གསང་གྲོལ་གྱིས།
དབྱིན་ཇིའི་གཟའ་ཉི་མའི་གློག་འཕྲིན་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ༼ཏྰ་ལའི་བླ་མས་ཁོང་ལ་བོད་ནས་གསང་བའི་གནས་ཚུལ་འབྱོར་བ་ལྟར་ན་རྒྱ་ནག་གིས་བོད་མི་ཚོར་དམིགས་གསལ་གསང་ལས་དྲག་རྩལ་སྦྱོང་བརྡར་སྤྲད་དེ་ཁོང་ལ་དུག་ཕོག་གི་འཇུག་པའི་ཐབས་ཤེས་གནང་གི་ཡོད་འདུག་ལ། དམིགས་བསལ་བོད་ཀྱི་བུད་མེད་ཚོ་བེད་སྤྱད་དེ་ཁོང་ལ་མཇལ་ཞུ་སྐབས་སྐྲ་དང་ཁ་བཏགས་ནང་དུག་སྦས་ཡོད་པ་དང་ཕྱག་མཇལ་གནང་ཚེ་ཁོང་ལ་དུག་ཕོག་འགྲོ་ངེས་རེད་ཅེས་གསུངས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཁོང་གི་ཡང་སྤྲུལ་ཐད་ལ་ཐེ་གཏོགས་གནང་གི་ཡོད་པས་ཁོང་རང་ཆེས་མཐའ་མཇུག་གི་ཏྰ་ལའི་བླ་མ་ཡིན་སྲིད་པ་རེད་ཅེས་ཀྱང་གསུངས་འདུག༽
འདི་ཟླའི་ཚེས་༡༦ནས་བཟུང་༸གོང་ས་མཆོག་གིས་ཡུ་རོབ་རྒྱལ་ཁབ་དབྱིན་ཇི་དང་། སོ་ལོ་བིན་ཉི་ཡ། སྤེལ་རྗམ། ཨོ་སི་ཁྲུ་རི་ཡའི་བཅས་ཀྱི་ནང་མཛད་འཕྲིན་སྐྱོང་རྒྱུ་ཡིན་པ་དང་། རྒྱལ་ཁབ་དེ་དག་ནང་གནས་སྡོད་བོད་མི་ཚོར་དམིགས་བསལ་མཇལ་འཕྲད་གོ་སྒྲིག་གནང་གི་ཡོད་ནའང་སྐུ་ཕྱའི་ཐད་སྔར་ལས་ལྷག་པའི་དམ་དྲག་བྱ་རྒྱུ་ཡིན་འདུག་ལ། འདི་ཟླའི་ཚེས་༢༤ཉིན་སྤེལ་རྗམ་ཡོན་ཏན་གླིང་ཆོས་ཚོགས་སུ་བོད་མི་ཚོར་མཇལ་འཕྲད་སྐབས་སྐུ་ཕྱའི་འགན་དེ་སྤེལ་རྗམ་གཞུང་དང་མངའ་སྡེ་ས་གནས་གཞུང་། དོན་གཅོད་ལས་ཁུང་དང་བོད་རིགས་ཚོགས་པ་བཅས་ཀྱིས་མཉམ་ཁུར་བྱེད་ཀྱི་ཡོད་འདུག་ལ། ཚེས་༡༡ ཉིན་སྤེལ་རྗམ་བོད་རིགས་ཚོགས་པའི་ངོས་ནས་བོད་མི་སུམ་ཅུ་ཙམ་ལ་དམིགས་བསལ་སྐུ་སྲུང་བའི་འགན་སྤྲད་དེ་༸གོང་ས་མཆོག་གི་སྐུ་ཕྱར་སྔར་ལས་ལྷག་པའི་སྲུང་སྐྱོབ་དམ་ཟབ་གནང་དགོས་བའི་ཚོགས་འདུ་བསྐོངས་ཡོད་འདུག
Comments on “༸གོང་ས་མཆོག་གི་སྐུ་ཕྱར་ཉེན་ཁ།”
Comments are closed.
ཝ་ཡེ་གསང་གྲོལ་ལགས་གནས་ཚུལ་དེ་ཚོའི་རིགས་ལ་ཡིད་ཟབ་གནང་རྒྱུའི་རེ་བསྐུལ་དང། ཁ་བརྡ་ཚང་ནས་དེ་ཚོའི་སྐོར་གྱི་མཆན་ལ་ཐུགས་སྣང་དགོས་གལ་ལགས་སོ།
ངའི་སྙིང་ལ་གྲི་བཙུགས་པ་ལྟར་བྱུང་། ཚང་མས་གཟབ་གཟབ་གནང་རོགས།
༧གོང་ས་མཆོག་གི་སྐུ་ཕྱའི་ཐད་ང་ཚོ་ཚང་མས་ཟབ་ཟབ་བྱ་དགོས་ངེས་སོང་གསང་གྲོལ་ལགས་ཀྱིས་གནས་ཚུལ་སྤེལ་བ་ཐུགས་རྗེ་ཆེ། བོད་ཀྱི་བུད་མེད་བེད་སྤྱོད་བྱེད་བཞིན་ཡོད་ན་དེང་སྐབས་རྒྱ་རིགས་དང་༧གོང་ས་མཆོག་མཇལ་ཕྲད་མང་ནས་མང་དུ་འགྲོ་བཞིན་ཡོད་པའི། སྐུ་སྒེར་ཡིག་ཚང་དང་རང་གཞུང་བདེ་སྲུང་ལས་ཁུངས་གཉིས་ཀྱི་དབུས་འབྲེལ་ཡོད་རྣམས་ཀྱིས་ངེས་པར་ཐུགས་ཟབ་གང་ཆེ་གནང་གལ་ཆེ་བ་དང་། ང་ཚོ་ཚང་མས་༧གོང་ས་མཆོག་གི་སྐུའི་བསྲུང་སྐྱོབས་དང་བཀའ་གསུང་ཅི་སྒྲུབ་ཞུས་ན་སྐུ་ཚེ་ཡུན་དུ་བརྟན་པར་ངེས་ཤིང། མ་འོང་ཡང་སྲིད་ཡང་རྒྱ་དམར་གྱིས་གང་བྱས་མིན་པ་བོད་མིའི་སོད་ནམས་དང་། ཆོལ་གསུམ་གཅིག་བསྒྲིལ་ལ་བརྟེན་ནས་སྐུ་ཕྲེང་བཅོ་ལྔ་པ་ང་ཚོའི་བསོད་ནམས་ཀྱི་བགོས་སྐལ་དུ་བྱོན་ངེས་ཡིན།
