོད་མི་རིགས་ས་སྒང་འདིར་འཚོ་གནས་བྱས་པ་ལ་ནང་དོན་ལྡན་མིན་བཅས་པར་གཞི་རྩ་འཛིན་དགོས་པ་ལས། ང་ཚོ་བོད་མི་རིགས་མི་སྤྱི་མཚུངས་ཤིག་གི་རྣམ་པར་ཟུར་སྡོད་རུབ་རུབ་བྱེད་མ་ཐུབ་པ་ཞིག་ཕལ་ཆེར་ཡོད་པ་མ་རེད།
དེ་ལ་གནས་དགོས་པའི་དམིགས་ཡུལ་ཀྱང་མིའི་ལྟོ་གོས་གཏམ་གསུམ་འཁྱོལ་རྒྱུ་ཙམ་ལས་ཡོད་པ་མ་རེད། དེ་ལ་རིག་གནས་དང་ལེགས་བྱང་གི་སྐད་ཆ། ཡ་རབས་དང་བཟང་སྤྱོད། རིན་ཐང་དང་ངོ་བོའི་སྐད་ཆ་གང་ཡང་ཡོད་པ་རེད། སྐད་ཅི་ཞིག་རྒྱབ་སྟེ་ས་གང་དུ་རུབ་རུབ་འདུས་སྡོད་ལྟ་བུར་གནས་ཏེ་འཚོ་གནས་འཆའ་རྒྱུ་ཙམ་རེད། དེ་ང་ཚོའི་འཐབ་རྩོད་ཀྱི་སྙིང་དོན་དང་ཐབས་ལམ་གཉིས་ཀར་སྤངས་ཟིན་པའི་དོན་དག་ཅིག་ཡིན་སྟབས། མི་མང་པོས་རང་བཙན་དང་རང་སྐྱོང་བཤད་ཡོང་སྐབས། དེ་རིང་སང་ཉིན་བཤད་བཞིན་པའི་རང་བཙན་དེ་ཆེན་པོ་ཞིག་དང་ནང་དོན་ལྡན་པ་ལྟ་བུ་ཞིག་མིན་འགྲོ་བསམས་ཀྱི་ཡོད་པ་རེད། དེ་ནི་རྦད་དེ་གོ་ནོར་ཐེབས་སོང་བ་རེད།
དངོས་གནས་བཤད་ན། ད་ལྟ་ང་ཚོས་དབུ་མའི་ལམ་ན་རྩོད་བཞིན་པའི་བོད་ཀྱི་རང་སྐྱོང་འདི་ནི་བྱུང་རབས་དང་ཕུགས་འདུན་གཉིས་ཀ་ཚོད་དཔག་ཐུབ་པའི་ལམ་ནས་གཏན་འབེབས་གནང་སྟེ་འཐབ་རྩོད་བྱེད་བཞིན་པས། གལ་སྲིད་ཆོལ་ཁ་གསུམ་ལ་རང་བཙན་ཞིག་ཐོབ་རྒྱུ་ཡོད་པའི་དབང་དུ་བཏང་ནའང། ངས་དེ་ལས་ཀྱང་སྐྱིད་མཉམ་སྡུག་མཉམ་གྱི་རྩ་ཁྲིམས་འོག་གི་རང་སྐྱོང་འཛིན་སྐྱོང་གཅིག་གི་རང་སྐྱོང་འདི་རྩ་ཆེར་བརྩི་འདོད་ཡོད་པས། བོད་མི་རིགས་དང་བོད་མིའི་རང་དབང་འཐབ་རྩོད་ཀྱིས་མི་གྲལ་ཟིན་དགོས་ན་ངེས་པར་དུ་ང་ཚོས་རྨི་ལམ་རང་བཞིན་གྱི་དྲན་ཕྱོགས་དང་ལས་ཀ་རྣམས་མཚམས་འཇོག་བྱས་ཏེ། མིའི་སྤྱི་ཚོགས་ཀྱི་འཁོར་ལོའི་འགྲོས་དང་མཐུན་པ་ཞིག་གི་ལམ་དུ་མཉམ་བསྐྱོད་དགོས་པ་དེ་གལ་ཆེན་རེད་འདོད། དེ་རིང་སང་ཉིན་གྱི་རྒྱལ་སྤྱི་དང་རྒྱལ་ནང། བོད་རང་གི་དངོས་ཡོད་གནས་བབ་གང་ལ་གཞིགས་ཀྱང་རང་བཙན་ལ་རེ་བ་ཙམ་ཡང་མེད་པ་ནི་དངོས་དོན་རང་རེད་འདུག་པས། ང་ལྟ་བུས་རང་བཙན་ཐོབ་རྒྱུ་ཡོད་མེད་ཅིག་ལ་ངོས་འཛིན་བྱས་མ་བྱས་ལ་ཁྱད་པར་གང་ཡང་མེད་པར་འདོད།།
དྲི་བ། ཉེ་ཆར་བཙན་བྱོལ་ནང་རང་བཙན་སྒྲིག་འཛུགས་དང་མི་སྣ་སྒེར་བ་དེ་འདྲའི་སྐོར་ཡོ་འཁྱམས་ཆེན་པོ་བྱུང་བ་རེད། དེ་བསམ་ཚུལ་ག་རེ་ཡོད།
ལན། དྲི་བ་དེ་སྦུག་སྦུག་ཅིག་རེད་དེ། ཕལ་ཆེར་གཞོན་ནུ་དང། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གྲོས་ཚོགས་ནང་གི་སྤྱི་འཐུས་སྒེར་གྱི་གསལ་བཤད་སོགས་ལ་གསུངས་ཀི་མེད་འགྲོ དེ་རྣམས་ལོ་མང་པོའི་བྱས་འབྲས་ཕྱིར་བརྡོལ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གཞོན་ནུའི་དབུས་རྒྱུན་བརྗེ་མ་ཐག་པ་སྐབས་གཉིས་ཀྱི་རིང་ལས་དོན་མང་པོས་སྤྱི་ཚོགས་ནང་བརྡབ་གསིག་བཏང་ཡོད་པ་དེ་གསལ་བོ་རེད། དེ་ཡང་ཚོགས་གཙོ་ཚོགས་གཞོན་གཉིས་ཀྱིས་ལས་དོན་རྣམས་ཕྱོགས་ཁག་ལ་ཁེ་ཕན་བགོ་འགྲེམས་བྱས་པ་ལྟར་ཐག་བཅད་པ་ལས་བྱུང་བ་ད་དུང་གསལ་རུ་འགྲོ་གི་རེད་བསམས།
གང་ཡིན་ཞེ་ན། དངོས་དོན་ཟེར་བ་དེ་ཟླ་བ་དང་ལོ་འགོར་ན་ཇེ་གསལ་དུ་འགྲོ་བ་ཆོས་ཉིད་རེད། དངོས་གནས། བོད་ཆོལ་གསུམ་ཤི་གསོན་མཉམ་གནས་ཀྱི་རང་བཙན་གཙང་མའི་འཐབ་རྩོད་དང་དེའི་སྒྲིག་འཛུགས་ཤིག་རྒྱུན་མཐུད་སྲ་བརྟན་གཏོང་གི་ཡོད་ན། དེ་གནང་སྟངས་ཤིག་དང་གནང་སྟངས་དེའང་མི་ལ་ར་འཕྲོད་པ་ཞིག་ཡོང་གི་རེད་ཝ། ཡིན་ནའང། དེ་མ་བྱུང་བའི་ཁར། གཞོན་ནུའི་ཕྱི་ནང་གི་ལྟ་ཚུལ་ཉེ་འཚེ་བ་སྣ་ཚོགས་ཀྱི་གཞན་དབང་དུ་སོང་ནས་ཡོ་འཁྱམས་ཆེན་པོ་དེ་བྱུང་བ་རེད།
འོན་ཀྱང་དེ་དང་འབྲེལ་ནས་གཞོན་ནུའི་ལས་བྱེད་པའི་ཤེས་འཇོན་ལྷག་བསམ་དང། ཕྱིའི་སྟོབས་ཤུགས་གནས་བབ། ཐ་ན་ཚོགས་མིའི་གྲངས་འབོར་བཅས་པ་གསལ་བོ་ཆགས་ཟིན་པས། སྟབས་ཡག་ནས་རྒྱ་ནག་གིས་གཞོན་ནུར་ལག་པ་འཕྱིས་ཏེ་༸གོང་ས་མཆོག་དང་དབུས་སྒྲིག་འཛུགས། དབུ་མའི་ལམ་ལ་ལོག་འགྲེལ་བྱེད་པའི་གནས་སྟངས་དེ་མཇུག་རྫོགས་ཚར་བ་རེད། དེ་ཡིན་པས་འདི་ཚོའི་སྐོར་ལ་མང་པོ་བཤད་འདོད་མེད། ཁོ་རང་ཁོ་རང་དུས་ཚོད་ཅིག་ནས་མཇུག་རྫོགས་འགྲོ་གི་རེད།།
དྲི་བ། ད་ཁྱེད་ཀྱིས་བསམས་ན་སྲིད་སྐྱོང་གིས་འབྲེལ་མོལ་གཙོས་དམ་བཅའ་གནང་བ་རྣམས་ག་དུས་ལག་བསྟར་བྱེད་ཀྱི་རེད། དཔེར་ན། ༸རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་ལྟ་བུ།
ལན། འབྲེལ་མོལ་སྐོར་དེང་སང་རྒྱལ་སྤྱིའི་སྟེང་སྲིད་དོན་པ་མང་པོས་སྲིད་སྐྱོང་གི་ངོས་ནས་རྣམ་འགྱུར་ཁ་གསལ་སྟོན་དགོས་པར་བསམ་ཚུལ་འདོན་བཞིན་པ་རེད། ༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུའི་ཐད་དངོས་གནས་བྱས་ན་གཞིས་བྱེས་མི་མང་གི་སྲིད་སྐྱོང་གི་དུས་ཡུན་འདིའི་རིང་དམིགས་བསལ་རྩལ་དུ་བཏོན་ནས་ལས་འགུལ་སྤེལ་ཡོད་སྟབས། དེ་ལ་བཀའ་ཤག་གི་ངོས་ནས་ཀྱང་དེ་བསྟུན་གྱི་མི་མང་གི་མངོན་འདོད་ལ་དབུ་འཁྲིད་ཀྱི་མགོ་ཡོད་པའི་འགྲོ་སྟངས་གསལ་བོ་ཞིག་བསྟན་དགོས་པ་ཁ་ཚ་དགོས་གཏུགས་ཡིན་ཡང། ”༸གོང་ས་མཆོག་བོད་ལ་གདན་ཞུ”ཟེར་བའི་ཚིག་ཙམ་གྱིས་མངོན་འདོད་དེ་དག་སྐོང་ཐུབ་ཀྱི་མ་རེད། ༸རྒྱལ་བ་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་རྒྱུར་འབྲེལ་མོལ་ནས་རང་སྐྱོང་འགྲིག་ཆགས་བྱུང་མཚམས་དང། ཡང་ན། བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་དང་གཞིས་ལུས་བོད་མིའི་སེམས་པ་ལྷོད་བདེ་ཡོང་ཆེད་བཅས་གནས་སྐབས་རིང་འཁྱུག་ཙམ་རྒྱལ་ནང་དུ་གཟིགས་བསྐོར་ལ་ཕེབས་རྒྱུར་ཕྱག་ལས་གནང་དགོས་པ་རེད།
བཀའ་ཤག་གིས་”གདན་འདྲེན་ཞུ་བའི་སྲིད་བྱུས་”དངོས་ཡོད་དང་མཐུན་པ་ཞིག་དབུ་མའི་ལམ་གྱི་འོག་གསལ་སྟོན་གནང་ཐུབ་ཚེ། བོད་དོན་འཐབ་རྩོད་གོམ་གང་མདུན་བསྐྱོད་བྱས་ཟིན་པར་ངོས་འཛིན་གནང་ཆོག་གི་རེད་ལ། ༼རང་སྐྱོང་བསམ་འཆར་༽སྤྲད་པའི་འབྲེལ་མོལ་རྒྱུན་མཐུད་བྱས་པར་ངོས་འཛིན་བྱས་ཆོག་པ་ཙམ་དུ་མ་ཟད། སྔ་མོ་ནས་རྒྱ་རི་རིན་པོ་ཆེས་སྲིད་སྐྱོང་བློ་བཟང་སེང་གེར་འབོད་སྐུལ་བྱས་པ་སྟེ་”སྔར་བྱས་གོང་འཕེལ་བཏང་བར་”ངོས་འཛིན་བྱས་ཆོག་གི་རེད། འོན་ཀྱང། བཀའ་ཤག་ནས་དོན་དམ་པས་༸གོང་ས་མཆོག་ཅི་ལྟར་གདན་འདྲེན་ཞུའམ་ཟེར་དུས། “༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ”ཟེར་བའི་ཚིག་ཙམ་གྱི་རྣམ་པ་འདི་ལྟར་ལྷགས་ན་བཀའ་ཤག་སྐབས་བཅུ་གསུམ་པའི་རྒྱུན་མཐུད་ཐུབ་ཀྱི་ཡོད་པ་མ་རེད། དགའ་ལྡན་ཕོ་བྲང་གཞུང་གི་རྒྱུན་སྐྱོང་ཐུབ་ཀྱི་ཡོད་མེད་ལ་མི་མང་པོས་ཐེ་ཚོམ་བྱེད་སྲིད་པ་རེད། དེའི་ཆ་ནས་གསེར་ལྟ་བུའི་དུས་ཚོད་འདིར་བོད་དུ་གདན་ཞུའི་ལས་རིམ་ཞིག་རྩོམ་ཐུབ་མིན་བཀའ་ཤག་ལ་མུ་མཐུད་རེ་བ་རྒྱབ་ཆོག་གི་རེད་བསམས།།
དྲི་བ། ཁྱེད་ཀྱིས་བལྟས་ན་རྒྱ་ནག་གཞུང་ནས་བཙན་བྱོལ་སྒྲིག་འཛུགས་ལ་ལམ་ཁ་ཡག་པོ་ཞིག་སྟེར་གྱི་རེད་དམ།
ལན། བཙན་བྱོལ་སྒྲིག་འཛུགས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་དང་སྤྱི་ཚོགས་གཉིས་ཆར་རང་ཁ་རང་གསོའི་ལམ་དུ་བསྐྱོད་ཡོད་སྟབས། སྒྲིག་འཛུགས་རྒྱུན་གནས་ཐུབ་པ་ལ་གྲ་སྒྲིག་དམིགས་བསལ་ཡོད་པ་རེད་བསམས། ཡིན་ནའང། ཚུར་ཕྱོགས་འདིར་གཞིས་བྱེས་བོད་མིའི་རང་དབང་བདེན་དོན་གྱི་མགྲིན་ཚབ་ལྟ་བུའི་གོ་ཆོད་དགོས་ན། ཕར་ཕྱོགས་ལ་དུས་ནས་དུས་སུ་ཡ་ལན་མི་བྱེད་རང་བྱེད་ཀྱི་གནས་བབ་ཅིག་བསྐྲུན་དགོས་སྟབས། དེའི་ཐབས་ལམ་ཡག་ཤོས་དེ་ང་ཚོ་བཙན་བྱོལ་བོད་མི་ཚོས་དབུ་མའི་ལམ་གྱི་ཉམས་ལེན་པ་རྣལ་མ་ཞིག་བྱེད་དགོས་པ་དེ་རེད། ནམ་ཞིག་དབུ་མའི་ལམ་གྱི་ཉམས་ལེན་པ་རྣལ་མ་ཞིག་ཆགས་པ་དེའི་སྐབས་སུ། བཙན་བྱོལ་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་ཚོར་རྒྱ་ནག་གཞུང་ཕྱོགས་ནས་གྲོས་ལ་དབང་བའི་ལམ་ནས་བོད་ཀྱི་མདུན་ལམ་ཐག་གིས་མི་གཅོད་རང་གཅོད་ཆགས་ཀྱི་རེད། ང་ཚོའི་སྲིད་སྐྱོང་ནས་མི་མང་བར་དབུ་མའི་ལམ་གྱི་ཉམས་ལེན་པ་རྣལ་མ་ཞིག་ཆགས་རྒྱུར་འབད་བརྩོན་དང། དུས་ཚོད་ཀྱི་རྗེས་ཆོད་པའི་དབུ་མ་པ་ཚད་ལྡན་ཞིག་ཆགས་ཐུབ་ན་བོད་དོན་གསོན་པོར་གནས་པ་ཙམ་དུ་མ་ཟད། བདེ་བླག་ངང་འཚེ་མེད་ཞི་བའི་ལམ་ནས་ཐག་གཅོད་ཐུབ་ངེས་རེད་ལ། དེ་ཡང་༸གོང་ས་མཆོག་གསེར་ཞལ་འཚོ་བཞུགས་སྐབས་ཐག་གཅོད་ཐུབ་ཀྱི་རེད། འོན་ཀྱང་དེ་ལྟར་གནང་དང་མི་གནང་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རག་ལས་པ་རེད།།
དྲི་བ། བཙན་བྱོལ་ནང་དབུ་མའི་ལམ་གྱི་གོ་རྟོགས་ག་འདྲ་ཡོད་པ་རེད།
ལན། ད་དུང་རྣམ་པ་གསར་པ་དང། དེ་རིང་སང་ཉིན་གྱི་རྒྱ་ནག་གི་འགྱུར་འགྲོས་དང་མཉམ་དུ་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་དགོས་པ་གལ་ཆེན་པོ་རེད།
དྲི་བ། ཁྱེད་ཚོའི་གྲོས་ཚོགས་ནང་ལངས་ཕྱོགས་འདྲ་མིན་འཛིན་མཁན་ཡོད་པ་དེ་བསམ་ཚུལ་ག་རེ་ཡོད།
ལན། མི་ཁ་ཤས་ཀྱིས་ཆབ་སྲིད་སྐྱབས་བཅོལ་དང་མང་གཙོ་གཉིས་ལྟ་གྲུབ་ཐོག་འགལ་ཟླ་རེད། སྐྱབས་བཅོལ་བ་ཚོ་ལངས་ཕྱོགས་གཅིག་གི་སྟེང་སྒྲིལ་སྟེ་འཐབ་རྩོད་བྱེད་དགོས་ཚུལ་འདོད་ཀྱི་ཡོད་པ་རེད། དེ་སྤྱིར་བཏང་རང་རྒྱལ་གཞན་ཕམ་དང་མི་སྡེའི་སྤྱི་ཚོགས་གྲངས་ཀ་ལྷག་མ་ཙམ་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཚོས་དེ་ལྟར་བྱས་མྱོང་ནའང། བོད་ཀྱི་འཐབ་རྩོད་ཀྱི་དམིགས་དོན་དང་ཐབས་ཤེས་གཉིས་ཀ་རྦད་དེ་དེ་ལས་འགལ་བ་ཡིན་ཙང། ང་ཚོས་སྐྱབས་བཅོལ་བའི་གནས་སྐབས་སུའང་མང་གཙོའི་ལེགས་བྱང་ནི་ཆབ་སྲིད་ཀྱི་ཐབས་བྱུས་ཙམ་ལ་ངོས་འཛིན་མི་བྱེད་པར། མིའི་ནུས་པ་སྔོགས་འདོན་ཐུབ་ཐབས་ཀྱི་ཐབས་ཤེས་ཤིག་ལའང་ངོས་འཛིན་བྱས་ཡོད་པས། བསམ་ཚུལ་སྣ་ཚོགས་ཡོང་ཆོག་གི་རེད་ལ། ཡོང་གི་ཡོད་པ་རེད། ཡིན་ནའང། བཤད་བཤད་ཚང་མ་བསམ་ཚུལ་དང། བསམ་ཚུལ་ཚང་མར་འགན་འཁུར་ཐུབ་པའི་ནུས་པ་མེད་ཙང། ལྟ་ཚུལ་མ་འདྲ་བ་ཡོད་ཁུལ་ཙམ་ལ་དེ་འདྲའི་ཧ་ལས་མདོག་བྱེད་ཀྱི་མེད།
དྲི་བ། ཐུགས་རྗེ་ཆེ། དེ་རིང་དྲི་བ་མཚམས་འདི་ནས་མཇུག་བསྡུ་ཡི་ཡིན། རྗེས་མར་ཡང་ཡང་ཐུག་པའི་རེ་བ་ཤིན་ཏུ་ཆེ།།
ལན། ཁྱེད་ཀྱིས་དེ་ལྟར་དོ་སྣང་གནང་སྟེ་དྲི་བ་བཏང་བ་ཐུགས་རྗེ་ཆེ། ཡང་ཡང་ཐུག་ཡོང།།
༢༠༡༣། ༨། ༨། ཉིན།།
དྲི་བ་དྲིས་ལན་འདི་དག་ལ་དང་པོ་མཆན་ལམ་ནས་བསམ་ཚུལ་ཞིག་བཤད་འདོད་བྱུང་སོང་ཡང་། ཆ་ཚང་བཀླགས་རྗེས་གནས་ལུགས་མཆོག་བརྗོད་དང་། ཕྱོགས་རིས་སྒེར་འཁོན་གྱིས་དྲི་མའི་སྦག་འདུག་པས་ན་དཔྱད་བརྗོད་སྤེལ་རིན་ཡོད་པ་ཞིག་མཐོང་མ་སོང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བཙན་བྱོལ་བོད་མི་གང་བྱུང་མང་བྱུང་ཚོས་འདིའི་གནད་འགག་རྟོགས་ས་མ་རེད།
ང་ཚོ་ནི་ཆབ་སྲིད་སྐྱབས་བཅོལ་བ་མ་རེད། རིག་གནས་ཀྱི་སྐྱབས་བཅོལ་བ་རེད་ཟེར་ན་བསམ་ཚུལ་དྲན་ཚུལ་མང་པོ་བཤད་སྲིད། ཡིན་ནའང་། དོན་དངོས་ནི་དེ་ལྟར་མ་ཡིན་པའི་སྒྲུབ་བྱེད་ནམ་ཡང་རྙེད་མི་སྲིད། འདི་ནི་རང་བཙན་ནས་དབུ་མར་འགྱུར་བའི་ལོ་རྒྱུས་དོན་སྙིང་ཡང་རེད།
གཅིག་གི་ལས་དུས་གཅིག་ཕྲག་དོག་དང་འགྲན་སེམས་བཅང་བསྡད་པ་དེ་བོད་པའི་གཤིས་ཀ་དངོས་མ་དེ་རེད། དེ་ལས་གཞན་བོད་མི་ལ་ཡ་རབ་བཟང་སྤྱོད་དང་འཕྱ་གྲུ་མཉམ་འདེགས་ཀྱི་བསམ་པ་ཡོད་པ་ངས་མ་མཐོང་་་་་་་
ཁྱི་རྒན་དེ་ལྷག་བསམ་ཡོད་མདོག་མདོག་མ་བྱེད་རོག་།
རྒྱབ་སྐྱོར་གཙང་མ་ཡོད།
རྡ་ས་ལ་ཡོད་པའི་བོད་མི་ནང་ཕན་ཚུན་འགལ་བ་བྱེད་མི་དང་། ལྷག་པར་དུ་རང་བཙན་ཐོག་ལ་རྒྱ་མི་ལས་སྡུག་བ་ཕྲག་དོག་ཆེ་བའི་མི་དེ་ཚོ་ངོ་མ་མི་རིགས་ཀྱི་ཞབས་འདྲེན་རེད།
ལན་ཡག་པོ་སྐྱོན་འདུག
ཁྱི་རྐུན་ལི་རྐུན་འོ་ཟང་ཁ་ནས་མཐུན་ཟེར་བ་ལྟར། འདི་ཚོའི་རིགས་ནམ་ཞིག་ཡིན་ན་ཁ་ནང་ལ་སྐོར་ནས་བཤད་དགོས་ན་མཁས་མཛངས་ལྡན་པ་དང་ནང་སྤྲུག་རྒྱག་དགོས་ན་དེ་ལས་ངར་གི འཇོན་ཐང་ཡོད་ན་རྒྱ་ནག་གི་གདོང་ལ་བུད་དང་ལྟད་མོ་བལྟ་ཆོག
བཙན་བྱོལ་རྩོམ་པ་པོ་ཚོའི་ནང་དུ་ཁ་རྒྱ་ནག་ལ་འཁོར་ནའང་སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལས་གཞན་མེད། དེ་དྲ་འབུ་བཀྲ་ཡེ་མིག་གཅིག་ཅན་དེས་མཐོང་ན་དགའ་བ་ལ། ད་ཐེངས་དྲིས་ལན་གནང་བ་རྣམས་དངོས་གནས་རྣལ་མའི་སེམས་འགུགས་པ་རྐྱང་རྐྱང་རེད་མ་གཏོགས། རྩྭ་རྐྱ་རྩྭ་ཤིང་གི་གཟུགས་ཅན་ཚོས་ག་ནས་གོ་ཡོང། གཏན་ནས་གོ་ས་མ་རེད་དྲན།།
བཀའ་མོལ་གསུངས་མཁས་པོ་དང་གནད་ལ་འཁེལ་བ་ཞིག་བྱུང་འདུག་མ་གཏོགས། ཕྲག་དོག་དང་འགྲན་སེམས་ཕྱོགས་རིས་སྒེར་སེམས་ད་ང་ཚོ་ཚང་མར་ཡོད་བ་རེད་པ།རྫོར་བོ་སྔོག་ན་དྲི་མ་དེ་གཟིག་ཁ་ཡ་ཡིན་ཡིན་པ་རེད།
ཆེན་པོའི་ངོ་སྲུང་སྤངས་ཡ་འདི་ལས་སླ་བོ་ཞིག་མ་རེད་དོ།རང་གི་ཁ་ཕོར་བསྲུང་པའི་ཆེད་དུ་ཡིན་མིན་འགྲིག་མིན་ཐམས་ཅད་བཏང་སྙོམས་སུ་བཞག་ནས་ཇོ་བཟང་གི་མིང་ལེན་ཡ་ཚང་མས་འཇོན་གི་རེད།
རང་བཙན་བརྩོད་ཀྱང་རུང་དབུ་མ་བརྩོད་ཀྱང་རུང་།་བརྩོད་ས་ངོ་མ་དེ་རྒྱ་དམར་པོ་རེད་མ་གཏོགས་བོད་ནང་ཁུལ་མ་རེད། ལྷག་པར་དུ་བྱ་ཁུག་རྟ་དེའི་ལང་ཕྱོགས་དབུ་མ་ཡིན་པའི་ཁུལ་རེད། གཞུང་གི་ལང་ཕྱོགས་ཀྱང་དབུ་མ་རེད། འོན་ཀྱང་། བློ་སེང་ལགས་ཁོ་པའི་ཁ་གཏད་ལྟ་བུ་རེད། རྒྱུ་མཚན་ཅི་ཡིན་ཅེ་ན། བློ་སེང་གིས་ཁོ་པའི་ལྟོ་ཕོར་བཅགས་པས་སོ།
གང་ལྟར་དྲིས་པ་དང་དྲིས་ལན་གཉིས་ཀ་འགྲིགས་བསྡད་པ་ཞིག་མཐོང་སོང་།
ཁུག་རྟ་ལགས་ལ་ཞུ་རྒྱུར་མུ་མཐུད་དུ་ཕྱོགས་རིས་སུ་མ་སོང་བ་དང་འུར་ཆེ་མ་དྲགས་པ་བཅས་བོད་པའི་རྩ་དོན་སྒང་ལ་ཤུགས་རྒྱག་རོགས་ཞུ་འདོད་བྱུང་།
ཁྱེད་རང་གི་སེམས་ཤུགས་ལ་ཡི་རང་ཞུ། སྲིད་སྐྱོང་མཆོག་ལ་ཆབ་གྲུ་མཉམ་འདེག་གནང་རོགས་ཞུ་རྒྱུ་ཡིན།
ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་ལ་འབད་དགོས།
ཁ་བཤད་ཆུ་ཡི་ལྦུ་བ་། ལག་ལེན་གཟེར་གྱི་ཐིགས་པ་ཟེར་བ་ཅི་མ་བདེན་། རང་གིས་རྒྱ་དར་ཕྱར་ནས་ནང་ཁུལ་མི་འཆམ་པ་བཟོ་བ་ལས་བོད་ལ་ཕན་པ་ཕར་བཞག་ཐ་ན་དབུ་མ་རྒྱ་རྒན་གཅིག་ལ་ངོ་སྤྲོད་བྱ་ཐུབ་གྱི་མི་འདུག་པས་། མི་ཤེས་ན་ཤེས་ཁུལ་དང་། རང་ཆེན་པོ་ཡིན་ཁུལ་དེ་འདྲ་མ་བྱེད་། འབྱོན་ན་སྲིད་བློན་གཅིག་པོའི་འགན་མ་ཡིན་པས་འབྱོན་ཐང་མི་མང་ལ་སྟོན་རོགས་།
ནོར་བཅོས་། གསེར་གྱི་ཐིགས་པ
ཁུག་རྟའི་ལན་གནད་ལ་ཁེལ་བ་གསུངས་འདུག། སྲིད་སྐྱོང་གི་ཐོག་མས་མཁས་ལེན་དང་ད་ལྟའི་ལག་ལེན་གཉིས་གོ་ལྡོག་ནས་ཡོད་པ་མ་ཟད། ལྷག་པར་དུ་རིགས་གཅིག་རྐང་འཛིན་གྱི་དྲི་ཙམ་མཐོང་ལམ་མེད་པ། གཅིག་སྒྲིག་དང་གསར་གཏོད་། རང་ཁ་རང་གསོ། གཅིག་ཀྱང་འགྲུབ་ཐུབ་མེད། དཔེར་ན། ད་དུང་ཡིན་ཡང་བཙན་བྱོལ་གཞུང་སྒེར་གཉིས་ཀ་གཞན་ཀྱིས་སྐྱོབས་གསོ་ལ་བརྟེན་ཡོད་འདིའི་རང་ཁ་རང་གསོ་ཐུབ་མེད་པ་དང་། གསར་གཏོད་ག་རེ་བྱས་ཡོད་མིན་དང་ཆིག་སྒྲིག་སྔོན་བྱུང་ཡོད་མེད་མངོན་གསལ་དོད་པོ་རེད། ད་དུང་རང་ཉིད་ཐང་ཀ་ནང་དུ་འཇོག་པ་དང་བོད་ཡིག་གི་ལམ་ཁ་མེད་པར་བཟོ་བ། རང་ཉིད་དང་བློ་ཁ་ཉེས་པ་དག་རང་གི་གམ་དུ་བཞག་ནས་ཕྱོགས་ཁག་སྒྲིག་ནས་རང་གི་ནུས་པ་ཇེ་ཆར་གཏོང་བ། འདི་དག་དངོས་ཡོད་ཡིན་པ་ལས་། བདག་གིས་ཕྲག་དོག་དང་ཕྱོགས་ཞེན་ཀྱི་བསླུ་དེ་འཆད་འདོད་པ་ཞིག་མིན་པས་ན་ཚང་མས་ད་ལྟའི་བཀའ་ཤག་གི་བྱེད་ལས་ཕྱོགས་ལ་བློ་གཟུར་བོ་གནས་དེ་བསམ་བློ་གཏོང་དགོས་པར་འདོད་།
ཤེས་ལྡན་པ་ཚོས་འཇིགས་ཞུམ་བྲལ་བའི་དགོངས་ཚུལ་གསུངས་ཡོང་དུས། ང་ཚོས་ད་དུང་ཕྱོགས་ཞེན་དང་ཕྲག་དོག་ཟེར་བའི་ཚིག་འདི་དག་བེད་སྤྱོད་བཏང་བ་ནི་རྩ་ནས་མ་རན་པ་ཞིག་རེད། དཔེར་ན། འཇམ་གཅེས་ལྟ་བུ་རེད། འཁྱོག་པོར་དྲང་པོས་ལན་ལྡོན་རྒྱུ་ཡོད་ན་གསུངས་དང། སྐབས་དེ་དུས་ང་ཚོས་སུ་ལ་གནས་ལུགས་རྒྱུ་མཚན་འདུག་ལྟ་ཆོག་གི་རེད། དེ་མིན་ཕྱོགས་རིས་རང་གིས་བྱེད་ཞོར་མི་ལ་ཕྱོགས་རིས་ཟེར་བ་གད་མོ་ཤོར་བ་མ་རེད་དམ།།
ངས་ནི་ངོ་བསྟོད་དང་སྤྲེལ་ལད་འཁྲབ་པ་མིན་ཏེ། ཤར་ཕྱོགས་ཁུག་རྟ་འདྲ་བ་མི་རབས་གསར་པའི་བཙན་བྱོལ་བོད་མིའི་ནང་རྙེད་ཁག་པོ་རེད་བསམས།
ང་ཚོས་ཕྱོགས་རིས་དང་ཕྲག་དོག་སྤངས་ཏེ་སྲིད་སྐྱོང་གི་ཁ་བཤད་ཁས་ལེན་དང་ལག་ལེན་སྒྲུབ་ཕྱོགས་ལ་ཞིབ་འཇུག་རྣལ་མ་ཞིག་བྱེད་དགོས་གལ་ཆེ་ལ། དེ་མཚུངས་ཤར་ཁུག་གི་བྱེད་ལས་སྒྲུབ་སྟངས་ལའང་ཉམས་ཞིབ་བྱས་ནས་སུ་བདེན་སུ་རྫུན་གྱི་རྟིང་ཐག་བཅད་ན་ལེགས་པ་ལས་ཁ་གདངས་ཙམ་ནས་སྲིད་སྐྱོང་འགྲིག་གི་མི་འདུག་ཟེར་བ་དང་། ཤར་ཁུག་གིས་སྲིད་སྐྱོང་ལ་ཕྲག་དོག་དང་སྡང་སེམས་བྱེད་ཀྱི་འདུག་ཅེས་བཤད་པ་ནི་ཅོལ་ཆུང་གི་གཏམ་ཙམ་དུ་ཟད་པར་སྙམ། རང་རེའི་བོད་ཀྱི་རྩ་དོན་ནི་ང་ཚོ་མི་རེ་ངོ་རེའི་སྟེང་ན་ཡོད་པའི་འགན་འཁྲི་ཞིག་ཡིན་པས་སྲིད་སྐྱོང་གིས་ཕྱག་ལས་གནད་ཕིག་ཅིག་སྒྲུབ་ཀྱིན་ཡོད་མེད་ལ་ཞིབ་འཇུག་བྱས་ནས་སྐྱོན་བརྗོད་བྱེད་དགོས་པ་དེའང་ང་ཚོ་ལ་འགན་དབང་ཡོད་པ་རེད།
ང་ཚོའི་སྒྲིག་འཛུགས་དང་སྲིད་སྐྱོང་ལ་བརྟག་དཔྱད་ཡག་པོ་གནང་འདུག
བོད་དེ་སྐྱབས་བཅོལ་བ་ཁྱག་ནས་མི་ལོ་ལྔ་ཅུ་ལྷག་བརྒལ་ལ་འགྲོ་གིས་ཡོད། དུས་ཚོད་དེ་ཡི་བརྒྱུས་རམ་ནང་ནས་༧་གོང་ས་མཆོག་ཡལ་ཕུད། བོད་མི་ཞིག་གིས་རྒྱལ་སྤྱིའི་གླེང་སྟེགས་དེ་དག་ནང་བོད་དོན་དེ་ལྟར་གླེང་ཐུབ་པ་ཐོག་མ་ཡིན་པས། ང་ཚོ་བོད་མི་ཚང་མས་ཕྱོགས་རིས་དང་ཕྱག་སྡང་མ་བྱིས་ནས་མཐུན་གྲིལ་དང་རྡོག་རྩ་གཅིག་ཏུ་སྒྲིག་རྒྱུ་ཧ་ཅང་གལ་ཆེ་པོ་ཡིན་ཧ་གོ་དགོས། བོད་མི་ནང་ཁུར་དུ་ཤེས་ཡོན་དང་སེམས་ཤུགས་ཅན་ལ་་དགག་པ་རྒྱབ་ན་ཅི་ཕན་དགག་པ་རྒྱག་པའི་ནུ་པ་ཡོད་ན་དགྲ་བོ་རྒྱ་དམར་ལ་བརྒྱུག་དང་བུ་རེད། བཙན་བྱོལ་ནང་དུ་ཤེས་ཡོན་ཐོག་ཏུ་སྔོན་མ་མ་མྱུང་བའི་སློབ་སྤྱིས་དང་དགེ་རྒན་ད་དུང་སྨོབ་ཕྲུག་སོགས་འཚོགས་འདུ་དང་བྱ་སྦྱོང་གང་མང་གཞི་འཚོགས་འདུག་དེ་ཚོ་ཤེས་ཡོན་ཐོག་ཏུ་གསར་གཏོད་མ་རེད་དམ།་ཡང་ན་ཤར་ཕྱོགས་ཁུག་རྟས་མ་མཐོང་བ་རེད་དམ།་་ བོད་མི་ས་ཡ་མང་པོ་དགྲ་བོ་རྒྱ་དམར་གྱི་དར་དམར་ཞབས་ལ་སོང་ཡོད་ད་དུང་དེ་ཡི་རྒྱ་དར་མགོ་ལ་བཞག་ནས་འགྲོ་གིས་འདུག་ཁོ་རང་རྒྱ་དམར་པོའི་ཞབས་ལ་འགྲོ་འདོད་་ན་སོང་།་དགག་པ་ཞིག་གང་ན་ཡོད་མེད་མེད་འོན་ཀྱང་བོད་མི་ས་ཡ་དྲུག་གི་ཚབ་ཡིན་འདོག་བྱས་ནས་དགྲ་བོའི་དར་ཆ་མགོ་ལ་བཞག་ན་གང་ན་འདྲིག་མི་འདྲིག་་དེ་དང་བོད་ནང་ཁུར་དུ་སྐྲུག་ཤིང་མ་རྒྱག་དང་་་་་ བསམ་ཚུར་ཡིན་ དག་ཆ་ནོར་བ་ཡོད་ན་དགོངས་བདག་ཞུ།
གྲོགས་པོ་ཁུག་རྟ་ལགས་ཐུགས་རྗེ་ཚེ་སྦ་གསང་མེད་བར་དྲང་མོ་དྲང་རྐྱང་གསུང་འདུག་ངོ་མ་རྗེས་སུ་ཡུན་རིང་ཡོད་
ཅང་མི་ཤེས་པ་ཕྲན་གྱིས་ཀྱང་འདི་དྲའི་དྲི་བ་དྲི་ལན་གྱི་རྩོམ་རེ་འཇལ་འོང་དུས། རང་དབང་མེད་པར་ཡི་རང་ཡིད་ཁོང་ནས་འཆོར་འགྲོ་བཞིན་འདུག འུ་ཚོ་རྩམ་ཟན་པ་ཚོར་མགོ་ཐོག་ན་སྡུག་ནམ་མཁའ་འདྲ་ཞིག་ཡོད་པ་དེ། ཆབ་སྲིད་སྐོར་གྱི་གནད་དོན་རྐྱང་རྐྱང་ལ་ཐུག་བསྡད་ཡོད་པ་ཅིས་ཀྱང་ཤེས་དགོས། ང་འདྲ་པོ་དོན་དག་གང་ཞིག་གི་སྤྱི་ཁོག་ཙམ་མ་གཏོགས་མི་ཤེས་པའི་རིགས་སྤུན་ཚོ་ཡིན་རུང་། དུས་ཚོད་དམ་འཛིན་གནང་ནས་དྲང་བཞག་གི་བསམ་ཚུལ་གདོན་རྒྱུ་ནི། ཁྱེད་བོད་མི་ཞིག་ཡིན་ན། ཁྱེད་ལ་འཁྲི་བའི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་མིན་པར་སུས་བཤད་སྤོབས། གལ་སྲིད་ལྡོག་སྟེ་སུ་ཞིག་ཡོད་པའི་དབང་དུ་བཏང་ཡང་། དེ་ལ་བོད་མི་ཕལ་པ་ང་འདྲ་པོས་ཀྱང་ཁྱོད་རང་ཕྱིར་ལོག་འདུག་ཅེས་ཟེར་ཐུབ། རིགས་སྤུན་ལགས། ཁྱེད་ཉིད་དོན་ངོ་མ་བོད་ཀྱི་དུས་རབས་འདིའི་ཤེས་ཡོན་པའམ། བོད་ཀྱི་མི་བུ་ཞིག་གི་ཚུགས་ཀ་ནས་འགྲེང་འདོད་ཀྱིན་ཡོད་ན། ཁྱེད་ཀྱིས་བོད་ཀྱི་གནས་བབས་འདིའི་སྡུག་ས་ནས་འཕྲོས་ཏེ་ཆབ་སྲིད་སྐོར་གྱི ལམ་ཞིག་སྟོན་དང་། ལས་ཤིག་གྱིས་དང་། ཁྱེད་ཀྱི་དུས་རབས་འདིའི་བོད་མི་ཚང་མ་དབང་པོ་སྐྱོན་ཅན་ཤ་སྟག་མིན་ན། ཉི་མ་འཆར་ས་ཤར་ཕྱོགས་སུ་ཡིན་པར་ངོས་འཛིན་ཐོབ་སྟེ་བསླེབ་ངེས། འདི་ནི་ཕལ་པ་ངས་རིགས་སྤུན་ཚོར་སྤྱི་བཏང་གི་གླེང་མོལ་ཞིག་བྱས་པའི་ཁུལ་ཡིན། འུ་ཚོའི་ཤེས་ཡོན་ཅན་ཟེར་བའི་མི་ཚོས་སྒམ་མདོག་སྟོན་མཚམས་བཞག་སྟེ། གོང་རྩོམ་གྱི་དྲི་བ་དྲི་ལན་རེ་རེར་གདོང་གཙང་མ་ཞིག་གཏུགས་དང་། ང་ཚོར་དགོས་པའི་དོན་དག་ཅིག་གི་ཆ་ཤས་རེ་གང་ལྟར་ལོས་འགྲུབ་འདོད་ཀྱིན་ཡོད།
ཧཧཧ་་་་དྲི་བ་བཏང་མཁན་དང་ལེན་འདེབས་བྱེད་མཁན་གཉིས་དེ་འདྲའི་འདྲ་བ་ལ། མི་གཅིག་མིན་པའི་སྨོན་ལམ།
རྡོ་རྗེ་རབ་བརྟན་ཟེར་བ་སུ་རེད། ཤར་ཁུག་གི་སྤུན་མཆེན་རེད་དམ་ཤར་ཁུག་ཁོ་རང་རེད། སོ་སོས་སོ་སོར་དྲི་བ་དྲིས་ལན་བྱེད་པའི་ཆབ་སྲིད་ཀྱི་ལས་ཀ་སྐྱུག་བྲོ་བ་འདིའི་རིགས་མཚམ་འཇོག་རོགས།
འོ་ཡ་ད་ག་རེ་བཤད་ཀྱང་རུང་མ་བཤད་ཀྱང་རུང་། བློ་སེང་གི་རྒྱབ་སྐྱོར་བ་ཚོས་གནས་ལུགས་དང་རྒྱུ་མཚན་ལ་རྩ་བ་ནས་བལྟ་ཡི་མི་འདུག་བཟང་དང་ངན་ག་རེ་ཡིན་རུང་རྒྱུག་པ་ལེབ་རྡུང་གི་འུར་རྒྱག་པ་མ་རྟོག་ཁོས་བྱས་ཚེ་དང་བཤད་ཚེ་ལ་རྒྱུག་ཏེ་རྒྱབ་སྐྱོར་བྱེད་སྟངས་དེ་ནི་ང་མཚོའི་གནས་ཚང་ལ་ཡོད་པའི་ཁྱི་སྤྱང་ཟེར་བ་ཞིག་ཡོད་པ་རེད་འོ་དེ་དང་གཉིས་སུ་མ་མཆིས་པར་གནང་། དངོས་གནས་བྱས་ན་ཤར་ཁུག་ཁོ་རང་གི་བསམ་ཚུལ་གང་ཡོད་པ་དེ་རང་དབང་གི་ཐོག་བཤད་པ་རེད་དེར་མི་དགའ་དོན་གང་ཡང་མཐོང་མ་སོང་། ཡིན་ན་ཡང་དོན་དངོས་ཐོག་བློ་སེང་གི་སྟོང་འགྲུལ་ཞིག་རྒྱབ། སྟོང་གཏམ་ལུང་པ་གང་བཤད། བོད་མི་སྙེམ་ཆུང་དེ་ཚོར་རེ་སྟོང་ལུང་པ་གང་སྤྲད། བྱུང་ཕྲན་བུ་ཡོད་པ་དེ་འཁོར་གླར་རྫོགས་ཏེ་ལོ་འཁོར་ལས་བསྡོམས་སྐབས་སོང་འཕར་མ་གང་འཚམས་ཤིག་ཡིག་གེར་བཀོད་དེ་རྫིག་གཏམ་ཞིག་བཤད། ད་དུང་མི་མང་རྣམས་སེམས་ཕྲལ་མ་གནང་ཟེར་ཡང་སྐྱར་རེ་སྟོང་ཞིག་སྦྱིན་ཏེ་སྟོང་སང་ངེ་འཇུག་རྫོགས་འགྲོ་བ་དེ་ཚོར་ཞིམ་འཇུག་བྱས་ཏེ་ཡིན་དང་མིན་དབྱེ་འབྱེད་བྱེད་དང་དེ་ནས་རྒྱབ་སྐྱོར་བྱ་དགོས་དང་མི་དགོས་གསལ་པོ་ཆགས་ཀྱི་རེད་ལོ།
ད་དངོས་གནས་བགོད་དྲོ་པོ་འདུག་ག
དེ་སྔོན་སྲིད་སྐྱོང་གི་དམ་བཅའ་གསུམ་སྟེ། གཅིག་སྒྲིལ། གསར་བསྟོད། རང་ཁ་རང་གསོ།་བཅས་གསུམ་ཡིན་ན་ཡང་ད་ལྟའི་འཆར་གཏམ་བཤད་ཙམ་མ་རྟོགས་ལྷག་མེད། དོན་གྱི་སྲིད་སྐྱོང་གི་དམ་བཅར་དོན་རྣམ་གཉི་ཀར་འགྱུར་བ་ཐེབ་པ་གསུམ་སྟེ། སྟོང་འགྲུལ་དང་། སྟོང་གཏམ། རེ་སྟོང་བཅས་གསུམ་མོ།
ཤར་ཁུག་འདི་བོད་མི་ནང་ཁུལ་དཀྲུག་མཁན་དང་། སྲིད་སྐྱོང་ནས་ཁོ་ལ་ལས་དཀའ་མ་སྤྲད་པས་སྡང་ཟུག་དེ་མ་ཤི་བར་ཞེ་ནས་འགྲན། གལ་ཏེ་ཟམ་གདོང་བླ་མས་དབུ་མའི་ལམ་གྱི་ལས་ཁུང་ལ་ལས་མ་སྤྲད་ན་ཟམ་གདོང་བླ་མ་ལ་ཡང་སྡང་ཟུག་ཆེ་ རྩེ་བློ་བཟང་བཀྲིས་འབར་རྩག་ཁྱོད་འབྲུག་མོ་ཞིག་མེད་ན་མི་ཡོང་
ཧཧཧ་མི་འདི་འདྲ་མཐོང་འདོད་པ་གཏན་ནས་མི་འདུག ཁོ་རང་གིས་བཤད་ཚད་ཕ་རོལ་པོ་ལ་སྐྱོན་བརྗོད་རྐྱང་རེད། ད་དུང་གྲགས་ཅན་རྩོམ་པ་པོ། རང་ལ་བསྟོད་པ་རང་རེད།
གྲགས་ཆེན་རྩོམ་པ་པོ་ཧཧཧཧཧ་་རྒྱ་དར་དམར་པོ་ཁ་བཙུམ།།
དྲི་བ་དྲིས་ལན་གཉིས་ཀས་རྩ་དོན་རྐྱང་རྐྱང་བཤད་འདུག མི་དགའ་ན་དབུས་སོང། མ་མཇལ་ཕྱིར་ཡོང་ན་སྡུག་གྱོང་རེད་དོ། ཧཧཧཧ
དྲ་འབུ་ཚེ་རིང་སོགས་ལས་མེད་འདི་ཚོ་སྙིང་རྗེ། ཤར་ཁུག་གི་གང་སར་ཡང་སླེབས་ཀི་མ་རེད། ཧཧཧ
དྲ་འབུ་འོད་ལགས་ཀྱིས་གསུངས་པ་དེ་ག་རེད། ལས་མེད་འདི་ཚོར་ཁ་སྟབས་འདི་ལས་མེད་ཝ། ཧཧཧཧ ་དགོངས་དག
ཡང་ན་བརྗོད་གཞི་དང་འབྲེལ་ནས་གླེང་ཤེས་ན་ངའི་མཉམ་དུ་ཕེབས་ཤོག ང་ཚོས་ལྟོས་ཆོག ཧཧཧཧ
རེད་ཁོ་ལ་འཇོན་ཐང་འདུག རང་གི་དཔོན་པོར་ཁ་གཏོང་། དགྲ་དར་དམར་པོ་མགོ་བོར་ཁྱེར་ཏེ་སྤྲེལ་ལད་ཁྲབ། ད་ལྟ་བར་དུ་ནང་འཛིང་གི་ཚིག་འཁྱིལ་རྐྱང་བྲིས་པ་ལས། མི་རིགས་ཀྱི་དོན་དུ་ཕན་པའི་ལས་ཀ་སྣ་གཅིག་ཡང་མེད། མི་རིགས་ཀྱི་བླ་བཙོང་། ཞབས་འདྲེན་པའི་ལས་ཀ་ཤ་སྟག་བྱས། ལས་ཀ་འདྲ་མིན་ཡོད་ཁུལ་གྱིས་བླ་ཆེན་རྣམས་སུ་ཞལ་འདེབས་ཐེངས་མང་བསླངས།
རང་རང་གི་ཀླད་པའི་རྩལ་ལ་བརྟེན་ནས་བསམ་ཚུལ་ལྷུག་པོར་བརྗོད་པ་དེར་ཡིད་རང་མ་ཞུ་ཀ་མད་རེད།
དེང་གི་སྤྱི་ཚོགས་ནང་ལོགས་ལ་་་་་་འདི་ཁ་གསལ་གོ་བདེ་བཤད་མཁན་ཉུང་ཉུང་རེད།
བཞུགས་སྟངས་ནི་རྒྱ་དཔོན་ཞིག་གི་ཉམས་འདུག
བཞུགས་སྟངས་ཡག་པོ་འདུག
བཞུགས་སྟངས་ཉམས་དོད་པ་ལ།།
བཞུགས་སྟངས་གཡོན་དུ་གཟིགས་པས་གཡོན་ཐལ་དུ་གཏོགས།
བཙན་བྱོལ་ནང་གཞོན་སྐྱེས་ཤེས་ཡོན་ཅན་ཡིན་ཟེར་བའི་གྲས་ན་ཁུག་རྟ་ནི་བརྒྱ་ཡི་ཁྲོད་ཀི་ཏོག་དང་སྟོང་གི་གྲལ་གྱི་མགོ་ཡིན་ནི་རེད། མཁས་མི་ལེན་པ་ཡོད་ན་ཕྲག་དོག་དང་འགྲན་སེམས་ལས་འགྲོ་ས་མེད།
ཕྱག་གཉིས་བསྣོལ་མར་འཐམས་པའི་རྒྱ་བོད་གཉིས་ཕན་འདྲ་མཉམ་མཚོན།
ཚང་མས་བསྟོད་པ་དང་དགག་པ་ག་རེ་ཡིན་ན། བརྗོད་གཞི་དང་འབྲེལ་བའི་མཆན་རྒྱག་རོགས་གནང་།
དེ་མིན་དོན་མེད་མི་ལ་ཟུར་ཟ་དང་འཕྱ་སྨོད་སོགས་བྱེད་པ་ནི་རང་ཉིད་འུ་ཐུག་པའི་རྟགས་དང་རང་གཞན་ཚང་མ་བློ་ཕམ་ཡོང་བའི་རྒྱུ་ལས་མ་འདས།
མཆན་མ་བཏགས་པའི་སྔོན་ལ་སོ་སོའི་ཀུན་སློང་ཡག་པོ་ཞིག་བཟོ་དགོས།
ཕྱག་གཉིས་ཐལ་མོར་སྦྱར་འདིས་རྒྱ་ལ་མགོ་སྒུར་མཚོན།
ཐེངས་འདིའི་དྲི་ལན་གནང་མཁན་འུ་ཚོའི་གྲགས་ཅན་རྩོམ་པ་པོ་ཤར་ཕྱོགས་ཁུག་རྟ་ལགས་ཡིན་ན་འདྲ་གཤམ་གྱི་མཆན་ཡིག་སྤེལ་བ་པོ་ཚོ་སུ་ཡིན་ཡང་ཆོག ངར་ལན་ཞིག་གནོངས། རེད། བོད་མིའི་རང་སྲེག་ངོ་རྒོལ་འདི་རྒྱལ་སྤྱིའི་སྟེང་ནས་བཤད་ནའང་དམིགས་ཡུལ་ལམ་མི་རིགས་ཤིག་གི་ཆེད་དུ་བྱས་པ་དང་བྱེད་ཀྱིན་པའི་ཆབ་སྲིད་ལས་འགུལ་སྟོབས་ཤུགས་སམ་ནུས་འཐོན་ཞིག་ཏུ་འགྱུར་འོས་པའི་ངོས་འཛིན་ཡོད་རབས་གོ་བྱུང་ལ། ལྷག་པར་དུ་བོད་མིའི་རང་སྲེག་གི་གྲངས་ཚད་དང་བཅས་ནས་བཤད་ཚེ། འཛམ་གླིང་ཁྲོད་ཀྱི་ལོ་རྒྱུས་སུ་རྒྱལ་སྤྱིའི་ཆབ་སྲིད་ལས་འགུལ་གཞན་དང་གཞན་གང་ལ་བསྡུར་ཡང་ངོ་བོའི་ཐད་ནས་དམན་སར་མ་ལྷུང་བ་མ་ཟད། འཛམ་གླིང་གི་ཆབ་སྲིད་ལས་འགུལ་འབུར་ཐོན་ཞིག་ཏུ་ཆགས་ཡོད་རབས་ཀྱང་གོ་བྱུང་། དེས་ན་དེ་འདྲའི་བོད་ཀྱི་ཆབ་སྲིད་ལས་འགུལ་རྩ་ཆེན་འདི། དུས་སྐབས་འདིའི་བོད་མིའི་མིང་འཛིན་པ་འུ་ཚོས་དེ་གྲུབ་འབྲས་ཅན་ཞིག་བཟོ་ཕྱིར། བྱ་བའི་འགོ་སློང་སྟངས། འཕྲོ་མཐུད་སྟངས། མཇུག་སྐྱེལ་སྟངས་གསུམ་པོ་དེ། དཔེ་མཚོན་ནམ་མཚན་གཞི་གང་འདྲ་ཞིག་གི་སྟེང་ནས། འདང་བརྒྱབ་ནས་སྐད་ཆ་འཆད་དགོས་པ་རེད་དམ།
དེ་ནས་བོད་དགྱ་འབྲེལ་མོལ་འདིའང་རྒྱ་འགྱེད་སྟངས་དང་། ཡར་རྒྱས་གཏོང་ཕྱོགས་སྐོར་ནས་དེ་བཞིན། དམིགས་བསལ་ལམ་བྱེ་བྲག་ཅིག་གི་སྟེང་ནས་གཅིག་གསུངས་ད།
འོ་ཞོར་གཏམ་ཞིག་ལ་དྲ་གྲོགས་ཐབས་ཇུས་ཅན་གྱི་མཆན་ལ་ང་དད་པ་སྐྱེས་བྱུང་།
ཐབས་ཇུས་ཅན་གྱི་ཐབས་དེ་བཟང་གིས། རང་དྲིན་རང་ལ་ཆེ་བའི་ལས་ཞིག་མཛོད་དངཕ་བཟང་བུ་རྣམས།
རྒྱལ་དར་འཕྱར་བ་དེ་མཐོང་པ་དང་མ་བདེ་བ་ཞིག་ཡོད་སྲིད་པ་རེད།དྲང་པོར་བཤད་ན་དེའི་བོད་ཀྱི་རྩ་དོན་ལ་ཀ་རེ་གནོད་ཡོད་བ་རེད།དབུ་མའི་ལམ་ལ་ཁ་ཞེ་གཉིས་མེད་ཀྱི་བསྐྱོད་མཁན་ཞིག་ཡིན་ན།དེ་ནི་ཡིན་མིན་་ཟེར་ཡ་ལྷག་ཡོད་མ་རེད།དག་ག་གཟིག་མི་ཞིག་གིས་དེ་ཡང་བྱེད་པའི་གདེངས་སྤོབས་ག་ལ་ཡོང་།
ཁྱེད་ཚོས་ཟེར་ན།་ཁོང་གིས་སྲིད་སྐྱོང་ལ་ཅི་གང་ལབ་ན་འགྲིག་གི་མེད་ཟེར་གྱི་ཡོད་པས།ག་རེ་བྱོས་ནས།
དར་དམར་མ་དམར་ཁ་ནས་གླེང་དུས།
པན་ཆེན་མཆོག་ཀྱང་སྙིང་ནས་དྲན་བཞིན།
བོད་ཀྱི་སྐྱེས་ཆེན་དམ་པའི་དཀའ་ངལ།
རང་མི་ཕལ་པས་སྤྲད་པར་ཞེ་གཅོང་།
དགའ་ཞིག་ཐོན་དུས་ཨེ་གསོད་ལྟ་བཞིན།
ངན་པ་གཙུག་ལ་འཇོག་པར་དགའ་བ།
གནའ་དེང་གཉིས་ཀར་ཁྱད་མ་བྱུང་བའི།
བོད་མིའི་གཤིས་ལ་གཏིང་ནས་སུན་སོང་།
བློ་ཕུགས་མུན་ནག་ཁུང་བུ་ཡིན་རུང་།
རང་གིས་རང་སེམས་འོད་ལ་བསྙད་དེ།
སྐད་ཆ་ཁ་བ་འབབ་འབབ་ཅན་ཚོར།
བདེ་མོ་ཞེས་པའི་འགྱེ་བརྡ་འདི་ཡིན།
ནང་དཀྲུག་གི་རྩོམ་ཡིག་སྤེལ་དགོས་ན་ཤར་ཁུག་ལ་ཉམས་མྱོང་ཐེབ་འདུག
ཤར་ཁུག་སྙིང་རྗེ་ཕྲག་དོག་གིས་འཆི་ལ་ཁད་རེད་་་ སུ་ཞིག་ལ་ནུས་པ་ཡོད་ནའང་ངོམས་རན་འདུག
ཡར་ཁ་གཏོང་ཕྲག་དོག་བྱེད་་་ རྒྱ་ནག་པོ་ལ་སྤྲེལ་ལད་འཁྲབ་ཁྲག་དར་འཕྱར་་་་
དོན་ལ་མི་འདིས་༧གོང་ས་མཆོག་ལ་ཟུར་ཟ་བྱེད་གྱི་འདུག་་ ༧གོང་ས་མཆོག་ལ་བསྟོད་གླུ་ལེན་མཁན་བོད་ནང་གི་གཞས་པ་ཚོ་ལ་གླེན་པ་རེད་ལབ་སོང་། གང་ལྟར་ཕོ་རང་གིས་བྱས་པ་སྣེ་གཅིག་སྟོན་རྒྱུ་མི་འདུག
ད་དུང་སྡུག་སྐད་རྒྱག་དོན་ཁྱོད་རང་གིས་ཁ་ཕོར་གྱི་དོན་ཡིན་པ་ཚང་མས་ཤེས་གསལ་རེད་་
ཤར་ཁུག་ལ་མི་གཞི་འདི་འདྲ་ཞིག་ལས་མེད་པ་ཤེས་དུས་སྲིད་སྐྱོང་གིས་ཁྱོད་ལས་གནས་ནས་ཕྱིར་ཕུད་གཏང་བ་འགྲིག་འདུག་དྲན་སོང་། དོན་དགའ་ནས།
ཤར་ཁུག་ལྟ་བུ་དཀོན་སེ་འདུག བློ་སེང་དང་བསྡུར་ཆོག་ཆོག་ཅིག་འདུག མི་དགའ་ན་སྡུག་གྱོང།
དྲ་གྲོགས་ཨ་ཡི་གསུང་ལ་སྙིང་དོན་འདུག།
བདེན་པར་གཞོལ་རྒྱུའི་སྙིང་སྟོབས་བླ་རུ་འཕགས།།
དེ་མིན་མཁའ་ཡི་བལ་མོའི་ཟླ་བོ་དག།
མཐོང་ན་སྙིང་རྗེ་དབང་མེད་ཁོངས་ནས་ཤོར།།
མང་བཀུར་སྲིད་སྐྱོང་བློ་བཟང་སེང་གེ་དང།།
མང་ཐོས་རྩོམ་པོ་བློ་བཟང་ཆོས་འབྱོར་གཉིས།།
བོད་ཀྱི་རྩ་དོན་གླེང་བའི་གར་སྟེགས་ནས།།
བསམ་ཚུལ་མ་མཐུན་པ་འདི་བོད་ལ་ཕན།།
རང་གི་ཁ་ཕོར་བདག་མི་ཐུབ་མཁན་ཞིག་བློ་སེང་དང་བསྡུར་ལོས་ཐུབ་འདོད་གི་་་ཧཧཧཧ
ཨ་དྲིན་ཆེན་ཚོ་་་་ཤར་ཁུག་ལ་ཡང་བློ་སེང་གི་སྐྱོན་ཡོན་གླེང་བའི་ཐོབ་ཐང་ཡོད་པ་མ་བརྗེད་རོགས་ཞུ།
ཧཧཧཧ དེ་ག་རང་རེད་འདྲེ་རྐང་ཐོ་ལགས། བློ་སེང་ལ་གསེར་ལྟ་བུའི་ལོ་གཉིས་འཕྲོ་བརླག་ལ་གཏོང་རྒྱུའི་དབང་ཆ་ཡོད་ན། ཤར་ཁུག་ལའང་དེ་འཕྲོ་བརླག་ལ་བཏང་འདུག་ཅེས་ལབ་རྒྱུའི་ཐོབ་ཐང་མེད་པ་ཅི་རེད།། ཧཧཧཧ
དྲི་བ་གཏོང་མཁན་ཤར་ཕྱོགས་ཁུག་རྟ་ཁོ་རང་རེད་ལ། དྲིས་ལན་རྒྱག་མཁན་ཡང་ཤར་ཕྱོགས་ཁུག་རྟ་ཁོ་རང་རེད། འོག་གི་མཆན་འབྲི་མཁན་དག་ལས་བརྒྱ་ཆའི་ 90% ་ཙམ་ཤར་ཕྱོགས་ཁུག་རྟ་ཁོ་རང་རེད། རྒྱུ་མཚན་འདི་ལ་བརྟེན་ཏེ་དྲི་བ་དྲིས་ལན་འདི་ཀློག་མཁན་དང་འོག་ཏུ་མཆན་འདེབས་མཁན་གཞན་རེ་ཟུང་ཞིག་ཡོད་ན་དེ་དག་མགོ་མ་འཁོར་རོགས་ཟེར་བཞིན་ཡོད། ཐུགས་རྗེ་ཆེ།
དོན་དགའ་ཆེན་པོའི་ངོ་མ་བསྲུང་ན།རང་གི་ཁ་ཕོར་ལ་གནོད་སྐྱེལ་གྱི་ཡོད་པ་གསལ་བོ་རེད།སྲིད་སྐྱོང་གིས་གསུངས་པ་ལག་ལེན་ལ་ལྟར་དགོས་འདུག་ཞེས་བཤད་ན།ནང་ག་འདྲའི་སུ་དཀྲུག་པ་རེད།
དྲ་གྲོགས་ཚང་མར་ཞུ་རྒྱུ་ཞིག་ཡོད་རང་ཉིད་སུ་ལ་དགའ་མོས་ཡོད་པ་རྒྱུ་མཚན་དུ་བྱས་སྟེ། རྒྱབ་སྐྱོར་བྱེད་ཀྱང་བྱས་ན་ནམ་ཞིག་རང་ཉིད་ཡང་འཕུང་རྒྱུའི་ཉན་ཁ་ཡོད་པ་དེ་མ་བརྗེད་པ་གནང་རོག་གནང་ཞུ་རྒྱུ་ཡིན་ནོ།
༧གོང་ས་མཆོག་བོད་ལ་གདན་ཞུ་ལག་བསྟར་ཐུབ་པ་ཞིག་ཡོད་ན་ཟམ་གདོང་བླ་རྒན་གྱིས་སྔ་ས་ས་ནས་གདན་ཞུ་བྱས་ཚར་བ་ཡོད། རྒྱུ་མཚན་ཁོང་གིས་ཀྲུང་ནན་ཧེའེ་ཕྱོགས་སུ་ཡང་ཡང་ཕྱག་འཚལ་བས་ཕྱིར། དེས་ན་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་ཐུབ་མིན་དང་སྲིད་སྐྱོང་ཚང་གིས་ལག་བསྟར་ཐུབ་མིན་དེ་ཀྲུང་ནན་ཧེའེ་སྲིད་གཞུང་ལ་རག་ལུས་པ་མ་གཏོག་སྲིད་སྐྱོང་ལ་དབང་ཆ་དེ་མེད་པ་རེད་ལ། ཁོང་གི་དམིགས་འདུན་དང་གཞིས་ལུས་མི་དམངས་ཀྱི་མངོན་འདོད་དེ་འགྲུབ་རྒྱུར་སྨོན་ལམ་རྒྱག་རྒྱུ་ཙམ་ལས་ལྷག་མེད་པ་གསལ་པོ་རེད།
མ་གཞི་ཤར་ཁུག་གིས་དར་དམར་བསྒྲེངས་ནས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱེད་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ཁ་ཞེ་གཉིས་མེད་ཀྱིས་ཀྲུང་གོར་དགའ་ཞེན་དང་དར་དམར་ལ་དགའ་ཞེན། བོད་དང་བོད་མི་རིགས་ཀྱི་བྱུང་རབས་ཐང་ཐང་རང་མེད་རབས་རྐྱང་རྐྱང་བཤད་ནས་རང་བཙན་ལྟ་གྲུབ་པ་དགྲ་རུ་འཛིན་ནས་དབུ་མ་རྣལ་མ་ཡིན་མདོག་གིས་རྣམ་འགྱུར་མཛེས་མདོག་ལན་མང་བསྟན་སོང་ང་། བྱས་ཙང་ངས་བསམ་པར་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་བྱེད་མཁན་ཤར་ཁུག་ལས་ལྷག་ཅིག་མི་འདུག་སྙམ། ཧ་ཧ།
ཨོ་ཙི་་་བློ་མཐུན་འབྲོང་ལགས་ཕེབས་བྱུང་། ཕེབས་དགོས་དོན་ཡོད་མ་རེད། ཤར་ཁུག་རང་ཁོ་རང་སྒེར་གྱི་བསམ་ཚུལ་གླེང་བ་ཙམ་རེད། ཁོ་དབུ་མའི་ལམ་ལས་འགུལ་ཁང་གིས་ནི་རྒྱང་འབུད་བཏང་ཚར་བ་རེད་ཟེར། བཙན་བྱོལ་སྒྲིག་འཛུགས་ཀྱིས་སྔར་ནས་རྒྱང་ཕུད་བརྒྱབ་ཚར་བ་རེད། ཁོ་རང་གིས་བཤད་པའི་སྐད་ཆ་འདི་དག་ཁོ་རང་རང་གི་རེད། དེ་ལ་ཡ་ལན་བྱེད་དགོས་པའི་གནད་དོན་ཡོད་མ་རེད།
དེ་ལས་བལྟས་སྡོད་ན་ལྟད་མོ་ཆེན་པོ་འདུག སོ་སོས་སོ་སོར་ལ་དྲི་བ་བཏང་། སོ་སོས་སོར་ལ་ལན་བརྒྱབ། དེ་ཁུར་འོང་ནས་དྲ་ཐོག་ཏུ་སྤེལ། དེའི་འོག་ཏུ་མིང་འདྲ་མིན་བེད་སྤྱོད་ནས་མཆན་བུ་བཏབ།་་་་མཆན་བུའི་ནང་དུ་རང་སྟོད་བྱེད་་་་ཧཧཧཧ ང་ནི་དགོད་མོ་ཤོར་ནས་བསྡད་ཡོད།
ཏ་ལའི་བླ་མ་གདན་འདྲེན་མ་བྱས་མཁན་བློ་བཟང་སེང་གེ་མ་རེད། ཁུག་རྟའི་སྐྱབས་བཅོལ་ཡུལ་གུན་ཁྲན་ཏང་གིས་སྔར་ཕྱི་བར་གསུམ་དུ་ཏ་ལའི་བླ་མ་ལ་འཛིན་པའི་སྲིད་ཇུས་འགྱུར་བ་མེད་ཅེས་ཁ་གསལ་པོའི་་ཐོག་ནས་ལབ་ཡོད་རེད། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད། དབུ་མའི་ལམ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་ཁྲིམས་འགལ་རེད་ཟེར་གྱི་ཡོད་རེད། འདི་དག་ཚང་མ་རྒྱ་ཕྱོགས་ནས་འཛིན་པའི་སྲིད་ཇུས་རེད་མ་གཏོགས་ཉམ་ཆུང་སེང་གེ་མ་ཎི་འདོན་མཁན་ལ་དབང་ཆ་སྤུ་ཙམ་ཡོད་ལེ་མ་རེད།
ལོ་མང་རིང་དུ་དབུ་མའི་ལམ་རྒྱའི་རྩ་ཁྲིམས་དང་མཐུན་རབས་བཤད་བསྡད་མཁན་ཚོས་ཁ་ནང་མཛུབ་མོ་བཅུག་ནས་བསྡད་པ་ལས་ཀྲུང་གོའི་རྩ་ཁྲིམས་དང་མཐུན་ལུགས་མཐུན་སྟངས་བཤད་ཤེས་མཁན་མེད་པ་རེད། ད་་་ཨུ་ཐུག་དུས་མ་ཎི་འདྲ་འདོན། གསོལ་བ་འདྲ་བདེབས་ནས་མ་སྡོད་རང་སྡོད་རེད་བ།
བློ་མཐུན་འབྲོང་ལགས་ཕེབས་མ་སོང་ན་གནད་དོན་འདི་དག་གི་ཐོག་ཏུ་སྐད་ཆ་བཤད་བརྩིས་གང་ཡང་མེད། ཁུ་རྟས་སེང་གེ་རྡུངས་ཨེ་ཐུབ་འདྲ་བལྟ་བསྡད་ལེ་རེད། ཁོ་གཉིས་མ་བྷན་གཅིག་ལས་གཅིག་ཚ་རེད། གཉིས་ཀས་སྤྲུལ་སྐུ་ཡིན་མདོག་མདོག་འདྲ་རེ་བྱེད། ཆོས་པ་ཡིན་མདོག་འདྲ་རེ་བྱེད། ཆབ་སྲིད་པ་ཡིན་མདོག་འདྲ་རེ་བྱེད།་་་་ཧཧཧཧཧཧཧཧ
གཟིགས་དང་། ད་དུང་ཁུ་རྟས་སྐུ་ཚབ་ཡིན་ན་ཅིག་བསྐོས་མ་སོང་་མ་གཏོགས་རྒྱ་བོད་གྲོས་མོལ་བྱེད་ཆོག་ཆོག་མིན་འགྲོ་བསམས་བསམས་འདྲ་ཞིག་བཤད་ཀྱི་ཡོད་རེད། དབུ་མ་ལམ་ཁྲིམས་འགལ་རེད་ཟེར་དུས་དེ་ཁུར་ནས་རྒྱ་ནག་ཕྱིན་པ་ཡིན་ན་ཉེས་ཅན་པ་རེད་ཟེར་ནས་བཙོན་བཅུག་བྱེད་ཀྱི་མ་རེད་པེ།་་ཧཧཧཧཧཧཧཧ
ཤར་ཁུག་ཡིན་ན་རྩ་མི་ཚང་བ་འདིས། རྒྱལ་བ་དགྲ་ལག་ལ་འཇོག་ཐབ་ཙམ་ལས། རྒྱལ་ཁའི་ངང་རྒྱལ་བ་ཕོ་བྲང་པོ་ཏ་ལ་ལ་གདན་འདྲེན་སེམས་ཞིག་གང་ན་ཡོད་པ་རེད། སེང་གེ་རྒྱལ་པོས་ཁོའི་ལྟོ་ཕོར་བཅག་པས་མ་ཚད། ཁ་སོ་ཚང་མ་བཅག་བཞག་ན་ཡག་ཤེས་རེད།
མྱི་འདིས་ཕར་རྒྱུག་ནས་རྐུན་མ་མི་དམུར་བར། ཚུར་ཡོང་ནས་ནང་མི་དམུར་བསྡད་པ་རེད། ཁྱི་རྒན་ངོ་སོ་མེད་པ་འདི་ཚོས་ཅི་བྱེད། དགོས་བདག་ཁོ་རང་མེད།
དྲྭ་འབུ་འདི་ཚོས་རང་ཉིད་དང་རང་གི་བཟའ་ཟླ་བུ་ཕྲུག་ཙམ་ཡང་ཡང་དག་ཞིག་སྐྱོང་ཐུབ་མིན་གདེང་ཚོད་ཡོད་མེད་ལ་ཐེ་ཚོམ་ཡོད། ད་རུང་རྒྱལ་སྤྱི་དང་འཛམ་གླིང་རྒྱ་ནག་མང་པོ་ཞིག་ལབ་ཁུལ་བྱས་ཀྱང་འདི་ཚོའི་ཁ་ཕྱོགས་ཙམ་ཡང་ཤེས་ཚོད་མི་གདའ། ཁུག་རྟ་ཟེར་བའི་མི་སྐྱ་འདིས་བཤད་བཤད་དང་བྲིས་བྲིས་ཐམས་ཅད་ཀྱིས་སུན་སྣང་ཆེ་བའི་མི་སེམས་ཁྲི་མ་འབུམ་རེད། ད་རེབ་ཀྱང་དེ་བཞིན་ནོ། དེ་ལ་ནི་ཡ་མཚན་རྒྱུ་ཅི་ཡང་མི་འདུག ། འོན་ཀྱང་དེང་སང་ཉིན་རེ་ནས་ཉིན་བཞིན་དུ་ཁ་བརྡ་ཚང་གི་ཐུན་གྲོགས་མྱི་རུལ་ཇེ་མང་ནས་ཇེ་མང་རེད། དེ་ནི་ཅང་ཟད་ཡི་མུག་སའི་གནས་རེད་སྙམ།
ཡག་ཤེས་ཡག་ཤོས་ལ་བཅོས་མ་གཏོགས་གཞན་གོ་ནོར་ཤོར་ན་ང་ལ་འགན་མེད་དོ།
ཁུ་རྟས་སེང་གེ་རྡུངས་ཨེ་ཐུབ་འདྲ་བལྟ་བསྡད་ལེ་རེད། ཁོ་༼བློ་སེང་དང་ཤར་ཁུག༽གཉིས་མ་བྷན་གཅིག་ལས་གཅིག་ཚ་རེད། གཉིས་ཀས་སྤྲུལ་སྐུ་ཡིན་མདོག་མདོག་འདྲ་རེ་བྱེད། ཆོས་པ་ཡིན་མདོག་འདྲ་རེ་བྱེད། ཆབ་སྲིད་པ་ཡིན་མདོག་འདྲ་རེ་བྱེད།་་་་ཧཧཧཧཧཧཧཧ ་་་་་ཟེར།
ཡ་་་དྲ་འབུ་ཚོ་སྲིད་སྐྱོང་ལ་སྐྱོན་བརྗོད་རེ་བྱེད་དགོས་བསམ་ན། བོད་ཡིག་ལ་བདག་གཅེས་ཡག་པོ་བྱེད་ཀྱི་མི་འདུག་ཅེས་སྐྱོན་བརྗོད་རེ་གྱིས་དང་། དོན་དང་མཐུན་ན་ཐང་། དེ་མིན་སྐྱོན་བརྗོད་ཅི་ཞིག་བྱས་ཀྱང་དོན་མཐུན་ཞིག་ཁག་པོ་རེད།
ཤ་ཁུག་སོགས་དབུ་ལམ་པས་དམར་དར་འཁྱེར་ནས་རྒྱ་དམར་ལ་མགོ་འབུལ་ལུས་འབུལ་གྱི་སྲིད་ཇུས་དེ་དང་དེ་སྔོན་ལེ་ཐང་ཨ་ཐར་འདས་པོ་སོགས་ཀྱིས་ཆུ་སྒང་དང་བོད་སོག་ལས་ཁང་དབར་གྲོས་མཐུན་དོན་ཚན་གསུམ་ཅན་བར་དབྱེ་ཞིབ་ཞིག་བྱེད་རྒྱུ་དུས་ལ་བབ་འདུག།
ད་བློ་སེང་ལ་བསྟན་ཡ་སྣེ་གཅིག་མེད་པ་ནི་འཇིག་རྟེན་ཀུན་གསལ་རེད། མི་འཇོན་འཇོན་མདོག མི་འཁྱོང་འཁྱོང་མདོག ཁ་རྒྱགས་གནམ་ལ་གཡུག་རྒྱུ་ལས་མེད་པའང་དེ་བས་གསལ་བོ་རེད་ཤག བྱས་ཙང་ད་དྲང་པོར་དྲང་རྐྱང་ཞུས་ན། བོད་མི་རིགས་ཀྱི་རྩ་དོན་འཕྲོ་བརླག་ཏུ་གཏོང་འདོད་མེད་ན། རྩ་དགོངས་ཞུས་བཞག་ན་ཡག་ཤོས་རེད། དེ་མིན་ཐམས་ཅད་འཕྲོ་བརླག་ལ་གཏོང་རྒྱུ་ཡིན་པ་ཚོད་དཔག་ཐུབ་ཀྱི་འདུག་གཱ
ཨ་ཁ། ཁ་སང་བདུན་ཕྲག་ཁ་ཤས་སྔོན་ལ་བློ་སེང་གིས་ཨ་རི་ནས་བུད་མེད་ཅིག་ལ་ལག་པ་འཆང་ནས་ཞབས་འདྲེན་ལུང་པ་གང་ཞུས་འདུག་གཱ སྲིད་སྐྱོང་གི་མཚན་བསྣམས་ཀི་བསྣམས་ཀི་དེ་འདྲ་གནང་ན་ག་བ་ཡོང་གི་རེད། ངས་དེ་རིང་བར་དུ་མ་གོ གྲོགས་པོ་གྲོགས་མོ་ཚང་མ་ནི་གཅིག་གསལ་གཉིས་གསལ་རེད། ཨ་ཁ་ཁ། ང་ཚོ་བོད་པ་ཚོའི་ལས་འདི་་་་་འགྱེལ་བའི་སྒང་ལ་རྡོག་རྫིས་རང་མ་རེད་ཝེ།
ར་དང་བོད་པ་རོགས་ལ་སྡང།
ཝ་དང་བོང་བུ་རོགས་ལ་བྱམས།།
ཧཧཧ ད་གང་ལྟར་སང་ཚོགས་འདུ་ཚོགས་སྐབས་བློ་སེང་གིས་སྐུ་ཚབ་མི་བསྐོ་བ་ནི་རྒྱན་བཞག་ན་འགྲིག་གི་རེད། ད་བར་ཤར་ཕྱོགས་པས་ལུང་བསྟན་འདྲ་བོ་མང་པོ་བཤད་ཡོད། བློ་སེང་གི་སྐོར་ལ།ཝ
རྩེ་བློ་བཟང་བཀྲིས་རྒྱ་ནག་་ནང་ལ་ཡུལ་སྐོར་འཁྲིད་ཚར་ཡོད་ས་རེད། ན་ནིང་བལ་ཡུལ་རྟ་མང་གི་འཁྱམས་པོ་མང་པོ་ཞིག་
གུང་དམར་གྱིས་རུག་རུག་བཟོས་ཏེ་རྒྱ་ནག་ཏུ་ཡུལ་སྐོར་འཁྲིད་ནས་བྱ་དགའ་མང་པོ་སྤྲད་པའི་གནས་ཚུལ་འདུག
དེས་ད་ལོ་མཆོད་རྟེན་ནང་རྟ་ཕྲུག་དེ་ཚོས་བོད་པར་སྡང་པོ་ཡོད་པའི་གནས་ཚུལ་འདུག་