༧གོང་ས་མཆོག་སྐུ་ཚེ་བརྒྱ་དང་བཅུ་གསུམ་བརྟན་པའི་སྨོན་འདུན་ཞུ།
ཚེ་དཔག་མེད་མགོན་ལ་སོགས་བྱིན་རླབས་དང་།།
འདོད་ཁམས་བདག་དང་ལྕམ་སྲིང་མཐུ་སྟོབས་ཀྱིས།།
འདི་ཕྱིའི་སྐྱབས་གནས་བསྟན་འཛིན་རྒྱ་མཚོ་ཡི།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། །།
ཟབ་གཟབ་ལ་བཅོས་རོགས།
ངོ་མ་གནས་ཚུལ་དེ་བདེན་པ་ཡིན་ན། དེ་ནི་བློ་ལ་མི་ཤོང་བའི་གནས་ཚུལ་ཞིག་རེད།
ནམ་རྒྱུན་བོད་མི་ཚོས་༸གོང་ས་མཆོག་ཕྱི་ནས་བཞུགས་སྒར་དུ་ཕེབས་དུས་དང་བཞུགས་སྒར་ནས་ཕྱིར་ཕེབས་དུས་ལས་སོགས་སུ་འཚང་ཁ་ཤིག་ཤིག་བྱེད་དེ་དད་པ་ཆེན་པོ་ཡོད་མདོག་སྟོན་གྱིན་པ་དེར་ང་ནི་ནམ་ཡང་འདོད་པ་ཡོད་མཁན་ཞིག་མིན། ང་ནི་དད་པ་ནང་གི་སེམས་ཡིན་པ་ལས་ཕྱི་ལུས་དང་ཁ་བཏགས་དེ་བས་མིན། བྱས་ཙང་རྒྱང་མཇལ་ཞུ་བ་ལས་གམ་མཇལ་ཞུ་ཆེད་འཚང་ཁ་ནམ་ཡང་རྒྱབ་མ་མྱོངས། ངས་ནམ་ཡང་འདི་ལྟར་བསམ་བཞིན་ཡོད། མི་ཚོགས་འཚང་ཁའི་གསེང་ནས་གནས་ཚུལ་ངན་པ་འབྱུང་སྲིད་པ་དང། གཞན་ཡང་འཚང་ཁ་རྒྱབ་སྟེ་དད་པ་ཡོད་མདོག་གིས་ཁ་བཏགས་སྟོང་པ་དེ་འབུལ་རྐྱང་བྱེད་པ་སོགས་ནི་ཤིན་ཏུ་ནས་ཉེན་འཚབ་ཆེ་བའི་བྱེད་སྟངས་ཤིག་རེད་དེར་བརྟེན་ད་ནས་བཟུང་དེ་ཡི་རིགས་མཚམས་འཇོག་བྱེད་ན་གང་འདྲ་འདུག དེ་ཚོར་གཟབ་དགོས། དད་པ་རང་གི་སེམས་ནང་དུ་བཞག་སྟེ་སྐུ་གསུང་ཐུགས་མཇལ་སེམས་ཀྱི་ནང་དུ་སྒོམ། གང་གིས་གསུངས་པའི་བཀའ་སློབ་རྣམས་ལ་ཉམས་ལེན་བྱོས་དེ་གས་འགྲིག་པ་རེད།
ངོ་མ་གནས་ཚུལ་ཡ་མཚན་ཞིག་རེད། ཞབས་ཏོག་པ་དང་སྐུ་སྲུང་བ་རྣམས་ཀྱིས་ཟབ་གཟབ་གནང་རོག
ང་ཚོ་བོད་པ་ཚང་འདི་རྨོངས་དད་ཡིན་ནའང་འདྲ་ཤེས་ནས་ཐོབ་པའི་དད་པ་ཡིན་ནའང་ཆོག་གང་ལྟར་དད་ལྡན་མང་ཚོགས་ཞིག་ལགས་པས་༧གོང་ས་མཆོག་གིས་དངོས་སུ་འཇལ་ཁ་སྩལ་བའི་གོ་སྐབས་མེད་པར་བཟོས་ན་བློ་ཕམ་སྲིད་མོད་༧གོང་ས་མཆོག་ལ་སྐུ་ཉེན་ཡོད་ཚུལ་གསལ་བོ་ཞུས་ན་མང་ཚོགས་ལ་དངོས་ལེན་ཡོད་ཐག་ཆོད་ཡོད་རེད།ཡང་ཅིག་བཤད་ན་དད་པ་འདི་ཆོས་ལུགས་ལས་བྱུང་བའི་ཐ་སྙད་ཅིག་ཡིན་ལ་དེ་ལ་ནང་བ་གཤེན་རབ་པ་དང་ཀྱཤཱ་བ་གང་ཡིན་ཡང་དད་པ་འདི་ཐར་བར་བགྲོད་བྱེད་ཀྱི་རྐང་པ་དང་ཡང་དག་པའི་དོན་མཐོང་བའི་མིག་ལྟ་བུ་ཞིག་ལ་དངོས་འཛིན་གནང་གི་ཡོད་པ་དང་དེ་བཞིན་དུ་དད་པ་འཇོག་ཚུལ་ལའང་མང་མོད་ཐམས་ཅད་ཀྱི་ནང་ནས་གཙོ་བོ་ནི་དད་ཡུལ་དེའི་བསྟན་པའི་ལམ་ལ་མ་ནོར་སྙེག་པ་ནི་དད་པ་ཡིན་ནོ།།དད་པ་ལ་ཐག་རིང་ཐུང་དང་ཐུག་དང་མ་ཐུག་གིི་ཁྱད་པར་ནི་མེད་ད་དུང་རབ་ཡིན་ན་བླ་མ་དང་རྒྱང་རིང་ན་དད་པ་ལྷག་པས་སྐྱེ་པ་ཞིག་འདུག་དེ་མིན་ནམ་ཡང་བླ་མ་དང་འགྲོགས་འདྲེས་བྱས་ནས་བསྡད་ན་མཚམས་ཅིག་ལ་དད་པ་དག་སྣང་བརླགས་ཉེན་འདུག འདིའང་བླ་མའི་སྐྱོན་དུ་བརྩི་མི་རུང་སྟེ་བླ་མའི་ཇི་མཛད་ཐམས་ཅད་འགྲོ་དོན་ཡིན་པ་ཚད་མའི་སྐྱེས་བུ་རྣམས་ཀྱིས་བཀའ་དང་བཀའ་རྟེན་ལས་གསུང་བ་བཞིན་ནོ།།འདི་ནི་ང་རང་ཚོ་སྣང་བ་མ་དག་པའི་དབང་དུ་ཤོར་བ་ཙམ་ལས་གཞན་རྒྱུ་མཚན་གང་ཡང་མེད་དོ།།དེའི་ཕྱིར་༧གོང་ས་མཆོག་གིས་མཇལ་ཁ་དངོས་སུ་སྩོལ་བ་གཙོ་ནོ་མ་རེད་ཁོང་གི་སྐུ་ཚེ་ཡུན་དུ་བརྟན་ནས་ཏཱ་ལའི་བླ་མའི་འོས་འགན་གསུམ་སྟེ་འགྲོ་བ་མིའི་བཟང་སྤྱོད་མཐོར་འདེགས་དང་ཆོས་ལུགས་མཐུན་སྒྲིལ་བོད་མིའི་མགྲིན་འཚབ་པ་གནང་བའི་མཛད་འཕྲིན་སྐྱོང་དགོས་པ་རེད།
གཙོ་ནོ་དེ་གཙོ་བོ་ལ་བཅོས་རོགས་ཞུ།
གལ་སྲིད་དོན་དག་དེ་འདྲ་ཡོང་གི་ཡོད་པ་བདེན་པ་ཡིན་ན། གོང་ས་གང་དུ་ཕེབས་ཀྱང་མི་སུ་ཡིན་ཡང་མཇའ་ཁ་སྐབས་རྒྱང་རིང་ནས་ཞལ་མཇལ་བ་མ་གཏོགས་གོང་ས་མཆོག་གི་མདུན་མི་གཅིག་འགྲོ་རུ་མ་བཅུག་ཡག་པོ་ཡོད་པར་སྙམ། དེ་མ་ཟད་ང་ཚཽས་མི་རེ་ངོ་ནས་འགན་འཁུར་དེ་གོང་ས་མཆོག་གི་སྐུ་ཕྱ་ལ་སྲུང་སྐྱོབ་བྱེད་དགོས་བ་ཁ་ཚ་སྒེར་གཏུགས་གི་འོས་འགན་ཞིག་དུ་མཐོང་། དེ་འདྲ་ང་ཚོ་ཚང་མའི་གོང་ས་མཆོག་གི་སྐུ་ཕྱ་ལ་ངེས་བར་འགན་འཁུར་དགོས།།
སྤྱིར་ཡོ་རབས་འམ་རྒྱལ་ཁབ་གཞན་གང་ལ་ཕེབས་ཀྱང་བོད་པ་ཚོ་ལ་བཀའ་སློབ་ལས་མཇལ་ཁ་མ་གནང་རུང་གལ་ཆེན་པོ་ཡོད་པ་མི་འདུག་སྙམ།
༧གོང་མཆོག་ཞེས་ཆེ་རྟགས་ ༼ ༧ ༽འདི་ངེས་པར་བྲིས་དགོས་རེབ་ཐོག་མདའ་ལགས།
གཟབ་གཟབ་གནང་རོགས
སྲིད་ན་དཀོན་པའི་༧བླ་མའི་སྐུ་ཚེ་ལ།།
བར་དང་གདོན་གྱིས་བསླུ་བར་མི་འདོད་ན།།
སྐྱེ་བོ་ཚང་མས་ཁོང་གི་ཐུགས་བཞེད་ལ།།
རང་གི་སྲོག་བཞིན་བསྲུངས་དེ་འབད་པར་འཚལ།།
དེང་ཕྱིན་ཆད་༧གོང་ས་མཆོག་གི་མདུན་དང་། ཕྱག་མཇལ་སོགས་རིང་ནས་འདྲིས་པའི་དཔོན་ཆེན་བླ་ཆེན་སོགས་གནད་ཡོད་ཀྱི་མི་སྣ་ཁག་གཅིག་མ་གཏོགས། གང་གི་མདུན་དུ་ཁྱོན་ནས་གཏང་མི་བཅུག་རྒྱུ་དེ་རེད། རྒྱང་མཇལ་ཞུ་ན་འགྲིག་གི་རེད། གཅིག་ཡིན་གཉིས་ཡིན་ཟེར་ནས་མཇལ་ཁར་ཡོང་སྐབས་སྐུ་བསྲུང་བ་ཚོས། བསྐལ་བ་བཟང་མདོག་དང་། སྙིང་རྗེ་མདོག ཤ་ཚ་མདོག་བྱེད་རྒྱུའི་དུས་ཚོད་ཡོལ་ཟིན་རེད་ལ། ཁ་ཤས་ཀྱིས་སྒོར་མོའི་བསླུ་ཉེན་ཆེ་བས་། མགོ་བསྐོར་ཁྱོན་ནས་ཐེབས་མི་ཉེན། དེའི་ཐོག་གཙོ་བོ་ཁོང་གི་སྐུ་སྲུང་བ་དེ་ཚོས་འགན་འཁུར་དགོས་པ་རེད་ལ། ཕར་ཚུར་ཕེབས་སྐབས་ཞལ་ལག་གི་ཐོག་ལ་གཟབ་གཟབ་གནང་ན་མ་གཏོགས། ཉེན་ཁ་ཆེན་པོ་རེད། སྔོན་མ་༧པཎ་ཆེན་མཆོག་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལ། བོད་མི་ཚོས་དོགས་པའི་གནས་སུ་ལྷུང་བ་རེད། དེར་བརྟེན། ཉི་མ་དེ་རིང་ནས་བཟུང་༧ཁོང་ལ་ཐད་ཀར་ཁ་གཏགས་དང་། མེ་ཏོག་འབུལ་བ་དང་། ༧ཁོང་གིས་ཕྱག་དབང་གནང་བ་སོགས་མང་པོ་ཞིག་བརྒྱུད་ནས་དུག་གི་ཉེན་ཆེ་བས། སྲོལ་དེ་ཚོ་མཚམ་བཞག་དགོས་པ་རེད། དེའི་ཐོག་བོད་མི་ཚང་མས་འགན་འཁུར་དགོས། གཞན་གུང་ཁྲན་གྱིས་༧པཎ་ཆེན་མཆོག་ལ་དངུལ་དང་། གསེར། སྒོར་མོ་གྱ་ནོམ་པ་ཕུལ་ནས་༧ཁོང་གི་སྐུ་གོང་མའི་གསེར་གདུང་རྣམས་བཞེངས་གྲུབ་ནས་མཛད་སྒོ་གྲོལ་༧རྗེས། ༧ཁོང་གློ་བུར་དུ་སྐུ་གཤེགས་པ་རེད། འདི་སྒོར་མོ་དང་། ༧པཎ་ཆེན་རིན་པོ་ཆེ་བརྗེ་པོ་རྒྱག་པ་དང་། སྒོར་མོ་ཡིས་༧པཎ་ཆེན་ཉོས་པ་དང་གཅིག་མཚུངས་རེད། གསེར་གདུང་དེ་ཚོ་རྩ་ཆེན་པོ་ཡིན་ནའང་། ཕྱོགས་གཅིག་ནས་བསམ་བློ་བཏང་ཚེ། དེའི་ཐོག་༧རིན་པོ་ཆེའི་ཚེ་སྲོག་ཤོར་བས། སྐྱོ་ཡང་དགོས་པའི་གནས་ཚུལ་རེད། ཉེ་ཆར་བོད་དུ་གུང་ཁྲན་གྱིས་བོད་དུ་དགོན་པ་དེ་ཚོར་སྒོར་མོ་ཁྲི་མང་པོ་དང་། གྲྭ་པ་དེ་ཚོར་གླ་ཕོག་སྤྲད་ཀྱི་ཡོད་པའི་ལས་འགུལ་སྔར་དང་། མི་འདྲ་བའི་ཤུགས་ཆེན་པོས་དགོན་གྲྭ་དང་། དེའི་མི་མང་རྣམས་བསླུ་འཁྲིེད་བྱེད་ཀྱི་ཡོད་པའི་རྣམ་པ་དེ་ཡི་རྒྱབ་ལྗོངས་སོགས་མང་པོ་ཞིག་ལ་བོད་མིའི་མགོ་ཡོད་ཚད་ཀྱིས་གཟབ་དགོས་སྙམ་བྱུང་། མདོར་བསྡུས་ན། སྐུ་བསྲུང་བ་ཚོས། རྒྱུན་དུ་༧གོང་ས་མཆོག་གི་མདུན་དུ་ཡོད་པས།་ དེ་རིགས་ལ་སྣང་ཆུང་ཤོར་བའི་ཉེན་ཆེ་བས། བོད་མི་ཡོངས་ཀྱི་སེམས་ཁམས་དང་།་ བོད་ངོས་ཟིན་པའི་ཐོག་ནས། དེའི་ཆེད་དུ་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་ལ་དཀའ་ངལ་འཛེམས་མེད་དང་། ལས་ཀ་ཐག་ཆོད་པོ་གནང་རོགས་ཞུ་རྒྱུ་ཡིན།།
དེ་བདེན་པ་ཡིན་ངེས་རེད།རྒྱ་གཞུང་གིས་བོད་པའི་འཐབ་རྩོད་པ་གཅིག་ཡིན་ཡང་ཨེ་ཟིན་གྱི་ཇི་འདྲའི་མི་ཤུགས་དང་རྒྱུ་ཤུགས་ཚད་མེད་མི་སྤྲོད་ཀི དེ་བཞིན་དུ་ཟིན་རྒྱབ་ཏུ་ཁོ་ཚོ་ཕྱིར་འོང་རྒྱུ་མེད་པ། འོང་ཡང་ནད་ཀྱིས་ཐེབས་པ་ཞིག་ཏུ་བསྒྱུར་ཡོད་ན། ༧གོང་ས་མཆོག་ལྟ་བུ་ནི་སྨོས་མ་དགོས་པ་རེད། དེས་ན་སྐུ་ཕྱྭ་ལ་གཟབ་གཟབ་དགོས་ངེས་རེད།
སྐུ་སྲུང་བའི་ནང་དང་་་་་གཞུང་ཞབས་པའི་ནང་དེ་རིགས་མེད་པའི་སྨོན་ལམ་ཞུ་་་་་་གཅིག་སུ་མི་གཅིག་གི་ལབ་ནི་ཞིག་དང་་་་ཡི་གེ་ཞིག་ལ་བལྟ་ཡ་མེད་་་
གནས་ཚུལ་དེ་དངོས་གནས་ཡིན་ན། སྐུ་ཕྱྭའི་ཐད་ལ་གཟབ་གཟབ་ངེས་པར་བྱེད་དགོས། ང་ཚོ་ལ་ལྟོས་ས་གཅིག་ཡོད་པ་ནི་གཙོ་བོ་གོང་ས་མཆོག་རེད། དེ་ལ་བར་ཆེད་དང་སྐུ་སྐེག་འདྲ་བྱུང་ན། ང་ཚོས་མ་འཇོན་པ་ཞིག་ཏན་ཏན་ཡིན་དེ་ལས་གྲ་སྒྲིག་དང་སྡོད་སྒུག་བྱེད་མི་འདུག་པར་དམིགས་བསལ་གྱིས་དོ་སྣང་བྱེད་རན་ལ་བབས་ཡོད། ད་ལྟ་བྱེད་རྒྱུ་ཡོད་པ་རེད། ཕྱིས་མེད་པས་གཞུང་སྒེར་ཚང་མ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་གོང་ས་མཆོག་གིས་གསུང་ཆོས་དང་། མཇལ་འཕྲད། ཕེབས་བཞུགས་སོགས་གང་ལའང་ང་ཚོས་ངོས་ནས་འགན་ཁུར་ཐུབ་པ་ཞིག་ཅིས་ཀྱང་དགོས། དེ་ཡང་གཙོ་བོ་ང་ཚོང་མི་དམངས་བྱིངས་ཀྱི་ངོས་ནས་གཞུང་དང་དམིགས་བསལ་གྱིས་འགན་ཁུར་བ་རྣམས་ལ་དེའི་སྐོར་གྱི་རེ་བསྐུལ་འདོན་གྱི་དང་། བདེ་སྲུང་ལས་ཁུངས་དང་། སྐུ་སྲུང་བ་སོགས་ཀྱིས་དེ་ལྟར་དུ་ལག་ལེན་ལ་འགོད་ཨེ་ཐུབ་བལྟ་རྒྱུ་འདི་ད་ལྟའི་དུས་ལ་བབས་པའི་ཛ་དྲག་གི་འོས་འགན་ཡིན། དེས་ན་ཅིས་ཀྱང་འགན་མཉམ་ཁུར་དང་། འཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཤིན་ཏུ་གལ་ཆེ།