མཆན་འདེབས་མཁན་འདིས་བདེན་པ་འདྲ་ཞིག་བྲིས་འདུག ཤར་ཁུག་འདིས་སོ་སོས་སོ་སོར་མཆན་བྲིས་ནས་བསྟོད་པ་མང་པོ་བྱེད་ཀྱི་ཡོད་པའི་མཐོང་ཚུལ་འདི་དྲ་ངོས་ཀྱི་མི་མང་པོར་བྱུང་འདུག
༥༨༽ སྤེན་པ་རྡོ་རྗེ་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༡ གི་ཆུ་ཚོད་ ༢ སྐར་མ་ ༡༡
དྲི་བ་གཏོང་མཁན་ཤར་ཕྱོགས་ཁུག་རྟ་ཁོ་རང་རེད་ལ། དྲིས་ལན་རྒྱག་མཁན་ཡང་ཤར་ཕྱོགས་ཁུག་རྟ་ཁོ་རང་རེད། འོག་གི་མཆན་འབྲི་མཁན་དག་ལས་བརྒྱ་ཆའི་ 90% ་ཙམ་ཤར་ཕྱོགས་ཁུག་རྟ་ཁོ་རང་རེད། རྒྱུ་མཚན་འདི་ལ་བརྟེན་ཏེ་དྲི་བ་དྲིས་ལན་འདི་ཀློག་མཁན་དང་འོག་ཏུ་མཆན་འདེབས་མཁན་གཞན་རེ་ཟུང་ཞིག་ཡོད་ན་དེ་དག་མགོ་མ་འཁོར་རོགས་ཟེར་བཞིན་ཡོད། ཐུགས་རྗེ་ཆེ།
རྩེ་བློ་བཟང་བཀྲ་ཤིས་ཡིན་ན་འདི་ལ་ངོ་ཚ་རྒྱུ་མི་འདུག ཁོ་རང་མ་གཏོགས་གཞན་དག་མི་མིན་པ་ལྟ་བུ་བཤད་ཀྱི་འདུག མི་མགོ་སྐོར་རྒྱུ་ལས་བསླ་པོ་དེ་འདྲ་ཡོད་མ་རེད་དཱ
ཡིན་ངོ་མ་རྩེ་བློ་བཀྲ་འདི་ཤར་ཁུག་ཡིན་པ་ཐག་གིས་ཆོད་འདུག
ཁྱི་སྤུ་མེད་དང་མིག་གིས་སྣ་རྩེ་མ་གཏོགས་མི་མཐོང་བ་ཚོས་སྲིད་སྐྱོང་མཆོག་ལ་སྐྱོན་བཤད་མཁན་ཚང་མ་ཤར་ཁུག་རེད་ཟེར་བ་འདི་བཙན་བྱོལ་ཆབ་སྲིད་ཀྱི་དྲི་ལའང་སྣོམ་མ་མྱོང་བའི་རྟགས་མ་རེད་དམ། ཧཧཧཧཧ
རྩེ་བློས་བཤད་པ་བདེན་པ་རེད། ཨ་རི་ནས་ཞབས་འདྲེན་ཞུས་འདུག གསལ་བོ་དགོས་ན་ཨབ་ཕྲུག་ཚོས་ངར་སྐད་ཆ་ཕྲིས།།
འོད་ལགས་གསུངས་དང་།
སྲིད་སྐྱོང་མཆོག ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིག་པ། ཟེར་བ་དེ་རེད། དེ་སྔ་ཁས་ལེན་མང་པོ་བྱས་པ་དེ་སྣེ་གཅིག་ཀྱང་གྲུབ་འབྲས་ཐོན་མ་སོང་།
འོད་ལགས།
དཔང་རྟགས་སྟོན་དང་།
བྱེས་འབྱོར་བོད་ཀྱི་དབུ་ཁྲིད་ཀྱི་ཁྲད་ན་ཁའི་བཤད་ཚོད་གྲུབ་འབྲས་ཐོན་པའི་མི་བུ་ཞིག་མེད། རླབས་ཆེན་གྱི་དབུ་ཁྲིད་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་ཀྱིས་མ་འཇོན་པའི་རྒྱ་བོད་དཀའ་རྙོག་དང་གོང་ས་མཆོག་བོད་དུ་ཕེབས་རྒྱུ་ལ་སོགས་པ་ནི་བློ་སེང་ལ་ནུས་པ་དམིགས་བསལ་མེད་ལ། ཁོང་གིས་བཤད་པའི་ཕྱིར་ན་དེ་ཡང་མ་ཁྱབ་ཏེ་གོང་ཞུས་དབུ་ཁྲིད་རྣམ་པའི་ཀྱང་དེ་བཞིན་མང་དུ་གསུངས་ཟིན་པའི་ཕྱིར། མི་ཞིག་གི་བཤད་ཚད་ལག་ལྟར་དང་དོན་འབྲས་དགོས་ཚུལ་གླེང་བ་ནི་སེམས་ཚོར་ཙམ་གྱིས་སྐད་བསྐྱོགས་ལས་མ་འདས། བློ་སེང་གིས་བཤད་ཚོད་དོན་འབྲས་ཡོང་རེ་ཡི་བསམ་ཚུལ་འཛིན་པ་དང་སྐད་ཆ་བཤད་པ་ནི་བློ་སེང་སངས་རྒྱས་ལས་ནུས་མཐུ་ཆེ་བའི་མི་བུ་ཞིག་ཏུ་ངེས་འཛིན་མིན་ན་ཅི་ཡིན། རང་བྱས་སྣ་ཅིག་ཙམ་ཡང་མེད་པའི་དམར་ཕྲུག་ཤ་ཁུག་སོགས་མིང་དྲག་དང་སྐབས་འཚོ་བ་དག་གིས་སྐད་ངན་ལ་དཔྱད་ལྡན་སུ་ཡིས་བདེན་ཁ་འཛིན།
བོད་ཀྱི་རྒྱལ་མཚན་ཞེས་ཕྱོགས་རིས་དུག་གིས་གཟིར་བ་ལགས། བཤད་པ་དང་དམ་བཅས་པ་གཉིས་ལ་ཁྱད་པར་ཡོད་རིག་གནས་དར་མྱོང་བའིབའི་ཡུལ་གྱི་མི་རྣམས་ཀྱིས་རྟོགས་མོད། ཕ་ཚ་བུ་རབས་གླེན་རྟགས་ཆེ་བ་དག་གིས་ག་ནས་ཤེས། ཁྲོ་མ་ལངས་ཨ།
ཟླ་འདིའི་ཚེས་ཉི་ཤུའི་ནང་ཞིག་ལ་་་བློ་སེང་འདིར་ཡོང་གི་ཡོད་ལ་་་འདི་གའི་མི་མང་ཚོར་སྐད་ཆ་ཤོད་ཀྱིན་ཡོད་ཚོད་ལ་དྲི་བ་དྲིས་ལན་ཡང་བྱེད་ཀྱིན་རེད་ཟེར་གི་་་ད་བྱས་དུས་དྲི་བ་ཁག་ཅིག་གྲ་སྒྲིག་བྱེད་དགོས་ལ་་་དྲི་བ་དེ་ཡང་ཁོང་གིས་དེ་སྔར་ཁས་ལེན་བྱས་པའི་བསྐོར་ལ་འདྲི་གི་ཡིན། ཅིག་བྱས་ན་ཚིག་གཅིག་གིས་ང་གསོད་ཡ་གསོད་ན་ཐང་།
ཨ་ཁ་ཁ།། ཉིན་གཅིག་མེད་ན། རྒྱག་རེ་ཨེན་ཙམ་རྒྱབ་འདུག་གཱ ག་དུས་ཡིན་ཡང། སྲིད་སྐྱོང་གི་ལས་དོན་གནང་ཕྱོགས་ལ་སྐྱོན་ཙམ་བཤད་དུས་ན་ཟུག་ལངས་མཁན་མང་གཙོ་དང་ཡར་རྒྱས་ཀྱི་དོན་སྙིང་མི་ཤེས་མཁན་ལུང་རྟོགས་སོགས་ཀྱི་ཁ་ལ་ངས་གཏོར་མ་བརྡབས་ཀྱི་ཡིན་ལ། ཞེ་ས་མ་ཞུས་ན། སྙིང་ན་ན་སྡུག་གྱོང་སྐྱག་པ་སྐམ་པོ་ཟ་ཞེས་ཀྱང་ལབ་ན་འོས་འཚམས་འདུག
དངོས་གནས་སྐད་ཆ་བཤད་འདོད་དང་བགྲོ་གླེང་བྱེད་འདོད་ཡོད་ན། རྩ་དོན་རང་སྲེག་དང་འབྲེལ་མོལ། ཤེས་ཡོན་སྲིད་བྱུས་སོགས་གོང་དུ་ཁུག་རྟས་གསུངས་པ་རྣམས་ལ་བགྲོ་གླེང་བྱས་ཆོག་གི་རེད། ཁྱེད་ཚོས་ཁུག་རྟས་གསུངས་པ་མ་རེད་ཟེར་འདོད་ན། འདི་རེད་གན་རེད་ཅེས་གཅིག་དང་གཉིས་ཀྱིས་གསུངས་རོགས། དེ་མིན་ཆོལ་ཁ་གཅིག་པ་ཡིན་པའི་ན་ཚ་དེ་མཇེ་ལངས་ལངས་བྱས་པ་ཙམ་གྱིས་དོན་ལྡན་གྱི་རྒྱབ་སྐྱོར་ཅིག་སྲིད་སྐྱོང་ལ་བྱེད་ཐུབ་ཀྱི་མ་རེད། རྣམ་དཔྱོད་ལྡན་པའི་རྒྱབ་སྐྱོར་བྱེད་མི་ཤེས་ན། རྦད་དེ་ཁ་བཙུམས་ནས་བཞུགས་ན་ཡག་གི་རེད།
དེ་ནས། ངས་བཤད་པའི་སྐད་ཆ་སྟེ། ཁ་རྩང་ཨ་རི་ནས་ཞབས་འདྲེན་ཞུས་པ་དེ་བདེན་པ་བདེན་རྐྱང་རེད། རྗེས་སུ་བཀའ་ཤག་ནས་ཡི་གེ་བཏང་སྟེ་མེ་ཕུ་ཐུང་ནང་བསད་མེད་ན། དེ་རིང་སང་ཉིན་སྲིད་སྐྱོང་ཁྲིམས་ཁང་ནང་མེད་ཀྱང་འཛམ་གླིང་གི་ཚགས་པར་དང་དྲ་རྒྱ་སོགས་སུ་བུད་མེད་མཐོང་ན་རང་ཚུགས་མི་ཟིན་པའི་མི་དེ་ཚོའི་གྲས་སུ་ཚུད་ཟིན་པ་རེད། ཡིན་ནའང། ༸གོང་ས་མཆོག་གི་བྱིན་རླབས་དང་བསྟན་སྲུང་དམར་ནག་གཉིས་ཀས་སྲུང་སྐྱོབ་བྱས་འབྲས་དེ་རིང་མགོ་དགྱེས་རྒྱུ་ཙམ་ཡོད་པ་འདི་རེད།། ད་དུང་གསལ་དུ་གཏོང་དགོས་ན་ངས་གཏོང་ངེས། དྲ་གྲོགས་འོད་དང་འདྲེ་རྐང་ཐོ་སོགས་གཟུ་བོར་གནས་འདུག་པས་དགའ་བྱུང། ཡང་ཡང་མཇལ།།།
འོད་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༢ གི་ཆུ་ཚོད་ ༢༣ སྐར་མ་ ༥༣
བོད་ཀྱི་རྒྱལ་མཚན་ཞེས་ཕྱོགས་རིས་དུག་གིས་གཟིར་བ་ལགས། བཤད་པ་དང་དམ་བཅས་པ་གཉིས་ལ་ཁྱད་པར་ཡོད་རིག་གནས་དར་མྱོང་བའིབའི་ཡུལ་གྱི་མི་རྣམས་ཀྱིས་རྟོགས་མོད། ཕ་ཚ་བུ་རབས་གླེན་རྟགས་ཆེ་བ་དག་གིས་ག་ནས་ཤེས། ཁྲོ་མ་ལངས་ཨ།
འོད་ལགས། ཕྱོགས་དང་རིས་སུ་སྤྱོད་ནས་དོན་མེད་གླེང་གཞི་ལ་དགའ་བའི་སྐབས་འཚོལ་བ་སྡུག་ཤས་ནི་ཁྱེད་དག་ལས་ཁ་བརྡ་དྲ་རྒྱ་འདི་ན་མེད།
ཁྱེད་གླེན་ཤེད་ཡུལ་གྱི་མི་ཞིག་ཡིན་འདུག་སྟབས་ངས་གསལ་བོར་མ་བརྗོད་རང་བརྗོད་ཆགས།།
ལག་གཉིས་མཉམ་དུ་སྦྱར་བ་ནི་ཕྲག་དར་དམར་པོ་གནམ་ལ་འཕྱར་ཆེ་བས་ལག་པ་ན་བ་མཚོན། མིག་སྡང་མིག་བལྟ་བ་ནི་རྒྱ་རོ་དམར་པོ་བཞིན་བོད་རང་བཙན་པ་ལ་དགྲ་ལ་བལྟ་བ་མཚོན། མ་ལེ་ལ་སྤུ་ནག་པོ་སྐྱེས་པ་ནི་སྲིད་སྐྱོང་ནས་ལས་དཀའ་མ་སྤྲད་པས་ཞེ་ནས་འཁུ་བ་མཚོན། སྐྱ་མིན་སེར་མིན་གྱོན་པ་ནི་དངུལ་དང་གོང་ས་མིང་ཡོད་པའི་ལས་དཀའ་རག་ན་རང་ལུགས་མེད་པར་སུ་ཡིན་ན་ཞེ་ནས་སྡང་བ་ར་མཚོན་ནོ།