སྐུ་ཕྱྭ་ལ་གཟབ་གཟབ་དགོས་ངེས་རེད། དཀོན་མཆོག་མཁྱེན་མཁྱེན་་་
གནས་ཚུལ་བདེན་པོ་ཡིན་ངེས་རེད་ད་ནས་བཟུང་༸གོང་ས་མཆོག་གི་ཕྱི་ནང་གི་མི་སྣ་གནད་འགག་ཆེ་བ་རེ་ཟུང་ལས་དོན་དག་ཡོད་ལ་མེད་ལ་ཚང་མ་ལ་མཇལ་ཁ་མ་གནང་ན་ཡག་པོ་འདུག ཆུ་མ་ཡོང་གོང་ནས་རག གཅིན་མ་ཡོང་གོང་ནས་རྡོག་ཟེར་བ་དེ་དུས་སྐབས་འདིར་ཏག་ཏག་འཛོལ་པོ་འདུག
སྐུ་ཕྱྭ་ལ་ཉེན་ཁ་དུས་རྟག་ཏུ་ཡོད་ཡོད་པ་རེད། དུས་རྟག་ཏུ་གཟབ་དགོས་རྒྱུ་ཞིག་རེད་མ་གཏོགས་གསར་པ་ཞིག་མ་རེད།
ང་ཚོས་བོད་མི་ཚོས་ཅང་འཇོན་གི་མ་རེད། འཇོན་ཐུབ་ན། བཀའ་ཤག་གིས་སྐུ་ཕྱྭའི་ཐད་ཨ་རི་དང་དབྱིན་ལེན་འཇར་པན་རྒྱ་གར་གསུམ་ལ་རོགས་སྐྱོར་ཞུ་དགོས། དེ་སྐོར་དངོས་ནས་མ་འཕྱི་བ་ཞིག་བྱེད་དགོས།
གསང་གྲོལ་གྱིས་གསུང་པ་བདེན་པའི་མ་ཚད་དེང་སང་རྒྱ་དམར་གྱིས་ཉོས་ཟིན་པའི་མགོ་སེར་གནོད་བྱེད་མཁན་ཡང་ཡོང་སྲིད་པས་སྐུ་སྲུང་བ་དང་ཞབས་ཞུ་ཚོས་གཟབ་རྒྱུ་མཁྱེན་མཁྱེན། མཁྱེན་ནོ།།
སྐུ་སྒེར་སྐུ་ངོ་ཚོས་༸གོང་ས་མཆོག་དངུལ་སྒོར་ལ་མ་བརྗེ་རོགས་གནང་། སྐུ་མཁྱེན། གསུང་མཁྱེན། ཐུགས་མཁྱེན།
གཉན་ཆེན་ལོ་ལོ། སྐུ་སྒེར་སྐུ་ངོ་ཚོས་༧གོང་ས་མཆོག་དང་དངུལ་བརྗེ་རྒྱུའི་འཆར་གཞི་བཞག་པ་མཐོང་ཐོས་བྱུང་སོང་ངམ། ཡང་ན་དེ་སྔོན་དེ་འདྲ་བྱས་སོང་།
འདི་གཙོ་བོ་ཕྱོགས་ཕེབས་སྐབས་སུ་གསོལ་ཚིགས་ཕུལ་མཁན་དང་། གཟིམ་ཆུང་མཇལ་ཁ་ཞུ་མཁན་གལ་ཆེའི་མི་སྣ་ཁག་ལ་གཟབ་དགོས་པར་འདོད།
༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་སྐོར་གྱི་གནས་ཚུལ་ཨ་མ་འདི་ན་འདུག
http://www.telegraph.co.uk/news/worldnews/asia/tibet/9261729/Dalai-Lama-reveals-warning-of-Chinese-plot-to-kill-him.html
དེ་ནི་བདེན་པ་ཡིན་ཚེ་ཧ་ཅང་གཟབ་དགོས་པའི་དོན་ཆེན་ཞིག་་ཡིན་མོད། ཁོ་བོ་ནི་དེ་ནིི་ཡང་དག་ཅིག་ཡིན་མིན་ལ་དོགས་པ་ཆེ་སྟེ། དེ་ནི་བདེན་ཚེ་དུག་དེ་ཧ་ཅང་ནུས་པ་ཆེ་བ་ཞིག་ཡིན་དགོས་ལ། དེ་ལྟར་ན་སྐྲ་དང་ཁ་བཏགས་ཀྱི་བདག་མོ་མོ འི་འཆི་སྲོག་དེ་དེ་འདྲའི་སྲ་མོ་ཞིག་ག་ལ་ཡིན་སྙམ་མོ ། །
གནས་ཚུལ་འདིའི་སྐོར་ལ་ང་ཚོས་ངེས་པར་དུ་གཟབ་དགོས་པ་ཞིག་ཡིན་པ་མ་ཟད། རྐྱེན་ངན་བར་ཆད་ཅིག་མ་ཡོང་གོང་ང་ཚོའི་ངོས་ནས་སྔོན་འགོག་བྱེད་དགོས་པ་དང་བྱེད་ཐབས་ཀྱི་ལམ་ཁ་ཅི་ཞིག་ཡོད་འཚོལ་དགོས། ངས་བསམ་ན་ཐབས་ལམ་ཡག་ཤོས་གཅིག་སྟེ་ད་ནས་བཟུང་མཇལ་བཅར་པ་སུ་ཡིན་རུང་རྒྱང་མཇལ་ཞུ་རྒྱུ་ལས་༸གོང་ས་མཆོག་གི་ཉེ་འཁྲིས་སུ་འཇོག་པའམ་ཡོང་འཇུག་རྒྱུ་རྩ་བ་ནས་མེད་པ་འདི་རེད། ཡང་ན་སྐུའི་ཉེན་སྲུང་བ་དང་བདེ་སྲུང་པ་ཀུན་ནས་མཇལ་བཅར་པ་ཡོངས་ཀྱི་སྐྲ་དང་ལག་པ་གྱོན་ཆས། དོ་བདག་དེ་དང་འབྲེལ་བའི་ཅ་དངོས་རིགས་གང་ཡོད། ད་དུང་འབུལ་རྫས་རིགས། མདོར་ན་གྱོན་གོས་དང་ལུས་ཕུང་ཀྱིས་གཙོས་ཡོངས་རྫོགས་ལ་མི་རང་ངོས་དང་། འཕྲུལ་ཆས་གཉིས་ཀ་བེད་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་མཐིལ་ཕྱིན་པ་རེ་དཀའ་ཚེགས་ལ་མི་འཛེམ་པར་བྱེད་རྒྱུ་འདི་སྐབས་སུ་བབ་པའི་ཁྱེད་ཅག་གི་ལས་འགན་གལ་གནད་ཆེ་ཤོས་དང་། ཕྱི་ཤོལ་མེད་པར་བྱེད་དགོས་པའི་འགན་འཁྲི་ཨང་དང་པོ་དེ་རེད། གསར་འགོད་པ་ཚོར་༸གོང་ས་མཆོག་གིས་འདི་ལྟར་གསུང་ཡོང་དུས་དེ་ལ་དགོས་པ་དང་རྒྱུ་མཚན་རྒྱ་ཆེན་པོ་ཞིག་ཡོད་པ་སྨོས་མ་དགོས་པ་ཞིག་དུས་ང་ཚོ་ཚང་མ་དང་། ལྷག་པར་སྐུ་སྲུང་པ་དང་། བདེ་སྲུང་ལས་ཁུངས་གཉིས་ནས་སྐུ་ཕྱཱའི་འགན་གཙོ་བོ་དེ་ཁུར་དགོས་པས་ངེས་པར་དུ་མ་གོ་མ་ཚོར་མེད་པའི་ཐོག་ནས་འགན་འཁྲི་ལྷོད་གཡེང་དུ་མི་གཏོང་རྒྱུ་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་དྲན་སྐུལ་ཞུ་གི་ཡོད།
བདེན་པ་ཡིན་མིན་གང་ལྟར་ཀྱང་གཟབ་གཟབ་གནང་དགོས་པ་གལ་ཆེན་པོ་རེད་ལ་ལྷག་པར་དུ་སྐུ་སྲུང་བ་ཚོའི་ཐུགས་གཟབ་གནང་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད།
༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭའི་ཐད་ལ་གཟབ་གཟབ་ངེས་པར་དུ་གནང་དགོས།
ངས་སྔོན་མ་ནས་འདིའི་སྐོར་གྱི་བསམ་ཚུལ་ཞིག་འབྲི་བསམ་མྱོང་། ང་ཚོ་བོད་པ་ཚོ་རང་དོན་ལ་ཐུག་དུས་
རང་མཇེ་ཐར་ན་་་་མྱི་སྟུ་ཁ་ཕག་་་་ཟེར་བ་ལྟར་་་་དགོན་པ་དགོན་ཆུང་དང་། ཚོགས་པ་གྱི་ན་ཙམ་གྱིས་་༸གོང་ས་མཆོག་ཡར་གདན་འདྲེན་དང་མར་གདན་ཞུས་ཀྱིས་སྐུ་ཕྱྭ་དང་སྐུ་ངལ་གྱི་ཐད་ལ་བསམ་གཞིགས་གང་ཡང་མི་བྱེད་པ་་་སོ་སོའི་མིང་དང་སྙན་གྲགས་དང་ཁ་ཕོར་གྱི་ཆེད་དུ་་བོད་མི་ཡོངས་ཀྱི་ཁོག་པའི་སྙིང་དང་ཐོད་པའི་མིག་ལྟ་བུ་ཁོང་ཉིད་ག་ཚད་རྩེད་མོ་རྩེད་་ཀྱི་མི་འདུག ཉེར་ཆར་མཚོ་པདྨ་རུ་བྱོན་སྐབས་ལྟ་བུའི་ཧ་གོ་ཡོང་།
དེ་ཕྱོགས་སུ་ལམ་འཕྲང་དོགས་ཤིང་ཀྱག་ཀྱོག་དང་གཡང་ས་ཆེ་བའི་ལམ་འགག་དེར་ཕེབས་བཞུད་བཅུག་ཕོད་ས་རེད་དམ་་་་་དངོས་གནས་ཡིན་་་ད་ནས་བཟུང་བསམ་མནོ་ཞིག་ཐོངས་དང་ ཐུགས་གཟབ་གནང་རོགས་ཞུ་ཞུ་ཞུ། མཁྱེན་མཁྱེན་མཁྱེན།།
རྒྱ་ངན་དེ་ཚོས་བོད་མི་ཚོར་དེ་ལྟ་བུ་བསམ་ཡུལ་འདས་བའི་ལས་བྱེད་དུ་སྐུལ་བ་ནི་དངོས་གནས་སེམས་སྐྱོ་བོ་རེད་ལ་བོད་མི་ཡོངས་ཀྱི་གཟབ་གཟབ་བྱེད་དགོས་བའི་དུས་ཧ་ཅང་རེད་།
བོད་མི་ཚང་མས་རང་འགན་རང་ཁུར་གྱི་དོག་ཟོན་བྱེད་རོགས།
གསང་གྲོལ་ལགས་ཀྱི་སྤེལ་པའི་གལ་འགངས་ཤིན་ཏུ་ཆེ་བའི་གནས་ཚུལ་དེ་ཇི་ལྟར་ཡིན་རུང་དུས་རྒྱུན་དུ་ནས་རྒྱལ་བའི་སྐུ་ཕྱར་ང་ཚོ་བོད་ཆོལ་གསུམ་སྤུན་ཟླས་དྭོགས་ཟོན་བྱ་དགོས་པ་རེད་ལོ་རྒྱུས་ལ་ཕྱིར་བལྟས་ནན་པོ་གནད་འཕིགས་ཤིག་བྱས་ནས་བོད་མི་དང་སངས་རྒྱས་བསྟན་པའི་དགྲ་ནག་གི་སྔ་ཕྱི་བར་གསུམ་གྱི་ངོ་གདོང་དེར་དྭོགས་ཟོན་ལྷོད་མེད་གནང་དགོས་པ་དེ་ཡང་གཙོ་བོ་རྒྱལ་བའི་སྐུ་ཕྱ་དང་བོད་དོན་བྱ་གཞག་མཐའ་དག་ལ་དོགས་ཟོན་གནང་རྒྱུར་ཕྱོགས་ཡོངས་བློས་འཁེལ་བ་དང་ཆེད་བསྐོས་ཞབས་ཞུ་བ་རྣམས་མཉམ་རུབ་ཀྱིས་མཛད་སྤྱོད་ལ་ལེགས་བཅོས་གནང་དགོས་པ་རྣམས་འཕྲལ་མར་དུས་ཐོག་གནང་བ་ལས་རང་ཉིད་ཀྱི་ཁོ་ནར་བསམ་བློ་མ་གཏང་བའི་རེ་བ་བྱ་བཞིན་ཡོད་གང་ཡིན་ཞུས་ན་ང་ཚོའི་དགྲ་བོ་ནི་རྒྱུ་དངོས་གཏོང་བ་དང་གཡོ་སྒྱུ་ཆེ་བ་མགོ་སྐོར་གཏོང་མཁས་པ་ཤ་ཚ་སེམས་འཁུར་ཆེ་མདོག་ཁ་བ་དང་འདྲ་ཆགས་ཀྱི་གཏམ་བརྗོད་ཤོད་རན་པའི་རྫུན་གཏམ་གྱི་བང་མཛོད་ནང་དུ་གང་མཁོ་སྣ་མང་བྱུར་ཁེངས་ཡོད་པ་མཁྱེན་པ་གནང་ནས་སྐུ་ཕྱ་དང་བོད་དོན་ཆེད་དུ་དྭོགས་ཟོན་ཆེ་ལྷག་ཡོང་བའི་རེ་འདུན་རྒས་པོའི་སྙིང་གཏམ་ཡིན་རྒན་གཞོན་བར་གསུམ་ཐུགས་མཐུན་དམ་གཙང་ཡོང་བར་ཤོག་ནིའུ་ཡོག་ནས་ཕུལ་།།
འདི་ནི་འཇིགས་སྐུལ་རིང་ལུགས་པའི་དེ་ཉིད་ངོ་མ་བསྟན་པར་མ་ཟད་ཆེས་འཇིགས་སུ་རུང་བའི་གསར་འགྱུར་ཞིག་ཀྱང་མ་ཡིན་ནམ། གནད་ཡོད་མི་སྣ་དག་ཡིད་གཟབ་གནང་རོགས་ཞུ།
གནད་དོན་འདི་དོན་དག་ཆུང་ཆུང་ཞིག་རྩ་ནས་མིན་ཙང་བདེན་པ་ཡིན་མིན་དང་དོགས་པ་ཡོད་མེད་ལ་ཐེ་ཚོམ་སྤུ་ཙམ་མེད་པར་རང་རང་ས་ནས་དོ་གལ་ཆེན་པོས་ཡིད་གཟབ་བྱེད་དགོས་གི་རེད། དོན་དག་འདིའི་ཐད་ང་ཚོས་རང་ཉིད་ལ་དཔེར་བླངས་ན་འགྲིག་གི་མ་རེད། གུང་ཁྲན་ཏང་གི་བྱེད་སྟངས་ག་འདྲ་ཡིན་མིན་ང་ཚོ་ཚང་མར་རྒྱུས་ཡོད་པ་རེད། ཁོང་ཚོས་སྐབས་ལ་ལར་རང་གི་བློས་ཐུལ་གྱི་གྲོགས་པོ་ཡན་ཆད་ཐབས་ཤེས་སྣ་རྒུས་ལྐོག་བསོད་ངན་གཡོ་བྱེད་གི་ཡོད་པ་རེད། དེ་འདྲ་བྱུང་བ་མི་གཅིག་གཉིས་ཤིག་དང་གྲངས་ཀ་ཉུང་ཉུང་ཅིག་མ་རེད། གནས་ཚུལ་དེ་འདྲ་རྟག་པར་ང་ཚོ་མཐོང་ཐོས་བྱུང་གི་ཡོད་པ་རེད།
གནས་ཚུལ་འདི་ཆེས་ཛ་དྲག་ནང་གི་ཛ་དྲག་ཞིག་ཡིན་ཙང་། འབྲེལ་ཡོད་དང་གནད་ཡོད་མི་སྣ་ཚོར་དམིགས་བསལ་འགོག་སྲུང་བྱེད་པའི་འགན་ཡོད་པ་རེད། མི་མང་གིས་ཀྱང་རང་ས་གང་ཐད་ནས་མཉམ་འཇོག་དགོས་གི་རེད། ལྷག་པར་དུ་འདི་ཟླའི་ཟླ་སྨད་ལ་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ལ་ཆིབས་ཁ་བསྒྱུར་གཏན་འཁེལ་ཡོད་ཙང་ས་གནས་ས་ཐོག་གི་འབྲེལ་ཡོད་བོད་རིགས་ཚོས་རང་སྣང་གང་ཤར་དང་ལྷ་བའི་ལྷོད་བའི་གཏན་ནས་བྱེད་ཆོག་གི་མ་རེད། མཛད་སྒོ་དང་མི་མང་མཇལ་ཁ་གང་གི་སྐབས་སུ་ཡང་བརྟག་དཔྱད་ཐུལ་ཕྱིན་བྱེད་དགོས་གི་རེད། བོད་རིགས་ཡིན་མིན་དང་ཕོ་མོ་སུ་ཡིན་ལ་ཚང་མར་ལུས་དཔྱད་འཐུས་ཚང་བྱེད་དགོས་གི་རེད། ལུས་དཔྱད་པའི་མི་སྣ་དམིགས་བསལ་ཁྱད་མཁས་པ་ཆེད་དུ་གོ་སྒྲིག་དགོས་གི་རེད།
དངོས་གནས་ང་ཚོ་ཚང་མས་སྐུ་ཕྱྭའི་བསྐོར་ལ་དོ་སྣང་ངེས་པར་དུ་སྤྲད་དགོས། ལྷག་པར་དུ་བདེ་སྲུང་ལས་ཁུངས་དང་སྐུ་སྲུང་བ་ཚོས་དེར་དོ་སྣང་ཤུགས་ཆེར་སྤྲད་དགོས།