རྩེ་བློ་བཟངབཀྲ་ཤིས་ཟེར་བའི་རྒྱ་འདྲེ་ཁྱོད་ཀྱི་ཁ་ལ་སྐྱག་པ་སྐམ་པོ་ཀེ་ལོ་བཅུ་ལུགས་ཨ། ཁྱོད་ཀྱིས་ཀྱང་ནམ་ཡིན་རུང་མི་ལ་གཞི་མེད་སྐྱོན་འདོག་དང་ཚིག་ངན་བཤད་རྒྱུ་ལས་གནས་ལུགས་ཡོད་པའི་སྐད་ཆ་ཞིག་ག་དུས་བཤད་མྱོང་། མི་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བར་མེ་ལོང་དགོས་རེད་ད། སྲིད་སྐྱོང་གིས་གལ་ཏེ་བྱེད་ཉེས་བསགས་ཡོད་ན་དྲ་རྒྱའི་ནང་འུར་ཤོབ་ཤོད་དགོས་མ་རེད། ཁྱེད་རང་སྲིད་སྐྱོང་ལ་མི་དགའ་ནས་སྙིང་གས་གྲབས་འདུག་ན། གནས་ཚུལ་དེ་སྤྱི་ཚོགས་ནང་གསལ་པོ་བཟོས་དང་། ད་དུང་ཁྲིམས་ཁང་ནང་ལ་ཁྲིམས་བཏུག་གྱིས་དང་། གས་ལྟད་མོ་ལྟ་ནས་འདུག ཁྱོད་ཀྱིས་དེ་ལྟར་བྱེད་ནུས་མ་སོང་ན་ཁྱོད་ཁྱི་ནག་པོ་དགུ་ཡི་ཁྲུད་མཐུང་མཁན་ཡིན།
ད་དུང་བཤད་རྒྱུ་ཞིག་ལ། སོ་སོའི་དབུ་ཁྲིད་ལ་སྐྱོན་རྗོད་བྱེད་པ་དེ་དམངས་གཙོ་དང་ཡར་རྒྱས་ཀྱི་དོན་སྙིང་ཡིན་པར་བསམ་ན། མ་ཁྱོད་རང་ལ་ནོར་རྫི་ཞིག་གི་བསམ་བློའི་གནས་ཚད་ཀྱང་མེད་པ་གསལ་སྟོན་བྱས་པ་རེད།
ལུང་རྟོགས་ཨབ་ཕྲུག་ལོང་པ་ཁྱེད་སྙིང་རྗེ། ཁ་རྩང་ཨ་རི་ནས་སྲིད་སྐྱོང་གིས་བུ་མོ་ཞིག་ལ་ལག་པ་འཆང་ནས་ཞབས་འདྲེན་ཞུས་པ་ཁྱེད་ཀྱིས་དངོས་གནས་མི་ཤེས་སམ། མི་ཤེས་ན།་བཀའ་དྲུང་ཡིག་ཚང་ལ་ཕྱིན་ནས་བཀའ་འདྲི་ཞུས་དང་གསལ་བོར་མཁྱེན་གྱི་རེད། ཧཧཧཧ ཁྱེད་ལ་ལོ་ངོ་གཉིས་འདིའི་རིང་སྲིད་སྐྱོང་གིས་རྩ་དོན་ཐམས་ཅད་འཐུས་ཤོར་བཏང་མེད་པའི་ཁུངས་ལུང་ལྡན་པའི་རྒྱུ་མཚན་བཤད་དེ་བགྲོ་གླེང་གནང་ནུས་ཡོད་ན། ཕེབས་ཤོག་དང་། ངེད་གཉིས་ལྟོས་ཆོག སྐད་ཆ་བཤད་རྒྱུའི་རྩམ་ཁུག་སྟོང་དུས། རྒྱ་འདྲེ་ཟེར་ནས་སྡུག་སྐད་རྒྱབ་སྟེ་བསྡད་ན་ད་ལྟ་ནང་བཞིན་ལྟོ་རེག་གི་མ་རེད་ལ། འགྲོ་ས་འདུག་ས་མ་རྙེད་པར་མེག་གྷན་སྲང་བར་ཁྱི་ལྡོམ་ནང་བཞིན་མུ་མཐུད་འཁྱམས་འདུག་དགོས་ཀྱི་རེད་གདའ།། ཧཧཧ
བློ་བཀྲ་ཁོ་རེ། སྲིད་སྐྱོང་གིས་བུ་མོ་ལ་ལག་པ་འཆང་མི་རུང་དོན་ཅི་རེད། སྲིད་སྐྱོང་དགེ་སློང་མ་རེད་ད། ངས་སྲིད་སྐྱོང་གིས་འཇོན་རབས་གང་ཡང་བཤད་མ་མྱོང་། ཁྱོད་ཀྱིས་དུས་རྟག་ཏུ་སྲིད་སྐྱོང་གིས་མ་འགྲིག་མ་འཐུས་རྐྱང་རྐྱང་བཤད་ཀྱི་འདུག་ན། ལོ་གཉིས་དེའི་རིང་ལ་སྲིད་སྐྱོང་གི་རྩ་དོན་ཐད་ནས་འཐུས་ཤོར་འདི་གཏོང་སོང་ཟེར་བའི་ཁུང་ལུང་ཡོད་པའི་སྐད་ཆ་ཞིག་ཁུར་ཤོག་དང་། དེ་ནས་ཞིབ་སྡུར་བྱེད་ཆོག
རྩེ་བློ་བཟང་བཀྲིས་མཆོག་ནས་སྲིད་སྐྱོང་ཨ་རི་ལ་བོ་མོ་ལག་པ་འཆང་ནས་ཞབས་འདྲེན་ཞུས་གསུངས་ཚུལ་འདུག་། གུས་པ་ཧ་ལས་ནས་བཀའ་དྲུང་ཡིག་ཚང་ལ་འབྲེལབ་་བྱེད་ཀྱང་ཧ་གོ་མ་སོང་ལབ་ཀྱི་འདུག། ང་ལ་ཁུང་སྐྱེལ་ག་རེ་ཡོད་ལབ་ཀྱི་འདུག་། གུས་པས་དྲ་རྒྱར་ཐོག་ལ་རྩེ་བློ་བཟང་བཀྲིས་པ་ཞིག་དེ་ལྟར་བྲིས་འདུག་ཅེས་ཞུས་པ་ཡིན་། གུས་པ་རེ་བ་ལ་དྲ་གྲོགས་རྩེ་བློ་བཟང་བཀྲིས་ལགས་ བོད་དོན་ལ་་སེམས་ཁུལ་དང་སྲིད་སྐྱོང་ལ་མ་འགྲིགས་པའི་་ཚུལ་གསལ་པོ་ཡོད་ན་། ད་ཁྱེད་ཕྱི་ལ་དོན་ནས་བོ་མོ་སྐོར་དེ་གསལ་པོ་བཟོ་རོག་། དངོས་གནས་བདེན་སྤང་འཕེར་ངེས་ཡོད་ན། སྐུ་ཉིད་ཀྱི་ཁ་བྱང་དང་ཞལ་པར་ཨ་གྲང་དྲ་རྒྱར་བཀོད་ཚེ་ཡག་པོ་འདུག་། རྩེ་བློ་བཟང་བཀྲིས་ཞེས་པའི་མི་ཟུར་རྩེ་དེ་ དཔེར་ན་རྩེ་པོ་ཏ་ལ། རྩེ་དྲུང་། རྩེ་རྣམ་རྒྱལ་གྲྭང་ཚང་ཞེས་པ་ལྟ་བུ་ཡིན་ཚེ་། གུས་པའི་གྲོགས་པོ་ཞིག་ནས་གསུངས་གསལ་ལ་སྐུ་ཉིད་སྡ་སར་གནས་སྡོད་སྐུ་ཞོག་འབར་རྩག་ཞིག་ཤས་ཆེ་་ལབ་ཀྱི་འདུག་། བཀའ་དྲིན་ཆེ། དོན་ཤོག་དོན་ཤོག།
རྩེ་བློ་བཟང་བཀྲ་ཤིས་ཟེར་བ་ནི་རྣམ་རྒྱལ་གྲྭ་ཚང་གི་སྡོམ་མེད་ཐུབ་བསྟན་ཡར་འཕེལ་ཟེར་བའི་དོགས་གཞི་ཅན་གྱི་མི་ཁོ་རེད། ཁོ་སྲིད་སྐྱོང་མཁས་དབང་ལ་དགའ་གི་ཡོད་པ་མ་རེད། གྲྭ་ཚང་ཁ་ལ་འཁྱེར་བའི་ཆབ་སྲིད་པ་ཐེབས་ཆག་མགོ་བདེ་དྲན་འཁྲུལ་ཅན་ཁོ་རེད།
ཁ་རྩང་ཤར་ཕྱོགས་ཁུག་རྟ་རེད་གསུངས་སོང། དེ་རིང་ཐུབ་བསྟན་ཡར་འཕེལ་རེད་གསུངས་སོང། རྐུན་མ་སྡིག་པ་གཅིག བདག་པོར་སྡིག་པ་བརྒྱ་ཟེར་སྲོལ་ལྟར། སྲིད་སྐྱོང་སེང་རྫི་དེའི་ཨབ་ཕྲུག་གླེན་རྒྱུད་ཚོའི་དཀའ་ལས་མ་མྱངས། སྲིད་སྐྱོང་ནི་སེང་པགས་གྱོན་པའི་ཝ་མོ་རང་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར། ངས་དངོས་དོན་བརྗོད་པས་ཕོག་པར་འགྱུར་ན་ནོར་འཁྲུལ་ཡོ་སྲང་བྱས་ན་དགའ་བ་ལས་ལམ་གཞན་མེད་པ་དེ་དོན་སྙན་གསེང་ཞུ་རོགས།། དེ་མིན་སྡིག་གྱོང་སྐྱག་པ་ཟ་ཞེས་ལབ་རྒྱུ་ལས་མེད་ལགས།།
སྲིད་སྐྱོང་ནི་སེང་པགས་གྱོན་པའི་ཝ་མོ་རང་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར། ་་་་ཟེར་བ་ལ། ཁོང་སེང་པགས་གྱོན་པའི་ཝ་མོ་ཡིན་ན་ཡང་ཡིན་ཏུ་ཆུག ཁོང་ང་ཚོས་ཡར་བསྐོས་པ་རེད་མ་གཏོགས། ཁོང་གི་ཕ་ཡིས་བསྐོས་པ་མ་རེད། རྒྱ་གཞུང་གདུག་རྩུབ་ལྟས་ནས། རང་གི་འགོ་འཁྲིད་ལོ་བཞི་ལྔ་འདི་ནང་ལ་གུས་རྩི་བྱེད་སྟངས་སྦྱོང་དགོས་པ་རེད་གདའ། ཤར་ཁུག་དང་བློ་རྩེ་གཙོས་པའི་རྩམ་གཟན་བོད་རིགས་ཚོ།
༩༣༽ རྩེ་བློ་བཟང་བཀྲ་ཤིས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༣ གི་ཆུ་ཚོད་ ༩ སྐར་མ་ ༤༧
ལུང་རྟོགས་ཨབ་ཕྲུག་ལོང་པ་ཁྱེད་སྙིང་རྗེ། ཁ་རྩང་ཨ་རི་ནས་སྲིད་སྐྱོང་གིས་བུ་མོ་ཞིག་ལ་ལག་པ་འཆང་ནས་ཞབས་འདྲེན་ཞུས་པ་ཁྱེད་ཀྱིས་དངོས་གནས་མི་ཤེས་སམ། ་་་་་ཟེར།
༩༡༽ ལུང་རྟོགས་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༡༣ གི་ཆུ་ཚོད་ ༦ སྐར་མ་ ༣༤
རྩེ་བློ་བཟངབཀྲ་ཤིས་ཟེར་བའི་རྒྱ་འདྲེ་ཁྱོད་ཀྱི་ཁ་ལ་སྐྱག་པ་སྐམ་པོ་ཀེ་ལོ་བཅུ་ལུགས་ཨ། ་་་་་་ཟེར།
ལུང་རྟོགས་གི་གཙོས་པའི་གྲོགས་ཚོར། སྲིད་སྐྱོང་དང་བུ་མོའི་སཀོར་ཤེས་འདོད་ཆེན་པོ་ཡོད་པ་འདྲ། གནས་ཚུལ་དེ་ཆེ་ཆུང་ཇི་ངེ་མི་ཤེས་བྱུང་བ་ནི་དངོས་བདེན་རེད་འདུག ལོ་རྒྱུ་དེའི་བྱུང་རབས་མདོ་ཙམ་ཞུས་ན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གི་ཟླར། ང་མཚོའི་སྲིད་སྐྱོང་གི་ལག་པ་འཆང་བའི་གནས་ཚུལ་ཞིག གནས་ཚུལ་ཞིབ་ཕྲ་ཤེས་འདོད་ཡོད་ན་རྒྱ་རི་བློ་གྲོས་ལགས་སུ་བཀའ་དྲི་ཞུསན་འགོ་འཇུག་བར་གསུམ་གྱི་ལོ་རྒྱུས་བཤད་རྒྱུཡོད་པ་རེད་ཟེར།