༧གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ལ་སྐུ་གེགས་ཀྱི་མཚན་མ་ཆ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པར། འགྲོ་བའི་དོན་དུ་དགོངས་གྲངས་བརྒྱ་དང་བཅུ་གསུམ་འཚོ་བཞུགས་ཐུབ་པའི་གསོལ་བ་སྨོན་ལམ་གྲངས་མེད་ཡོད། དུས་གསུམ་སངས་རྒྱས་རྣམ་གྱི་ཡབ་རྗེ་འཇམ་པའི་དབྱངས། གངས་ལྗོངས་འགྲོ་བའི་ཡབ་རྗེ་འཕགས་མཆོག་སྤྱན་རས་གཟིགས། དུར་ཁའི་མནར་གཅོད་སྐྱོབས་པའི་ཡབ་རྗེ་པད་མ་འབྱུང། རྒྱལ་དབང་མཆོག་གིས་སྐུ་ཚེ་བརྟན་པའི་སྐྱབས་འཇུག་ཞུ། གྲངས་མེད་ཕ་མཐའ་ཡས་ལ་ཐུགས་བསྐྱེད་པའི། ལྷ་དང་སྲུང་མ་དམ་ཚིག་ལྡན་པ་རྣམས། དམུ་རྒོད་འདུལ་བའི་ལས་བསྐལ་དམ་ཚིག་ཅན། རྒྱལ་དབང་མཆོག་གིས་སྐུ་ལ་སྲུང་སྐྱོབས་མཛོད། བདག་སོགས་འགྲོ་བའི་སྐྱབས་མགོན་༧གོང་ས་རྗེ། ལས་འབྲས་ལྷུར་ལེན་སྤོང་བླང་ལས་ལ་གོམས། བདག་བས་གཞན་གཅེས་བྱང་ཆུབ་སེམས་དཔའ་མཆོག། སྐུ་ཚེ་བསྐལ་བརྒྱ་བརྟན་པའི་སྨོན་ལམ་འདེབས། གྲངས་མེད་སེམས་ཅན་མང་པོའི་མགོན་སྐྱབས་སུ། བསམ་བཞིན་སྲིད་པར་བཟུང་བའི་༧གོང་ས་རྗེ། མ་གྱུར་འགྲོ་བའི་མགོན་སྐྱབས་དམ་པར་རུ། སྐུ་ཚེ་བསྐལ་བརྒྱ་བཞུགས་པའི་སྨོན་ལམ་འདེབས། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱལ་མཚོ་ཡིས། སྐུ་ཚེ་བསྐལ་བརྒྱའི་བར་དུ་གནས་གྱུར་ཅིག། དཔལ་ལྡན་བླ་མའི་ཐུགས་རྗེ་བྱིན་རླབས་དང། ཆོས་སྐུ་དེ་བཞིན་ཉིད་ཀྱི་བདེན་པ་དང། བདག་གི་ལྷག་བསམ་རྣམ་པར་དག་པ་ཡི། ཇི་ལྟར་གསོལ་བ་གཏབ་བཞིན་འགྲུབ་གྱུར་ཅིག།
ཞིབ་ཏུ་བསམ་ན་ཀྲུང་གོའི་གཞུང་གིས་རྒྱལ་བ་རིན་པོ་ཆེ་བསད་ནས་ཤ་ལ་ལྟའམ་སྒྲོ་ལ་ལྟ།
ཁྱད་པར་དུ་དོལ་ཚོགས་དེ་ཚོ་ལ་གཟབ་དགོས།
This is the dirty policy of Hu JinTao, who killed great Panchen Lama with the same method. We should not ignore this threat in the way we do normally.
དངོས་གནས་གནས་ཚུལ་དེ་རིགས་ལ་ཤིན་ཏུ་དོ་སྣང་དང་ཐུགས་གཟབ་གནང་དགོས་གལ་ཆེ།
གཟབ་གཟབ་གནང་རོགས། སྐུ་སྲུང་རྣམས་པ་ཚོ།
མཆན་༣༦ཆོས་འཕེལ་དར་རྒྱས་ཁྱོད་ཀྱི་༧གོང་ས་མཆོག་གང་འདྲ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་དམ། གུང་བྲན་གཞུང་གིས་བོད་མི་གྲངས་ལས་འདས་པ་དམར་བསད་བྱས་པ་མངོན་སུམ་ཚད་གྲུབ་རེད། འོན་ཀྱང་གུང་གཞུང་གིས་ཁོང་ཚོའི་ཤ་ཟས་མེད་ལ་མི་ལ་སྒྲོ་མེད་པ་མཐོང་ཆོས་ཡིན། དོལ་ཚོགས་ལས་གཞན་བོད་མི་གཅིག་ཀྱང་མི་ལྷག་པ་རྩ་མེད་བཟོ་རྒྱུ་ནི་གུང་བྲན་གཞུང་གི་མངོན་འདོད་ཡིན། སྐྱབས་གནས་འདྲེ་ལ་བཅོལ།་བོད་མི་རྒྱ་ཆ་གོ་དགུ་དགྲ་ལ་འཛིན། གུང་བྲན་གཞུང་ལ་མགོ་འབུལ་ལུས་འབུལ་བྱེད་མཁན་བོད་མི་རྒྱ་ཆ་གཅིག་པོ་དེ་ཁོ་ན་གུང་བྲན་གཞུང་གིས་བསྲུང་སྐྱོབས་བྱེད་པ་ལས་གཞན་གོང་དུ་བརྗོད་ཟིན་པ་ལྟར་ལགས་སོ།།
གནས་ཚུལ་འདིའི་ཐད་ང་ཚོ་བོད་པ་མི་རེ་ངོ་རེ་ངོས་གཟབ་གཟབ་བྱ་དགོས། བོད་ནས་གསར་དུ་ཡོང་མཁན་ཚོ་ལ་དྲི་བ་དྲིས་ལན་གནན་པོ་བྱ་དགོས།